Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།

Posted on 2008-07-022008-07-02 By tenzin 3 Comments on བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།

བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།

སྤྱིར་འཛམ་བུ་གླིང་འདིར་ཁྱོད་མཛེས་པོ་འདུག་ཟེར་བ་དང་། ང་མོ་དྲན་གྱི་འདུག་ཟེར་བའི་སྙན་ངག་གི་དུས་ཚོད་ཡོལ་འཚར་བ་རེད། ཡིན་ནའི་དེང་གི་བོད་པ་སྙན་ངག་འབྲི་མཁན་མང་པོ་ཞིག་ལ་སྒྱུ་རྩལ་དང་། ཚན་རིག སྤྱི་ཚོགས་རིག་པ། དཔལ་འབྱོར། དེ་བཞིན་དམག་སྲིད་སོགས་ཀྱི་སློབ་གསོ་ཐོབ་མེད་ཙང་ཁོང་རྣམས་ལ་འབྲི་བྱའི་ནང་དོན་གཞན་མེད་པ་ལྟ་བུར་སོང་ནས། “ང་ཁྱོད་དྲན་ནས་སྨྱོ་བ་འདུག ཁྱེད་ཀྱི་མཚན་མ་འདི་ད་ལྟ་རང་དགོས་ཡོད།” ཟེར་བ་སོགས་ཀྱི་རང་གི་འཚོར་བ་འདི་ཇི་ཙམ་དམར་རྗེན་དང་སྒྲོ་བཏགས་ཀྱིས་སྟོན་ཐུབ་པ་དེ་ཙམ་གྱིས་སྙན་ངག་མཁན་དེ་བློ་གྲོས་ཅན་ལ་བརྩི་སྲོལ་འདུག དེ་ཅུང་ཐབས་སྐྱོ་པོ་རེད་སྙམ།

སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་སྙན་ངག་གི་ཆེད་དུ་སྙན་ངག་དོན་གཉེར་བྱེད་ཀྱི་མེད་ཚོད། ཁོང་ཚོས་སྙན་ངག་འདི་རང་ལ་ནང་དོན་རིག་པ་དང་རིག་གནས་ཆེ་བ་གཞན་ཚོའི་ཤེས་བྱ་ལེན་ཆེད་དང་། ཤེས་བྱ་དེ་ཚོ་གཞན་ལ་སྤྲོད་ཆེད་ཀྱི་ལག་ཆ་ལྟ་བུར་ངོས་འཛིན་གནང་གི་ཡོད་ཚོད། ཁོང་རྣམས་ཀྱིས་གོང་གི་ཤེས་བྱ་དེ་དག་ལ་ལེགས་པར་སློབ་རྗེས། སྙན་ངག་སོགས་ཀྱི་སྲོལ་དེ་དག་བེད་སྤྱད་ནས་གཞན་ལ་ཤེས་བྱ་དེ་དག་འཆད་སྤེལ་གནང་སྲོལ་འདུག  དཔེར་ན་རྗེ་རིན་པོ་ཆེའི་ལམ་རིམ་ཉམས་མགུར་དང་། རྫ་དཔལ་སྤྲུལ་གྱི་མི་རྟག་དྲན་སྐུལ་ལྟ་བུ་ཡིན། ཁོང་ཚོའི་སྙན་རྩོམ་དེ་དག་གི་རིན་ཐང་ནི་སྙན་ངག་གཅིག་པུའི་སྤུས་ཚད་མིན་པར། གཏིང་ཟབ་པའི་ཆོས་ཀྱི་རྟོགས་པ་དེ་དག་གཞན་ལ་གོ་སླའི་ངང་ནས་གདམས་ཐུབ་པ་དང་། ངོ་སྤྲད་ཐུབ་པ་སོགས་ཡིན།

དེང་སང་གི་སྙན་ངག་པ་ཚོར་སྙན་ངག་འགྲོ་ལུགས་འབའ་ཞིག་ལས་གཞན་གྱི་ཤེས་བྱ་མཁྱེན་གྱི་མེད་པ་ལྟ་བུར་སྣང་། གཅིག ཁོང་རྣམས་ཀྱི་འབྲི་བྱའི་ནང་དོན་དེ་ཆོ་མེད་ལྟ་བུའམ་ཡང་ན་ཀུན་གྱི་ཆོས་ཉིད་དུ་སོང་བ་་ལས། དམིགས་བསལ་གྱི་ནང་དོན་དང་ཉམས་མྱོང་གསར་པ་གང་མེད་པ་དཔེར་ན་བུད་མེད་ཀྱི་ལུས་ཀྱི་གནས་ག་གེ་མོ་ཞིག་ལ་སྒྲོ་ཆེན་པོ་ཞིག་བཏགས་པ་གཅིག་པུ་ཙམ།  གཉིས། བྲི་བྱེད་སྙན་ངག་གི་རྩལ་ཡང་གཞན་གྱི་ལད་མོ་ཤ་སྟག་ལས་དེར་ལུགས་དང་སྲོལ་གསར་གཏོད་དམ་འབྲི་སྟངས་ཁྱད་ཆོས་གསར་པ་གང་ཡང་མེད་པ་དཔེར་ན་དོན་རྒྱན་སོ་ལྔ་དང་དཔེ་རྒྱན་སོ་གཉིས་ལས་མ་འདས་པ་ཤ་སྟག གསུམ། འབྲི་མཁན་གྱི་ཀུན་སློང་ཡང་ “རང་མཐོ་རང་མཛེས་”གཅིག་པུ་མངོན་པའི་བག་ཆགས་འཇོག་པ་ལས། སྙན་རྩོམ་དེ་ཚོར་དུས་ཚོད་དང་རིག་གཞུང་། མི་རིགས་དང་ལྟ་བ་སོགས་ནས་སྒྲོལ་ནས་ཁྱབ་ཆེ་བའི་མིའི་རིགས་ལ་ཕན་ཐོག་པའི་བག་ཆགས་རྟིལ་འབྲུ་ཙམ་ཡང་མེད་པ་ལྟ་བུར་མངོན། དེར་བརྟེན་སྙན་ངག་དེ་དག་ཁོང་ཚོའི་གནས་འབབ་ཀྱི་བསམ་བློ་དང་བོད་ཡིག་ཆུ་ཚད་ལས་བརྒལ་ནས་སྐད་ཡིག་གཞན་ཞིག་གི་ནང་སྒྱུར་ན་ངུ་མི་ཤེས་པ་དང་བགོད་མི་ཤེས་པའི་སྲོག་མེད་ཡི་གེ་ཁོ་ནར་སོང་སྟབས་རིན་ཐང་འགའ་ཡང་མེད་པ་ལྟ་བུ་གནང་།

གོང་གི་དཀའ་ངལ་དེ་དག་ཐུག་ས་ནི་གཅིག་ཁོ་ན་སྟེ། ངེད་ཚོའི་སྙན་ངག་མཁན་པོ་དག་གི་སློབ་གསོའི་ཆུ་ཚད་ཤིན་དུ་དམའ་བའི་དབང་གི་ཡིན་སྟབས། གནད་དོན་དེར་ངེས་པར་བསམ་བློ་ཞིག་མ་བཏང་ན་དེང་གི་བོད་ཀྱི་སྙན་རྩོམ་མང་པོ་ཞིག་མི་རབས་རྗེས་མའི་བོད་ཀྱི་རྒྱུད་པ་ཚོའི་སྨ་འབེབ་གཏོང་ཡུལ་གྱི་ངན་རྩོམ་ཤ་སྟག་ལ་འགྲོ་བའི་ཉེན་ཁ་མི་ཆེའམ།

གསར་འགྱུར།, བརྩམས་སྒྲུང་།, མཚར་གཏམ།, འཕྲིན་ཡིག, རྩོམ་རིག

Post navigation

Previous Post: ཕ་ཡུལ་གྱི་དངངས་སྐྲག
Next Post: འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་སྲིད།

Comments (3) on “བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-07-02 at 9:48 pm

    དྲང་པོར་བཤད་ན། དེང་སང་གི་སྙན་ངག་པ་དེ་ཚོ་སྙན་ངག་གི་ཚད་མཐོན་པོར་སླེབས་འདུག བརྗོད་བྱ་ཡང་ཧ་ཅང་རྒྱ་ཆེན་པོ་རེད། ཁྱེད་རང་བོད་ནང་གི་བོད་ཁུག་དེ་ཚོའི་ནང་འཛུལ་ལ་མ་མཐའ་ཡང་སྙན་ངག་མི་འདྲ་བ་བརྒྱ་ཀློག དེ་ནས་སླར་འདིར་ཕེབས་ཤོག ང་ཚོས་ཡང་སྐྱར་བགྲོ་གླེང་བྱེད་ཆོག ཉེ་ཆར་བོད་ནང་གི་ཡ་ང་བའི་གནས་ཚུལ་སྐོར་ལ་ཡང་སྙན་ངག་མང་པོ་བྲིས་འདུག རང་མཐོ་རང་མཛེས་དེ་འདྲའང་ཡོད་མི་སྲིད་པ་མ་རེད། དེ་ནི་གསར་རུའི་སྣང་བ་རེད། འཇིག་རྟེན་པའི་སྣང་བ་ཡང་རེད། ཁྱེད་རང་ཕལ་ཆེར་གྲ་བ་ཞིག་ཡིན་པ་འདྲ། འཇིག་རྟེན་པའི་རྩེད་ར་ནང་ཡོང་ན་མཇེ་སྟུ་འདོད་པའི་གཏམ་སོགས་ལས་གཡོལ་ཐབས་མེད་པས་བཟོད་པ་སྒོམ་རོགས་གནང་། མཇེ་སྟུ་རྟག་པར་བརྗོད་མཁན་འབྲུག་པ་ཀུན་ལེགས་རེད།། མཚམས་རེར་མཚམས་རེར་བརྗོད་མཁན་མགོན་པོ་ཕྱག་གཉིས་ཡིན།། སྤྱོད་པ་རང་གཤིས་ལྷུག་པ་ཡིན། ཁ་ནས་དྲན་ཚད་བཤད་མི་ཡིན། ནག་ཆག་ནག་ཆང་གཉིས་ལ་དགའ་མི་ཡིན། མཐུན་པའི་དོན་རྣམས་མཉམ་དུ་གླེང་། མི་མཐུན་པ་རྣམས་སོ་སོར་ཞོག

  2. བོད་ནང་གི་སློབ་མ། says:
    2008-07-03 at 3:03 am

    ཧ་ཧ། སྙན་ངག་ཐད་ལ་མགོ་དེ་འདྲ་མི་ཚོད། འོན་ཀྱང་ད་ཆ་བོད་རིགས་ཀྱི་ཤེས་ཡོན་པ་རྣམས་ཀྱི་ཆུ་ཚས་ངེས་པར་དུ་མཐོ་རུ་གཏོང་དགོས་འདུག
    བཀྲ་ཤིས་བདེ་ལེགས།

  3. ཟླ་བ། says:
    2008-07-03 at 7:40 am

    གཙོ་བོ་བོད་ཀྱི་སྙན་ངག་པ་དག་གི་བློ་སྦྱོང་ལ་རག་ཡོད་པས་ཀུན་གྱིས་དེ་གཙོ་བོར་འཛིན་རྒྱུ་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme