Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚན་རྟགས་ཀྱི་དྲོད་མ་ཡལ་གོང་ནས་འགྱུར་བ་གཏོང་རྒྱུ་ཡ་མཚན་རེད།

Posted on 2011-08-13 By ཁ་བརྡ་ 3 Comments on མཚན་རྟགས་ཀྱི་དྲོད་མ་ཡལ་གོང་ནས་འགྱུར་བ་གཏོང་རྒྱུ་ཡ་མཚན་རེད།

མེ་སོར་གསར་འགོད་པས།
ཟླ་འདིའི་ཚེས་ ༡༢ ཉིན་གྱི་ཞོགས་པར་བསྐབས་བཅོ་ལྔ་པའི་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། སྤྱི་འཐུས་མཁན་ཆོས་གྲགས་རྒྱ་མཚོ་རྣམས་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བདེ་སླར་གཞིས་ཆགས་ཀྱི་མང་ཚོགས་ལ་གཟིགས་སྐོར་གཏམ་བཤད་གནང་ཡོད་པ་རེད། དེ་ཡང་ཐོག་མར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གཏམ་བཤད་གནང་རྗེས། སྤྱི་འཐུས་མཁན་ཆོས་གྲགས་རྒྱ་མཚོ་ལགས་ནས་བཅའ་ཁྲིམས་བསྐྱར་བཅོས་དང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་ཀྱི་གཞུང་འབྲེལ་གྲོས་ཆོད། དེ་བཞིན་ས་གནས་འཐུས་ཚོགས་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་རྗེས་མང་ཚོགས་དང་དྲི་བ་དྲིས་ལན་བྱས་ཡོད་པ་རེད།
སྐབས་དེར་ཚོགས་ཞུགས་པ་འཇིགས་བྲལ་བསྟན་འཛིན་གྱིས་“བཅའ་ཁྲིམས་བསྐྱར་བཅོས་ནང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཐ་མར་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཅེས་པ་བོད་ཕྱི་ནང་གཉིས་ལ་ཁྱབ་ཐུབ་ཀྱི་མི་འདུག གངས་ལྗོངས་རང་དབང་མང་གཙོའི་སྒྲིགས་འཛུགས་སམ། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་གང་རུང་ཡག་པོ་འདུག་ཅེས་བཀའ་གནང་ཡོད་པ་རེད་མོད། གྲོས་ཚོགས་ནས་བདག་པོ་བརྒྱབ་མ་སོང་། ད་ལྟ་ཡང་༸གོང་ས་ཆོག་གིས་མཚན་རྟགས་བརྒྱབ་ཟིན་པའི་བོད་མིའི་སྒྲིག་འཛུགས་ཅེས་པ་བསྒྱུར་ནས་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་སྐབས་བཅོ་ལྔ་པའི་ཡོང་རྒྱུའི་ཚོགས་དུས་ཐོག་གཞུང་འབྲེལ་གྲོས་ཆོད་ཁུར་ཡོང་གི་ཡོད་པ་རེད། དེ་དག་གིས་དོན་ངོ་མར་༸གོང་ས་མཆོག་གི་བཀའ་བསྒྲུབ་ཀྱི་ཡོད་པ་རེད་དམ། རྩེད་མོ་རྩེ་ཡི་ཡོད་རེད་”ཅེས་དྲི་བ་དྲིས་པར།
སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས། “༸གོང་ས་སྐྱབས་མགོན་ཆེན་པོས་ཚོགས་ཆེན་རྗེས་ལ་དེ་འདྲའི་བཀའ་གནང་བ་བདེན་པ་རེད། ཚོགས་ཆེན་གྱི་སྐབས་ཚོགས་ཆུང་བཅུར་བགོས་པའི་བསམ་ཚུལ་ཕྱོགས་བསྡོམས་གང་གནང་བ་དེ་ཡོངས་རྫོགས་གྲོས་ཚོགས་ལ་ལམ་སྟོན་གྱི་ཡིག་ཆར་ཕུལ་ཡོད་རེད། ཚོགས་ཆེན་ཐོག་ང་ཚོགས་ཆུང་དང་པོར་ཡོད། གངས་ལྗོངས་མང་གཙོའི་རང་དབང་རྒྱལ་ཁབ་ཟེར་ནས་འཇོག་དགོས་ཀྱི་འདུག་ཅེས་སྐད་ཆ་གཅིག་ལས་གཅིག་རྫིག་དེ་འདྲ་བྱུང་སོང་། ཡིན་ནའང་། ༸གོང་ས་མཆོག་གིས་ག་དུས་ཡིན་ན་གྲོས་ཚོགས་ནང་ལ་གསུང་འཕྲིན་རིན་པོ་ཕེབས་བའི་སྐབས་ལ། རྟོན་བཞི་འཇུག་ལྡོག་མ་ནོར་བའི་ཐག་གཅོད་བྱེད་དགོས་པ་རེད་ཅེས་བཀའ་ཡང་ནས་ཡང་དུ་ཕེབས་ཀྱི་ཡོད་རེད། ང་འདྲ་པོ་ཡིན་ན་རྟོན་བཞི་འཇུག་ལྡོག་ག་རེ་ཡིན་མིན་ཤེས་ཀྱི་མེད། ཁྲིས་ཀྱི་བོད་ཡིག་མཁས་པ་ཚོར་རྟོན་བཞི་འཇུག་ལྡོག་ཟེར་ན་ག་རེ་རེད་ཅེས་ལབ་པ་ཡིན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། །ཚིག་ལ་མི་རྟོན་དོན་ལ་རྟོན། །དེ་འདྲ་མང་པོ་ཞིག་ཡོད་རེད། དེ་དག་བཤད་པའི་སྐབས་ལ་སྙན་པོ་འདྲ་པོ་ཡོད་རེད་དེ། ལག་ལེན་ལ་བསྟར་དུས། མདུན་ལ་གནས་པའི་སྐབས་ལ་ཏག་ཏག་ཅིག་གནས་ཀྱི་ཡོད་མེད་སོ་སོ་ལ་དྲི་བ་གཏོང་རྒྱུ་ཆགས་ཡོད་རེད། དེ་ཡིན་དུས་ཚོགས་ཆུང་གི་སྙན་ཐོ་དེ་རྒྱུན་ལས་ནས་གྲོས་ཚོགས་འཕར་མིིའི་སྐབས་ཀྱི་སྤྱི་འཐུས་རེ་རེའི་གསོལ་ཅོག་སྒང་ལ་ཕུལ་ནས་ཐ་མའི་ཐག་གཅོད་དེ་མང་མོས་སྤྱི་མོས་ཐོག་ནས་ཐག་གཅོད་གནང་གི་ཡོད་རེད། ཐག་གཅོད་གནང་པ་དེས་༸གོང་ས་མཆོག་གི་བཀའ་ལ་རྩིས་མེད་བཏང་བ་དང་། ༸སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་རིན་ཐང་མ་བརྩིས་པ་དེ་འདྲ་རྩ་བ་ནས་རེད་བསམ་གྱི་མེད། དེ་འདྲ་ཡིན་ན། སྔོན་མ་༸སྐྱབས་མགོན་རིན་པོ་ཆེས་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབས་པའི་སྐབས་ལ། ཆོས་ལུགས་རིས་མེད་དང་། མང་པོ་ཞིག་བཀའ་གནང་ཡོད་རེད་དེ། མང་པོ་ཞིག་སྒྲུབ་མ་ཐུབ་པའི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་ཐོག་ལ་སླེབས་པ་དེ་དག་ཡང་༸སྐྱབས་མགོན་རིན་པོ་ཆེའི་བཀའ་མ་བརྩིས་པ་དང་གཅིག་པ་ཆགས་དགོས་ཀྱི་རེད་བསམ་གྱི་ཡོད་རེད། དེ་ཡིན་དུས་༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་དེ་དངོས་འབྲེལ་རེད། བརྙན་པར་ནང་ལ་ང་ཚོས་གཟིགས་རྒྱུ་ཡོད་པ་ཞིག་རེད། རེད་དེ། གྲོས་ཚོགས་ཀྱི་གསོལ་ཅོག་སྒང་ལ་ཚོགས་ཆུང་གི་སྙན་ཐོ་ཕྱོགས་བསྒྲིག་བྱས་པ་དེ་གྲོས་ཚོགས་འཐུས་མི་ཚོར་དགོངས་པའི་དཔྱད་གཞིར་ཕུལ་ཡོད་རེད། ཕུལ་བཞག་པའི་ཐ་མའི་ཐག་གཅོད་གནང་བའི་སྐབས་ལ། གྲོས་ལ་དབང་བའི་སྤྱི་བའི་འཐུས་མི་དེ་དག་གིས་གང་བྱས་པ་དེ་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་ཐ་མའི་ཐག་གཅོད་ཆགས་འགྲོ་ཡི་ཡོད་རེད།”ཅེས་ལན་འདེབས་གནང་སོང་།

ཁོང་གིས་མུ་མཐུད་གསུང་དོན། “ད་ལྟའི་ཆ་ལ་གང་ལྟར་གཏན་ལ་ཕབ། (༸གོང་ས་མཆོག་གིས)མཚན་རྟགས་བཀོད་པའི་རྩ་ཁྲིམས་ནང་ལ་དབུས་བོད་མིའི་སྒྲིག་འཛུགས་ center Tibetan administration ཅེས་པ་དེ་གཏན་ལ་ཕབ་པ་རེད། ཡང་ད་ལྟའི་ཆ་ལ་ཁོ་རང་ཚོས་བཀའ་གནང་རྒྱུ་དེ། གཞུང་འབྲེལ་མ་ཡིན་པའི་འདུ་འཛོམས་དེ་འདྲའི་ནང་ནས་བཀའ་མོལ་བྱུང་ནས་ཅིག་ཅིག་བཟོ་ཡི་ཡིན། ཉིས་ཉིས་བཟོ་ཡི་ཡིན་ཟེར་བ་དེ་འདྲ་འགན་ཡོད་པའི་མི་ཁ་ཤས་ཀྱིས་ཁས་ལེན་དེ་འདྲ་བྱས་འདུག་ཅེས་ང་འདིར་སླེབས་ནས་མ་གཏོགས་ངས་ཤེས་ཀྱི་མེད། སེམས་ཁྲལ་ཞེ་དྲག་རེད་བསམ་གྱི་ཡོད། གནས་ཚུལ་གང་དང་གང་ཡིན་ནའང་། སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་དགོངས་སྐོར་ཞུས་ཏེ་གྲོས་ཚོགས་འཐུས་མིས་ཐག་གཅོད་དགོས་པ་རེད་མ་གཏོགས། ཆང་འཐུང་ས་དང་། འདུ་འཛོམས་བྱུང་ས་དེ་འདྲའི་ནང་ནས་ཅོལ་གྲོས་མོལ་འཕྲོས་བྱུང་ནས་༸སྐྱབས་མགོན་རིན་པོ་ཆེའི་མཚན་རྟགས་འཁོད་པ་དེ། དྲོད་མ་ཡལ་གོང་ནས་ཡང་འགྱུར་བ་གཏོང་རྒྱུ་དེ་འདྲ་བྱས་པ་ཡིན་ན། དངོས་གནས་ཡ་མཚན་ཞེ་དྲག་རེད། ང་འདྲ་པོ་ཡིན་ན་དེ་འདྲ་གནང་མཁན་སུ་ཡིན་པ་ཡིན་ན་ཡང་། དེ་དག་འགན་ཁུར་མཁན་ཞིག་ཡིན་ན་ནི་འགན་མ་ཁུར་པའི་རྣམ་པ་དེ་གསལ་པོ་ཆགས་བསྡད་ཡོད་རེད། གལ་སྲིད་དེ་འདྲའི་འགྱུར་བ་གཏོང་གི་ཡིན་ན་མང་ཚོགས་ཀྱི་ནང་ནས་བསམ་ཚུལ་འདུག་མི་འདུག མང་ཚོགས་ཀྱི་ནང་ནས་ད་ལྟ་ཡོད་བཞག་པ་དེའི་ཐོག་ལ་མ་འགྲིག་པའི་གནས་སྟངས་ཡོད་པ་ཡིན་ན། འགྱུར་བ་གཏོང་ཆོག་གི་རེད། དེ་མང་གཙོའི་འགྲོ་སྟངས་རེད། དེ་མ་ཡིན་པ་ཞིག་ལ་མི་རྐང་ཁ་ཤས་ཤིག་གིས་འགན་ཡོད་མདོག་མདོག དབང་ཆ་ཡོད་མདོག་མདོག་གིས་འཛོམས། དེ་ང་ཚོས་མ་འོངས་པར་གཏོང་རྒྱུ་ཡིན། རྗེས་མ་རྒྱུན་ལས་ནང་འཁྱེར་རྒྱུ་ཡིན། ཅིག་བྱེད་ཀྱི་ཡིན། ཉིས་བྱེད་ཀྱི་ཡིན་ཟེར་བ་ངས་དེ་རིང་གོ་བ་དང་པོ་ཡིན། དེ་འདྲ་པོ་ཡོད་པ་ཡིན་ན། དངོས་གནས་འགན་ཁུར་མཁན་ཚོས་འགན་ག་འདྲ་ཁུར་གྱི་ཡོད་ན་བསམ་པའི་དོགས་པ་རྣམ་རྟོགས་ཡོད་དགོས་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁྲིམས་དང་བཅའ་ཁྲིམས་ཟེར་བ་དེ་ཉི་མ་ཉི་མ་ལ་དུག་ལོག་བརྗེ་བརྗེ་བྱས་ནས་ faction ནང་བཞིན་སྒྱུར་ཀྱིན་སྒྱུར་ཀྱིན་ཁྲ་ཇུ་དགུ་ཇུ་གོན་རྒྱུ་གང་ཡང་མ་རེད། བཅའ་ཁྲིམས་དེ་ཁྲིམས་ཡོངས་རྫོགས་ཀྱི་རྒྱལ་པོ་ཡིན་དུས་ཚུགས་བརྟན་པོ་ཞིག་དང་འགྱུར་བ་ཡང་ཡང་འགྲོ་རྒྱུ་མེད་པའི་བརྟན་པོ་ཞིག་དགོས་དུས། དེ་ལ་མི་རེ་རེ་ཡིས་མཁས་པ་ཡིན། རྣམ་དཔྱོད་ཡིན་མདོག་མདོག་གིས་ཉི་མ་རེ་ལ་འགྲེལ་བཤད་རྒྱག་སྟངས་མ་འདྲ་བའི་ཐོག་ནས་གནང་བསྡད་པ་ཡིན་ན། ཏག་ཏག་སྡོད་ཀྱི་ཡོད་མ་རེད། དེ་ང་རང་སྒེར་ཀྱི་བསམ་ཚུལ་ཡིན།”ཞེས་གསུང་ཡོད་པ་རེད།
གཞན་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་སྤྱི་ཐུས་རྣམས་ཀྱིས་བདེ་སླར་གནད་ཡོད་མི་ཁག་དང་ལྷན་དུ་ས་གནས་ཀྱི་གནས་བབ་རྟོག་ཞིབ་ཆེད་་གསར་འགོད་པ་དང་ཕྱི་མི་མེད་པའི་གསང་བའི་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ངས་བློ་སེང་ལ་དམ་བཅའ་འདི་ལྟར་འབུལ།
Next Post: བུད་མེད་གཞི་གྱུར་མ།

Comments (3) on “མཚན་རྟགས་ཀྱི་དྲོད་མ་ཡལ་གོང་ནས་འགྱུར་བ་གཏོང་རྒྱུ་ཡ་མཚན་རེད།”

  1. ཀརྨ་ཡེ་ཤེས། says:
    2011-08-13 at 8:22 pm

    རེད་རེད་ཡ། རྙོག་དྲ་ཡོངས་བའི་སྐབས་སུ་གཅིག་གིས་གཅིག་ལ་གཡོགས་ནས་སྤྱི་འཐུས་དང་བོད་མི་མང་བར་དུ་མཐུན་འབྲེལ་གྱི་ཚབ་ཏུ་འགལ་ཟླ་གཟོ་བ་འདི་སྤྱི་འཐུས་གཞིས་ཆགས་ལ་གཟིགས་སྐོར་གནང་བའི་ལས་གཞི་ཡིན་ནམ།

  2. བསོད་ནམས། says:
    2011-08-14 at 7:01 am

    གོང་གི་སྤྱི་འཐུས་དེས་ཆང་འཐུང་ས་སོགས་ནས་ཐག་བཅད་པ་རེད་ཟེར་ན་སྒེར་གྱི་འཁོན་སེམས་ཕྱིར་མངོན་པ་གསལ་པོ་རེད་སྙམ། བོད་མིའི་སྒྲིག་འཛུགས་ཞེས་པ་དེ་བོད་མིའི་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་རྒྱུའི་སྐད་ཆ་དེ་ཉེ་ཆར་ཨ་རི་ལ་ཚོགས་གཙོ་ནས་མི་མང་དྲི་བར་ལན་འདེབས་སྐབས་སུ་ཡོངས་གྲགས་གསུངས་པ་ཞིག་རེད།

  3. ཨ་ར་དཀར་པོ says:
    2011-08-14 at 7:14 am

    བསོད་ནམས་ཟེར་བ་འདི་ངོ་མ་སྨྱོས་ཡོད་པ་འདྲ། ཚིག་དུམ་གཅིག་ཐེངས་མ་གསུམ་ལ་བཀོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme