Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།

Posted on 2011-08-122011-08-13 By དབང་ཕྱུག་ 7 Comments on རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།

ཏྲེ་ཧོར་ཐུབ་བསྟན།

ལེའུ་དང་པོ།

༡.རང་བཙན་དང་དབུ་མ་ཞེས་པའི་ཐ་སྙད་འདི་གཉིས་ནི་དེང་གི་སྐབས་འདིར་བོད་དོན་དང་ འབྲེལ་བའི་ཆབ་སྲིད་ཀྱི་ཁོར་ཡུག་གང་ཡོད་སར་རྒྱུགས་ཆེ་བའི་ཐ་སྙད་གསོན་པོ་ གཉིས་ཏེ།
བོད་དོན་ལ་ཅུང་ཟད་རྒྱུས་མངའ་ཡོད་པ་མཐའ་དག་གི་རྒྱུད་ལ་ཐ་སྙད་འདི་གཉིས་ལ་གོ་བ་རགས་པ་ཙམ་ཡོད་པ་མ་ཟད།
རང་བཙན་ཅུང་ཟད་གུ་དོག་པའམ་ལྟ་བ་དང་ལངས་ཕྱོགས་འཁྲེགས་པའི་གྲས་དང་དབུ་མ་དེ་ ལས་ལྡོག་ཏེ་གུ་ཡངས་པར་འདོད་པའི་བསམ་ཚུལ་ནི་ཡོངས་གྲགས་ལྟར་ཡིན།
དེས་ན་ང་ཚོས་མེ་ཆུ་ལྟར་འགལ་བ་ལྟག་སྤྲོད་དུ་གནས་པའི་ལངས་ཕྱོགས་འདི་གཉིས་ཀྱི་རྒྱབ་ལྗོངས་ལ་ཅུང་ཟད་དཔྱད་ན།
རང་ བཙན་པ་དག་གིས་ནི་བོད་དེ་མ་འོངས་པར་རྒྱ་ནག་གི་འཛིན་སྐྱོང་ལས་རྦད་དེ་ཐ་དད་ པའི་རང་བཙན་གཙང་མའི་ལྟ་བ་དེ་འདས་པའི་ལོ་རྒྱུས་གཞིར་བཞག་གི་སྟེང་ནས་སྒྲུབ་ ཅིང་དེ་ལྟར་དུ་བརྩོན་ལེན་བྱ་རྒྱུ་ཡིན་པར་འདོད།
ཕྱིས་སུ་སྐྱེས་པའི་བོད་རིགས་གཞོན་པ་རྣམས་ཀྱི་ནང་དུ་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཀྱང་མི་ཉུང་བ་ཡོད་དེ།
རང་དབང་ཚོགས་པ་ཆེ་གྲས་གཞོན་ནུ་སྒྲིག་འཛུགས་ནི་རང་བཙན་པའི་ཚབ་མཚོན་ལྟ་བུ་ཆགས་ཡོད།
རྒྱ་གཞུང་ནས་ཀྱང་ཚོགས་པ་འདིར་ལྟ་སྟངས་ཤིན་ཏུ་མི་བཟང་ཅིང་འཇིགས་སྐུལ་རང་ལུགས་པ་ཡིན་པར་ཡང་བསྒྲགས་བཞིན་ཡོད།
འོན་ ཀྱང་། དེ་ནི་རྒྱུ་མཚན་དང་གནས་ལུགས་ལ་མི་བརྩིས་པའི་རང་ཉིད་ཀྱི་ངོ་གདོང་བསྟན་པ་ཙམ་ ལས་གཞོན་ནུ་འཇིགས་སྐུལ་པ་ཡིན་པའི་སྒྲུབ་བྱེད་གཏན་ནས་མེད།
ཐབས་ཞི་བ་འཚེ་མེད་ཀྱི་ལམ་ནས་རང་བཙན་ལེན་པར་སྨྲ་བ་ནི་དབུ་མ་པ་དང་ཆ་འདྲ་སྟེ་སྤྱོད་པ་འཚེ་བ་མེད་པའི་ལམ་ཡིན་པར་བཤད།
ལྟ་ བ་ལོ་རྒྱུས་ལ་གཞིར་བཅོལ་ཞིང་ལོ་རྒྱུས་དང་རང་བཙན་གཉིས་ངོ་བོ་དབྱེ་མེད་ངང་ཆབ་ སྲིད་ཀྱི་ལག་ཆར་བགོས་ཏེ་དེའི་ལམ་དུ་བསྐྱོད་པ་ཡིན་པར་འདོད་པ་ནི་རང་བཙན་སྨྲ་ བ་དག་གི་སྤྱིའི་རྒྱབ་ལྗོངས་ཙམ་རེད།

བོད་དོན་དང་ཁ་འབྲལ་ཐབས་མེད་པར་ད་བར་བོད་དོན་ཚབ་མཚོན་པའམ་རྒྱལ་སྤྱིའི་ནང་ ཆེས་གཙོ་རྒྱུགས་ཀྱི་གོ་གནས་བཟུང་མཁན་དེ་ནི་གོང་ས་ཏྭ་ལའི་བླ་མ་མཆོག་གིས་ བཏོན་གནང་དེ་བཙན་བྱོལ་བོད་རིགས་མང་དག་གིས་རྒྱབ་སྐྱོར་ཐོབ་པ་དང་།
བཙན་བྱོལ་བོད་མའི་གཞུང་ངམ་སྒྲིག་འཛུགས་ཀྱིས་ལག་ཏུ་བསྟར་བཞིན་པའི་ལམ་དབུ་མ་རེད།
ལམ་དབུ་མའང་གློ་བུར་དུ་བྱུང་བ་མ་ཡིན་པར་དཀྱོག་དཀྱོག་གི་འགག་སྒོ་མང་པོ་ཞིག་བརྒྱུད་དེ་ད་གཟོད་ད་ལྟའི་སྒྲོམ་གཞི་འདི་བྱུང་།
རང་བཙན་ནི་འདིའི་ཆད་མཐའ་གཅིག་ཏེ་ངེས་པར་དུ་བརྩོན་ལེན་མི་བྱ་བའི་འདོར་བྱ་གཉིས་ནང་གི་གཅིག་རེད།
གཉིས་སྨན་ཞེས་ཕྱོགས་གཉིས་ཀར་ཁེ་ཕན་ལྡན་པར་སྨྲ་བའི་རྒྱ་ནག་ཕྱོགས་ཀྱི་ཁེ་ཕན་གཅིག་པོའང་དེ་ཉིད་རེད།
ཕྱོགས་གཞན་ཞིག་ནི་རྒྱ་གཞུང་གིས་ད་ལྟའི་བོད་ཀྱི་སྟངས་འཛིན་ལམ་ལུགས་ཏེ་ཁ་བཀྲམས་ཕྱོགས་གྱེས་ཀྱི་གནད་དོན་སོགས་ཡིན་ཞིང་།
གནད་དོན་ཆེན་པོ་འདི་གཉིས་ཀྱི་དབུས་སུ་ཕྱོགས་གཉིས་ཀར་ཁེ་ཕན་ལྡན་པའི་ཞི་འགྲིག་ཉེན་འགོག་གི་ཆབ་སྲིད་ཀྱི་ཐབས་ལམ་དེ་ཡིན་ཀྱང་།
ཞིབ་དུ་བཀྲལ་ན་འདི་ལ་བྱུང་རིམ་དང་ཡན་ལག
རྒྱབ་ལྗོངས་དང་གནས་ལུགས་སོགས་མང་ཡང་དོན་དམ་པའི་གནད་ཀྱི་སྙིང་པོ་དེ་དེ་ཉིད་ཡིན་པས་ཞོར་དུ་སྤྱིར
བཤད་ཙམ་དང་།

དེ་ ནས་གཙོ་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་གཉིས་ཀྱི་མ་འོངས་པའི་ཐག་ གཅོད་ཀྱི་ནུས་པ་དང་ད་ལྟའི་དངོས་ཡོད་རང་བཞིན་གྱི་གནས་བབ་སོགས་རྒྱུ་རྐྱེན་ གཉིས་དང་།
ཆབ་སྲིད་ཀྱི་ཁོར་ཡུག་ཏེ་རྒྱལ་སྤྱི་དང་རྒྱ་ནང་གི་ཤུགས་རྐྱེན་གྱི་འགྱུར་ལྡོག་ཏེ་ཕྱི་ནང་གཉིས།
དེ་བཞིན་དུས་ལ་སྔ་ཕྱི་གཉིས་ལས་སྔ་བ་ནི་ཁ་ཚ་དགོས་གཏུགས་ཀྱི་མིག་སྔའི་གནད་ དོན་སྟེ་བོད་ཀྱི་ཁོར་ཡུག་དང་རིག་གནས་སོགས་ཀྱི་གནད་དོན་དང་།ཕྱི་བའང་དེ་བཞིན་ ཛ་དྲག་གཉེན་འཕྲང་སྐབས་ཀྱི་ཕྱི་བ་ནི་ཕྱིར་འོངས་མེད་པའི་ཕྱི་བ་སྟེ་ལས་ཀྱི་ མཐའ་དང་།
དུ་དུང་མཇུག་འབྲས་ཡོད་མིན་གཉིས་ལས་ལམ་གང་ལ་སྲིད་པའི་ཕྱོགས་ཀྱི་ ཆ་མང་བ་སོགས་ནི་རེ་རེ་ནས་ཞིབ་ཏུ་བསམ་དགོས་རྒྱུ་ནི་གནད་ཀྱི་དམ་པ་སྟེ་རྩོམ་ ཡིག་འདིའི་སྙིང་དོན་ཀྱང་ཡིན།
རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་ཡོངས་སུ་དབང་བསྒྱུར་ཏེ་དུས་རབས་ཕྱེད་ལྷག་ འགོར་གྱི་ཡོད་ཅིང་བོད་པ་རྣམས་བཙན་བྱོལ་འཁྱམ་པའང་དེ་དང་དུས་མཉམ་ཡིན།
བོད་ཀྱི་གནད་དོན་ཅེས་བྱུང་བའང་དུས་ཚོད་དེའི་རིང་ཡིན་ཏེ་རྒྱ་གཞུང་གིས་གསར་ བརྗེ་ལ་ཁ་གཡར་ཏེ་བོད་ཀྱི་བདག་དབང་འཕྲོག་པ་དང་བཅོས་བསྒྱུར་ལ་ཁག་བཀྲིས་ཏེ་ བོད་ཀྱི་སྣོད་བཅུད་གཉིས་ཀར་ཚད་མེད་ཀྱི་གནོད་སྐྱོན་ཐེབས་པ་དང་ལྷན་དུ།
གོང་ས་ཏྭ་ལའི་བླ་མ་གཙོས་པའི་ཡུལ་གྱར་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་སྤྱིའི་ཐོག་བོད་དོན་མངོན་གསལ་ཅན་དང་རྒྱལ་སྤྱི་ཅན།
དེ་བཞིན་རྒྱ་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ངོ་རྒོལ་མཐའ་གཅིག་ཏུ་འབད་བརྩོན་ བྱས་པའི་ཉེར་ལེན་གྱིས་ད་གཟོད་རྒྱལ་སྤྱིའི་སྟོབས་ཤུགས་དང་ནུས་པ་ལྡན་པའི་བོད་ ཀྱི་གནད་དོན་འདི་བྱུང་།
འོན་ཀྱང་བོད་ཀྱི་རང་བཙན་གྱི་གནས་བབ་ནི་སྔར་བཞིན་ཁེར་རྐྱང་ཡིན་པ་ལས་འདི་ལ་མངོན་གསལ་གྱི་རྒྱབ་སྐྱོར་ཐོབ་མྱོང་མེད།
རྒྱུ་མཚན་ཀྱང་བོད་ལ་རང་བཙན་གྱི་ལོ་རྒྱུས་མེད་པ་མ་ཡིན་པར་རྒྱ་ནག་ནུས་པ་ལྡན་ པའི་སྟོབས་ཆེན་གྱི་ཕྱོགས་སུ་མཚར་ལོངས་བྱུང་བཞིན་པ་ཡིན་པས་བསྟུན་དགོས་ཆགས་ པས་ཡིན།
རྒྱལ་སྤྱིའི་སྤྱི་ཚོགས་དང་མ་བསྟུན་པར་བོད་ལ་རང་ངོས་ནས་རང་བཙན་རྩོད་ལེན་བྱས་པའི་ནུས་པ་ནི་ནམ་མཁའི་པདྨོ་དང་རྣམ་པ་ཀུན་ནས་མཚུངས།
གལ་སྲིད་རྒྱལ་སྤྱིའི་ཕྱོགས་ནས་བོད་རང་བཙན་ལ་ངོས་ལེན་བྱ་སྲིད་པའི་དབང་དུ་ བཏང་ནའང་དེ་དུས་ཚོད་ཧ་ཅང་རིང་པོ་ཞིག་གི་རྗེས་སུ་ཡིན་སྲིད་པ་ལས་ད་ལྟའིདངོས་ སྤྱི་འགྲོས་ལ་བལྟས་ནས་ཚོད་དཔག་བྱེད་ན་དཀའ་ཚོད་རེད།
ད་ལྟ་འགྲོ་བ་མིའི་རིགས་ཀྱི་རིག་པའི་ཉིང་བཅུད་དུ་འབོད་པའི་བོད་ཀྱི་རིག་གནས་ དང་འཛམ་གླིང་ས་ཡི་ཡང་རྩེར་བགྲང་བའི་བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་ཆག་འགྲོ་ བཞིན་པའི་སྒང་ཡིན་ཅིང་འདི་ལྟར་དུས་ཚོད་ཅི་ཙམ་གྱིས་སྒུག་མིན་ཀྱང་མི་ཤེས།
མི་རིགས་ཀྱི་སྲོག་རྩར་སྨྲ་བ་བོད་ཀྱི་སྐད་དང་དེའི་མཚོན་པའི་ཐ་སྙད་རིག་གནས་ ནི་བོད་ནང་ཙམ་མ་ཟད་བོད་ཀྱི་ཆོས་རིག་སྲུང་སྐྱོབ་བྱེད་པར་སྨྲ་བའི་བཙན་བྱོལ་ བོད་པའི་སྤྱི་ཚོགས་ཁྲོད་དུའང་ཉམས་ཆག་ཇི་ལྟར་འགྲོ་བཞིན་ཡོད་མིན་ས་རིས་ཐང་ གསལ་ཡིན་ཞིང་།
དབུ་མ་ལམ་ནི་ཕྱི་ནང་གཉིས་ལས་ཕྱིའི་སྟོབས་ཤུགས་དང་བསྟུན་ཅིང་སྔ་ཕྱི་གཉིས་ལས་ ཕྱི་བའི་ཉེན་ཁ་ལ་ཡོལ་བའི་རྣམ་དཔྱོད་ལྡན་པའི་མཐའ་གཉིས་སྤང་པའི་ཞི་གྲོས་ཀྱི་ ཐབས་ལམ་ཏེ།
དུས་ཀྱི་ཆ་ནས་སྔ་མ་ལས་ལྡབ་འགྱུར་གྱིས་མྱུར་བར་སྲིད་པ་ལྟོས་བཅས་རིགས་པའི་ལུགས་སུ་གསལ་བ་ཡིན།
དེས་ན་རང་བཙན་ནི་དེ་ལྟར་མིན་ནམ་ཞེ་ན།
རང་ བཙན་ནི་དབུ་མའི་ཆད་མཐའ་གཅིག་ཏེ་འདི་ལ་གོང་གི་རྒྱུ་རྐྱེན་དེ་རྣམས་ཀྱིས་སྤང་ བྱའི་ཆོས་སུ་བྱས་ལ་སླར་གསོ་བ་ལས་གཡུག་པར་རུང་བའི་ཐབས་སུ་བྱས་ནས་གཏན་ལ་ཕབ་པ་ ཡིན་ཞིང་།
གལ་སྲིད་དེ་ལྟར་རང་བཙན་ལ་མུ་མཐུད་དུ་ཨུ་ཚུགས་ཀྱིས་ཤ་འཇུ་པགས་འཐམས་བྱས་ན་རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས་ཡིན།
དུས་ཚོད་ནི་རང་བཙན་ལས་ཀྱང་གལ་ཆེ་བའི་མིག་སྔའི་མིག་མཐོང་ལག་ཟིན་གྱི་གནད་དོན་ ཡིན་པས་ནང་གི་སྟོབས་ཤུགས་དང་ངོ་བོ་རྨེག་རྨད་དུ་སོང་ན་དེ་ནི་རང་ཤི་རྒྱག་པ་ དང་གཉིས་སུ་མ་མཆིས།
དེ་ཡང་ཅུང་ཁ་གསལ་ཙམ་བཏང་ན།
དེང་སང་བོད་ནང་ས་ཁུལ་གང་སར་ལོ་རེར་བཞིན་རྒྱུ་ལུགས་ཅན་དུ་འགྱུར་བཞིན་པ་ནི་དེའི་ཕྱོགས་སྟོན་ཙམ་རེད།
ཐུན་མོང་མ་ཡིན་པའི་བོད་ཀྱི་ཁྱད་ཆོས་དང་རང་ཚུགས་ཡོངས་སུ་ཤོར་ཏེ་རྒྱ་རྣམས་དང་ ངོ་བོ་གཅིག་ཏུ་འདྲེས་མཚམས་བོད་དོན་འདི་རྩོད་དགོས་པའི་རྒྱུ་མཚན་ཡོད་དམ།
དེ་དུས་ཕྱི་ཕྱོགས་སུ་སྐད་འབོད་བྱེད་མཁན་གྱི་བོད་མི་ཡོད་མིན་གྱི་ཁྱད་པར་ཅིའང་མེད།
རང་བཙན་ཡིན་པར་སྒྲུབ་ཤེས་མིན་གྱི་གནད་་དོན་ཙམ་ཡིན་པར་དངོས་ཡོད་ཀྱི་གནད་དོན་ དང་འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་བསམ་བཞིགས་ནན་ཏན་བྱེད་ན།
རང་བཙན་གྱིས་ང་ཚོ་ལམ་གང་ཞིག་ཏུ་ཁྲིད་མིན་ཡང་ཤེས་དཀའ།
ད་ ལྟའི་ཆར་བོད་རང་བཙན་ལ་རྒྱ་གཞུང་གིས་ཁྲིམས་མཐུན་གྱིས་རྒོལ་བར་རུང་བའི་གནད་ དོན་ཞིག་ཆགས་ཡོད་པས་རང་བཙན་བརྩད་ན་རྒྱ་གྲོགས་སུ་མི་འགྱུར་བའི་ངེས་པའང་མེད།

༼མུ་འགོད།༽

རྩོམ་རིག, སྣ་ཚོགས།

Post navigation

Previous Post: "བོན་སྒོ"དུས་དེབ་བཀླགས་པའི་འཆར་སྣང་ཐོར་བུ།
Next Post: མ་ཡུམ་ས་རཱ་མཐོ་སློབ་ལ་བསྐུར་བའི་སྐད།

Comments (7) on “རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།”

  1. Kalsang says:
    2011-08-14 at 5:34 am

    ཨ་ཕོ་ཐུབ་བསྟན་་རང་བཙན་བཤད་ན་རྒྱ་གྲོགས་སུ་མི་འགྱུར་བའི་ངེས་པ་མེད་པར་གསུངས་པ་ནི་་་་་་ངོ་མ་ཁྱེད་རང་རྒྱ་གྲོགས་ཞིག་ཡིན་མིན་ཐེ་ཚོམ་ཟ་བའི་གནས་ཞིག་རེད་འདུག་

  2. གསེར་འབྲུག་སྡེར་ལྔ་ says:
    2011-08-14 at 9:38 am

    སྤྲེའུ་འདིས་མི་སྐད་བརྒྱབ་ནས་ཅི་ཞིག་བརྗོད་ཀྱིན་ཡོད་པ་མི་ཤེས།

  3. སྟག་ར་ says:
    2011-08-14 at 10:55 am

    ང་ཚོར་དགོས་པ་ནི་དངོས་ཤུགས་བརྒྱུད་གསུམ་གང་གི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་དེ་བྱེད་དགོས་པ་དེ་ཡིན་པ་ལས། རང་བརྩན་རྩོད་ལེན་གནང་མཁན་གྱི་གཞོན་ནུ་ཚོགས་པ་དང། ཁ་རྩ་དགོས་གཏུགས་ཀྱི་སྡུག་བསྔལ་ལས་སྐྱོབ་ཆེད་རྒྱ་ནག་གི་མངའ་འོག་ཏུ་འཚོ་བར་འདོད་པའི་གཉིས་སྨན་དབུ་མའི་ལམ་གྱི་བོད་བགྲེས་པའི་ཚོགས་པ་གཉིས་ཀྱི་བར་དགྲ་གཉེན་གྱི་ལྟ་བ་བཟུང་དགོས་ཚུལ་གྱི་སློབ་གསོ་སྤྲོད་པའི་དུས་ཤིག་གཏན་ནས་མིན། རྒྱ་ནག་ནས་སྤྱི་བཤད་ལ་ལྟ་ས་ཆེར་མེད། རྒྱ་ནག་པས་གཞོན་ནུ་ལ་འཇིགས་སྐུལ་རིང་ལུགས་པ་ཞེས་ཀྱང་བཤད་ཡོད། རྒྱ་ནག་པས་གཉིས་སྨན་དབུ་མའི་ལམ་གྱི་ཆ་ཤས་སུ་གྱུར་པའི་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ལ། མངོན་པ་མི་གསལ་བའི་རང་བཙན་དང། ཕྱེད་རང་བཙན། གཞན་ཡང་ཏ་ལའི་བླ་མའི་སྐུ་ཚབ་ཡིན་པ་ལས་བོད་མིའི་སྐུ་ཚབ་མཚོན་མི་ཐུབ་པ་ཡང་བཤད་ཡོད། རྒྱ་ནག་དམར་པོའི་གཞུང་གིས་ཕྱོགས་གཉིས་ཀར་བལྟ་ཚུལ་འདྲ་འདྲ་ཡིན་པ་ལས་དམིགས་བསལ་ཁྱད་པར་གང་ཡང་མེད། རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་དང་མ་ཐོབ་ལ་ཁ་གཡར་བ་ཡིན་ན། ཁ་སྙན་སྙན་ཤོད་ནས་བོད་རིགས་ཚོ་གནས་སྐབས་དགའ་བཅུག་མཁན་མང་དུ་ཡོད་ཀྱང། དོན་དངོས་དེ་དག་གིས་རྒྱབ་སྐྱོར་གནང་ནས་གྲུབ་འབྲས་འདི་ཡིན་ཟེར་བ་ཐོན་བཞག་པ་ཞེ་དྲག་མངོན་རྒྱུ་མེད། དྲང་པོར་ཞུ་ན་དམངས་གཙོ་དང་དམངས་གཙོ་ཟེར་ཁ་བྱས་རེད་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྡིང་ཆའི་སྒང་བསླབས་ཚར་དུས་དམངས་གཙོ་མཚན་ཉིད་ལྡན་པ་ཡོད་པ་གཏན་ནས་མ་མཐོང། སྟོབས་ཆེན་རྒྱལ་ཁབ་ཚོས་མཉམ་དུ་ཚོགས་བཞུགས་གནང་སྐབས་མང་མོས་དང་སྤྱི་མོས་ཟེར་ནས་ཐག་གཅོད་ལམ་ནས་འགྲོ་རྒྱུ་ཟེར་བ་དེ་ཡང་ཡོད་ཚོད་མི་འདུག སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལྟ་བུ་གཅིག་གིས་ངོས་ལེན་མ་བྱེད་པ་ཡིན་ན་ཚར་ཚར་བ་རེད་མ་གཏོགས་གཞན་གང་ཡང་བྱ་རྒྱུ་མེད། སྟོབས་ཆེན་རྒྱལ་ཁབ་གཞན་རྣམས་ཁ་ཕྱོགས་གཅིག་བསྒྲིལ་བྱེད་མ་བྱེད་ཕན་ཐོག་གང་ཡང་མེད། དེ་དུས་དམངས་གཙོ་ཡོད་པ་ངས་མ་མཐོང། ཁོང་ཚོ་ལ་vitopowerཞེས་པ་ཞིག་བེད་སྤྱོད་བྱ་རྒྱུ་ཡོད་པ་ཞིག་ཐོས། གང་ལྟར་ཁོ་བོ་ནི་རྒྱ་ནག་ཕར་ཞོག་མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་ཡིད་ཆེས་མེད་དོ། ད་ང་རང་ཚོས་ནུས་པ་སྟོན་ནས་རྩོད་ལེན་བྱེད་དགོས་པ་ཞིག་གི་དུས་ལ་བབས་ཚར་འདུག རང་བཙན་རྩོད་ལེན་གནང་མཁན་ཚོས་རང་བཙན་རྩོད། དེའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐུབ་པ་ཞིག་བྱུང་ན་ང་རང་ཚོའི་ཁེ་སང་རེད། དབུ་མ་རྩོད་མཁན་ཚོས་དབུ་མ་རྩོད། དེའི་ལམ་ནས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་ཁ་རྩ་དགོས་གཏུགས་ཀྱི་དཀའ་ངལ་སེལ་ཐུབ་པ་ཞིག་དང། རང་གི་ཆོས་དང་རིགས་གཞུང་རྩ་ལག་ཏུ་མ་ཕྱིན་པ་ཞིག་བྱུང་ན་དེ་ཡང་ང་ཚོ་ལ་དགོས་རྒྱུ་དེ་རང་རེད། རང་ངོས་ནས་ཞུས་ན་ཕྱོགས་གཉིས་ཀར་རྒྱབ་སྐྱོར་ཡོད། ད་ལྟའི་ཆར་ང་རང་ཚོ་བོད་རིགས་གཅིག་བསྒྲིལ་དགོས་རྒྱུ་དེ་གལ་ཆེ་ཤོས་ཤིག་ཏུ་མཐོང། དེ་སྔ་སློབ་སྦྱོང་མེད་པ་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་མ་ཤེས་པའི་སྐྱོན་གྱིས། མེས་རྒྱལ་ཀྲུང་འགོ་ཡིན་ན་འདྲ། བཙན་རྒྱལ་ཕྱི་གླིང་པ་ཡིན་ན་འདྲ། གུ་ཤྲི་སོག་པོ་ཡིན་ན་འདྲ། སློབ་དཔོན་རྒྱ་གར་ཡིན་ན་འདྲ། མདོར་ན་ཁྱིམ་ཚེས་རྒྱལ་ཁབ་དེ་ཚོས་ཤ་འཐེན་ལྤགས་འཐེན་བྱས་ནས་བོད་ས་ཧྲིལ་པོར་ཤོར་བ་མ་ཟད། བོད་རིགས་རྣམས་མགོ་སྐོར་གྱི་འོག་ཏུ་ཚུད་དེ་ཁོ་ཚོས་བེད་སྤྱོད་ཀྱི་ལག་ཆ་ཞིག་ཏུ་གྱུར། ད་ཆ་ཡང་རྒྱལ་ཁབ་གཞན་ཚོས་ལག་པ་ཕྱི་ས་དང་བེད་སྤྱོད་བྱ་རྒྱུའི་ལག་ཆ་ཞིག་གྱུར་བ་ཙམ་ལས་སྙིང་ཐག་པ་ནས་ཤ་ཞེན་བཅངས་ནས་རོགས་སྐྱོར་གནང་མཁན་ནི་འཕར་འགྲོའི་སྤུ་ཡི་དཔེ་ཟླར་གྱུར་པ་ཁོ་ནའོ། ཤ་ཚ་བོད་པ་ཚོ་ཤ་ཚ། མི་ཡིས་བེད་སྤྱོད་བྱེད་བཞིན་པ་མ་ཚོར་བའི་ཁར་རང་རིགས་གི་ནང་དུ་ཡང་བསྐྱར་གཅིག་རྩོད་ཁ་བྱས།

  4. ཚ་སྒང་ཕོ་ཉ་ says:
    2011-08-15 at 3:41 am

    མཆན་གང་མང་འགོད་ཀྱང་ཁ་བརྡ་ཡིས་མི་བཀོད་དོན་གང་ཡིན་ནམ།

  5. ཚ་སྒང་ཕོ་ཉ་ says:
    2011-08-15 at 3:52 am

    མཆན་གང་མང་འགོད་ཀྱང་གཅིག་ཀྱང་བཀོད་ཀྱི་མི་འདུག་གང་མིན་ནམ། ཁ་བརྡ་གསར་འགོད་པ་ལགས།

  6. ཚ་སྒང་ཕོ་ཉ་ says:
    2011-08-15 at 4:55 am

    ཐོག་མར་དྲ་གྲོགས་ཡོངས་ལ་མཚམས་འདྲི་དང་བཅས་སྟེ་ཞུ་རྒྱུར།
    ཏྲེ་ཧོར་ཐུབ་བསྟན་ལགས་ཀྱིས་གསུངས་པ་ཁག་ནང་གནས་ལུགས་དང་རྒྱུ་མཚན་གཏན་ནས་མེད་པའི་འོ་ཚོད་གང་མང་ཞིག་དང་ཡང་གཞན་ཞིག་ནས་བཤད་ན་གཞན་རྟེན་རིང་ལུགས་ཀྱི་འདུ་ཤེས་ཧ་ཅང་ཆེ་བའི་རྩོམ་ཡིག་དེ་མཐོང་སྐབས་མ་བདེ་བ་ཆེན་པོ་ཞིག་བྱུང་བའི་རང་ངོས་ནས་ཀྱང་བསམ་ཚུལ་ཅུང་ཟད་བཤད་འདོད་བྱུང་། ཁོང་གིས་གོང་དུ་དབུ་མ་ནི་བོད་མི་རིགས་ཀྱི་འདོད་དོན་སྐོང་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཅིག་ཡིན་པའི་སྒྲུབ་བྱེད་རུ་མདོར་སྡུས་ན་འདི་ལྟར། རྒྱལ་སྤྱིའི་ངོས་ལེན་ཡོད་པ། རང་བཙན་ལས་མྱུར་བའི་བོད་དོན་ཐག་བཅད་ཐུབ་པ། བོད་མི་རིགས་ཀྱི་མངོན་འདོད་སྐོང་ཐུབ་པ། དུས་གཏུན་གྱི་ཐབས་ལམ་ཞིག་ཡིན་པར་སོགས་གསུངས་འདུག་ཀྱང། དོན་དངོས་སུ་དབུ་མ་ཟེར་བ་ནི་དེ་འདྲ་ཞིག་ཡིན་ནམ་ཟེར་ན།
    དབུ་མ་དབུ་མ་ཞེས་ག་ཚོད་སྨྲོས་ཀྱང་གང་ལྟར་རང་སྲིད་རང་སྐྱོང་ཀྱི་བསམ་འཆར་དེ་ལས་ལོག་སུ་ཞིག་ད་ལྟའི་དུས་འདི་སྟོན་རྒྱུ་ཞིག་མེད་པ་མ་ཚད་དབུ་མ་ལ་ཚད་གཅིག་འཇལ་དགོས་ན་ངེས་པར་དུ་ཡིག་ཆ་དེ་དང་རྒྱ་ནག་གི་རྩ་ཁྲིམས་གཉིས་ལ་བལྟ་ཞིབ་མཐར་ཕྱིན་བྱེད་དགོས་ངེས་རེད། རྒྱལ་སྤྱིའི་ངོས་ནས་བོད་དོན་ལ་བལྟ་ཚུལ་དབུ་མ་ལ་བཟང་བ་དང་རང་བཙན་ལ་མི་བཟང་སོགས་བཤད་ནས་དབུ་མ་མཆོག་གཅིག་ཡིན་པ་གཏན་ནས་སྒྲུབ་མི་ཐུབ་སྟེ། ཆ་རྐྱེན་གང་ཡང་མེད་པར་རྒྱ་ཁོང་སྡད་རྒྱུ་ཡིན་ཞེས་རྒྱལ་སྤྱིའི་ཐོག་ཤོད་དང་རྒྱལ་སྤྱིས་སྔགས་བརྗོད་བྱེད་ངེས་ཀྱང་དེ་ཙམ་གྱིས་ཐབས་ལམ་དེ་མཆོག་དུ་གྱུར་དགོས་དོན་གང་ཡང་མེད། ཐབས་ལམ་དེ་མཆོག་གཅིག་ཡིན་མིན་ནི་བོད་མིའི་མངོན་འདོད་སྐོང་ཐུབ་མིན་དང་ཐབས་ལམ་དེ་བོད་མི་མང་ཤོས་ཀྱི་མངོན་འདོད་ཡིན་མིན་ཀྱིས་ཐག་གཅོད་བྱེད་དགོས་པ་ལས། གཞན་ཞིག་གིས་དགའ་བའི་རྣམ་འགྱུར་སྟོན་མིན་དང་གཞུང་གི་ལང་ཕྱོགས་ཡིན་མིན་སོགས་ཀྱིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མ་རེད་འདོད། རྒྱལ་ཁབ་གཞན་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མེད་ནི་བོད་དོན་བདེན་མཐར་གསལ་མིན་གྱི་འགག་སྒོ་དེ་མ་རེད་ལ་དབུ་མའི་ལམ་ལ་རྒྱལ་ཁབ་གཞན་གྱིས་དགའ་མོས་ཡོད་མེད་སོགས་ཀྱིས་ཆ་ནས་བོད་དོན་ཐག་བཅད་རུང་བ་ཞིག་ཀྱང་ག་ལ་ཡིན། དཔེ་མཚོན་ཙམ་ཞུས་ན་མི་གཉིས་བར་སྒོར་མོ་བརྒྱ་ཡི་རྩོད་རྙོག་བྱུང་སྐབས་མི་གཅིག་གིས་ང་ལ་མི་དགོས་ཁྱོད་བྱོས་གསུངས་ན་མི་གཞན་ཚང་མས་མི་དེ་ཡག་པོ་འདུག་གསུངས་ངེས་ཀྱང་དོན་དངོས་ཐོག་ནས་བཤད་ན་མི་དེས་རང་ལ་དགོས་པ་དག་ཤོར་ཟིན་པ་རེད། དེས་ན་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ཟེར་བ་འདི་མི་རིགས་གཞན་གྱི་ཁ་དབྱང་གཅིག་པུ་ལ་བལྟ་ནས་ཐག་བཅད་བྱས་ན་འཇུག་འབྲས་ནི་མི་རིགས་དེ་དང་དེ་ལ་དགོས་པའི་མངོན་འདོད་དེ་མི་རགས་པ་ཐེ་ཚོམ་མེད་པར་ཞིག་རེད། དུས་ཚོད་རྐྱེན་གྱིས་དེ་ཙམ་ལས་འབྲི་ཁོམ་མ་བྱུང་ནོར་འཁྲུལ་ཡང་གང་མང་ཡོད་ངེས་པའི་དགོངས་དག་ཞུ།

  7. གངས་ལྷ་མེ་ཏོག says:
    2011-08-16 at 3:52 am

    ཕྱོགས་གཅིག་ནས་བསམ་ན་ཁྱོད་ཀྱི་ལྟ་ཚུལ་དེ་ཅུང་ཐལ་དྲག་པ་རེད་དེ་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་བདེན་པའང་རེད། གང་ལྟར་ཁྱོད་ཀྱི་འདོད་དོན་འགྲུབ་འགྱུར་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme