Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏ་ཞིག

Posted on 2009-03-13 By དགེ་རབ་ 12 Comments on ཏ་ཞིག

གཅན་ བཟོད་པ།

སྤྱིར་ ཐ་སྙད་འདི་ལའང་བྲུ་ཤ་ནང་བཞིན་འབྲི་ཚུལ་མང་ཡང༌། བདག་གིས་ཏ་ཞིག་ཅེས་ཏུན་ཧུང་ངམ་ཡོང་གྲགས་ཏུན་ཧོང་ནས་ཐོན་པའི་བོད་ཀྱིདཀྱི་ལོ་ རྒྱུས་ཡིགརིགས་ལས་ཏ་ཞིག་ཅེས་འབྱུང་བས་འདིར་ཡང་དེ་ལྟར་དུ་བཀོད་པ་ཡིན། ཏ་ཞིག་ཅེས་པ་ནི་གནའ་སྔ་མོའི་དུས་ཀྱི་ཨི་རན་གྱི་ཚོ་ཁག་ཅིག་གི་མིང་ཡིན་ལ། དུས་རབས་བདུན་པའི་སྐབས་སུ་ཨི་སི་ལན་ཆོས་ལུགས་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལ་དར་རྗེས། ཨེ་ཤ་ཡ་དང་ཨ་ཧྥི་རི་ཀ ཡོ་རོབ་གསུམ་ཡུག་གཅིག་ཏུ་འབྲེལ་བའི་ཨ་རབ་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་བཙུགས་ཤིང་ལོ་རྒྱུས་སྟེང་ཡོངས་གྲགས་ཏ་ཟིག་བཙན་པོའི་རྒྱལ་ཁབ་ཅེས་གྲགས་པའི་ཡུལ་དེ་ཡིན་ལ། ར་ཞིག་དང་ཏ་ཞིག ཏ་ཟིག ཏཱ་ཟིག ཏཱ་སིག པར་ཟིག པར་སིལ།(པར་སིལ་ཞེས་པ་འདི་ནི་ཏ་ཞིག་གམ་སྟག་གཟིག་ཞེས་པ་དེ་ཨེ་ཡིན་ནམ་སྙམ་སྟེ། གོང་གི་ཡིག་ཆ་དེར་ཏ་ཞིག་དང་པར་སིལ་ཞེས་མི་འདྲ་བར་འབྱུང་བས་བརྟག་དགོས།) སྟག་གཟིག པར་པར་སིག་སིག སོག་པོ་པར་སིག་སོགས་གཅིག་ཏུ་མ་ངེས་ཀྱང་དོན་ནི་སྟག་གཟིག་སྟེ་དེང་གི་Iran ཟེར་བ་དེ་ཡིན་ལ། མིང་འདི་ནི་སྟག་གཟིག་གམ་ཏ་ཟིག་རང་གི་སྐད་Ta-zig ཡང་ན་azi, Taziks, Tajiཞེས་པ་སྒྲ་བསྒྱུར་བྱས་པས་བོད་སྐད་དུ་སྒྲ་འདྲ་མིན་བྱུང་བར་ངེས།
དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མ་ཡིག་P.T.1283 ཡིག་ཕྲེང་༨༣ པའི་ངོ་བཤུས་བཀོད་པ་སྨྱགནའ་རབས་བོད་ཀྱི་ཡིག་ཆ་གཅེས་བསྡུས།ཡ ཞེས་པར། ‘‘དུ་རྒྱུས་དང་ཏ་ཞིག་དང་འཐབོ། །’’ཞེས་དང་། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བཞེངས་པའི(འཕྱོངས་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་།)ལས། ‘‘དབུ་རྨོག་བཙན་པོས་ཡར་ནི་ར་ཞིག་གི་ས་མཚམས་མན་ཆད།’’(བོད་དམག་ཏ་ཟིག་གམ་ཨ་རབ་ཡུལ་དུ་སླེབས་པའི་སྐོར་ལ་(བོད་ཀྱི་སྲིད་དོན་རྒྱལ་རབས་)སྟོད་ཆ་ཤོག་ངོས་༡༩༡ པར། ‘‘ལོ་ཤས་ཀྱི་རྗེས་སུ་ཨ་རབ་ཀྱི་ཀ་ལིབ་(ཀ་ལིབ། ཨ་རབ་སྐད་ཀྱི་རྐྱArab Caliaphs)སྒྲ་བསྒྱུར་ཡིན་ཅིང་། གོ་དོན་ནི་བརྒྱུད་འཛིན་པ་དང་སྐུ་ཚབ་ཅེས་པའི་དོན་ཡིན། ཀྲུང་གོ་དབྱི་སི་ལན་ཆོས་ཁང་གི་སློབ་མ་ཚོ་ལ་ཡང་ཀ་ལིབ་ཅེས་འབོད་སྲོལ་ཡོད།) ཧ་ཧོན། ཨལ་ར་ཤིག་ནས་བོད་ཀྱི་སྟོབས་ཤུགས་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད་པ་རྟོགས་ཏེ། བོད་དམག་འགོག་ཐབས་སུ་རྒྱ་ནག་དང་མཉམ་དུ་དྲག་པོའི་མཐུན་ཕྱོགས་ཤིག་བཟོས་འདུག’’ ཞེས་George N. Roerich ཡིས་བརྩམས་པའིTrails to inmost Asiaཤོག་ངོས་༡༠༠ པ་ནས་ལུང་འདྲེན་བྱས་འདུག་པ་དང་། ར་ཞིག་ཞེས་པ་སྟག་གཟིག་དང་ཨ་རབ་ལ་གོ་བའང་ཡིག་ཆ་དེ་རང་དུ་‘‘བོད་ཀྱི་ནུབ་རྒྱུད་ས་མཚམས་ཡར་ནི་ར་ཞིག་ཅེས་པ་གོང་གསལ་ཨ་ལིབ་ཧ་ཧོན། ཨལ་ར་ཞིག་གི་ས་མཚམས་དང་’’ཞེས་འཕྱོངས་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་ཡི་གེ་ལ་གསལ་འགྲེལ་ལྟ་བུ་བྱས་འདུག་པ་འདིས་ནི། ཨ་རབ་དང་སྟག་གཟིག་སྟེ་ར་ཞིག་གམ་ཏ་ཟིག་གཅིག་ཏུ་བསྟན་ཡོད་པ་ཡིན་ནོ། །)སོགས་མང་པོ་འབྱུང་བ་མ་ཟད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སྟག་གཟིག་དང་རྒྱུན་རིང་འཐབ་པའི་ལོ་རྒྱུས་(བོད་དམག་ཨ་རབ་ཡུལ་དུ་སླེབས་པའི་སྐོར་)ནི་སྨྱབོད་ཀྱི་སྲིད་དོན་རྒྱལ་རབས་ཡསྟོད་ཆ་ཤོག་ངོས་༡༩༡ པ་ལས། ‘‘བོད་པའི་དྲག་ཤུགས་ཁག་ཅིག་ནུབ་ཕྱོགས་སྤ་མིར་ངོས་ལ་ཕྱིན་ནས། ཨ་རབ་ཡུལ་གྱི་ཨོག་སོ་གཙང་པོ་ཡང་ཕར་བརྒལ་ཞིང་། བོད་དམག་འབྱོར་བའི་རྟགས་སུ་ཨོག་སོ་གཙང་པོའི་བྱང་ངོས་ཨ་རབ་པའི་སྐད་དུ་ཨལ་ཏུ་སྦག་(བོད་ཀྱི་མཚོ་ཆུང)ཅེས་མིང་ཐོགས་པའི་མཚོ་ཞིག་ཡོད།’’ ཞེས་Hitti, Philip K., History of the Arabs,p.208-209་ལས་ལུང་འདྲེན་བྱས་འདུག་པ་དང་། སློབ་དཔོན་དམ་པ་གར་ཤ་པ་དངོས་གྲུབ་ཀྱིས་ཀྱང་། ‘‘དེང་སང་ཨེ་རན་(Iran)ནང་དུ་ཨ་ལི་པ་ཏོ་སྟེ་བོད་པའི་མཚོ་ཆུང་ཆུང་ཟེར་བ་ཞིག་ཡོད།’’ ཅེས་གསུངས་པ་གོང་དང་སྒྲ་ཅུང་མི་འདྲ་བ་ལས་དོན་གཅིག་ཡིན།)བོད་རྒྱ་ཡིག་རིགས་མང་པོར་གསལ་བས། ཐ་སྙད་འདི་ཡང་སྐབས་དེ་དུས་སམ་བོད་རྒྱལ་སྲོང་བཙན་སྐབས་ནས་བོད་ཀྱི་ཡིག་ཐོག་ཏུ་ཡང་ཡོད་པར་སྙམ་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་འགར་སྟོང་བཙན་རྒྱའི་གོང་མ་ཐང་ཐའི་ཙུང་གི་སྲས་མོ་སློང་བར་འགྲོ་སྐབས་རྒྱའི་ཕོ་བྲང་གི་རི་མོ་བ་ཡན་ལི་པིན་གྱིས་(ཕྱི་ལོ་༦༤༠ལོར་)བྲིས་པའི་བློན་ཆེན་འགར་གྱི་གཟུགས་རིས་(ད་ལྟ་པེ་ཅིན་གོང་མའི་ཕོ་བྲང་དུ་ཉར་ཚགས་བྱས་ཡོད་སྐད།)ལས་ ‘‘ལྭ་བའི་སྟེང་མཛེས་སྡུག་གི་ས་ཧྲན་(Sassanian)གྱི་རི་མོ་དང་བྱེའུ་དང་སྲོག་ཆགས་གཞན་དག་གིས་ཀྱང་རྒྱན་ཡོད་པའི་ཁྱད་ཆོས་མངོན་གསལ་ཅན་དེས་བོད་མིའི་རྒྱན་གོས་ལ་ཏ་ཟིག་པའི་ཆ་བྱད་ཀྱི་ཆ་མཚུངས་ཁྱད་ཆོས་ལྡན་ཡོད་’’༡ པ་ཤེས་ཐུབ་པས་སྲོང་བཙན་སྐབས་ནས་ཏ་ཟིག་སྟེ་(Taziks)དེང་གི་ཨི་རན་(Iran)དང་བོད་བར་འབྲེལ་བ་དམ་ཟམ་ཡོད་པ་རྟོགས་ཐུབ་བོ། །
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཀྱང་‘‘རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བོད་དང་འབྲེལ་བ་ཡོད་པའི་སྟག་གཟིག་དེ་ནི་གོས་དཀར་སྟག་གཟིག་ཡིན་པ་དང་’’༢ ཞེས་གསུངས། ‘‘སྟག་གཟིག་གི་རིགས་རྒྱུད་ནང་ཀུའུ་ལིད་དུ་གྲགས་པའི་རིགས་ཤིག་ཡོད་པ་དེའི་རྒྱལ་པོ་རིམ་བྱུང་ལ་གོས་དཀར་སྟག་གཟིག་ཏུ་གྲགས། རྗེས་སུ་གོས་ནག་སྟག་གཟིག་ཅེས་པར་བསྒྱུར།’’༣ ཞེས་པ་གཉིས་ལས་གོས་དཀར་ནག་གཉིས་ཀྱི་བྱུང་བ་ཅུང་མི་འདྲ་ཡང་། གོས་དཀར་སྟག་གཟིག་ཟེར་བ་དེ་སྲོང་བཙན་སྐབས་ནས་ཡོད་པ་དང་གོས་ནག་སྟག་གཟིག་ཟེར་བ་དེ་དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་སྟག་གཟིག་ཤར་ནུབ་ཏུ་གྱུར་རྗེས་བྱུང་བར་ཡིག་ཆ་རྣམས་ཞལ་མཐུན་པ་དང་། བོད་རྒྱལ་ཁྲི་སྲོང་དང་དམག་འཐབ་རྒྱུན་རིང་བྱས་པའང་གོས་ནག་སྟག་གཟིག་འདི་ཡིན་སྙམ་མོ། །
ཡང་ཡིག་ཆ་ལ་ལར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་སྟག་གཟིག་ལ། ཏ་ཟིག་ནོར་གྱི་རྒྱལ་པོ་ཟེར་སྲོལ་ཡོད་པ། སྐབས་དེར་‘‘བྱང་གེ་སར་དམག་གི་རྒྱལ་པོ་ཧ་ར་བྱ་བས། འཛམ་བུ་གླིང་ཐམས་ཅད་བོད་ཀྱི་རྒྱལ་པོས་མངའ་འོག་ཏུ་བསྡུས་ནས་གེ་སར་གྱི་ཡུལ་འཇོམས་སུ་འོང་བ་འདུག་ཅེས་ཐོས་ནས།’’ ཞེས་པ་ནས་‘‘ཤར་དུ་རྒྱ་ནག་རྩིས་ཀྱི་རྒྱལ་པོ། ལྷོར་རྒྱ་གར་ཆོས་ཀྱི་རྒྱལ་པོ། ནུབ་ཏུ་ཏ་ཟིག་ནོར་གྱི་རྒྱལ་པོ། བྱང་དུ་གེ་སར་དམག་གི་རྒྱལ་པོ་དང་བཞི་འཛམ་བུའི་གླིང་ན་དབང་ཆེ་བ་ལ།’’༤ ཞེས་ཟེར་བ་བཞིན་གླིང་སྒྲུང་ནང་གི་སྨྱསྟག་གཟིག་ནོར་རྫོང་ཡཡང་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་སྟག་གཟིག་ལ་དམག་འཐབ་ཡུན་རིང་བྱས་པའི་ལོ་རྒྱུས་སྒྲུང་དུ་བྲིས་པ་ཞིག་ཡིན་པར་གསུང་མཁན་༥ ཡང་ཡོད་པས་དཔྱད་པར་འཚལ།
གོང་དུ་དབྱིན་ཡིག་གི་Ta-zig དང་Tazi,Taziksལྟ་བུའི་སྒྲ་གདངས་དང་དེའི་ཡི་གེ་མཐོང་དུས་ཨུ་རུ་སུའི་མངའ་འོག་ནས་(༡༩༩༢ལོར་)རང་བཙན་ནམ་རང་སྐྱོང་ཐོབ་པའི་དེང་གི་བོད་ཀྱི་ནུབ་བྱང་སྟོད་ཀྱི་མཐའ་མཚམས་སུ་གནས་བའི་རྒྱལ་ཁབ་ Tajikistan or Tadzhikistan ཞེས་པ་རང་ཤུགས་ཀྱིས་དྲན་པ་དང་དོགས་པ་ཞིག་ཀྱང་རང་ཤུགས་ཀྱིས་སླེབས་འོངས། རྒྱལ་ཁབ་འདི་ལའང་མིང་འབྲི་སྟངས་འདྲ་མིན་སྣང་བ་དཔེར་ན། Tajikistan, Tadzhikistan, Tazhik, Tajiks, Tadschikistan, ta jik hi ཞེས་མངས་ལ། ཁོང་ཚོའི་སྐད་ཀྱང་ཨི་རན་པ་དང་ཧ་ཅང་འདྲ་བོ་ཡོད་པ་རེད། word book, T. Volume 19་པར། ‘‘500’s B.C.These Persians became the ancestors of the Tajiks.’’ (The world Book Encyclopedia,1995 U.S.A.) P.43 ཞེས་སྐབས་དེར་ཕར་ཞི་ཡ་ནི་ཏ་རྗེཀ་སི་ཐན་གྱི་མེས་པོར་གྱུར་ཚུལ་སོགས་དབྱིན་ཡིག་གི་ཡིག་ཆ་གང་མང་དུ་གསལ་བས། སྟག་གཟིག་གི་སྐད་དོད་ཏ་ཟིག་(Taziks)དང་ར་ཤི་ཡ་ལས་རང་བཙན་ཐོབ་པའི་ཏ་རྗེཀ་སི་ཐན་(Tajikistan)གཉིས་ལའང་དཔྱད་ཞིབ་ཅིག་གནང་དགོས་ཡོད་དམ་བདག་སྙམ་མོ། །

དཔྱདགཞིའི་ཡིག་ཆ་ཁག
༡། བོད་ལྗོངས་ཞིབ་འཇུག ཤོག་ངོས་༣༡ པར་གསལ། ༡༩༨༢ ལོའི་འདོན་ཐེངས་གསུམ་པ།
༢། དུང་དཀར་ཚིག་མཛོད་ སྟོད་ཆའི་ཤོག་ངོས་༩༥༣ པར་གསལ།
༣། བོད་ལྗོངས་ཞིབ་འཇུག ཤོག་ངོས་༩༣ པར་གསལ། ༡༩༨༢ ལོའི་འདོན་ཐེངས་གསུམ་པ།་
༤། བོད་ཀྱི་སྲིད་དོན་རྒྱལ་རབས། སྟོད་ཆ། གྲངས་༡༩༣ པར་གསལ།
༥། བོད་ལྗོངས་ཞིབ་འཇུག ༡༩༨༢ ལོའི་འདོན་ཐེངས་གསུམ་པར།་གེ་སར་སྒྲུང་གི་ལོ་རྒྱུས་ནང་དོན་གྱི་གནད་དོན་འགའ་ཞིག་ལ་ཞིབ་ཏུ་ དཔྱད་པ། ཞེས་པའི་དཔྱད་རྩོམ་དུ་གསལ།

དཔྱད་རྩོམ།

Post navigation

Previous Post: སློབ་མ་ ༡༠༠ ལྷག་དམག་མིས་འཁྲིད་སོང་ཟེར།
Next Post: རྒྱ་ནག་གི་སྒྲ་བཤད་གསར་པ།

Comments (12) on “ཏ་ཞིག”

  1. ཚེར་མ། says:
    2009-03-14 at 12:46 am

    ཁ་སེང་དཔྱད་རྩོམ་ཞིག་ལས་པར་སིག་ནི་ཀཤི་སྨིར་ལ་གོ་དགོས་སྐོར་རྒྱ་ནག་གི་ཡིག་ཆར་གཏུགས་ཏེ་བྲིས་འདུག་ལ། སྔ་མོ་བོད་དང་འབྲེལ་བ་བྱུང་བའི་ཏ་ཞིག་གམ་སྟག་གཟིག་ནི་གོང་དུ་འཁོད་པ་བཞིན་སྟག་གཟིག་བཙན་པོའི་རྒྱལ་ཁབ་བཙུགས་སྐབས། བོད་དང་ས་འབྲེལ་ཡིན་པ་ཨོ་རྒྱན་( Afghanistan ) གྱི་ལོ་རྒྱུས་ས་ཁྲ་ལས་རགས་ཙམ་ཤེས་ཐུབ།

  2. ཚེར་མ། says:
    2009-03-14 at 12:59 am

    འོན་ཀྱང་དེང་གི་ལོ་རྒྱུ་དཔྱད་རྩོམ་ཡིག་ཆ་མང་ཆེ་བར་སྔ་མོའི་སྟག་གཟིག་ཟེར་བ་དེང་གི་དབྱི་ལང་སྟེ་Iran ལ་གོ་དགོས་པར་བཤད་མོད། སྟག་གཟིགབཙན་པོའི་རྒྱལ་ཁབ་ཀྱི་ས་ཁྱོན་ནི་དེང་གི་Afghan ,Tajikistan ,pakistan and india སོགས་བོད་དང་ས་འབྲེལ་རྒྱལ་ཁབ་དེ་དག་ལ་ཁྱབ་འདུག་པས། སྐབས་དེར་བོད་དང་སྟག་གཟིག་གཉིས་ས་འབྲེལ་དུ་གནས་པར་སྙམ་ལ། དེ་ལྟར་ན་གོང་གི་ཡིག་ཆ་དེར་ཡང་ཅུང་མཐུན་པ་འདུག རྒྱ་རྩོམ་ལ་གཏུགས་དགོས་དོན་མེད་མོད། དོགས་སློང་དུ་བཀོད་པ་ཡིན།

  3. GPÅ-fÞGÅü says:
    2009-03-14 at 2:01 am

    who any one have a map for show us about above article?

  4. GPÅ-fÞGÅü says:
    2009-03-14 at 2:06 am

    we can make it clear with map if we got any map bout this. and i believe that the auther he have a mcun adia about this point. ok
    tashi delek to all.

  5. ཚེར་མ། says:
    2009-03-14 at 2:20 am

    དྲ་གྲོགས་ལགས། ཐོག་མར་ཁྱེད་རང་googleགྱི་ནང་དུ་སོང་། དེ་ནས་Afghanistan་དང༌། དེ་ནས་map of Afghanistan ནང་དུ་སོང་དང༌། ས་ཁྲའི་མདོག་ལི་ཧང་དང་ལྗང་སྐྱ་ཅན་ཞིག་མཐོང་བ་དེར་གཟིགས་དང༌། དོགས་པ་ཅུང་གསལ་ཐུབ་སྙམ།

  6. མགོན་པོ་ཕྱག་གཉིའ་པ། says:
    2009-03-15 at 6:48 pm

    གནའ་བོའི་ persia གི་ས་ཁྲ་ལ་ལྟོས། སྟག་གཟིག་གི་ཁྱབ་ཚད་ད་རུང་ཚེར་མས་བཤད་པའི་རྒྱལ་ཁབ་དེས་ག་ལ་ཚད། ཏུར་ཀི་མི་ནི་སི་ཐན། ཨུ་ཛ་བྷི་ཀི་སི་ཐན། ཁིར་གྷི་སི་ཐན་སོགས་ཀྱང་གནམ་འོག་གི་མངའ་བདག་ཆེན་པོ་འདིའི་མངའ་འོག་ཏུ་ཚུད། འཛམ་གླིང་གི་ས་ཆེན་པོར་དབང་སྒྱུར་མཁན་འདིས་ཉམ་ཆུང་ཁ་ཐོར་གྱི་བོད་མ་བཟུང་བ་ནི་སྲིད་པའི་གངས་རྒན་མཐོན་པོ་ཚོས་བསྐྱབས་ནི་མིན་ན་ཅི་ཡིན།

  7. ཚེར་མ། says:
    2009-03-17 at 4:51 am

    ༤༽ GPÅ-fÞGÅü་ནས།
    དྲ་གྲོགས་ཚོས་གཟིགས་དང༌། ནད་འབུ་འདི་རེད། ནད་འབུ་འདིས་གང་སར་གནོད་སྐྱེལ་གྱིན་འདུག བོད་ཡིག་དྲ་ངོས་ཀྱི་མཆན་བུ་གང་སར་ཁྱབ་བཞིན་འདུག

  8. གཞིས་ལུས་བོད་པ། says:
    2009-03-17 at 8:09 am

    ཁོས་བོད་ཡིག་ཡག་པོ་མི་ཤེས་པ་ཡིན་ན་འདིར་ཡིག་རིགས་གཞན་གྱིས་མཆན་བཏབ་ཀྱང་ཆོག་གི་སྙམ། ཁོས་ཀྱང་བསམ་བློ་བརྗེ་རེས་འདོད་ནི་ཡིན་རྒྱུ་རེད། དེ་ངས་བསམ་ཚུལ་ཡིན།

  9. tsarma says:
    2009-03-19 at 7:00 am

    སྤྱིར་ཡིག་རིགས་གཞན་གྱིས་མཆན་བཏབ་ཀྱང་ཆོག་མོད། འོན་ཀྱང་འདི་ལྟར་བྱས་ཚེ་རྗེས་མ་ཞིག་ལ་ཁ་བརྡ་བོད་ཡིག་དྲ་བ་འདི་ཡིག་རིགས་འདྲ་མིན་མཉམ་བསྲེས་ཀྱི་དྲ་བ་ཞིག་ཆགས་པར་དོགས་པ་ཡིན།

  10. ཚེར་མ། says:
    2009-03-21 at 6:16 am

    གོང་དུ་སྟག་གཟིག་གི་སྐོར་ལས་‘‘ལྭ་བའི་སྟེང་མཛེས་སྡུག་གི་ས་ཧྲན་(Sassanian)གྱི་རི་མོ་དང་བྱེའུ་དང་སྲོག་ཆགས་གཞན་དག་གིས་ཀྱང་རྒྱན་ཡོད་པའི་ཁྱད་ཆོས་མངོན་གསལ་ཅན་དེས་བོད་མིའི་རྒྱན་གོས་ལ་ཏ་ཟིག་པའི་ཆ་བྱད་ཀྱི་ཆ་མཚུངས་ཁྱད་ཆོས་ལྡན་ཡོད་’’ཞེས་པའི་ Sassanian་ནི་སྐབས་དེའི་ the Sassanid Empire་ ཞེས་པ་འདི་དང་ཡང་ན་དེའི་མི་རིགས་ཀྱི་རི་མོའི་མིང་མིན་ནམ་སྙམ་ཞིང༌། sassanid and Sassanian་གཉིས་གཅིག་ཡིན་མིན་དཔྱད་གཞིར་ཕུལ།

  11. ཚེར་མ། says:
    2009-03-21 at 6:30 am

    གོང་དུ་སྟག་གཟིག་གི་སྐོར་ལས་‘‘ལྭ་བའི་སྟེང་མཛེས་སྡུག་གི་ས་ཧྲན་(Sassanian)གྱི་རི་མོ་དང་བྱེའུ་དང་སྲོག་ཆགས་གཞན་དག་གིས་ཀྱང་རྒྱན་ཡོད་པའི་ཁྱད་ཆོས་མངོན་གསལ་ཅན་དེས་བོད་མིའི་རྒྱན་གོས་ལ་ཏ་ཟིག་པའི་ཆ་བྱད་ཀྱི་ཆ་མཚུངས་ཁྱད་ཆོས་ལྡན་ཡོད་’’ཞེས་པའི་ Sassanian་ནི་སྐབས་དེའི་ the Sassanid Empire་ ཞེས་པ་འདི་དང་ཡང་དེའི་མི་རིགསཀྱི་རི་མོ་མིན་ནམ་སྙམ་ཞིང༌། sassanid and Sassanian་གཉིས་གཅིག་ནབིམ་ནམ་སྙམ་པས་དཔྱད་གཞིར་ཕུལ།

    Sassanid ཟེར་བའི་མི་རིགས་འདི་ཤེས་རིག་ལག་རྩལ་ལ་ཧ་ཅང་མཁས་པ་ཞིག་ཡིན་ནམ་སྙམ་སྟེ། ཕྱི་ལོ་དུས་རབས་4་ཙམ་ནས་གསེར་དངུལ་གྱིས་སྣོན་ཆས་འདྲ་མིན་དང་། དུད་འགྲོ་སྲོག་ཆགས་འདྲ་མིན་གྱི་སྣང་བརྙན་བཟོ་བསྐྲུན་བྱ་བར་ཧ་ཅང་མཁས། དཔེར་ན། དུས་རབས་4་བསྐྲུན་པའི་དངུལ་གྱི་རྟ་མཆོག་དང་བུ་མ། སྡེར་མ། དངུལ་སྒོར། དཔའ་རྩལ་འགྲན་པ་དང་རྒྱལ་བློན་གྱི་སྣང་བརྙན་སོགས་བཟོས་མྱོས་བ་གཤམ་དུ་གསལ།

  12. ཚེར་མ། says:
    2009-03-21 at 6:33 am

    འདིར་གོང་བཀོད་ཀྱི་འདྲ་པར་འགའ་ཡོད་ཀྱང་དྲ་ངོས་སུ་འགོད་ཐུབ་ཀྱི་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme