Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེར་བསྲེགས་ཀྱི་གཏན་ཚིགས།

Posted on 2011-08-26 By ཁ་བརྡ་ 4 Comments on མེར་བསྲེགས་ཀྱི་གཏན་ཚིགས།

དགེ་འདུན་པ་ཚེ་དབང་ནོར་བུ་དམ་པར་མྱ་ངན་ཆེད་དུ་བྲིས།

འཇིགས་མེད་ཚེ་རིང་།

ད་ནི་ང་ཚོར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རང་དབང་འཐབ་རྩོད་པའི་གྲངས་ཀ་བཞི་ལ་ལོངས་སོང་། འཐབ་རྩོད་པ་རེ་རེར་འཐབ་རྩོད་དྲིལ་བསྒྲགས་མཁན་གྱིས་”དཔའ་བོ་”ཞེས་མཚན་སྙན་གྱི་ཆོ་ལོ་སྦྱོར་གྱི་ཡོད། གཅིག་བྱས་ན་མཚན་སྙན་འདི་གཟི་བརྗིད་ཆེན་པོ་ཡིན་སྲིད། སྟབས་ལེགས་པ་ཞིག་ལ་འདས་པའི་འཐབ་རྩོད་པ་བཞི་ཡིས་མཚན་སྙན་འདིའི་ཆེད་དུ་ལས་འགུལ་སྤེལ་མེད་ཅིང་། ཁོང་རྣམས་ཀྱིས་ཚེ་སྲོག་གི་ཚད་གཞིར་བླངས་པའི་ཆེ་མཐོང་དང་འདོད་མོས། རང་དབང་བཅས་ནི་ལམ་ལམ་འབར་བའི་མེ་ལྕེ་དང་ལྷན་དུ་གསོན་ཡོད་པའི་ང་ཚོའི་རྔུལ་ཆུ་དང་སྦྱར་ཡོད། འོན་ཀྱང་། ཤི་མ་མྱོང་བའི་ང་ཚོར་མཚོན་ན་མེ་ལྕེའི་ཁྲོད་གཟིམ་ལ་ཉེ་བའི་གང་ཟག་དེའི་བཟོད་བསྲན་དཀའ་བའི་སྡུག་བསྔལ་དང་། ཁྱད་འཕགས་ཀྱི་ཚོར་བ་སེམས་ཐོག་ཏུ་ལེན་མི་ཐུབ་པ་ཡིན། ང་ཚོས་ཤེས་ཐུབ་པ་ནི་ཁོ་ཚོས་ཅིའི་ཕྱིར་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་མཚན་དེ་ཡིན་ཡང་། ཚིག་གིས་མཚོན་མི་ཐུབ་པའི་མེར་བསྲེགས་ཀྱི་གཏན་ཚིགས་ཇི་སྙེད་ཅིག་ཡོད་པ་ལམ་ལམ་འབར་བའི་མེ་ལྕེ་ཡིས་དག་པའི་ཞིང་དུ་གདན་འདྲེན་ཞུས་ཡོད།

འཇིག་རྟེན་སྟེང་ཡལ་མི་སྲིད་པའི་བོད་ཀྱི་འཐབ་རྩོད་དང་མཉམ་དུ་མེ་ལྕེའི་ཁྲོད་ཀྱི་དགེ་འདུན་པ་ཚེ་དབང་ནོར་བུ་ཀྱི་ལགས་མཐའ་མའི་ཚེ་སྲོག་གིས་ལས་འགུལ་འདིར་མཐའ་བསྡོམས་རྒྱག་མི་སྲིད་པ་དང་། ཁོང་གི་རྗེས་སུ་ད་དུང་ཁོང་ལྟ་བུའི་རང་དབང་འཐབ་རྩོད་པ་ཞིག་ཡོང་ངེས། ལུ་གུ་བརྒྱུད་དུ་འོང་བའི་ཚེ་སྲོག་གི་ཕྲེང་བས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་གུ་རེ་རྩེས་པ་མ་ཡིན་པར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ཡིན་པས་མེ་ལྕེའི་ཁྲོད་ཀྱི་བོད་མིའི་ཚེ་སྲོག་མཐའ་ཅན་དུ་གཏོང་དང་མི་གཏོང་དེ་ཡོངས་སུ་རྒྱ་ནག་གཞུང་གི་ལག་པར་ཡོད་པ་ཞིག་རེད། ངས་བསམ་པ་ལ་ཁེ་ཕན་གྱི་ཆེད་དུ་ཚེ་སྲོག་ལ་རྩིས་མེད་གཏོང་མཁན་མང་པོ་མེད་པ་ཡིན། འདས་པའི་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་ཁེ་ཕན་གྱི་ཆེད་དུ་ཡང་ང་བའི་དམག་འཁྲུག་ཤོར་བ་དང་། དེང་གི་དུས་སུ་རྒྱ་ནག་གཞུང་གིས་ཁེ་ཕན་གྱི་ཆེད་དུ་བོད་ཁམས་དམ་དྲག་བྱེད་པ་གཉིས་ལ་བྱེད་ལས་ཀྱི་ཆ་ནས་ཁྱད་པར་ཆེན་པོ་མེད་པ་དང་། འདིའི་དོན་ནི་བོད་མི་རྣམས་ཀྱིས་བློ་ཕམ་དང་བཅས་”རང་གི་བདེ་སྐྱིད་གཞན་གྱི་སྡུག་བསྔལ་དུ་བསྐྲུན་”ཞེས་བརྗོད་པ་རེད།

ང་ཚོས་”ཅིའི་ཕྱིར་རང་ཉིད་ལ་དབང་བའི་འཚོ་བ་མེད་པ་རེད་”ཅེས་བསམ་བློ་གཏོང་བཞིན་ཡོད་པ་དང་། བསམ་བློ་འདིས་རང་ཉིད་ལ་དབང་བའི་འཚོ་བ་ཡོད་པར་ཁག་ཐེག་བྱེད་འདོད་ཡོད་པ་སྟོན་གྱི་ཡོད། དེའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་མང་མོས་ཡོད་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྙིང་དོན་ནི་“རང་དབང་དང་། དྲང་བདེན། ཆེ་མཐོང་། དེ་བཞིན་བོད་མིའི་ངོས་འཛིན་”བཅས་ཀྱི་ཆེད་ཡིན་པ་སྲིད་སྐྱོང་སྐུ་ཞབས་བློ་བཟང་སེང་གེ་མཆོག་གིས་དམ་འབུལ་གསུང་བཤད་དུ་གསལ་སྟོན་གནང་ཡོད། བོད་མི་རྣམས་ཀྱིས་རང་ཉིད་ལོ་ངོ་སྟོང་ཕྲག་མང་པོར་གཤིབས་ཤིང་འགྲོགས་ནས་འོངས་པའི་རྒྱ་མི་རིགས་ལས་གླེན་པ་དང་། ཀླ་ཀློ་ཡིན་པའི་རྒྱུ་མཚན་རྙེད་ཀྱི་མེད་ལ། རྒྱ་མི་རིགས་དང་འདྲ་མཉམ་མ་ཡིན་པའི་འཚོ་བར་རོལ་འདོད་བྱེད་ཀྱི་མེད་ཅིང་། རང་ཉིད་ཀྱི་ཆེ་མཐོང་དེ་ཁ་བ་གངས་ཅན་ཡུལ་ནས་རྒྱ་མིའི་མཐོང་ཆུང་འོག་ཏུ་ཤོར་ཏུ་འཇུག་འདོད་མེད་པ་རེད། འོན་ཀྱང་། ང་ཚོས་རྒྱ་མི་ཡོད་ཚད་བོད་མིར་མཐོང་ཆུང་བྱེད་མཁན་ཏུ་ལྟ་མི་སྲིད་ལ། རྒྱ་མི་ཐམས་ཅད་དེ་འདྲའི་ཀླད་མེད་ཅིག་ཀྱང་ཡིན་མི་སྲིད། དེའི་རྐྱེན་གྱིས་ང་ཚོ་ལ་རང་གི་མཛེས་དཔྱོད་དང་མཐུན་པའི་འཚོ་ལམ་ཞིག་ཅིས་ཀྱང་དགོས་པ་རེད།

རང་ལུས་མེར་བསྲེགས་གཏོང་མཁན་གྱི་འདས་པོ་བཞི་ལས་གསུམ་ནི་ཆོས་བྱེད་དགེ་འདུན་པ་ཡིན་པ་དང་། ཆོས་བྱེད་དགེ་འདུན་པ་ནི་ཡ་ཡོ་ཆེ་བའི་སྲིད་དོན་ལས་ཀ་དང་རྩ་བའི་ཆ་ནས་ཁ་ཐག་རིང་པོ་རེད། ཁོང་རྣམས་ཀྱི་ཚེ་སྲོག་གི་འཐབ་རྩོད་འདིས་ཧ་ཅང་གསལ་བོར་བསྟན་ཡོད་པ་ནི་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་གཙོ་བྱས་ཏེ་རང་དབང་དང་ཆེ་མཐོང་ལ་ཐུག་པ་ཞིག་ཡིན། གནད་དོན་འདིའམ་རེ་བ་འདི་ནི་བོད་མི་ཡོངས་ཀྱི་རྩ་དོན་དང་བོད་མི་རེ་རེ་བའི་རྩ་དོན་ཡང་ཡིན་པས་གཅིག་བྱས་ན་སྲིད་སྐྱོང་སྐུ་ཞབས་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་རང་སྲིད་རང་སྐྱོང་ནི་མི་རེ་རེའི་རང་དབང་གི་ཚད་གཞིའི་སྟེང་ནས་གྲུབ་དགོས་པར་ཧ་ཅང་ཁ་གསལ་གྱིས་གསལ་སྟོན་བྱེད་ངེས་ཤིང་། མེ་ལྕེའི་ཁྲོད་ཀྱི་ཚེ་སྲོག་མཚམས་འཇོག་བྱེད་པར་རྒྱ་ནག་གིས་ཁག་ཐེག་བྱེད་མིན་ཀྱང་སྲིད་སྐྱོང་གི་གསལ་སྟོན་ལ་དོན་ཕན་ལྡན་པའི་བརྡ་ལན་ཡོད་མེད་ལ་ཐུག་ཡོད་པ་ཞིག་ཡིན།

༢༠༡༡ཟླ་༨ཚེས་༢༦ཉིན།

རྩོམ་རིག

Post navigation

Previous Post: མཚན་མོ་རིང་དུ་རིང་དུ།
Next Post: ཡུལ་གྱར་པ་ཞིག་གི་གཏམ་རྒྱུད། སྟོད་ཆ།

Comments (4) on “མེར་བསྲེགས་ཀྱི་གཏན་ཚིགས།”

  1. རག་ཕྱགས་རྡོར་ says:
    2011-08-27 at 1:04 am

    རང་གི་རྩོམ་དེ་མགོ་ནས་མཐའ་བར་གློག་ཁོམ་མ་བྱུང་མུ་མདྷཐུད་ནས་དུས་ཚོད་རག་དུས་གློག་དགོས།

  2. རག་ཕྱགས་རྡོར་ says:
    2011-08-27 at 1:18 am

    གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་དེ་འདྲའི་བརྩན་འཛུལ་ལ་ཡོད་པའི་བོད་མི་དག་ལ་ཡོད་ན་ཅི་མ་རོང་།

  3. སྐྱུ་རྩི says:
    2011-08-27 at 1:35 am

    ད་ཁ་འཆེམ་འཇོག་པའི་དུས་རན་པ་འདྲ།
    གཟའ་འཁོར་འདིའི་རེ་གཟའ་མིག་དམར་ཉིན་སྔར་རྒྱུན་བཞིན་སྐར་མ་གསུམ་ནང་ལ་གདོང་པ་དེ་དག་ལ་མ་དག་ཅིག་བཀྲུ་བ་དང་། ཉིན་ཤས་བཀྲུ་འཁོམས་མེད་པའི་དྲིན་ངན་ཅན་གྱི་གོས་དེ་གྱོན་སྟེ་རྒྱབ་ནས་རླུང་ནག་དྲག་པོས་དེད་པ་བཞིན་མེ་འཁོར་འབབ་ཚུགས་སུ་སྐྱོད་ནས་ཚལ་གླང་ནང་དུ་ཐུར་མ་བླུག་པའི་རྟགས་ཅན་གྱི་འབྲེལ་ཡོད་ཀྱི་མེ་འཁོར་དེར་Qགདོང་པ་མི་འདྲ་བའི་མི་སྣ་མང་པོའི་ཁྲོད་དུ་འུར་ཟིང་ཟིང་ངང་འགྲོ་དགོས་པ་ནི་འཛམ་གླིང་མི་འཁོམས་གནས་དགུ་པར་བརྩི་བའི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཁྱད་ཆོས་ཤིག་ཡིན་པས་རེས་གཟའ་མིག་དམར་གཅིག་པོར་མིན་པར་གཟའ་འཁོར་བདུན་གྱི་ཡུལ་གོམས་གཤིས་ལུགས་ཤིག་ཡིན། ཉིན་དེར་ཡང་རྒྱུན་གཏན་བཞིན་ཚོང་ཟོག་རྣམས་གོང་ཚད་བཟོ་བ་དང་། ཉོ་མཁན་ཕྱུག་བདག་རྣམས་ལ་ཅ་ལག་སྒོ་མཁར་སྐྱེལ་བ་སོགས་ཀྱི་བྲེལ་ཟིང་ལ་རོལ་བཞིན་པའི་མུར་ཉིན་རྒྱབ་ཙམ་ལ་འབྲེལ་ཡོད་མང་པོ་ཞིག་ནས་ས་གཡོས་སོང་ཁྱོད་འཆི་མ་སོང་ངམ་ཞེས་པའི་ཁ་པར་མང་་པོ་སླེབས་སོང་བར་ལས་བྲེལ་ཁྲོད་དུ་ས་གཡོ་བ་ཡང་མ་ཤེས་པ་ནི་ཅི་འདྲའི་མི་ལས་མ་དག་པ་ཞིག་རེད་སྙམ་ཡང་། འཆི་བདག་གཤིན་རྗེས་ལན་གཅིག་ཚེ་མཐར་གཏང་བར་དགའ་སྣང་གི་འཚོ་བ་དཔགཏུ་མེད་པ་ཞིག་བྱུང་ཡང་། དེ་ནི་ཉིན་ཤས་རིང་འཚེ་མཐར་གཏང་བ་རང་རེད། ་སང་ཉིན་རེ་གཟའ་སྤེན་པ་དང་། ཉིན་མ་གཉིས་ལ་ཆུ་ལོག་དང་། རླུང་ཚུབ་ཀྱི་གནོད་འཚེ་བསམ་བརྗོད་ལས་འདས་པ་འོང་ངེས་ཡིན་པ་གསར་འགྱུར་ཚང་མ་ཁ་གཅིག་གྲགས་རེད་འདུག་ན་མི་མང་ཚང་མས་ཚོང་ཁང་དུ་ཕྱིན་ནས་བཟའ་ཆ་ཉོས་ཏེ་འཆི་གསོན་གང་བྱུང་ཡང་ནང་མི་མཉམ་འཛོམས་ཀྱིས་འཆི་ན་མཉམ་འཆི་དང་། གསོན་ན་མཉམ་གསོན་གྱི་བགྲོ་གླེང་བྱེད་བཞིན་པར་བལྟས་ན་ད་ཆ་ང་ཡང་ཁ་འཆེམ་འཇོག་པའི་དུས་ལ་སླེབས་པར་སྙམ།

  4. རག་ཕྱགས་རྡོར་ says:
    2011-08-27 at 4:15 am

    གཞིས་ལུས་མི་མང་དག་གིས་བཙན་བྱོལ་ལ་ཡོད་པའི་བོད་མི་དག་ལ་རེ་བ་དང་ཡིད་ཆེས་བྱེད་བཞིན་རེད་ཡིན་ན་ཡང་བཙན་བྱོལ་ལ་ཡོད་པའི་བོད་མི་དག་གིས་གཞིས་ལུས་བོད་མི་རྣམས་ཀྱིས་ག་རེ་བྱེད་ཡོང་ན་བསམ་ནས་སྒུགས་འདུག་ཁས་མཚརཌྷ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme