Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་བློ་སེང་ལ་དམ་བཅའ་འདི་ལྟར་འབུལ།

Posted on 2011-08-13 By ཁ་བརྡ་ 17 Comments on ངས་བློ་སེང་ལ་དམ་བཅའ་འདི་ལྟར་འབུལ།

སྐྱོ་བྲག་དགའ་དབང།
འབྱུང་འགྱུར་བོད་མི་རིགས་དང་རྒྱལ་ཁབ་ཟེར་བ་ཞིག་ས་གོང་རྡོག་རྡོག་འདིའི་ཐོག་གནས་ཐུབ་མིན་གྱི་འགག་རྩ་ནི། བོད་མི་རིགས་འདི་མཐུན་འབྲེལ་གོང་བུ་གཅིག་གྱུར་ཡོད་མེད་ལ་རག་ལུས་ཤིང་། དུས་འགྱུར་བྱུང་བ་ནས་བཟུང་གཅིག་གྱུར་བྱེད་པའི་སྟོབས་ནུས་གཞན་མེད་ནའང་། གོང་ས་སྐྱབས་མགོན་ཆེན་པོའི་མཛད་ཕྲིན་ཁོ་ནས་བསྐྱངས་ཡོད། ད་ནི་བོད་པ་མི་རེ་ངོ་རེའི་མགོ་ཐོག་ཏུ་བབས་ཡོད་ཕྱིར། བདག་ནས་བོད་ཀྱི་སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་ལ་དམ་བཅའ་འདི་ལྟར་འབུལ་སྙིང་འདོད། བོད་སྤྱི་པའི་སྐྱིད་སྡུག་མཉམ་མྱོང་ལས། ལུང་ཚན་གྱི་ཚོགས་སྐྱིད་ལྟ་བུ་ཡན་གར་བ་ཞིག་གི་ཁུངས་སུ་ནམ་ཡང་འཛུལ་གྱི་མིན། འོ་རེད། ཆོས་རྒྱུད་དང་གྲྭ་ཚང་གི་ཁུངས་སུ་མ་བསྡད་ན་གདའ། ཁོ་བོ་གནས་བབས་གཞན་ཞིག་ཏུ་ཟག་འགྲོ་ཕྱིར། དེ་ལ་དགོངས་པ་མ་ཞུས་རང་ཞུས་རེད། གཞན་བློ་བཟང་སེང་གེ་སྙན་གྲགས་ཡོད་པའི་མཁས་དབང་ཡིན་ནའང་། སྐྱོན་དང་ནོར་འཁྲུལ་རྩ་བ་ནས་ཡོང་མི་སྲིད་པ་ཞིག་མ་རེད་ལ། བདག་ལའང་བསམ་མནོ་གཏོང་བྱེད་ཀྱི་མ་ལག་ཆ་ཚང་ཡོད་ཕྱིར། ཁོང་གི་ཕྱག་ལས་ལ་བསམ་འཆར་ཏན་ཏན་འདོན་གྱི་ཡིན། ཡིན་ནའང་ཐ་མའི་བབས་དོན། སྤྱི་ཚོགས་ཀྱི་ནང་སྡོད་མཁན་དེ། རབ་ན་མགོ་ཁྲིད་ཤེས་པ་དང་། མིན་ན་རྗེས་སུ་འགྲོ་ཤེས་དགོས་ཕྱིར། བདག་ཀྱང་བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱི་རྗེས་སུ་ཤར་རེ་ཡོང་གི་ཡིན། ང་ཁ་ལག་མང་བ་ཙམ་ལས་བོད་མི་སྤྱི་བྱིངས་ཀྱང་འདི་བཞིན་ཡིན་ངེས་ཕྱིར། སྐུ་ཉིད་ཆིག་སྒྲིལ་གྱི་ཐད་ལ་ཐུགས་བློ་བདེ་བོ་མཛོད། ཅེས་ཞུ་འདོད་བྱུང་། སྤྱིར་བཏང་འདི་དག་སེམས་ལ་བཞག་ན་ཆོག་མོད། བློ་སེང་གིས་གོང་ས་མཆོག་སོགས་སྐྱ་སེར་འདུས་པ་རྒྱ་མཚོའི་དབུས་སུ་དམ་འབུལ་མང་ཐག་ཆོད་བྱས། ང་ཚོ་འཇམ་ཅག་གེར་བསྡད་བཞག་ན་ལན་པོ་རང་མི་འདུག་པས་བྲིས་པ་ཡིན།

སྣ་ཚོགས།

Post navigation

Previous Post: ངོ་དེབ་དང་ངོ་གདོང་། ད་དུང་འགྱུར་བཞིན་པའི་སྣང་ཚུལ་གཞན་དག
Next Post: མཚན་རྟགས་ཀྱི་དྲོད་མ་ཡལ་གོང་ནས་འགྱུར་བ་གཏོང་རྒྱུ་ཡ་མཚན་རེད།

Comments (17) on “ངས་བློ་སེང་ལ་དམ་བཅའ་འདི་ལྟར་འབུལ།”

  1. ཐུབ་བསྟན says:
    2011-08-13 at 5:47 pm

    སྐྱོ་བྲག་དགའ་དབང་ལགས་ཁྱོད་རང་བསམ་བློ་ཀམ་ཚང་ནང་བཞིན་བོད་པའི་སྤྱི་ཚོགས་དུམ་བུ་བཟོ་བསམ་གི་ཡོད་ས་རེད་ཐུགས་རྗེ་གཟིགས་དེ་འདྲ་མ་གནང་རོགས།།

  2. ཐུབ་བསྟན says:
    2011-08-13 at 6:14 pm

    ཕོ་རྒོད་པོ་ཡིན་ན་འབམ་རོམ་བཀའ་བརྒྱུད་ཡར་རྒྱས་གཅིག་བཏང་རོགས་གནང་དང་།

  3. ཀརྨ་ཡེ་ཤེས། says:
    2011-08-13 at 8:40 pm

    ཧ་ཧ་ཧ། ད་རེས་ཡང་ཐུབ་བསྟན་ནས་ཅོག་བྲག་པའི་བྲང་ཁ་ལ་ཐེངས་གཅིག་གཞུས་སོང་ད། དངོས་གནས་ཅོ་བྲག་ལ་ཁ་ནས་བཤད་པ་ནང་བཞིན་བུ་འཇོན་པོ་ཡོད་ན་རང་གི་ལག་ཏུ་ཡོད་པའི་མི་གཙང་བའི་དཀའ་ངལ་དང་རྙོག་དྲ་དེ་རྣམས་གཙང་མ་བྱས་ཤིང་དཀྲུས། གཞིས་ནས་ཁ་ཕྱིར་འཁོར་ནས་མི་ལ་ཇུས་གཏོགས་བྱས་ནས་ལག་པ་འཆང་ན་ལན་པོ་མཐོང་གིན། གཞན། ཁ་ལྟས་མི་གཙང་བྱས་པའི་མཆུ། གཙང་སར་འཕྱི་བའི་དཔེ་ཟླར་འོས། ཞེས་པ་ལས་མ་འདས་མ་འདས་སོ། ལར་ནི་དྲན་ཚད་གྲལ་མདོར་བསྟབས་ནས་བསམ་ཚུལ་ལས། སྒེར་གྱི་འཁོན་ནད་སོགས་གང་མེད་པས་སེམས་ཁམས་མི་འཁྲུགས་པར་ཞུ།

  4. Gonpo says:
    2011-08-13 at 10:10 pm

    བཀའ་རྒྱུད་ཚོགས་ཆེན་སྐབས་ལ་ཡོད་བའི་སྐྱོ་གྲགས་དགའ་དབང་དེ་ཡིན་ན་མི་དེ་ཆོས་ལུགས་འཐེན་འཁྱེར་དང་ངོ་ཚ་མི་ཤེས་མཁན་ཞིག་འདུག ང་རྒྱལ་ཆེ་ལ་མི་དེས་ངོ་ལྟ་སྤྱོད་གི་ངོ་གདོང་དམར་རྗེན་ལྟ་དུས་སྒྲུབ་རྒྱུད་ཀརྨ་པའི་བསྟན་པ་ལ་དམ་སེལ་དང་དོན་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ལ་ནང་འཁྲུག་ཡོང་ངེས་པ་དང་བོད་ཆིག་སྒྲིལ་ལ་དུམ་བུ་བཟོ་མཁན་ཞིག་ཏུ་ངོ་འཛིན་ཐོབ་སོང་།

  5. ཐུབ་བསྟན says:
    2011-08-13 at 10:52 pm

    སྐྱོ་བྲག་སྐབས་རེ་མཁན་པོ་ཡིན་ཟེར་སྐབས་རེ་ལྕགས་མོ་མཚོ་གསང་འབྲེལ་ཡོད་མདོག་བྱེད་གི་ཡོད་རེད་ཕལ་ཆེར་ཡིན་འགྲོ།

  6. ཐུབ་བསྟན says:
    2011-08-13 at 10:53 pm

    སྐྱོ་བྲག་སྐབས་རེ་མཁན་པོ་ཡིན་ཟེར་སྐབས་རེ་ལྕགས་མོ་མཚོ་གསང་འབྲེལ་ཡོད་མདོག་བྱེད་གི་ཡོད་རེད་ཕལ་ཆེར་སྨྱོན་པ་ཡིན འགྲོ།།

  7. ལྷག་པ་ཡེ་ཤེས says:
    2011-08-13 at 11:31 pm

    ཨ་རོ་མགོན་པོ་དང་ཐུབ་བསྟན་དང་ཀརྨ་ཡེ་ཤེས་ཚོ། ༧སྐྱོ་བྲག་མཁན་པོ་དགའ་དབང་རིན་པོ་ཆེ་ནི་བཙལ་བྱོལ་བོད་གཞུང་གི་ཏྰ་ལའི་བླ་མའི་སྐུ་ཚབ་བྱེད་ཆོག་པ་དང་༧རྒྱལ་དབང་༧ཀརྨ་པ་༧ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཡོངས་འཛིན་རེད། ཕྲག་དོག་གིས་དེ་འདྲ་ཁྱེད་ཚོས་ལབ་ན་ཁ་ནས་ཁྲག་སྐྱུག་ནས་ཤི་ཡོང་གདའ།

  8. འབྲོང་བུ་སོག་ཚ། says:
    2011-08-13 at 11:44 pm

    དྲྭ་གྲོགས་ཁྱེད་ཚོ། སྐྱོ་བྲག་དགའ་དབང་དང་ལྷན་དུ་འཁྲུག་རྩོད་རིགས་ཡོད་ན་སྒེར་བརྩོད་བྱེད་དགོས་པ་ལས། རྒྱལ་བ་ཀརྨ་པ་དང་བཀའ་བརྒྱུད་པའི་སྐོར་སོགས་བཤད་དགོས་དོན་ཆུང་། གང་ལགས་ཤེ་ན། ཁོ་ནི་བཀའ་བརྒྱུད་ཡོངས་ཀྱི་འཐུས་མི་མིན་པས་སོ།

  9. སྐྱུ་རྩི་ནས། says:
    2011-08-14 at 2:12 am

    སྐྱོ་གྲགས་ངག་དབང་ལགས་བཅོམ་ལྡན་འདས་ལ་ཀ་ཁ་བསླབ་པའི་དཔེ་ལྟར་སོང་ཡང་དགོངས་འགལ་མེད་པ་ཞུ།
    གལ་སྲིད་ཁྱེད་རང་བཀའ་རྒྱུད་ཀྱི་མཁན་པོ་ཞིག་དང་། ལྷག་པར་རྒྱལ་དབང་ཀརྨ་པ་མཆོག་གི་ཡོངས་འཛིན་ནམ་མགྲིན་ཚབ་པ་ཞིག་ཡིན་ན། བློ་གཟུ་བོར་གནས་པའི་རྟོགས་བརྗོད་ཀྱིས། །ལམ་དྲང་པོར་བཞུགས་པ་ཅིས་ཀྱང་ལེགས་ཞེས་པའི་དཔེ་ལྟར་སྲིད་དོན་ཀྱི་རྩོད་པའི་ནང་མ་བཞུགས་པར་རང་གི་ལས་འགན་དེ་རང་ཐོག་འབུངས་ན་ལེགས་པ་ཡོང་ངེས། དེ་ནི་རྒྱལ་དབང་ཀརྨ་པ་མཆོག་གི་མཛད་འཕྲིན་དང་འབྲེལ་བ་ཡོད། རྒྱལ་དབང་ཀརྨ་པ་མཆོག་༧སྐྱབས་བཅོལ་དུ་ཕེབས་པ་དེ་བོད་མི་རིགས་ཀྱི་བདེ་དོན་ཆེད་རིན་ཐང་ཆེན་པོ་ཞིག་ཡོད་པ་བཞིན་ཁྱེད་ཚོ་ཞབས་གྲས་རྣམས་ནས་ཀྱང་དབུ་འོག་དཔུང་འདེགས་ཀྱི་ཞབས་ཕྱི་ཞུ་དགོས་དེ་ནི་ཁ་ཚ་དགོས་ཐུག་གི་ལས་འགན་ཞིག་ཡིན། ངའི་ཕ་རྒན་དེས། བློན་ཆེན་འདན་མའི་གསང་གསུམ་ཀརྨ་པ། །བཅུ་དྲུག་རིག་པའི་རྡོ་རྗེར་གསོལ་བ་འདེབས། །ཞེས་པ་རྒྱུན་དུ་འདོན་བཞིན་པར་སེམས་ཀྱིས་མ་བཟོད་ནས་ཞུས་པ་ཡིན།

  10. ཨ་ར་དཀར་པོ says:
    2011-08-14 at 7:27 am

    མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་ལྟར་མཁན་པོ་ཁོང་ལ་ནོར་འཁྲུལ་གལ་སྲིད་བྱུང་ཡོད་ཀྱང་ལྷག་བསམ་རྣམ་དག་གིས་བཅོས་བསྒྱུར་གྱིས་ཁ་ཁོག་མེད་པའི་དམ་བཅའ་མཛད་པ་ཡིན་ན་ཁོ་བོས་རྗེས་སུ་ཡི་རང་ཡོད། ཁ་བཤད་དོན་ལ་གནས་པར་སྨོན།

  11. lobsang says:
    2011-08-14 at 11:49 am

    བློ་སེང་མཆོག་བཀའ་ཁྲིའམ་སྲིད་སྐྱོང་དུ་ཕེབས་པ་དེས་འགྱུར་བ་ཆུང་ཙག་རིགས་ཡོང་སྲིད་པ་རེད་མོད།
    ཆེ་ཕྱོགས་ནས་རྒྱ་ནག་ནང་འགྱུར་ལྡོག་ཅིག་མ་བྱུང་གི་བར་དུ་ང་ཚོས་སྲིད་སྐྱོང་བརྒྱ་ཚར་ཙམ་བརྗེས་རུང་།
    བོད་དོན་ཐོག་བློ་གྲོས་དང་འགྱུར་འགྲོས་གསར་པ་གང་ཡང་ཡོང་མི་སྲིད།རྣམ་དཔྱོད་ཀྱི་ཆ་ནས་༧གོང་ས་མཆོག་དང་ཟམ་གདོང་ལྟ་བུ་བོད་མིའི་དབུ་ཁྲིད་ཅིག་འབྱུང་འགྱུར་ལོ་ངོ་བརྒྱ་ཕྲག་ནང་འབྱུང་ཕལ་ཆེར་ཁག་པོ་རེད་སྙམ།འོན་ཀྱང་།ང་ཚོས་འཐབ་རྩོད་འདི་དབང་དང་སྟོབས་ཆེ་ཆུང་གིས་ཐག་གཅོད་དགོས་པ་ཅིག་རེད།དེ་འདྲ་སོང་ཙང་།མི་འབོར་དང་དཔལ་འབྱོར།ཤེས་ཡོན་དང་དམག་དཔུང་སོགས་ཕྱོགས་གང་ཐད་ནས་བོད་མིས་རྒྱ་ནག་དང་ཁ་གཏད་གཅལ་ཐུབ་དུས་ཤིག་ཡོང་སྲིད།གནས་སྟངས་དེ་འདྲ་ཡོང་རྒྱུ་མིན་ན།ང་ཚོས་རྒྱ་ནག་ནང་འགྱུར་ལྡོག་ལ་སྒུག་རྒྱུ་རེད།

  12. འབྲོང་བུ་སོག་ཚ། says:
    2011-08-14 at 3:47 pm

    དྲྭ་གྲོགས་སྐྱུར་རྩི་ལགས་ཀྱིས་དགོངས་འཆར་ལ་རྗེས་སུ་ཡི་རང་ཡོད།

  13. ཀརྨ་ཡེ་ཤེས། says:
    2011-08-14 at 10:12 pm

    ཁྱེད་རང་ཚོའི་ངོ་མ་བྱས་པ་མེད་པའི་ཅོ་བྲག་དགའ་དབང་ལགས་ལ་བྱ་འུག་པ་ཉིན་ལ་བུད་པ་ནང་བཞིན་བཀའ་སྐྱོན་དེ་འདྲའི་མང་པོ་ཞིག་གང་ཡིན་ནམ།
    ཁོང་ནི་ཁ་ལག་ལ་བྱ་བྱེད་མང་ཙམ་ལས་མ་གཏོགསངི་གཞི་ཡག་པོ་ཡོད་གཟོ་སྣང་།
    ལར་ནི་རྒྱལ་དབང་ཀརྨ་པའི་ཡོངས་འཛིན་ཞིག་གི་མིང་ཁུར་ནས་བཤད་རྒྱུ་ལབ་གླེང་མང་དྲག་ན་ཁྱེད་རང་གྲྭ་རྐྱང་ཞིག་ལ་སང་ཉིན་འཛོ་ལ་རྒྱབ་ཏུ་ཁུར་ནས་འགྲོ་ཆོག་ཆོག་ཡིན་ཚོད་འདུག་ཏེ་རྒྱལ་དབང་ཀརྨ་པའི་བླ་བྲང་བསྟན་དང་བསྟེན་པར་བཅས་པ་བསམ་བློ་ཞིག་གཏང་ན་མི་ལེགས་སམ། བོད་ཀྱི་གཏམ་དཔེར། ཚིག་ལ་མཚོན་ཆ་མེད་ཀྱང་བློ་སྙིང་དུམ་དུར་གཏུབས། རླུང་ལ་གཤོག་མེད་ཀྱང་ནམ་མཁའ་འུར་སྒྲས་བཀང་ཟེར་བ་ལྟར་དུ་རེད།

  14. འབྲོང་བུ་སོག་ཚ། says:
    2011-08-14 at 10:49 pm

    ངན་པ་ལང་ཤོར་དང་། ཤོག་སྒྲིལ་ལམ་འཇུག་ཟེར་བའི་དཔེ་ལྟར་ཁོང་ལ་ག་ཚོད་བཤད་ཀྱང་དོན་དུ་ཁོང་རང་ཉིད་ཀྱི་ངོ་བོ་ལ་འགྱུར་བ་གཏོང་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ད་དུང་མང་ཙམ་འབྲི་རྒྱུ་ཡིན་པ་གདོན་མི་ཟའོ།

  15. ཐུབ་བསྟན says:
    2011-08-15 at 12:13 am

    བཀའ་ཀྱོན་མ་རེད་སྔོན་གནས་རེད།

  16. ཀིརྟི་སྐྱབས། says:
    2011-08-15 at 4:28 am

    ཧེཧེ། འདི་ལའང་རྩོམ་ཡིག་ཟེར་ལེ་ཨེ་རེད།

  17. ཐུབ་བསྟན says:
    2011-08-15 at 5:12 am

    ཧེ་ཧེ་ཡང་རྩོམ་ཡིག་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme