Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་སྐྱེ་མ་ཐག བོད་སྐད་དང་བོད་ཡིག་མི་ཤེས།

Posted on 2011-08-23 By ཁ་བརྡ་ 4 Comments on ང་སྐྱེ་མ་ཐག བོད་སྐད་དང་བོད་ཡིག་མི་ཤེས།

བོད། ལྷ་ཀླུ་གཉན་གསུམ།
ང་སྐྱེ་མ་ཐག བོད་སྐད་མི་ཤེས། བོད་པ་ཡང་མིན། ཕྱིས་སུ་ང་རང་བོད་པ་ཡིན་པར་ཤ་ཁྲག་ནས་བརྩིས་དེ། ངའི་དྲིན་ཆེན་གྱི་ཕ་མ་ནས་བསླབས་པའི་སྐད་དང་འགྲོགས། ངའི་མིང་ལ་བོད་པ་དང་ངས་བཤད་པའི་སྐད་ཆ་ནི་བོད་སྐད་དུ་གྱུར་བ་ཡིན། དོན་དངོས་སུ་མི་རིགས་ཤིག་དེ་ལྟར་ངེས་བཟུང་བ་འདྲ། དེ་ནས་བཟུང་། ངས་ཀྱང་རང་ཉིད་བོད་ཡིན་པ་ཤེས་ཀྱི་ཡོད། བོད་སྐད་ཡང་བཤད་ཤེས་ཀྱི་ཡོད། རིམ་གྱིས་བོད་ཀྱི་ཡི་གེ་ཡི་འབྲི་ཀློག་ལ་ཡང་གོམ་པ་བསྟེན་རྒྱུའི་སྐལ་བ་བཟང་བོ་དེ་ནི་དྲིན་ཆེན་ཕ་མ་ཉེ་དུ་དག་གིས་བསྐྲུན་པ་ལྟར། རང་ཉིད་ཀྱང་བོད་ཡིག་གི་རྫི་བོ་ཆུང་ཆུང་ཞིག་དུ་གྱུར།

རྫི་བོ་ཆུང་ཆུང་ང་ནི་བོད་ཡིག་སློབ་པར་སུན་སྣང་མེད་པ་དང་། བོད་ཡིག་གི་ཀ་མད་སུམ་བཅུ་དང་དབྱངས་བཞི། ཆུང་ཆུང་བྱིས་པའི་ངག་ན་སྙན་ལྷུང་ལྷུང་གྲགས་དུས་ཀྱི་བྱིས་དུས་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག ཡིད་འོང་མཛེས་སྡུག་གི་སེམས་ཁམས་དྭངས་མོ་དེ་ནི་བསང་ཆུའི་བཞུར་རྒྱུན་དང་འགྲོགས་ནས་བཞུར། བསང་ཆུའི་བཞུར་སྒྲ་དང་མཉམ་དུ་ཀ་ཁའི་དབྱངས་རྟ་ཡང་དང་བསྐྱར་དུ་སྐྱོར་བའི་རྫི་བོ་ཆུང་ཆུང་ང་ནི། ག་ལེར་རྫི་བོ་ཆུང་ཆུང་གི་དཔེ་ཁུག་ནང་དུ་ཡིག་རིགས་གཞན་ཞིག་ཀྱང་མཉམ་དུ་སླེབས། རྒྱའི་སྐད་ཡིག་རེད། རང་ཉིད་ཆུང་དུས་ནས་བཤད་པའི་སྐད་ནི་བོད་སྐད་ཡིན་ལ། རང་ཉིད་ཀྱི་ངག་ལ་གོམ་པ་དེ་ཡང་བོད་སྐད་ཡིན་དུས། རྒྱའི་སྐད་ཡིག་ལ་དུངས་པ་མེད་པ་དང་སློབ་འདོད་ཀྱི་ཡི་ག་མེད་པར་གྱུར་ནས་རྒྱ་ཡིག་དགེ་རྒན་མའི་ལག་པ་ནས་དབྱུགས་པ་ཆུང་ཆུང་ཞིག་གི་ལག་རྟགས་གྲངས་ཀ་མེད་རེག་ན་ཡང་། རང་ཉིད་བོད་ཡིག་ལ་དགའ་བ་ལྟ་བུ་ཞིག་ནམ་ཡང་རྒྱ་ཡིག་ལ་དགའ་ཐབས་མེད་པར་གྱུར་བ་རེད།

ཕྱིས་སུ་ལོ་ངོ་རིམ་འདས་ཀྱི་འགྱུར་བའི་ཁྲོད་ནས། རང་ཉིད་ནི་རང་ཡུལ་སྐྱུར་ནས་གཞན་ཡུལ་གང་སར་འཁྱམས་ཉུལ་བྱེད་མཁན་ཞིག་དུ་གྱུར་དུས་སུ། ད་གཟོད་རང་སྐད་ལས་གཞན་སྐད་ལ་དོ་སྣང་མ་བྱས་པ་དང་སྤྱངས་པའི་གོ་སྐབས་ཡོད་དུས་སུ། གཏན་ནས་སྤྱངས་འདོད་མེད་པར་བཞག་པ་དེ་ལ་སྣང་འགྱོད་ཆེས་མི་ཉུང་བ་ཞིག་སྐྱེ་རུ་བཅུགས། དེ་དུས་སུ་ས་སྐྱ་ལེགས་བཤད་ལས་སྐད་ཡིག་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་བའི་གཞན་གྱི་སྐད་ཡིག་ཤེས་པ་ལ་བཟང་ཆ་ཡོད་པར་ལམ་སྟོན་བྱས་པ་དེ་ལ་ངེས་ཤེས་སྐྱེས་སུ་བཅུགས་སོང་། མི་རིགས་སུ་ཞིག་ལ་མཚོན་ན་རང་ཉིད་ཀྱི་སྐད་དང་ཡི་གེ་ལས་རྩ་ཆེ་བ་དང་དོ་སྣང་བྱེད་དགོས་པ་ཞིག་མེད་ན་ཡང་། སྐད་ཡིག་གཉིས་པ་ཞིག་སྤྱངས་པའི་གོ་སྐབས་ཐོབ་དུས་སུ་དེ་ལ་ཧུར་ཐག་གིས་སྤྱོང་དགོས་པ་དེ་ནི་དངོས་ནས་གལ་ཆེན་དོན་ཆེན་རེད་འདུག

འགྱོད་པ་ནི་ཉམ་མྱོང་དང་། ཉམ་མྱོང་ནི་ཡི་གེར་བྲིས་ན། ད་གཟོད་མི་ལ་བཞག་པའི་དྲན་རྟེན་མཚོན་བྱེད་དུ་གྱུར་འགྲོ་བར་བཤད་ཆོག་པ་ཡིན་དུས། ངས་རང་རིགས་གཞོན་ནུ་ཆུང་ཆུང་ཚོ་ལ། སྐད་ཡིག་གཉིས་པ་ཞིག་སྤྱོང་བའི་གོ་སྐབས་རེག་དུས་སུ། འབད་འབུངས་བྱེད་དགོས་པར་འབོད་སྐུལ་དང་བསྒྲགས། རང་གི་སྐད་ཡིག་ནི་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་རྩ་ཆེ་བ་ཡིན་པ་དེ་ཉིད་ཞུས་ན་འདོད་སོང་། སྐད་ཆ་འདི་ལྟར་བཤད་ན། སྙན་པོ་ཡོད་མེད་མི་ཤེས་མོད། དོན་དངོས་ནི་མི་ལ་བཤད་དགོས་པ་དང་། བཤད་པ་དེ་ནི་མིས་རྣ་བར་འཛུལ། དེ་ནས་མིའི་སེམས་ལ་འབབས་པ་ཡིན་ན། བཤད་པ་དག་གྲུབ་འབྲས་ཡོད་པ་ཞིག་དུ་གྱུར་བ་ཡིན།

སྣ་ཚོགས།

Post navigation

Previous Post: སྲིད་སྐྱོང་བློ་སེང་གི་དོན་ཚན་བདུན།
Next Post: ང་ཡི་ལང་ཚོ་ཡི་དུས།

Comments (4) on “ང་སྐྱེ་མ་ཐག བོད་སྐད་དང་བོད་ཡིག་མི་ཤེས།”

  1. དཀོན་མཆོག་ནོར་བུ says:
    2011-08-24 at 5:22 am

    གུས་པའི་དགའ་མོས་བྱེད་ཡུལ་གྱི་རྩོམ་པ་པོ་་ལྷ་ཀླུ་གཉན་གསུམ་གྱི་དེ་རིང་ཡང་འདི་ལྟར་གོ་དོན་ཟབ་པའི་རིགས་ལ་བཅིང་བའི་རྩོམ་ཡིག་སྤེལ་བར་བཀའ་དྲིན་ཞུ་རྒྱུ་དང་་་་་་སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་བའི་ལུང་འདི་ས་སྐྱའི་ལེགས་བཤད་མིན་པར་་་ཁྲི་གུང་ཐང་ཚང་གི་གསུང་ཡིན་པ་ཡོད་་་་་་དེས་ན་ཐུགས་ཞིབ་གནང་རོགས་་་་་་་་་་་་་་་་

  2. བོད། ལྷ་ཀླུ་གཉན་གསུམ། says:
    2011-08-24 at 2:24 pm

    དཀོན་མཆོག་ནོར་བུ་ལགས། ཉིད་རང་བདེན་པ་རེད། དེ་ནི་ས་སྐྱ་ལེགས་བཤད་ཀྱི་ཚིག་རེད་མི་འདུག དེར་དྲ་ཐོག་གི་སྤུན་ཟླ་ཡོངས་ལ་དགོངས་དག་ཞུ། གསུང་དེ་ནི་བླ་བྲང་ཨ་ཁུ་ཐབས་མཁས་ཚང་ངམ། ཡོངས་གྲགས་སུ་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གི་གསུང་རེད་འདུག

  3. རེ་བ་ says:
    2011-08-25 at 11:51 pm

    བོད་པ་ཡིན་པ་ཤ་ཁྲག་ནས་བརྩིས་ན་ཁྱེད་རང་སྐྱེ་མ་ཐག་བོད་པ་ཡིན་པ་མི་འདོད་བཞིན་ཁས་ལེན་དགོས་པས་ངེས་པར་ཁས་ལེན་ཡོད་པ་མཁྱེན་དེ་ཡང་ཕ་མ་གཉིས་བོད་པ་ཡིན་པའི་དབང་དུ་བྱས་པའོ།།

  4. ཕུན་ཚོགས་ says:
    2011-09-11 at 4:18 am

    བྱས་ན་ངས་སྒྲུང་ཅིགས་བཤད་ཀྱི་ཡིན་
    དཔའ་ལྡན་གྱིས་སྙིང་རུས་ཆེན་པོས ་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ནས་དུས་དེབ་དང་ཚགས་པར་ཐོག་བཏོན་ དེར་བཀྲ་ཤིས་ཀྱི་བཟའ་ཟླ་མིག་ཚ་ནས་བཀྲ་ཤིས་ལ་ཁྱེད་ཀྱིས་ཀྱང་རྩོམ་འབྲི་དགོས་ཞེས་བཤད། ཐོག་མར་ཁས་ལེན་མ་བྱས་ཀྱང་གཟའ་རྟག་པར་རྣ་བ་བསུན་དུ་བཅུག་པས་ཚོད་ལྟ་བྱས་
    ལོ་ཕྱེད་རིང་འབད་འཐབ་བྱས་ཀྱང་དེའི་འབྲས་བུ་ཤོག་རོའི་ཕུང་པོ་ཞིག་ལས་མ་བྱུང། མཐར་བཀྲ་ཤིས་འུ་ཐུག་ནས་དཔའ་ལྡན་གྱི་སར་རྩོམ་ཇི་ལྟར་འབྲི་དགོས་མིན་སྐད་ཆ་འདྲི་པར་ཕྱིན་པས་དཔའ་ལྡན་གྱིས་་་དེ་ངས་མི་ཤེས་་་རྒན་ ་འཚོ་བ་ལགས་ལ་བཀའ་འདྲི་ཞུ་བར་འགྲོ་དགོས་་ཞེས་བཤད་དོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme