Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་ཅིག་དམར་ཧྲང་ལ་ཁྲིད་དེ་ཁྲོམ་སྐོར་བྱས་འདུག

Posted on 2011-08-11 By ཁ་བརྡ་ 29 Comments on བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་ཅིག་དམར་ཧྲང་ལ་ཁྲིད་དེ་ཁྲོམ་སྐོར་བྱས་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཉེ་ཆར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བཟའ་ཚང་བར་གྱི་རྙོག་དྲ་ཞིག་བྱུང་སྟེ། མི་སྐོར་ཞིག་གིས་བུ་མོ་རིག་འཛིན་ཟེར་བ་ཞིག་གི་སྐྲ་བྲེགས་ཤིང་སྣ་བཅད་དེ། མི་ཚོགས་འདུ་འཛོམས་བྱེད་སའི་ཁྲོམ་གཞུང་ལ་སྐོར་སྐྱོད་བྱས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། རྨོ་མོ་རྒན་འཁོགས་ཤིག་ལས་ནང་མི་གཞན་མེད་པའི་བུད་མེད་རིག་འཛིན་ཞུ་བ། ད་ལྟ་རང་ལོ་ ༣༠ ཡིན་པ་ཞིག་དང་བཟའ་ཟླ་ཡོད་པའི་སྐྱེས་པ་ཞིག་གི་བར་ལུས་འབྲེལ་བྱུང་པའི་གནས་ཚུལ་འོག་སྐྱེས་པ་དེའི་གཉེན་ཉེ་གཞིས་གྲོང་གསུམ་པའི་བསྟན་འཛིན་ཆོས་གྲུབ་དང་། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། གཞིས་གྲོང་གཉིས་པའི་པ་སངས་དང་རྒྱལ་མཚན། པདྨ་བཅས་མི་ ༧ ཀྱིས་བུ་མོ་རིག་འཛིན་ཉེས་རྡུང་ཚད་མེད་བཏང་ཞིང་། མགོའི་སྐྲ་བཅད་པ་དང་།སྣ་ལ་ཇེམ་ཙེ་བརྒྱབ་པ་སོགས་ཀྱི་མནར་གཅོད་བཏང་ཡོད་པ་མ་ཟད།ལུས་ཧྲིལ་བོ་དམར་ཧྲང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཤིང་།མི་སྤྱོད་ལས་འདས་པའི་དམའ་འབེབ་དང་གཅར་རྡུང་ཚད་མེད་བཏང་ཡོད་འདུགའདི་གར་གནས་ཚུལ་འབྱོར་བ་ལྟར་ན།བྱ་སྤྱོད་དེ་སྤེལ་མཁན་གྲས་སུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་མཉམ་ལས་ཀྱི་ལས་བྱེད་ཅིག་ཀྱང་ཚུད་ཡོད་འདུགའདི་གའི་གསར་འགོད་པས་བུ་མོ་རིག་འཛིན་དང་སྐྱེས་པ་དེའི་གཉེན་ཉེ། དེ་བཞིན། བསྟན་སྒང་ས་གནས་མགོ་འཛིན་བཅས་ལ་འབྲེལ་བ་བྱས་ཀྱང་ཞིབ་ཕྲའི་གནས་ཚུལ་རག་ཐབས་མ་བྱུང་སྟབས།
ཕྱི་ཚེསྲ༦ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས”བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ནང་གནས་ཚུལ་དེ་འདྲ་ཞིག་ལྷག་པ་དངོས་ཡོད་རེད། རྩ་བའི་གནས་ཚུལ་ཐབས་རྡུག་དེ་འདྲ་ཞིག་བྱུང་བར་འགྲོ་བ་མི་སུ་འདྲ་ཞིག་གིས་བལྟས་ཀྱང་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད། གནས་ཚུལ་དེ་ཐོས་མ་ཐག་ང་ཚོར་བློ་ཕམ་ཞེ་དྲག་བྱུང་སོང་། ས་གནས་ལ་འབྲེལ་བ་ཞུས་ཏེ་དོ་བདག་གིས་ས་གནས་ལས་ཁུངས་ལ་ཞུ་གཏུག་བྱ་མིན་ལ་མ་བལྟས་པར། གནད་དོན་འདིའི་ཐོག་ལ་ཞིབ་ཚགས་པོས་དོ་ནན་མ་བྱས་ན་འགྲིག་གི་མི་འདུག་ཅེས་ལམ་སྟོན་བྱས་ཡོད། ” ཅེས་གསུངས་ཏེ། བསྟན་འཛིན་སྒང་གཞི་ཆགས་ནང་བྱུང་བའི་ཛ་དྲག་གི་གནས་སྟངས་དེའི་ཐད། ནང་སྲིད་ལས་ཁུངས་ཀྱིས་ས་གནས་ལས་ཁུངས་ལ་བཀའ་གནང་བ་ལྟར། བསྟན་སྒང་ས་གནས་མགོ་འཛིན་དང་ས་གནས་གནད་ཡོད་མི་སྣ་ཁག གཞིས་གྲོང་ཁྱིམ་ཚང་སོ་སོའི་ཁྱིམ་བདག་བཅས་འཛོམས་ཏེ། གཞིས་གྲོང་ནང་བྱ་སྤྱོད་སྡུག་ཅག་སྤེལ་མཁན་དེ་དག་ལ་མི་མང་འཛོམས་སར་ཉེས་སྤྱོད་ངོས་ལེན་དང་སྤང་བླང་འགྱོད་བཤགས་བྱེད་བཅུག་ཡོད་པ་མ་ཟད། ཁོང་ཅག་ལ་ཧིན་སྒོར་ ༤༠༠༠༠༠ ཡི་ཉེས་ཆད་དང་། བཟའ་ཟླ་ཡོད་བཞིན་དུ་ཚུལ་མིན་མཛའ་གྲོགས་སྒྲིག་མཁན་སྐྱེས་པ་དེར་ཧིན་སྒོར་༢༠༠༠༠ བཅས་ཀྱི་ཉེས་ཆད་བཅད་ཡོད་འདུག དེ་བཞིན། བྱ་སྤྱོད་དེ་སྤེལ་མཁན་གྲས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཆོས་གྲུབ་ཟེར་བ་དེ་ལས་གནས་ནས་དགོངས་པ་ཞུ་རུ་བཅུག་ཅིང་། ༢༠༡༣ གྱི་ལོ་མཇུག་བར་སྤྱི་བའི་ལས་ཁུར་སྣ་གཅིག་ཀྱང་བྱས་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག

དྲུང་ཆེ་མཆོག་གིས་མུ་མཐུད་ངོ་སྤྲོད་གནང་བ་ལྟར་ན། བོད་མི་དེ་དག་གི་བྱ་སྤྱོད་ཐད་ས་གནས་ཡུལ་མི་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག་ལ། དེ་ནི་ས་ཁུལ་དེ་ནང་པའི་ཡུལ་ལུང་གལ་ཆེན་ཞིག་ཆགས་ཡོད་སྟབས། བུད་མེད་དམར་ཧྲང་ལ་ཁྲིད་པ་དེས་ཡུལ་ལྷ་གཞི་བདག་ཁྲོས་པའི་ཉེན་ཁ་ཡོད་པ་དང་། ཡུལ་ལུང་ནང་ལོ་ཉེས་ཆག་འཇིག་སྣ་ཚོགས་འབྱུང་ཉེན་བཅས་ལ་བརྟེན་ཏེ། དེ་དག་ཟློག་ཐབས་སུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་ཐུགས་དམ་ཞུས་ཏེ་ཞབས་བསྟན་མང་པོ་ཞིག་ཕེབས་འདུག་པ་རྣམས། ས་གནས་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གི་བསྒྲུབས་ཡོད་པ་དང་། ཞབས་རིམ་དེ་དག་གི་འགྲོ་གྲོན་ཡོང་རྫོགས་ཀྱང་ཉེས་ཅན་དེ་དག་གིོས་གཏོང་རྒྱུ་ཐག་གཅོད་བྱས་ཡོད་འདུག
གཞན། བུད་མེད་དེ་དང་ཉེས་རྡུང་གཏོང་མཁན་དག་གི་བར་གྱི་གནད་དོན་དང་། བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་སོགས་ནང་འགྲིག་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་བྱས་ཡོད་སྟབས། རྒྱ་གར་ས་གནས་སྐོར་སྲུང་བ་དང་འབྲེལ་ཡོད་སྡེ་ཁག་གིས་ལག་པ་འཆང་གི་མེད་ཀྱང་། ད་སྔ་གནད་དོན་དེ་ཐག་གཅོད་གང་ཡང་བྱུང་ཡོད་མི་འདུག དེའི་ཐད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་”ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས། སྤྱིར་བཏང་གནད་དོན་དེའི་རིགས་ཁྲིམས་ཐོག་ལ་བསྐྱལ་དགོས་པ་རེད་ཅེས་ལབ་བསྡད་ཡོད། ཁྲིམས་ཐོག་ལ་བསྐྱལ་བ་ཡིན་ན་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་ལ། ནག་ཉེས་སུར་ཡོད་ཀྱང་དེ་ལ་ཁྲིམས་ཐོག་ནས་ཉེས་ཆད་ཕོག་ཡོང་གི་རེད། དེ་ལ་དཔག་པའི་མཐའ་ཞིག་གསལ་འགྲོ་རྒྱུ་རེད། ཡིན་ནའང་། ད་ལྟ་གནོད་འཚེ་ཕོག་མཁན་དོ་བདག་གི་ངོས་ནས་ཁྲིམས་གཏུགས་བྱ་རྒྱུར་མོས་མཐུན་ཁྱོན་ནས་མི་འདུག ” ཅེས་གསུངས་ཏེ། ཕྱོགས་གཉིས་ཀར་ཁྲིམས་ཐོག་ལ་འགྲོ་རྒྱུའི་མོས་མཐུན་མེད་པས། ཕྱོགས་གསུམ་པ་ཞིག་གིས་ཁྲིམས་ལ་གཏུགས་སྲོལ་མེད་པར་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ལ་སྒུག་ཡོད་འདུག གལ་སྲིད་ནང་འགྲིག་ཐག་གཅོད་མ་བྱུང་བ་ཡིན་ན། དོ་བདག་སོ་སོས་གྲོང་སྡེ་ལྷན་ཚོགས་དང་། ས་གནས་མགོ་འཛིན་ལས་ཁུངས། དེ་བཞིན་ས་གནས་རྒྱ་གར་གཞུང་བཅས་ལ་བདེ་སྡུག་ཞུ་གཏུག་ཅི་ཞུས་ལྟར། རིམ་པས་ཁྲིམས་ཐོག་ལ་འགྲོ་དགོས་པ་ཞིག་ཆགས་ཡོད་སྐོར་བཅས་ངོ་སྤྲོད་གནང་སོང་།བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ནང་སྔོན་མ་ཡང་ཕོ་མོའི་འབྲེལ་བའི་སྐོར་གྱི་རྙོག་དྲ་ཞིག་བྱུང་སྟེ། བུད་མེད་ལ་ཉེས་རྡུང་དམའ་འབེབ་བཏང་བའི་གནས་ཚུལ་ཐེངས་གཉིས་བྱུང་མྱོང་ཡོད་འདུག

གསར་འགྱུར།

Post navigation

Previous Post: བཤད་འདོད་པའི་སྐད་ཆ་ཞིག
Next Post: རང་བཙན་པས་དབུ་མར་འཇིགས་སྐུལ་བྱེད་སྟངས།

Comments (29) on “བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་ཅིག་དམར་ཧྲང་ལ་ཁྲིད་དེ་ཁྲོམ་སྐོར་བྱས་འདུག”

  1. ནག་ཆུ་བློ་བཟོད། says:
    2011-08-11 at 7:31 pm

    སྤྱིར་བཏང་གནས་ཚུལ་འདི་ཚོ་སྔོན་མ་ནས་ཡོང་སྡད་པ་ཞིག་རེད་ཧང་སང་གོས་པའི་གནས་ཚུལ་ཞིག་ཀྱང་མ་རེད་ཡིན་ནའང་བུ་མེད་གཅིག་ལ་དེ་འདྲའི་རྡུང་རྡེག་བཏང་ནས་རུབ་རྒྱག་བྱེད་པ་དེ་དངོས་གནས་མ་འགྲིག་པ་ཞིག་རེད་མ་ཟད་དབང་པོ་མ་ཚང་པ་བཟོས་པ་དེ་དངོས་གནས་ཉེ་ཁ་ཆེ་པོ་ཞིག་བཟོས་ཡོད་གལ་སྲིད་བུ་མོ་རི་འཛིན་ལ་ཕྲུ་གུ་ཞིག་སྐྱེས་ན་མའོང་པར་ཁོག་ལན་སློག་པའི་ཉེ་ཁ་ཡོད་རེད་དེ་ནི་ལྡོག་དུ་མེད་པའི་ཉེ་ཁ་ཆེ་ཤོས་རེད་ལ་དངུས་སྒོར་འབུམ་གྱིས་གནས་ཚུལ་དེ་བསུབ་མི་ཐུབ་།། ཡག་ཤོས་དེ་ནང་འགྲིག་བྱ་རྒྱུ་དེ་རེད།།

  2. གླེན་པ་ལུག says:
    2011-08-12 at 3:10 am

    འབུམ་བཞི་དང་ཁྲི་གཉིས་དེ་ས་འོག་ཏུ་མ་འཐིམས་ཞིང་། གནམ་ལ་མ་འཕུར་བར་ཡ་ང་བའི་བུད་མེད་དེ་ལ་འཕྲོད་ཀྱི་རེད་པས། མཇའ་བཞིན་གར་སོང་ཆ་མེད་དུ་གྱུར་རྒྱུ་རེད། གསུངས་དང་།

  3. ལྷ་སྡེ་གནམ་ལོ་ཡག says:
    2011-08-12 at 4:16 am

    དྲང་མོར་བཤད་ན། དོན་རྐྱེན་འདི་འདས་པའི་ལོ་ངོ་བདུན་ཅུ་དོན་ལྔ་ཡས་མས་སུ་བྱུང་བའི་རྩིས་དཔོན་ལུང་ཤར་མཆོག་གི་མིག་འབྲས་བཏོན་པའི་རོ་ལངས་གཉིས་པ་ལྟ་བུ་ཞིག་ཆགས་ཡོད་པར་མ་ཟད། བོད་མི་རིགས་ནི་ནང་ཆོས་བརྟེན་ནས་སེམས་རྒྱུད་ཞི་དུལ་དང་ཡ་རབས་སྤྱོད་བཟང་ལྡན་མཁན་ཞིག་ཏུ་བསྒྲགས་ཀྱིན་པར་བོད་མི་རང་ངོས་ནས་བསྙོན་འབྱིན་བྱས་ཡོད་སྟབས། སུ་ཞིག་གིས༼ཞིང་བྲན་ལམ་ལུགས་བསྐྱར་གསོ༽ཟེར་བ་བསྐྱར་གསོ་བྱེད་མི་སྲིད་ཅེས་ཁག་ཐེག་བྱེད་ཐུབ་བམ། ཁག་ཐེག་བྱས་པའི་དབང་དུ་བཏང་ནའང་སུ་ཞིག་གིས་ཉན་འཇོག་གནང་སྲིད་དམ། དེའི་ཁར་པེ་ཅིན་སྲིད་གཞུང་ལ་ལག་ཆ་གསར་བ་ཞིག་ཏུ་གྱུར་ཡོད་པ་མ་ཡིན་ནམ། འདི་ཕྱོགས་གཅིག་རེད།

    ༼བུད་མེད་མི་འདོད་སྐྱེས་པ་གཅིག་ཀྱང་མེད། སྐྱེས་པ་མི་འདོད་བུད་མེད་གཅིག་ཀྱང་མེད༽ཅེས་པ་ལྟར། ཐོག་མར་སྐྱེས་པས་ཕར་བུད་མེད་ལ་སྙན་པོ་ཡག་པོ་བཤད་ནས་ཚུར་འགུགས་ཐབས་བྱེད་ཀྱི་ཡོད་པ་རེད་མ་གཏོགས་དེང་གི་བར་བོད་ཀྱི་བུད་མེད་ཅིག་གིས་སྐྱེས་པ་གང་རུང་ཞིག་ལ་ཕར་ཞུ་བ་བྱས་ཡོད་པ་ཞིག་ཐོས་མ་མྱོང་། དེ་བས། རིག་འཛིན་ལགས་ནི་རྒྱབ་ཆད་དཔུང་གཡས་ཤིག་ཡིན་པར་བརྟེན་ནས་མི་སྤྱོད་ལས་འདས་པའི་གཅར་རྡུང་དང་དམའ་འབེབས་བྱས་པ་རེད་མ་གཏོགས་རྒྱབ་དཔུང་ཡོད་མཁན་ཞིག་ཡིན་ན། མང་མཐར་ཅོ་འཛིང་ཞིག་ལས་བྱུང་མི་སྲིད་པ་ཞིག་རེད། དེའི་སྟབས་ཀྱིས་མི་བདུན་དེ་དོགས་གཞིའི་འོག་གི་ཉེས་ཅན་གཙོ་བོ་ཆགས་ཡོད་པས། ཞིབ་བརྩད་བརྒྱུད་ནས་ཆད་པ་ནན་གཅོད་བྱེད་རྒྱུ་ནི་ཁ་ཚ་དགོས་ཐུག་གི་དོན་ཆེན་ཞིག་རེད།

    མཐའ་དོན། དོན་རྐྱེན་འདི་བཞིན་པེ་ཅིན་སྲིད་གཞུང་གི་ལག་ཆར་གྱུར་ཡོད་པར་མ་ཟད། ཐ་ན་རྒྱ་གར་གྱིས་བཙན་བཟུང་བྱས་ཡོད་པའི་ས་ཁུལ་གྱི་ཀྲུང་གོའི་འབངས་མིར་གནོད་འཚེ་དང་བརྙས་བཅོས་བྱེད་མི་ཆོག་ལ་ཁ་གཡར་ནས་དམག་འཐབ་སློང་མི་སྲིད་པའང་མིན་པས། བཀའ་ཤག་གསར་བར་ཕུལ་བའི་ཡིག་རྩལ་ཞིག་ཏུའང་གྱུར་ཡོད།

  4. རྡོ་རིག་པའི་མདའ་མོ། says:
    2011-08-12 at 5:15 am

    སྤྱིར་སྔ་མོ་ནས་ངའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད་ནས་བསྡད་ཡོད། དེ་རིང་ཁོ་བོས་བཙན་བྱོལ་བུད་མེད་ཚོ་ལ་བོད་ཀྱི་ཡབ་མེས་ཚོས་བཞག་པའི་གཏམ་དཔེ་ཞིག་གི་ཆོལ་ལོ་ཕུལ་འདོད་བྱུང་ ཧ་ཅང་རྐྱང་ན་རྐྱང་པོ་མིན།། ཕ་རྒན་གསོད་དུ་ཅི་ལ་འཇུག། ཟེར་བ་དེ་ཡིན། ཁོ་བོས་རྟག་ཏུ་བཙན་བྱོལ་བུད་མེད་རྣམས་ཀྱིས་རང་དབང་དང་ཐོབ་ཐང་གི་ངོ་གདོང་མཐོང་མ་མྱོང་བར་སེམས་བཞིན་ཡོད། གལ་ཏེ་རང་དབང་དང་ཐོབ་ཐང་གི་ངོ་གདོང་ལ་རྒྱང་ལྟ་ཞིག་བྱུང་ཡོད་ཚེ་ད་ལྟའི་དུས་སྐབས་འདི་འདྲ་ཞིག་བུད་མེད་ལྷན་ཚོགས་དབུ་བཅས་ཏེ་གྲགས་མེད་དུ་འདུག་ག་ལ་བཟོད། ཉམ་ཆུང་བུད་མེད་དེ་དམར་ཧྲེང་དུ་ཁྲོམ་སྐོར་བྱས་ཡོད་ན། རང་གི་བཟའ་ཟླ་དང་བུ་ཕྲུག་ལ་ཁྲེལ་མེད་མགོ་སྐོར་གཏོང་མཁན་གྱི་སྐྱེས་པ་དེ་ཡང་དམར་ཧྲེང་དུ་ཁྲོམ་སྐོར་ལ་ཐེངས་གཉིས་ངེས་པར་ཁྲིད་དགོས། ཡིན་ཡང་བཙན་བྱོལ་བུད་མེད་ཀྱི་ཚོགས་སྡེ་ཁག་ནི་སྐལ་འཚོལ་བ་ཙམ་ལས་དངོས་ཡོད་བོད་ཀྱི་བུད་མེད་ཀྱི་བསམ་བློའི་སྣེ་ཅི་ལྟར་ཁྲིད་མིན་དང་བོད་ཀྱི་བུད་མེད་ཀྱི་ལས་དབང་ལ་སེམས་ཁུར་ཞིག་གཏན་བྱེད་ཀྱི་མེད། ཁོ་བོས་རྟག་ཏུ་བརྗོད་བཞིན་པ་ནི། གནད་དོན་འདི་འདྲའི་ཐད་ནས་སྐྱེས་པ་ཚོ་ལ་བསམ་ཞིག་ཤེས་སུ་འཇུག་དགོས་པ་དེ་བཙན་བྱོལ་བུད་མེད་ཀྱི་ཚོགས་སྡེ་ཁག་དང་རྩོམ་པ་པོ་རྣམས་ཀྱིས་ངེས་པར་དུ་འགན་ཁུར་དགོས་པར་འདོད།

  5. འཚུབ་དགའ་ says:
    2011-08-12 at 7:29 am

    ངོ་མ་བོད་པ་དེ་དག་ཡ་ང་ཕྱི་མི་ཕྱི་མིས་ཐུབ་ཚོད་དང་ནང་མི་ནང་མི་ཕན་ཚུན་དབར་ཐོབ་ཆེ་ཆུང་རྒྱུ་ངོ་སོ་
    རྒྱབ་རྟགས་བཟང་ཞན་ལྟོས་ཏེ་ཆོས་སྲིད་ལུགས་གཉིས་ལས་བརྒལ་བའི་ཐུབ་ཚོད་གཏོང་རེས་ཀྱི་རྣམ་
    པ་དག་གང་དྲན་དྲན་ལྟ་བུ་རེད། བུ་མོ་རིག་འཛིན་གྱི་དོན་རྐྱེན་མི་ཁྲིམས་ལས་བརྒལ་བ་དེ་ཡང་གོང་
    གི་མཆན་གཉིས་པས་གསུངས་པ་བཞིན་མི་འགྱུར་བའི་སྨོན་ལམ།

  6. BONPO says:
    2011-08-12 at 2:10 pm

    xxxxxxxxxxxxxxxxxxxxxx

  7. ཐུབ་བསྟན says:
    2011-08-12 at 2:43 pm

    མི་དེ་ཚོ་མི་མ་རེད་འདྲེ་རེད་བོད་པའི་རྐང་འདྲེན་རེད།མི་དེ་འདྲ་བོད་པའི་སྤྱི་ཚོགས་ནང་ནམཡང་མི་སྐྱེ་ཤོག །

  8. nyima gyaltsen says:
    2011-08-12 at 3:50 pm

    ད་གཞིས་ཆགས་དེ་ཚོ་ཚར་འདུག

  9. ཐུབ་བསྟན says:
    2011-08-12 at 3:52 pm

    མི་མ་རེད་འདྲེ་རེད།

  10. དབྱུག་ཐོག says:
    2011-08-12 at 3:53 pm

    སྣ་ལན་སྣ་ཡིས་འཇལ་ན་ལེགས།

  11. ཀུན་དགའ། says:
    2011-08-13 at 12:44 pm

    ཨ་ཁོ་རེ་ལྷག་པ་ཡེ་ཤེས། ཁྱེད་ཀྱིས་རྩོམ་ཞིག་འབྲི་ཚེ་བན་བོན་བར་གྱི་རྩོད་སྙོག་ལས་འབྲི་མི་ཤེས་པ་ཨེ་རེད། བུད་མེད་དམར་ཧྲེང་དུ་ཕུད་པའི་སྐོར་དེ་བན་བོན་བར་གྱི་འཐབ་རྩོད་རེད་པས། གལ་སྲིད་ཁྱོད་ལ་བརྗོད་བྱ་འདི་དང་འབྲེལ་བའི་རྩོམ་ཞིག་འབྲི་རྒྱུ་མེད་ན་རང་གནས་སུ་བཞུགས་ན་མཛེས།

  12. བོན says:
    2011-08-13 at 1:00 pm

    ཀུན་དགའ་བདེན་པ་རེད། ཕོ་མོ་བར་གྱི་རྩེད་གླེང་ལས་བན་བོན་རྩོད་རྙོག་མིན་པར་གོང་གི་བོན་པོ་དང་ཡེ་ཤེས་གཉིས་ཁྱི་ཁ་ཚུམས། །

  13. ཤཱཀྱ་མི་བོ། says:
    2011-08-13 at 1:01 pm

    ལྷག་ཡེའམ་རྒྱོས་རྡོར་འདི་འཇིགས་བསྐུལ་རིང་ལུགས་པ་ཞིག་ཏུ་གྱུར་འདུག ད་རིན་སྤུངས་ཚུལ་བསྟན་གཙོས་པའི་ཧི་མ་ལ་ཡ་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་རྣམས་ལ་སྲོག་གི་འཇིགས་བསྐུལ་བྱེད་ཀྱིན་འདུག་པ་ལྟོས་དང་། འདི་མཁན་ཆེན་ཞིག་གི་ལས་ལས་ཀ་རེད་དམ།

  14. ཀརྡོ་རབ་འབྱམས་པ་ says:
    2011-08-13 at 4:01 pm

    ལོག་གཡེམ་པ་ཕོ་མོ་གཉིས་ཀར་ཉེས་ཆད་དགོས་ཀྱང་། བུད་གཅིག་བུར་ཉེས་ཆད་ཕོག་པ་དང་། ཉེས་ཆད་གཏོང་སྟངས་ཀླ་ཀློའི་བྱེད་སྟངས་འདི་ལྟར་ཕྱིས་སུ་མི་འབྱུང་བར་ཚང་མས་གཟབ་དགོས། བོད་ཀྱི་ཕོ་མོ་འདྲ་མཉམ་དང་བོད་ཕོས་བོད་མོར་བརྩེ་སེམས་མུ་མཐུད་ཡུན་གནས་ཤོག །

  15. ཀརྡོ་རབ་འབྱམས་པ་ says:
    2011-08-13 at 4:06 pm

    བེུད་ལ་བཅོས་རོགས།

  16. སྟག་ར་ says:
    2011-08-13 at 5:28 pm

    ཀྱེ་མ། ཀྱེ་མ། ད་དུང་གཞིས་ཆགས་བསྟན་འཛིན་སྒང། བཤད་ཕོད་རྒྱུ་ཅི་ཡོད། ད་ནི་མིང་བསྒྱུར་བྱས་ན་དགའ། ད་ནས་བཟུང་གཞིས་ཆགས་བསྟན་ཤིག་སྒང་ཞེས་འབོད་ན་ཅི་འདྲ་འདུག ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་འགལ་བའི་ནང་པའི་མིང་འཛིན་གྱི་མི་ངན་དེ་ཚོ། ངོ་མ་བྱས་ན་ནག་ཉེས་ལ་དཔག་པའི་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཐག་ཆོད་ཀྱིས་ལས་འགུལ་སྤེལ་དགོས། འདི་དག་སྦས་ནས་མི་མངོན་པ་བྱ་རྒྱུ་ག་ལ་ཡིན། ནམ་ཞིག་ཚང་མས་མཁྱེན་གསལ་རེད། དེ་ཚོ་ནང་པ་སངས་རྒྱས་པ་དང་བོད་རིགས་ཀྱི་སྐྱིད་སྡུག་ནས་རྒྱང་འབུད་བྱ་དགོས། ང་ཚོས་ནམ་རྒྱུན་ནང་པ་སངས་རྒྱས་པ་ཟེར་ནས། གཞན་ཕྱོགས་རིགས་པས་སུན་ཕྱུང་སྟེ། རང་ལུགས་ལྟ་སྤྱོད་རྣམ་དག་ཏུ་སྒྲུབ་བཞིན་པ་མ་ཟད། རྒྱུན་ལྡན་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་ནང་པའི་ལྟ་གྲུབ་ཀྱི་སྙིང་པོ་ཡིན་ཚུལ་གྱི་བཀའ་སློབ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་སྤེལ་གནང་བཞིན་པ་འདི་དག་ལ་ཁོང་ཚོས་ཁྱད་གསོད་དང། བོད་མི་རིགས་ཀྱི་ཞབས་འདྲེན་ཞུ་བཞིན་པ་མ་ཟད། བོད་མི་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་བོད་མི་སྤྱི་ཡོངས་ལ་བསུབས་ཏུ་མེད་པའི་ནག་ཉེས་ཚབས་ཆེན་ཞིག་ཀྱང་བཟོས་ཡོད། དེ་སྔ་བོད་རིགས་ཁ་ཤས་ཀྱིས་ཨ་རིའི་གཞུང་ཚབ་ཀྱི་ཤེལ་སྒོ་སྦོག་སིང་བརྒྱབ་ནས་སྟོར་བ་ལ་བརྟེན་སྐྱབས་མགོན་རིན་པོ་ཆེ་ནས་གཞུང་ཚབ་ལ་དགོངས་དག་ཞུ་དགོས་ཐུག་ཡོད། ཉེ་ཆར་སུ་ཇ་སློབ་གྲྭའི་རྒན་བདག་གཉིས་ཀྱིས་ལས་ངན་ཚན་པོ་ཆེ་བསགས། ད་ཆ་ནང་པ་སངས་རྒྱས་པ་ཡིན་ཟེར་མཁན་འདི་ཚོས་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་འདི་ལྟར་སྤེལ། ཡང་བསྐྱར་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་འཛམ་གླིང་བུད་མེད་ལྷན་ཚོགས་ལ་དགོངས་དག་ཞུ་དགོས་པ་བཟོས། ད་དེང་སང་ནང་པའི་མིང་འཛིན་པ་དེ་ཚོས་བྱ་རྒྱུ་མང་དུ་མང་དུ། ཕྱོགས་གཅིག་ནས་བརྟན་བཞུགས་ཕུལ་ནས་རྒྱལ་བའི་སྐུ་ཚེ་བསྲིངས་རྒྱུའི་ལས་འགུལ་སྤེལ། ཕྱོགས་གཅིག་ནས་རྒྱལ་བའི་དགོངས་གཞི་དཀྲུགས་ཏེ་སྐུ་ཚེའི་གེགས་རྐྱེན་བཟོ་བཞིན་པ་འདི་དག་ལ་བསམ་ཚེ། སེམས་གཏིང་ནས་བོད་རིགས་ཚོ་ལ་ཞེན་པ་མི་ལོག་པའི་ངེས་པ་ཅི་ཡོད། ད་ངོ་མ་བྱས་ན་ནང་པ་སངས་རྒྱས་པ་དེ་རིགས་ཀྱིས་༸ཁ་ནས་སྤྱན་རས་གཟིགས་སྤྱན་རས་གཟིགས་འབོད་ཀྱང། དོན་དུ་སྤྱན་རས་གཟིགས་ག་དུས་ཡིན་ཀྱང་འཛམ་གླིང་མི་མང་ཚོར་དགོངས་དག་ཞུ་མཁན་ཞིག་མི་བཟོ་བའི་ངེས་པ་གཏན་ནས་མི་འདུག སྤྱོད་ངན་ནང་པ་དེ་རིགས་ཀྱིས་བྱས། དགོངས་དག་སྤྱན་རས་གཟིགས་ལ་ཞུ་བཅུག ཨ་ཙི་ཨ་ཙི། གཞིས་ཆགས་བསྟན་ཤིག་སྒང་གི་ཡུལ་མི་ཚོ་ཡང་ཅི་འདྲའི་ཐབས་སྡུག་པ་ཞིག་ལ། འདི་ཁོང་ཚོས་གློག་བརྙན་ཞིག་ཡིན་བསམ་གྱི་ཡོད་ཚོད་འདུག གཅིག་བསྒྲིལ་གྱི་ནུས་པ་མེད་པའི་རྟགས་རེད། ལྷག་བསམ་དང་སྤྱི་སེམས་མེད་མཁན་ཤ་སྟག་ཡིན་པ་འདྲ། དུད་འགྲོ་དང་གླེན་པ་ལུག་ལྟ་བུ་ཤ་སྟག་ཡིན་པ་ཐག་གི་ཆོད། མི་ངན་ཁ་ཤས་ལ་གཞིས་ཆགས་ཡུལ་མི་ཚོས་ཁ་གཏད་བྱ་མ་ནུས་པ་འདི་དཔེ་སྲིད་མདོག་ཁ་པོ་མ་རེད། དེའི་ནང་ནས་ཞབས་འདྲེན་ཆེ་ཤོས་ཤིག་ནི། མི་ངན་དེ་རིགས་དང་མཉམ་བཞུགས་གནང་མཁན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་མཉམ་ལས་ཀྱི་ལས་བྱེད་ཀྱི་མིང་འཛིན་པའི་ནང་པ་སངས་རྒྱས་པ་དེ་ཚོས། མི་མང་གི་ཞབས་འདེགས་ཞུ་རྒྱུ་ཕར་ཞོག ནང་པའི་ལྟ་གྲུབ་དང་འགལ་བའི་བྱ་སྤྱོད་སྤེལ་བ་འདི་ལ་བལྟས་ན། ཐམས་ཅད་མཁྱེན་པའི་བཀའ་དགོངས་དང་འགལ་བ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཁྱད་གསོད། དམངས་གཙོའི་ཀ་བ་གསུམ་གྱི་རྩ་ཁྲིམས་ལ་བརྙས་བཅོས། ཡང་སྒོས་བོད་རིགས་ཙམ་དུ་མ་ཟད་འཛམ་གླིང་བུད་མེད་སྤྱི་ཡོངས་ཀྱི་དམངས་གཙོའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པས། འདི་སྣང་མེད་གཏན་ནས་འཇོག་མི་རུང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཡིན་ན་འདྲ། མང་ཚོགས་ཀྱི་ངོས་ནས་ཡིན་ན་འདྲ། དེ་གའི་ཡུལ་མིའི་ངོས་ནས་ཡིན་ན་འདྲ། བཙན་བྱོལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཡིན་ན་འདྲ། གནས་ཚུལ་དེ་རིགས་སྦས་གསང་མེད་པར་bbcརྒྱུད་ཡོངས་ཁྱབ་གསལ་བསྒྲགས་གནང་ཐུབ་པ་ཞིག་བྱ་དགོས་པ་ཤིན་ཏུ་ནས་གལ་ཆེ་བ་མ་ཟད། འཛམ་གླིང་གི་བུད་མེད་ཡོངས་ནས་མཁྱེན་རྟོགས་དགོས་པ་ཡང་དེ་བས་ཀྱང་གལ་ཆེ་བ་ཆགས་ཡོད། ད་སྦས་མ་སྦས་གང་ཡང་ཡོད་མ་རེད། སྡུག་ཏུ་འགྲོ་རྒྱུ་ལས་གཞན་གང་ཡང་མེད། ཕྱི་གསལ་ནང་གསལ་ཆགས་ཚར་བ་རེད། གོང་དུ་མི་ངན་དེ་ཚོར་ཉེས་ཆད་བཀལ་བ་དེ་དག་ཁོང་ཚོའི་ནག་ཉེས་ལ་བལྟས་ན་ཧ་ཅང་ཆུང་ཆུང་རེད། ཡོངས་ཁྱབ་གསལ་བསྒྲགས་གནང་ཐུབ་ན་ལེགས། གནས་ཚུལ་འདིར་མཁོ་འདོན་བྱེད་མཁན་ལ་སྙིང་ཐག་པ་ནས་རྗེས་སུ་ཡིད་རངས་ཞུ།

  17. ཀུན་དགའ། says:
    2011-08-13 at 7:49 pm

    སྟག་རས་གསུངས་པར་རྗེས་སུ་ཡིད་རངས་ཡོད། མ་གཞི་མི་འདི་ཆོས་དང་ཆབ་སྲིད་གཉིས་ཀའི་ཐད་ནས་བཤད་རྒྱུ་ཡོད་མཁན་ཞིག་རེད། ངོ་མ་སྙིང་དགའ་འོ།

  18. གཞོན་ནུ་ཟླ་མེད། says:
    2011-08-13 at 7:50 pm

    ངས་བལྟས་ན་དེ་འདྲ་མ་རེད། བསྟན་འཛིན་སྒང་གཞི་ཆགས་ལ་རླུག་པ་ཉུང་དྲག་པ་ཡིན་རྒྱུ་རེད། ང་ཚོ་མང་པོ་ཕྱོགས་དེར་འགྲོ ང་འགྲོ་ཐག་ཆོད་ཡིན། གོང་གི་མི་བདུན་དེའི་ནང་ནས་ཕོ་དེ་ཚོ་མ་ཡོང་། མོ་དེ་ཚོ་ཚང་མ་ཤོག་འ། ཡོང་ནས་ང་དམར་ཧྲང་མར་གཅིག་ཁྲིད་རོགས། འོ་སྔོན་ལ་བཤད་རྒྱུ་གཅིག་འདུག ཇེམ་ཙེ་འདྲ་བོ་དེ་འདྲ་ཁས་མ་ཡོང་མ་གཏོགས། ཡང་ངས་ལ་ཇེམ་ཙེ་ལས་རིང་དེ་འདྲ་ཁས་ཡོང་གི་རེད་ད། བསྟན་འཛིན་སྒང་གཞི་འགོ་བརྒྱུད་ནས་གཞུང་འབྲེལ་ཐོག་ནས་ཡོང་གི་ཡིན། སྐབས་དེར་གོང་གི་མི་བདུན་གྲས་ནས་བུ་དེ་ཚོ་ཡོང་མི་ཆོག བུ་མོ་དེ་ཚོ་ཚང་མ་རུབ་བརྒྱབ་ནས་ང་དམར་ཧྲང་མ་གཅིག་ཁྲིད་རོགས། ཧཧཧཧ ངས་མ་འདངས་ན་དྲ་གྲོགས་སུ་འགྲོ་སྙམ་སྤྲོ་ན་ང་མཉམ་པོར་ཕེབས་ཤོག་འ།

  19. གཞོན་ནུ་ཟླ་མེད། says:
    2011-08-13 at 7:56 pm

    འོ་ད་དུང་ཆ་རྐྱེན་གཅིག་ཡོད། བན་དེ་ཡིན་ན་བོན་པོ་ཡིན་ན་ཁྱད་མེད། རླུག་པ་ཡོད་ན་འགྲིག ཁོང་ཚོ་རྒྱག་རེས་བརྒྱབ་པ་ཡང་བན་དང་བོན་ཟེར་ནས་རྒྱག་རེས་རྒྱབ་པ་རེད་མི་འདུག བུད་མེད་གཉིས་ཀྱི་བར་ལ་རླུག་པ་གཅིག་ཉུང་དྲག་པའི་དཀའ་ངལ་ཐོག་རྒྱག་རེས་རྒྱབ་པ་ཞིག་རེད་འདུག གོང་དུ་ཁ་ཤས་ཀྱིས་བན་དེ་དང་བོན་པོ་ཟེར་ནས་ཅིག་བཤད་བཞག་པ་ཚང་མ་ནོར་བ་རེད། ཁོང་ཚོ་རྩོད་པ་དེ་འོག་གི་དེ་རེད་ཟེར། འོ་ད་དུང་བཤད་ཡ་གཅིག་ལྷག་འདུག ཁོང་ཚོ་བུ་མོ་དེ་ཚོས་ང་དམར་ཧྲང་མར་ཁྲིད་ན་ཡང་ཆད་པ་གཅོད་མི་དགོས་ཟེར་ནས་བཤད་རོགས་ཀྱིས། ཧཧཧཧ

  20. ཁ་བརྡ་རྩོམ་སྒྲིག་པ། says:
    2011-08-14 at 5:12 am

    གོང་གི་དྲ་གྲོགས་བོན་པོ་ཟེར་བ་དེ་དང་གཞན་འགའ་ཁ་བརྡས་གཏན་འགོག་བྱས་ཡོད་།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com
    khabdha tsang (Facebook)
    Khabdha editor (Skype)

  21. ལྷག་པ་ཡེ་ཤེས says:
    2011-08-14 at 7:27 am

    ཁ་བརྡ་དྲ་བདག་ལགས་ལ་དགའ་བསུ་ཡོད། ད་དུང་བོན་དང་བན་དེ་ཤྰྐྱ་མི་བོ་དང་ལ་སྟོད་བུ་པདྨ་གེ་སར་དགྱེས་རྡོ་སྤོབས་པ་མཐའ་ཡས་སོགས་རྩ་འགོག་མ་བྱས་ན་ཆོས་ལུགས་དང་ཆོལ་ཁ་ཕྱོགས་འཐེན་རེད་བཞག ། དེ་མིན་ཅི་མི་འདུག ང་ཚོ་ཚང་མས་གཟབ་དགོས།

  22. སྟག་ར་ says:
    2011-08-14 at 9:49 am

    དྲྭ་བདག་ལགས་ལ་ཆེད་དུ་ཞུ་སྙིང། ལྷག་པ་ཡེ་ཤེས་ཞུ་བ་དེ་ཡང། ངོ་མ་ཆོས་ལུགས་འཐེན་འཁྱེར་པ་ཚབས་ཆེ་ཤོས་དེ་རེད་འདུག་པས། ཁོ་ཡང་ཁ་བརྡས་གཏན་འགོག་གནང་བའི་འབོད་བསྐུལ་ཞུ།

  23. ལྷག་པ་ཡེ་ཤེས says:
    2011-08-14 at 10:47 am

    དྲ་གྲོགས་པ་བོན་པོ་དང་སྟག་ར་ཞེས་མིང་དོན་ལ་སོམས་དང་བན་བོན་བར་དབྱེན་ཕྲ་སྒོ་མོ་ཕྱེས་ནས་ཆགས་སྡང་རྨོངས་པའི་དྲ་འབི་དག་ལ་ཤ་ཚ་ནས་འབོད་བསྐུལ་བྱས་པ་ཡིན། རིན་སྤུངས་པའི་ཧི་མ་ལ་ཡའི་བོན་དྲ་ལ་བལྟས་ན་ཐོག་མཐའ་བར་གསུམ་གྱི་དམིགས་ཡུལ་དང་དོན་འབྲས་ཤེས་ཐལ། མང་པོ་མི་བཤད་ལྷག་བསམ་དང་སྙིང་རྗེ་ཁ་ཁྱེར་བོན་དོན་ཕུག་བཞག བན་ཕྱོགས་དགག་རྒོལ། བོད་དོན་རྒྱབ་སྐྱུར། དགྲ་དགའ་གཉེན་སྡུག་གི་ལས་ངན་ག་རེ་བཤད་ཡོད་ཧི་བོན་དྲ་ཟེར་བ་ལྟོས་དང་ཧ་གོ་ས་རེད། མ་ཚད་དྲ་བ་འདི་ཚོར་རྒྱལ་བ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་སོགས་ལ་ག་རེ་བརྗོད་སོང་། དེ་དག་ནི་ཅོལ་ཆུང་ཕོ་མོ་འགའ་རེ་མགོ་སྐོར་ཐུབ་པ་ལས་རྣམ་དཔྱོད་ལྡན་པ་ཚོ་ལ་རི་རྒྱལ་ལྷུན་པོ་ལ་དུག་འབིས་གཤོག་སྐྱག་རྒྱབ་ན་གཡོ་འགུལ་མི་ནུས་པ་ནང་བཞིན་རེད། སྟག་རས་མཆན་༡༦་ལ་མོས་མཐུན་ཡོད། ད་ཡིན་ན་ཁ་བརྡ་དྲ་བས་སུ་ཞིག་འགོག་པ་རེད་དམ། ལྷག་པའི་ཡེ་ཤེས་འགོག་ལ་བོན་པོ་ཚོ་མ་འགོག་ན་ཆོག དེ་ངའི་དམ་ཚིག་དགེ་སྦྱོང་ཆོས་བཞི་ལྡན་པའི་རྟགས་ཡིན་ལགས།

  24. BONPO says:
    2011-08-14 at 6:33 pm

    མཁྱེན་ཡངས་ཁ་བརྡ་རྩོམ་སྒྲིག་པ་ལགས། ངོས་རང་ནས་ནོར་འཁྲུལ་གང་བྱུང་བ་ཁག་ལ་་་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ་་་ཁྱེད་ཚང་ལ་དགོངས་དག་ཞུ་བཞིན་ཡོད། དགོངས་སེལ་ཡོང་བའི་རེ་བ་ཡོད། ད་ནས་བཟུང་སྟེ་་་་བོན་བན་་་གྱི་རྩོད་རྙོག་སྐྱག་དྲི་བྲོ་བ་དེ་་་འདིར་ཡང་ནས་ཡང་དུ་མི་ཡོང་བའི་ཐུགས་ཁུར་ཆེ་བཞེས་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་མིན་ན་ང་ཡི་་་མཆན་ཆུང་རེ་རེས་་་བན་དེ་ཚང་་་དྲན་མེད་བརྒྱལ་ཅུག་རྒྱུའི་ཉན་ཁ་ཡོད་པས་གཟབ་པར་འཚལ།

  25. བོད། ལྷ་ཀླུ་གཉན་གསུམ། says:
    2011-08-14 at 7:04 pm

    གཅིག་གིས་ཚིག་ལ་གཅིག་གིས་མ་བརྩིས་ཀྱང་།།
    གཅིག་གིས་ཤེས་པ་གཅིག་གིས་མི་ཤེས་དུས།།
    གཅིག་གིས་གཅིག་ལ་བརྩི་བཀུར་བསམ་ཤེས་བྱོས།།
    ཚང་མ་རིགས་གཅིག་མདུན་པའི་སྨྱོས་དུས་སུ།།
    བཟང་ངན་ཡག་སྡུག་སྐབས་རེར་བཤད་སྲིད་ཀྱང་།།
    གཅིག་གིས་གཅིག་ཉིད་འདི་ནས་འཕུད་དགོས་ཅེས།།
    དགའ་མིན་དགའ་སྡུག་མ་གསུངས་རིགས་མཐུན་ཚོ།།
    རིགས་ཀྱི་སྐྱིད་སྡུག་མཉམ་དུ་མྱོང་བ་དང་།།
    རིགས་ཀྱི་དགའ་སྐྱོ་མཉམ་དུ་གསུང་རེས་གནོང་།།
    མཐུན་དང་འབྲེལ་བའི་དམ་ཚིག་སྲོག་བཞིན་སྲུངས།།
    ནམ་ཞིག་གངས་རིའི་ཡུལ་ནས་མཛོམས་པའི་ཆེད།།
    འཛམ་གླིང་ཤར་ནུབ་ཤེས་བྱ་སྣ་དགུ་སྤྱོངས།།
    དེ་དག་འཁུར་ནས་འུ་ཅག་བོད་དུ་འགྲོ།
    སྤུན་ཟླ་སྤུན་ཟླ་སྙིང་གི་བོད་པ་ཚོ།།
    གཅིག་གིས་གཅིག་ལ་འཁོན་སེམས་བྱེད་དོན་མེད།།
    གཅིག་གིས་གཅིག་ལ་ཚིག་ངན་འདྲེན་དོན་མེད།།
    ཤེས་དང་རིག་པ་གསལ་བའི་རིགས་མཐུན་ཚོ།།
    དངོས་ནས་རྩོད་རིགས་ལམ་དུ་ཞུགས་འདོད་ན།།
    གནས་ལུགས་རྒྱུ་མཚན་མ་དོར་སྲོག་ལྟར་བརྩིས།།

    སེམས་ནས་མ་བཟོད་པར་བྲིས་པ་ལས། སྤུན་ཟླ་སུ་ལ་ཡང་འགྲན་ཟ་བྱས་པ་གཏན་ནས་མིན་པ་དཀོན་མཆོག་དབུང་དུ་འཇོག་ཆོག

  26. རེ་བ་ says:
    2011-08-21 at 2:08 am

    རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གལ་ཏེ་བཅོས་སུ་ཡོད་ན་ནི།།དེ་ལ་མི་དགའ་ཅི་ཞིག་ཡོད།།གལ་ཏེ་བཅོས་སུ་མེད་ན་ནི།།དེ་ལ་མི་དགའ་བྱས་ཅི་ཕན།།

  27. འཇམ་བཀྲ says:
    2011-08-21 at 6:16 pm

    གོང་གི་རྩོམ་ཡིག་འདི་དབྱིན་བསྒྱུར་གྱིས་ཚགས་པར་གཞན་ཁག་ལ་གཏོང་གལ་ཆེ་བར་མཐོང་། ང་ཚོས་བོད་ཀྱི་སྤྱི་ཚོགས་ནང་གི་ཏའ་ལི་པན་ཤོག་ཁག་རྩ་མེད་བཟོ་རན་རེད། སློབ་ཕྲུག་གིས་སློབ་ཕྲུག་གསད་པ་དང་བཙན་གཡེམ་སོགས་ག་རེ་བྱུང་ཡང་། རྒྱལ་ཁབ་ཀྱི་ཁྲིམས་དང་གཏུན་མི་དགོས་པར་ཐག་གཅོད་བྱེད་ཐུབ་པས་སྤྱི་ཚོགས་འདི་ལ་གཤག་བཅོས་བྱས་མ་ཐུབ་ན་ང་ཚོར་རང་དབང་དང་ཐོབ་ཐང་རྩོད་རྒྱུ་ལྷག་ཡོད་ཚོད་མི་འདུག

  28. སྙིང་ནང་ནས says:
    2011-08-24 at 6:59 am

    བསྟན་འཛིན་སྒང་གི་གནས་ཚུལ་དེ་ཧ་ལས་པའི་ཐབས་སྐྱོ་བོ་ཅིག་རེད་འདུག་ མི་མ་དགོས་དུད་འགྲོ་ལ་ཡང་དེ་འདྲ་བྱེད་བཟོད་དམ། མི་དེ་ཚོ་ནི་འདྲེ་སྲིན་ཅིག་ཡིན་པ་འདྲ་། བསམ་ཡུལ་ལས་འདས་པའི་བྱ་བ་ངན་པ་ཅིག་རེད་འདུག་ བུད་མོ་དེ་ལ་སྒོར་དུང་ཕྱིར་གཅིག་གི་ཕྱག་པ་བྱས་ཀྱང་ཆུང་དྲག་པ་ལས་མི་འདུག་ མི་སུ་ཡིན་རོང་སྒོར་དུང་ཕྱིར་གཅིག་ལས་དབང་པོ་ཚང་བ་ཅིག་དགའ་གི་རེད། འགྲོ་བ་མི་ཡི་ཐོབ་ཐང་དགོས་ན་བོད་མི་ཚོ་ད་རན་འདུག སེམས་པ་ཧ་ཅིང་སྐྱོ་ནས་འབྲི་བ་ཡིན། ནུས་ལྡན་གྱི་བོད་མི་ཚོ་ལ་བྱམས་སྙིང་རྗེ་རེ་ཡོད་ན་བུ་མོ་རིག་འཛིན་ལ་རོག་རེམ་རེ་བྱེད་རོག མོས་ལུས་སེམས་ཀྱི་སྡུགས་བསྔལ་ལ་བསམ་ནས་སྙིང་རྗེ་རེ་གཟིགས། ང་ཚོ་ཚངས་མ་འདོད་ཁམས་པ་ཡིན་པས་ན་འདོད་པ་སུ་ལ་ཡང་ཡོད་པ་རེད། མི་སུ་ཡིན་རོང་ནོར་འཁྲུལ་རེ་བྱེད་སྲིད་པ་རེད།

  29. རེ་བ་ says:
    2011-08-26 at 11:00 pm

    དཔེར་ན་སྙིང་ནང་གིས་བྲིས་པའི་ཡི་གེ་བཞིན་ནོ་ཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme