Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་དབང་ནོར་བུ་མེར་བསྲེགས་ཀྱང་། ཤི་མི་འདུག

Posted on 2011-08-25 By ཁ་བརྡ་ 2 Comments on ཚེ་དབང་ནོར་བུ་མེར་བསྲེགས་ཀྱང་། ཤི་མི་འདུག

འདྲེ་མགོ་རྡོ།

བསམ་བློ་བཏང་གིན་བཏང་གིན།
རང་གིས་རང་ལ་བློས་གཏོང་ག་ཚོད་ཅིག་ཡོད་མེད་ལ་དྲི་བ་གཏོང་གྱིན་གཏོང་གྱིན།
ཁབ་རྩེ་ཙམ་གྱིས་ལུས་ལ་བསྣུན་ན་ཁ་ནས་” ཨ”་ཤོར་འགྲོ་བའི་གཤིས་ཀ་ལ་བསམས་ན།
སྐྱིད་གཉལ་རང་བདེ་འབའ་ཞིག་གི་མི་ཚེ་འཚོལ་རྒྱུ་ལ་འཁོར་དུས།
མཐོན་པོའི་ཁྲི་ན་སྒེར་དོན་གཉེར་བའི་ཉི་མ་ཞག་ཕུད་ཀྱི་ལས་དོན་བྱེད་ཕྱོགས་ལ་ལྟོས་དུས།
ཁྱེད་ཀྱི་བློས་གཏོང་དེ་དངོས་གནས་རང་བློ་ཡིད་འདིར་ཤོང་ཐབས་མེད་པ་ཞིག་རེད།

དོན་དངོས་འདི་དང་མེ་ལྕེ་ལྷབ་ལྷབ་དུ་འཕྱུར་བ་དག་ལ་ལྟོས་ཀྱིན་ལྟོས་ཀྱིན།
བདག་གིས་ལྷ་སྒྲུང་ཞིག་ལ་ཡིད་ཆེས་བྱེད་རྒྱུར་ཧ་ཅང་ལས་སླ་བོ་ཡིན་པ་རྟོགས།
དངོས་གནས་ཡིད་ལ་ཤོང་མ་མྱོང་། ཤོང་གི་མི་འདུག ཤོང་ཐབས་མི་འདུག

ཏཱ་ལའི་བླ་མ་འདི་ཕྱིའི་སྐྱབས་གནས་ཡིན་པ་དང
བུ་རབས་ཚ་བརྒྱུད་ལ་བོད་དྲི་རྣལ་མ་ཞིག་དགོས་ཆེད
ཁྱེད་ཀྱིས་རང་ལུས་མེ་བསྲེགས་གཏོང་སའི་ས་ཆ་དེ་ནས
རྒན་གཞོན་གཉིས་ཀ སྐྱ་སེར་གཉིས་ཀ
རྒྱ་གར་དུ་ཆུ་བོ་བཞུར་བཞུར་ཡིན་ཡང
ངས་ཁྱེད་རང་ལྟ་བུའི་དཔའ་བོ་དག་ལ་ངོ་ནོངས་ནས་ཞུ་མི་ཐུབ་པ་ཞིག་ནི
ཁོང་ཚོས་བོད་དྲི་རྣལ་མ་ཞིག་ད་དུང་རྙེད་མེད་ཅེས་པ་འདི་རེད

དོན་དངོས་འདི་དང་མེ་ལྕེ་ལྷབ་ལྷབ་དུ་འཕྱུར་བ་དག་ལ་ལྟོས་ཀྱིན་ལྟོས་ཀྱིན།
བདག་གིས་རང་གིས་རང་ལ་མགོ་བསྐོར་གཏོང་རྒྱུ་ཧ་ཅང་ལས་སླ་བོ་ཡིན་པ་རྟོགས་ཀྱང།
ཁྱེད་རང་། དངོས་གནས་ཡིད་ལ་མ་ཤོང་། ཤོང་གི་མི་འདུག ཤོང་ཐབས་མི་འདུག

རྒྱ་གར་འཕགས་པའི་ཡུལ་ཡིན ༧ཏཱ་ལའི་བླ་མ་བཞུགས་ས་རེད
དགའ་ལྡན་ཕོ་བྲང་གནས་ས་རེད
བཙན་བྱོལ་སྤུན་ཟླ་མང་ས་རེད
ཁྱེད་ཀྱིས་བརྗོད་ཚིག་འདི་དག་གི་མ་ཎི་བཟློ་བཞིན གླུ་དབྱངས་ལེན་བཞིན
ཁྱེད་ཀྱིས་མ་ཎི་ལྟ་བུའི་དེ་དག་ལ་བཅངས་པའི་དད་པ་ཁུར་བཞིན
རང་ཉིད་མེ་ལྕེ་ལྷབ་ལྷབ་ཏུ་བསྟིམས

ངས་རྒྱ་གར་དང་ཐག་མི་རིང་བའི་ས་ནས་ཁྱེད་ཀྱི་རེ་བ་དེ་དག་ཐོས
ངས་གསར་འགྱུར་དང་པར་རིས་ཁྲོད་ནས་མེ་ལྕེས་ཟོས་པའི་ཁྱེད་ཀྱི་སྐུ་ཕུང་ནག་རིལ་མ་དེ་མཐོང
དེ་ནི་སྟོད་འགག་སེར་བོ་མནབས་པའི་སྐུ་ཞབས་གཟི་བརྗིད་ཅན་དེ་རེད་ཟེར

པར་རིས་འདི་དང་མེ་ལྕེ་ལྷབ་ལྷབ་ཀྱིས་ཟོས་པ་གཉིས་ལ་ལྟོས་ཀྱིན་ལྟོས་ཀྱིན།
ང་རྒྱ་གར་དང་དགའ་ལྡན་ཕོ་བྲང་། བཙན་བྱོལ་སྤུན་ཟླ་ཚོའང་མཇལ་མྱོང་མཁན་ཞིག་ཡིན་སྟབས།
ཁྱེད་རང་། དངོས་གནས་ཡིད་ལ་མ་ཤོང་། ཤོང་གི་མི་འདུག ཤོང་ཐབས་མི་འདུག
བོད་ཕྱིའི་སྙན་ངག་གི་ཆུ་སྐམ་འཕྲལ་འདྲེ་མགོ་རྡོས་སྙན་ངག་ལ་ལད་མོ་བྱས་ནས་བྲིས། ༢༠༡༡། ༨། ༢༥། ཉིན།

སྙན་ངག

Post navigation

Previous Post: སྤྱི་ནོར་༧གོང་ས་བཅུ་བཞི་བ་ཆེན་མོའི་མཛད་རྣམ་བསྡུས་དོན་ས་ལེ་སྦྲམ་གྱི་སྙིང་བོ་ཞེས་བྱ་བ།
Next Post: འདི་མ་ཡུམ་སློབ་གྲྭའི་བྱམས་བརྩེ་ཡིན་ནམ།

Comments (2) on “ཚེ་དབང་ནོར་བུ་མེར་བསྲེགས་ཀྱང་། ཤི་མི་འདུག”

  1. ཏྲེ་ཧོར་ཐུབ་བསྟན། says:
    2011-08-26 at 3:57 am

    རང་མིང་སྦས་སྐུང་གིས་འདྲེ་མིང་བཏགས་པ་འདི་ཅུང་བཟང་ཤས་ཆེ་བ་མ་མཐོང་མོད། ཡིན་ཡང་ཁྱོད་ཀྱིས་བྲིས་པ་དག་ལ་མངོན་པར་བསྟོད་དོ།

  2. འཚུབ་དགའ། says:
    2011-08-30 at 11:14 am

    མི་འདྲེ་དང་ལྷ་རུ་རྫུས་ནས་མེར་སྲེག་དཔའ་བོའི་ལས་སྤྱོད་ལ་དཔྱད་པ་བྱས་པ་འདི་ཡག་རྟགས་མ་
    རེད་སྡུག་རྟགས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme