Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་སྲིད།

Posted on 2008-07-022008-07-02 By dhatsenpa 10 Comments on འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་སྲིད།

དེ་རིང་ངས་གནའ་བོའི་གྷི་རིག་ཁོངས་ཨ་ཐིན་གྱི་མཚན་ཉིད་རིག་པ་བ་རྣམས་ཀྱི་སྐོར་ཅུང་ཟད་ཅིག་ཀློག་པ་ཡིན།། ཕི་ལ་ཐུ་ཡིས་དངོས་པོ་ཚང་མ་འགྱུར་བའི་རང་བཞིན་ནམ་འགུལ་སྐྱོད་ཅན་གྱི་རང་བཞིན་ཡིན་པ་བརྗོད་འདུག ཕལ་ཆེར་ཕི་ལ་ཐུ་ཡི་སྔ་ཙམ་མིན་ནམ་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་གསུངས། དེ་ཚན་རིག་པ་མང་པོ་ཞིག་གིས་གླེང་བཞིན་པའི་ impermanant དང་གཅིག་མཚུངས་སུ་འགྱུར། ཡིན་ན་ཡང་འགྲེལ་ཚུལ་ལ་ཅུང་མི་འདྲ་བ་ཡོད་སྲིད། དེ་མི་ཤེས།
འདིར་ང་ལ་དྲི་བ་འདྲ་མིན་ཞིག་འཁོར་བྱུང་བས་ཁྱེད་ཚོ་དང་མཉམ་དུ་གླེང་མོའམ་བློ་འདྲི་བར་སྤྲོ། ལྷག་པར་དུ་མཚན་ཉིད་རིག་པ་བ་དང་གྲ་བ་དང་གྲ་ལོག་དེ་འདྲ་ཡོད་ན། ཐམས་ཅད་མི་རྟག་པའི་ཀློང་ན་འཁོར་བཞིན་པའི་མི་རྟག་པའི་ཁམས་འདིར་ངེས་པར་དུ་རྟག་པའི་དངོས་པོ་གཅིག་ཡོད་དགོས་པར་འདུག དེ་ཡང་དང་པོར་ང་ཚོའི་འཇིག་རྟེན་འདི་ཇི་ལྟར་གྲུབ་པ་ལ་བསམ་བློ་ཞིག་ཐོང་། རྒྱུ་གང་གིས་བསྐྱེད་པ་རེད། རྒྱུ་དེ་འདུས་བྱས་ཡིན་ནམ་མིན། དེ་དྲི་བ་ཞིག་རེད། དེ་ནས་ང་ཚོའི་འཇིག་རྟེནའདི་འཇིག་པའི་རྗེས་ལ་བསམ་བློ་ཞིག་ཐོང་། ཉི་ཟླ་སྐར་གསུམ་གྱིས་མཚོན་དངོས་པོ་ཚང་མ་འཇིག་པའི་ཆོས་ཅན་ཡིན་པས་འཇིག་པའི་དབང་དུ་ཐོང་། ད་ཤུལ་དུ་གང་ཞིག་ལྷག་ཡོད་པ་རེད། ནམ་མཁའ་སྟོང་པ་ལས་གཞན། རླུང་གི་རྒྱུ་བ་དེ་ད་རུང་ནམ་མཁའ་སྟོང་བའི་དབྱིངས་སུ་ལྷག་ཡོད་པ་མ་ཡིན་ནམ། དེ་རྟག་པ་རེད་དམ་མ་རེད། དེའི་ནང་ད་རུང་འཇིག་རྟེན་ཕྱི་མ་འགྲུབ་བྱེད་ཀྱི་རྒྱུ་སྟེ་ས་ཆུ་མེ་ཡི་རྡུལ་ཕྲ་ཤོས གལ་སྲིད་རྣམ་ཤེས་འཇིག་པ་མེད་པར་ངོས་འཛིན་མཁན་ཞིག་ཡིན་ན་རྣམ་ཤེས་ཀྱི་རྒྱུའམ་རྡུལ་ཕྲ་མོ་དག་ད་རུང་མའཇིག་པར་རླུང་གི་ནང་གཡོ་བཞིན་པ་མ་ཡིན་ནམ། མྱི་བརྒྱགས་དྲགས་ན་སངས་རྒྱས་ལའང་རྩོད་སློང་། དུས་རྙིགས་མ་ཟེར་ན་འདི་འདྲ་རེད། ཨ་སྐྱེས་སྨན། མང་ཟིག་ཁྱེར་ཤོག ད་ངས་འབྲི་དགོས་པ་དེ་རྫོགས་སོང་། དྲ་གྲོགས་རྣམས། གལ་སྲིད་ལྐུགས་པའི་དྲི་བ་ཡིན་ན་དགོངས་འགལ་མེད་པ་ཞུ།

གསར་འགྱུར།

Post navigation

Previous Post: བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།
Next Post: བོད་ནང་གི་བོད་ཡིག་དྲ་རྒྱ་ཁག་གཅིག

Comments (10) on “འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་སྲིད།”

  1. ཟུར་བལྟ། says:
    2008-07-03 at 12:08 am

    ཐམས་ཅད་མི་རྟག་པ་རེད་ལ་རྟེན་འབྲེལ་གྱི་ངོ་བོ་ཡིན་ཞེས་དབུ་མ་བས་ཤོད། ནམ་མཁའི་སྟེང་གི་རླུང་དེ་ཡང་ནམ་མཁའ་ལ་བརྟེན་པ་ལས་རང་ཚུགས་སུ་མ་གྲུབ་པར་དོད། གལ་ཏེ་ནམ་མཁའ་དེར་གྱུར་བ་འགྲོ་བའི་སྐབས་སུ་རླུང་ཡང་གྱུར་བ་འགྲོ། དཔེར་ན་ཟླ་བའི་གོ་ལའི་ནང་རླུང་མེད། རྒྱུ་མཚན་ནི་ཟླ་བའི་གོ་ལའི་སྟེང་གི་ནམ་མཁའ་དེ་རླུང་གནས་མི་ཐུབ་པའི་ཁོར་ཡུག་ཡིན་པར་ཚན་རིག་པས་ཤོད། དེ་བཞིན་སའི་གོ་ལའི་ནས་ཐག་ཇེ་རིང་འགྲོ་བ་ཙམ་གྱི་རླུང་གི་ངོ་བོ་ཡང་འགྱུར་བ་འགྲོ་བ་དེ་ད་ཆ་དངོས་སུ་ཚན་རིག་པས་མཐོང་། དེར་བརྟེན་མི་རྟག་པ་དེ་མེད་པ་འགྲོ་བ་གཅིག་པུར་མི་བལྟ་བར་དེ་གཞན་ལ་བལྟོས་དགོས་པ་ཤེས་པ་འདི་དབུ་མ་བའི་ཁྱད་ཆོས་ཆེན་པོར་སྣང་།

  2. སྤོབས་པ། says:
    2008-07-03 at 12:50 am

    ཁྱེད་རང་གིས་གྷི་རིག་གི་མཚན་ཉིད་པ་དེ་ཚོའི་དེབ་བྋཐྲྤཀླགས་པ་ཧ་ཅང་ལེགས། ཡིན་དང་ཡིན། ཆེས་སྔ་མོའི་དུས་ནས་འཛམ་གླིང་ཤར་ནུབ་གཉིས་ཀྱི་རིག་པའི་གཞུང་ལུགས་ལ་ཕན་ཚུན་འདྲ་མཚུངས་ཀྱི་ཆ་མང་པོ་ཞིག་རྙེད་རྒྱུ་ཡོད་པ་དེའི་སྐོར་ངས་ཀྱང་ཤེས་འདོད་ཡོད་པ་མང་པོ་ཞིག་ཡོད། སྤྱིར་བཏང་ནང་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཞེས་པ་དེ་གཉིས་སུ་དབྱེ་ཡོད། རགས་པ་རྒྱུན་གྱིས་མི་རྟག་པ་ཞེས་པ་དེ་སྐྱེས་པའི་ཐ་མ་འཆི་བ་དང༌། བསག་པའི་ཐ་མར་འཛད་པ་ལྟ་བུ་ཡིན། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ཞེས་པ་དེ་དངོས་པོ་གང་ཞིག་རང་ཉིད་གྲུབ་པ་ནས་འཇིག་པའི་བར་དུ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བཞིན་པ་དེ་ཡིན། དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་སྟབས་སྔ་མ་རྟོག་སླ་ལ་ཕྱི་མ་རྟོག་དཀའ། རགས་པ་རི་གླིང་སོགས་འཇིག་སྐབས་ཕྲ་བ་འབྱུང་བཞིའི་རྡུལ་ཕྲནཕྲ་བ་ལུས་ཀྱང་རྟག་པ་ཡིན་པར་མི་འགྱུར་ཏེ་དེ་ཡང་ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ཡིན་པའི་ཕྱིར། ངས་བཤད་པ་དེར་གོ་རྒྱུ་འདྲ་ཅང་འདུག་གམ།

  3. མགོན་པོ་ཕྱག་གཉིས་པ། says:
    2008-07-03 at 11:28 am

    ཉི་ཟླ་སྐར་གསུམ་སོགས་ཡོད་ཚད་མ་ལུས་པར་འཇིག་སྟེ་སྟོང་ཁམས་ཆེན་པོ་འདི་སྟོང་སང་ངེར་གྱུར་རྗེས་ད་དུང་ཟླ་བའི་རླུང་དང་སའི་གོ་ལའི་རླུང་ཞེས་ངོས་འཛིན་རྒྱུ་ཞིག་ཡོད་དམ། རྟག་པའི་དངོས་པོ་གཅིག་ཡོད་དགོས་པར་འདུག་ཟེར་བར་བསམ་བློ་གཏོང་དགོས་པ་འདུག རླུང་འདི་རྟག་པར་གཅིག་ཏུ་མི་གནས་པར་གཡོ་བའི་ཆ་ནས་མི་རྟག་པ་ཡིན་ཡང་རླུང་གི་ངོ་བོ་རང་རྟག་པ་ཡིན་དགོས་པ་འདྲ། གལ་སྲིད་རླུང་འཇིག་པ་ཡིན་ན་ཉི་མས་མཚོན་པའི་གོ་ལའི་ཁྱིམ་རྒྱུད་འདི་དག་ཇི་ལྟར་བསྐྱེད་པ་རེད། རླུང་འདི་འདུས་བྱས་ཡིན་པ་དང་རྟག་པའང་ཡིན་དགོས་པ་འདྲ། BIG BANG གི་རྗེས་གོ་ལའི་ཁྱིམ་རྒྱུད་གྲུབ་ཚུལ་ལ་ཚན་རིག་པར་སྟོང་ཆ་ཞིག་ཡོད་ཚུལ་ཟེར། ཡི་ཤེས་ཆོས་བརྒྱུད་པ་ཚན་རིག་མཁས་པ་ཚོས་འཇིག་རྟེན་བཀོད་པ་པོ་ཞིག་ཁྱེར་ཡོང་ནས་འདིའི་སྟོང་ཆ་འདི་སྐོང་ཀི་ཡོད་པ་རེད་ཟེར།

  4. རིག་པའི་རྡོ་རྗེ། says:
    2008-07-03 at 7:06 pm

    རིག་པའི་རྡོ་རྗེ།

    ༄༅།།   ཁྱེད་ཅག་གིས་གླེང་བཞིན་པའི་འདུས་བྱས་ཐམས་ཅད་རྟག་མི་རྟག་གི་ཐད་ལ་ངས་ཀྱང་བསམ་ཚུལ་ཅིག་ཤོད་འདོད་བྱུང་།    ནང་བའི་སྟོན་པ་ཤཱཀྱ་ཐུབ་པས།    ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་ཐག་བཅད་ནས།    ཀུན་རྫོབ་སྟེ་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་ཡོད་པ་རེད།    རྒྱུ་མཚན་ཀུན་རྫོབ་ཡིན་ཚད་རྒྱུས་བསྐྱེད་པའམ་གཅིག་ལ་གཅིག་བརྟེན་ལས་བྱུང་བ་ཡིན་པས་འཇིག་པའི་ཆོས་ཅན་ལས་འགྲོ་ས་མེད།    ཆོས་ཅན་དེ་དག་གི་ཆོས་ཉིད་སྟོང་པ་ཉིད་ནི་ནམ་ཡང་འཕོ་འགྱུར་མེད་པར་གནས་ཡོད་པས།   དོན་དམ་དོན་དམ་གྱིས་མི་སྟོང་པས་བདེན་གྲུབ་ཏུ་ཡོད་ཅེས་གསུངས་ཡོད།    གལ་ཏེ་དོན་དམ་ཡང་དོན་དམ་གྱིས་སྟོང་བ་ཡིན་ན།    དོན་དུ་གཉེར་བྱའི་དོན་དམ་ཐུག་མེད་དུ་འགྲོ་བའམ།    ཡང་ན་ཅང་མེད་བྱང་ཆད་ལྟ་བུ་ཡིན་པས་དེ་ལ་ཆད་ལྟ་ཞེས་གསུངས་ཡོད།    
    གང་ལྟར་འཇིག་རྟེན་འདི་སྟོང་པར་གྱུར་བའི་ཤུལ་ནས་ཟླ་བའི་རླུང་དང་སའི་གོ་ལའི་རླུང་སྟོང་ངམ་མི་སྟོང་ཞེས་དཔྱད་པ་བྱེད་པ་ནི།    དཔེར་ན་ཁང་པ་མེས་ཚིག་ནས་ཤུལ་མེད་དུ་གྱུར་རྗེས།    ཁང་པའི་སྒོ་དང་སྒེའུ་ཁུང་གང་དུ་ཡོད་འཚོལ་བ་དང་ཁྱད་པར་མེད་པ་མ་ཡིན་ནམ།    འོན་ཀྱང་གུས་པའི་བསམ་ཚུལ་ཙམ་ཡིན་པས་དྲ་གྲོགས་རྣམས་ཀྱིས་དཔྱད་འཚལ།

  5. སྤོབས་པ། says:
    2008-07-03 at 8:08 pm

    རིག་པའི་རྡོ་རྗེ་ལགས།
    སྟོན་པས་ཆོས་ཀྱི་སྡོམ་བཞིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཞེས་གསུངས་པ་དེར་ཁྱོད་ཀྱིས་ཆོས་ཉིད་བདེན་པ་རྟག་པ་ཡིན་ཞེས་ཚིག་གི་ལྷན་པ་གསར་པ་ཞིག་རྒྱག་དགོས་པའི་ཁྲལ་དེ་སུས་བཞག་བྱུང༌། མདུན་འདི་ན་རྟ་ཡོད་མེད་རྩོད་སྐབས་རྟ་སྣང་རུང་མ་དམིགས་པ་དེ་རྒོལ་སྔ་རྒོལ་གཉིས་ཀས་མ་མཐོང་བ་དེ་ཀས་རྟ་ཡོད་པ་ཁེགས། དེས་ཟུར་ན་རྟ་མེད་པའི་ཆོས་ཉིད་ཟེར་བ་ཞིག་འཇོག་པའི་ངལ་བས་ཅི་བྱ། ད་ལྟ་ང་ཚོས་གླེང་བཞིན་པའི་རྟག་མི་རྟག་ཟེར་བ་དེ་རང་རེ་སོ་སྐྱེས་ཀྱི་བློའི་སྒྲོམ་གཞི་འདིའི་ནང་གི་ཅ་ལག་ཅིག་རེད། དེ་གཉིས་ཀ་ཡང་བཀའ་བར་པའི་སྐབས་ཀྱི་དགག་བྱ་རེད། ང་ཚོས་ཤེས་བྱ་ཐམས་ཅད་རྟག་མི་རྟག་གཉིས་ཀྱི་ཁོངས་སུ་བསྡུ་ཁུལ་བྱེད་པ་དེ་རང་རེའི་བློ་ལ་དེ་གཉིས་ལས་འཆར་མ་ཐུབ་པའི་རྐྱེན་གྱིས་རེད། ཆོས་ཉིད་དོན་དམ་བདེན་པ་ཟེར་བ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྟག་མི་རྟག་གི་ཐ་སྙད་ལས་འདས་པ་ཞིག་རེད། དེ་རྟག་པ་ཡིན་མིན་ད་ལྟ་ནས་ཁྱེད་ཀྱིས་ཐག་གཅོད་པ་དེ་ཅི་འདྲའི་སླ་མདོག་ཁ་བ་ལ། སྟོང་ཉིད་བཅུ་དྲུག་གི་འགག་སྒོ་ཐམས་ཅད་བརྒལ་བའི་ཕ་རོལ་ལ་སླེབས་རྒྱུ་དེར་ད་དུང་བསྐལ་ཆེན་གྲངས་མེད་དུ་མ་འགོར་ངེས་པས་གླེང་སྔ་མ་བྱེད་མ་གཏོགས་འཇམ་པའི་དབྱངས་ཀྱི་རལ་གྲི་མ་གཡུགས་ཀྱང་རྗེ་བཙུན་བྱམས་པས་ཐལ་ལྕག་གཞུ་ཐག་ཆོད་རེད་དོ། །

  6. རིག་པའི་རྡོ་རྗེ། says:
    2008-07-04 at 12:41 am

    སྤོབས་པ་ལགས་ལ།   དངོས་ནས་སྤོབས་པ་ཆེན་པོ་དེ་ཙམ་ཡོད་པས་དགའ་སྤྲོ་བྱུང་།    ངས་ངེས་དོན་མཐར་ཐུག་གི་བསྟན་དོན་ཆོས་ཉིད་དོན་དམ་བདེན་པའི་མཚན་ནས་བརྗོད་པ་ཙམ་གྱིས།    རྗེ་བཙུན་འཇམ་དབྱངས་ཀྱིས་རལ་སྐོར་དང་།    བྱམས་པས་ཐལ་ལྕག་གཞུ་དོན་མེད་པས་ཐུགས་ཁྲེལ་གནང་མི་དགོས།    དེ་བས་སྐུ་ཉིད་ཀྱིས་མདུན་གྱི་རྟ་རྒན་མེས་ཚིག་ནས་ལྷག་མེད་དུ་གྱུར་ཚར་རྗེས།   རྟའི་ལག་པ་དང་རྐང་བ་འཚོལ་བའི་ངལ་བ་བརྟེན་དང་།    བྱམས་འཇམ་དབྱངས་གཉིས་ཀྱིས་བྱིན་རླབས་གནང་ངེས་རེད།   ཀུ་རེ་ཡིན།   དགོངས་འགལ་མེད་པར་ཞུ།   

  7. རིག་པའི་རྡོ་རྗེ། says:
    2008-07-04 at 12:52 am

    སྤོབས་པ་ལགས་ལ།   དངོས་གནས་སྤོབས་པ་ཆེན་པོ་དེ་འདྲ་ཡོད་པས་དགའ་སྤྲོ་བྱུང་།
    ངས་ངེས་དོན་མཐར་ཐུག་གི་བསྟན་དོན།    ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་གཞི་དོན་དམ་བདེན་པའི་མཚན་ནས་བརྗོད་པ་ཙམ་གྱིས།    རྗེ་བཙུན་འཇམ་དབྱིངས་ཀྱིས་རལ་སྐོར་དང་།   བྱམས་པས་ཐལ་ལྕག་གཞུ་རྒྱུ་མ་རེད།   གལ་ཏེ་དེ་ལྟར་གནང་ན་ངའི་རེ་བ་ཡོངས་སུ་འགྲུབ་པས་དེ་ལས་དགའ་བ་ཞིག་གང་ན་ཡོད།    དེ་ནི་ལྷག་པའི་ལྷས་དངོས་སུ་རྗེས་སུ་བཟུང་སྟེ་དངོས་གྲུབ་གནང་བ་རེད།    
    དེ་བས་སྐུ་ཉིད་ཀྱིས་མདུན་གྱི་རྟ་རྒན་མེས་ཚིག་ནས་ལྷག་མེད་དུ་གྱུར་རྗེས།    རྟ་རྒན་གྱི་ལག་པ་དང་རྐང་བ་ཡོད་མེད་འཚོལ་བའི་ངལ་བ་བརྟེན་དང་།    ཚན་རིག་མཁས་དབང་ཁག་གིས་དངོས་ཡོད་གནས་ཚུལ་རེད་ཅེས་རྒྱབ་སྐྱོར་བྱེད་སྲིད
    དགོངས་འགལ་མེད་པར་ཞུ།   ཀུ་རེ་ཡིན།

      

  8. སྤོབས་པ། says:
    2008-07-04 at 1:50 am

    རིགས་པའི་རྡོ་རྗེ་ལགས།
    དངོས་གནས་ཁྱེད་ལ་དེ་ལྟ་བུའི་རིགས་ལམ་རྣོན་པོ་ཞིག་ཡོད་པར་ཡི་རང་སྐྱེས། ཁྱེད་ཀྱི་མདུན་གྱི་རྟ་རྒན་ཚིག་ཤུལ་གྱི་སྟོང་གཞི་བདེན་གྲུབ་རྟག་པ་དེ་ལ་ཞོན་ནས་མྱང་འདས་ཀྱི་སར་སྐྱོད་ཅིག འོན་ཀྱང་སྲིད་རྩེ་བརྒལ་མི་ཐུབ་ངེས་ཅན་རེད། ཅིས་ཕྱིར་ཞེ་ན། ཁྱོད་ཀྱི་རྟ་རྒན་རྟག་པ་དེ་ལ་ད་དུང་ཡང་བཀའ་བར་བའི་དགག་བྱ་ཟེར་བའི་ནད་དེ་སངས་མི་འདུག

  9. རིག་པའི་རྡོ་རྗེ། says:
    2008-07-04 at 9:34 am

    སྤོབས་པ་ལགས།   ད་ངེད་གཉིས་ཀྱི་རྩོད་གླེང་འདི་ནས་མཚམས་འཇོག་བྱེད།    དེ་ལ་དགོས་དོན་ཅང་མི་འདུག    ཡིན་ན་ཡང་ངས་ཁྱེད་ཀྱི་རྣམ་དཔྱོད་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུ་ཡི་ཡོད།   ཐུགས་རྗེ་ཆེ།   

  10. སྤོབས་པ། says:
    2008-07-04 at 9:39 pm

    གལ་ཆེན་པོ་རེད་ཟེར་ནས་བསམ་ཚུལ་གསུངས་མཁན་དེ་ཡང་ཁྱེད་རང་རེད། གལ་ཆེན་པོ་མ་རེད་མཚམས་འཇོག་བྱེད་གསུངས་མཁན་ཡང་ཁྱེད་རང་རེད། ཁྱེད་ཀྱིས་གསུངས་པ་ལྟར་བྱེད། ཀུ་ཅིས། ང་ལྷག་བསམ་དང་རྣམ་དཔྱོད་ཅན་དེ་འདྲ་ཞིག་ཚོ་གང་ཡང་མིན། ངའི་སྟེང་ལ་རྩམ་པ་མ་གཏོར་རོགས། གཞན་པ་ཅིག་གླེང་རྒྱུ་འདྲ་མི་འདུག་གམ། ཁྱེད་ཀྱིས་ངོ་མཚར་བའི་གསར་འགྱུར་འདྲ་གང་ཐོས་བྱུང་ངམ། ཁྱེད་ཀྱི་སེམས་ནང་ལ་འདི་མི་གཞན་ལ་གཅིག་ཤོད་དགོས་ས་རེད་སྙམ་པ་དེ་འདྲ་འདྲ་མི་འདུག་གམ། ཡོད་ན་ཤོད་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme