Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཤད་འདོད་པའི་སྐད་ཆ་ཞིག

Posted on 2011-08-11 By ཁ་བརྡ་ 2 Comments on བཤད་འདོད་པའི་སྐད་ཆ་ཞིག

ཪུ་ཤུལ‚ཆོས་གྲུབ་ཀྱིས།

འཇམ་དབྱངས་སྐྱིད་ཀྱི་རྩོམ་ཡིག་༼སྐྱེས་མ་ རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་དང་དེ་ལས་འཕྲོས་པའི་གཏམ་ཐོར་ བུ།༽ཟེར་བ་མཐོང་རྗེས་ཀྱི་ཚིག་འགའ།

འཛམ་གླིང་གི་ས་ཆ་གང་ཞིག་ཡིན་ཀྱང་རྙོག་དྲ་མེད་པའི་སྤྱི་ཚོགས་ཤིག་ཡོད་མི་ སྲིད་ལ་རྙོག་དྲ་དེ་ཡང་ཕྱོགས་གཉིས་ལ་རག་ལས་པ་ཞིག་ལས་ཕྱོགས་གཅིག་ཁོ་ན་ལ་འགེལ་ མི་རུང་བ་ཚང་མས་མཁྱེན་གཤལ་རེད། སྤྱི་ཚོགས་ཀྱི་རྙོག་དྲ་དང་བུད་མེད་ཀྱི་ཐོབ་ཐང་སྐོར་གང་ཡིན་ཀྱང་ཕྱོགས་ལྷུང་ མེད་པར་ཞིབ་མོའི་བློ་ཡིས་རྟགས་ནས་ཐག་གཅོད་བྱེད་པ་ལས་རང་གི་ཞེ་འཁོན་གཙོ་བོ་ བཟུང་ནས་བཤད་ན་བསམ་པའི་དོན་ཐོག་ཏུ་འགྲོ་རྒྱུ་ཕར་ཞོག་འགལ་འདུའི་ངོ་བོ་ཇེ་ སྡུག་ཏུ་ཡང་མི་འགྲོ་བའི་ངེས་པ་མེད། ཉེ་ཆར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བཟའ་ཚང་བར་གྱི་རྙོག་དྲ་ཞིག་བྱུང་ སྟེ། མི་སྐོར་ཞིག་གིས་བུ་མོ་རིག་འཛིན་ཟེར་བ་ཞིག་གི་སྐྲ་བྲེགས་ཤིང་སྣ་བཅད་དེ། མི་ཚོགས་འདུ་འཛོམས་བྱེད་སའི་ཁྲོམ་གཞུང་ལ་སྐོར་སྐྱོད་བྱས་ཡོད་འདུག་པ་ངོ་མ་ བློ་ཕམ་སྐྱེ་དགོས་པ་ཞིག་རེད། དེ་དང་འབྲེལ་བ་ར་རྫ་འཇམ་དབྱངས་སྐྱིད་ཀྱི་ཟིན་བྲིས་སུ་༼སྐྱེས་མ་རིག་འཛིན་ གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་དང་དེ་ལས་འཕྲོས་པའི་གཏམ་ཐོར་བུ།༽ ཟེར་བའི་རྩོམ་ཡིག་ཤིག་སྤེལ་འདུག་པ་དེ་ཞིབ་མོ་ཞིག་བཀླགས་སྐབས་ངའི་བསམ་བློའི་གོ་རྟོགས་དང་མིག་གི་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་ནམ་གང་ལྟར་ཕྱོགས་རིས་བའི་བསམ་བློ་ཤུགས་ཆེ་བ་ཞིག་ལས་དྲང་བདེན་གྱི་སྐད་ཆ་ཞིག་མཐོང་མ་སོང་།
ཁོ་མོས། “ཤེས་རིག་མ་དར་གོང་གི་གདོད་མའི་སྤྱི་ཚོགས་དུས་སུ། བུད་མེད་ཀྱིས་ལོག་གཡེམ་བྱས་པ་ཡིན་ན། སྲོག་གཅོད་པ་དང་སྐྲ་ལོ་འབྲེག་པ། སྣ་དང་རྣ་བ་གཅོད་པ་སོགས་ཀྱི་སྲོལ་ཡོད་པ་རེད། ཕྱི་གླིང་གི་རྒྱལ་ཁབ་ཁ་ཤས་སུ་བུ་མོ་ཞིག་གིས་འགྲོགས་བཟང་བཙལ་བ་ཡིན་ན། ཁྱོ་ག་དང་རང་གི་ཕ་དང་ཕུ་ནུ་གང་རུང་གིས་བུ་མོ་དེ་བསད་ཀྱང་ཁྲིམས་མཐུན་ཡིན་པ་རེད། གཞན། དབྱིན་ཇི་རུ་ཁྱོ་ག་དམག་ལ་འགྲོ་སྐབས་ཁྱོ་མོའི་མོ་མཚན་ལ་ལྕགས་ཟྭ་རྒྱག་པའི་ སྲོལ་ཞིག་ཀྱང་དར་མྱོང་ཡོད་རེད། དེ་ནི་དམུ་རྒོད་སྤྱི་ཚོགས་གང་གི་མཚོན་རྟགས་རེད་ལ། མིའི་རིགས་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ནག་པོ་ཞིག་ཅི་ལ་མིན།”ཟེར། སྤྱི་ཚོགས་གང་ཞིག་ཡིན་ཀྱང་སྐྱོན་དང་ཞན་ཆ་ཡོད་པ་སྨྲ་མ་དགོས། སྐྱོན་དང་ཞན་ཆ་དག་གིས་གླེང་གཞི་འམ་རྐྱེན་བྱས། དེ་ལ་གླེང་སློང་དང་སྦྱང་བཤད་བྱས་ནས་རིམ་གྱིས་ཁྲིམས་དང་འགྲིག་འཛུགས་ཡོད་པའི་དེང་རབ་སྤྱི་ཚོགས་ཤིག་སྐྲུན་དགོས་ལས་འགྲོ་བ་མིའི་སྤྱི་ཚོགས་འདི་དང་པོ་ཉིད་ནས་ངན་པའི་ཆ་ཐམས་ཅད་དང་བྲལ་བ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཡིན་དགོས་ཟེར་ན་ཧ་ཅང་གི་བཤད་དཀའ།
ཡང་ཁོ་མོས། “སྤྱི་ཟླ7པའི་ཚེས 16 ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། མོ་ལོ30 ཅན་གྱི་སྐྱེས་མ་རིག་འཛིན། སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་ མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་ དུ་བཙན་ཁྲིད་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་དོན་དེས། ང་རང་ཧ་ལས་ཧང་སང་ཧོན་ཐོར་སོང་། དེ་ནི་ཏག་ཏག་ཀླ་ཀློའི་སྤྱོད་པ་རེད། ཁ་ནས་དམངས་གཙོ་འདྲ་མཉམ་བར་མེད་དུ་སྒྲོག་པའི་སྤྱི་ཚོགས་ཤིག་ཏུ་དེ་འདྲའི་ཡ་ བྲལ་དུ་སོང་བའི་སྦྱོར་བ་རྩོམ་པ་མཐོང་སྐབས། ཡིད་ནི་རབ་ཏུ་སྐྱོ་ཞིང་སེམས་པ་འཁྱག་གིས་བསྡམས་སོང་།”ཟེར། བདེན་པ་རེད་མི་སུ་ཞིག་གིས་མ་རུང་བའི་དོན་འདི་འདྲ་ཞིག་ཐོག་མར་ཐོས་དུས་སེམས་ལ་མ་སྐྱིད་པ་ཞིག་ཡོང་རྒྱུ་ནི་ངེས་ཅན་རེད། འོན་ཀྱང་ད་ཐེངས་ཀྱི་གནོད་རྐྱེན་ཐེབས་ས་བུད་མེད་ཤིག་མ་ཡིན་པར་སྐྱེས་བ་ཞིག་ཡིན་ཚེ་ཁྱེད་ཀྱིས་རྩོམ་ཡིག་འདི་འབྲི་རྒྱུ་ཨེ་རེད་ངས་བལྟས་ན་འབྲི་མི་སྲིད། རྒྱུ་མཚན་ནམ་རྒྱུན་ཁྱེད་ཀྱི་རྩོམ་ཡིག་དག་གི་ཁ་ཕྱོགས་ལ་བལྟས་ཏེ་བཤད་པ་ཙམ་ཡིན། ཁྱེད་ཀྱིས་བུད་མེད་དང་འབྲེལ་བའི་ཞན་ཆ་ཆུང་ཆུང་ཞིག་མཐོང་ཚེ་ཆེན་པོ་བཟོས་ཏེ་འུར་སྒྲོགས་བྱེད་པ་ཁྱེད་ཀྱི་རང་གཤིས་སུ་གྲུབ་འདུག་པ་སྣང་། སྤྱི་ཚོགས་དཔྱད་བརྗོད་པ་ངོ་མ་ཞིག་དང་སྤྱི་ཚོགས་ལ་སེམས་ཁུར་ཡོད་པའི་རྩོམ་པ་པོ་ནར་མ་ཞིག་ཡིན་ཕྱིནསྤྱི་ཚོགས་རུལ་སུང་གི་ཕྱོགས་གང་ལའང་ཐུགས་བསམ་བཞེས་ཏེ་རྩོམ་ཡིག་སྤེལ་ན་དགེ་མཚན་ཧ་ཅང་ཆེ། དེ་མིན་བསམ་བློ་ཕྱོགས་རིས་བའི་དབང་གིས་རྩོམ་ཡིག་ཅི་ཙམ་སྤེལ་ཀྱང་དེ་འདྲའི་རིན་ཐང་ཡོད་པར་མ་ཤེས།
ཡང་ཁོ་མོས། “སྤྱིར་ཕོ་མོ་ལྐོག་འབྲེལ་བྱས་པ་ལ། ཀུན་སྤྱོད་ཀྱི་རྣམ་གཞག་གིས་བཤུང་ན་འགྲིག་པ་མ་གཏོགས། དབང་པོ་རྣམ་ལྔ་ཚང་བའི་བདེ་ཐང་གི་མི་ཞིག་དབང་པོ་སྐྱོན་ཅན་དུ་བཏང་བ་ནི་ཁྲིམས་འགལ་གྱིས་མིའི་ལུས་ལ་གནོད་འཚེ་བཟོས་པ་རེད་ལ། གྱོན་ཆས་བཙན་བཤུ་བྱས་ནས་དམར་ཧྲེང་དུ་ཁྲོམ་ལ་ཁྲིད་པ་ནི་ཁྲིམས་འགལ་གྱིས་མིའི་སེམས་ལ་གནོད་འཚེ་བཏང་བ་ཤ་སྟག་ཡིན་པས། བྱེད་གཏེ་བདུན་པོ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོགས་ གཞིའི་ཉེས་ཅན་རྩོད་མེད་ཡིན་པ་རེད། གནས་ལུགས་དེ་ལྟར་ཡིན་པས་ན། ཐོག་མར་མིའི་ཐོབ་ཐང་ལ་ཁྲིམས་འགལ་གྱིས་རྡོག་རོལ་གཏོང་མཁན་དེ་ཚོ་ཁྲིམས་གཏུགས་ ཀྱིས་ཁོ་ཚོས་སྐྱེས་མ་རིག་འཛིན་གྱི་ལུས་སེམས་ལ་བཟོས་པའི་སྡུག་བསྔལ་ལ་ཁྲིམས་ གཅོད་གུན་གསབ་བྱེད་དུ་བཅུག་པའི་རྗེས་ཐོགས་སུ། ད་གཟོད་རིག་འཛིན་དང་སྐྱེས་པ་དེའི་བར་བྱུང་བའི་ཚུལ་མིན་ལོག་གཡེམ་གྱི་དོན་དག་ དེ་རྩད་གཅོད་ཞིབ་གསལ་དང་ཐག་གཅོད་དྲང་སྙོམས་བྱས་ན་འགྲིག་པ་རེད།
དེ་ལྟ་མ་ཡིན་པར་དོགས་གཞི་ཉེས་ཅན་བདུན་པོ་རྒྱ་ཡན་དུ་བསྐྱུར་པ་ཡིན་ན་ནི། བོད་མིའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཟེར་བ་སྐྱག་རྫུན་དུ་འགྲོ་ཉེན་ཆེ་བར་མ་ཟད། སྐྱེས་པ་དང་བུད་མེད་སུ་གང་གི་ཐོབ་ཐང་ལའང་འགན་སྲུང་མེད་པ་ཆགས་ངེས་པས། ངེད་ཅག་ཕོ་མོ་རིས་མེད་ཀྱིས་དོན་འདིར་དོ་ཁུར་དང་འབྲེལ་ཡོད་ལས་སྣེར་གནོན་ཤུགས་སྤྲོད་དགོས་གལ་ཤིན་ཏུ་ཆེ་བ་རེད། བརྒྱ་ལ་དོན་དག་དེ་འགྲོ་མིའི་ཐོབ་ཐང་གཞི་རྩར་བཞག་ནས་ཐག་གཅོད་དྲང་སྙོམས་ཤིག་མ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་སུ་མང་གཙོ་དང་འདྲ་མཉམ། དྲང་བདེན་ཡོང་བར་གེགས་སུ་འགྲོ་བའི་དོན་རྐྱེན་དེ་རིགས་ཆུ་ངན་ལམ་ཞུགས་ཀྱིས་མང་ནས་མང་དུ་འགྲོ་རྒྱུ་རེད།”ཟེར། ཁྱེད་ཀྱི་བཤད་ཚུལ་ལྟར་ན་གནོད་ཚེ་ཐེབས་ཡུལ་ཀྱི་བུད་མེད་ལ་དོ་སྣང་ཙམ་ཡང་མ་བྱས་མ་ཚད་བྱ་ངན་བྱེད་མཁན་གྱི་གཏེ་བོ་དེ་དག་ཡང་ངན་པ་རྒྱ་ཡན་དུ་བཏང་བ་ཡོད་ ཚོད་ལྟ་བུའི་སྐད་ཆ་ཤུགས་ལ་མངོན་འདུག ངོ་མ་ཁྱེད་ཀྱིས་དེའི་སྐོར་ཟུར་ཙམ་ལས་མ་ཐོས་བ་ཡིན་ནམ། ཡང་ན་ཐོས་ཀྱང་མ་བཤད་པ་ཡིན། མ་ཐོས་ན་གནམ་མཁའ་སྟོང་བའི་དབྱིངས་སུ་འུར་སྒྲོགས་ཙམ་ལས་ཅི་ཡང་མི་འདུག་ན། བྱུང་རྒྱལ་གྱི་སྐད་ཆ་ཕྱིན་ཆད་མ་བཤད་ན་བཟང་། གཏམ་དཔེར། སྐད་ཆ་སོམ་ལ་ཤོད། ཟེར་བ་གོ་ལོས་ཡོད། ཐོས་ཀྱང་མ་བཤད་པ་ཡིན་ན་ཁྱེད་ཀྱི་ཕྱོགས་རིས་བའི་སྐད་ཆ་ལ་སུས་ཀྱང་བདེན་ཁ་གཏེར་མི་སྲིད། དོན་དེར་སྒྲིག་འཛུགས་གཞུང་གིས་རྒྱུས་ལོན་ཞིབ་མོ་སྒོས་བྱ་ངན་བྱེད་མཁན་གྱི་གཏེ་བོ་དེ་དག་ལ་ཧིན་སྒོར་༤༠༠༠༠༠ ཉེས་ཆད་བཅད་ཡོད་པ་དང་བྱེད་གཏེ་དེ་དག་གི་ནང་དུ་རང་བདེན་ཚོགས་ཆུང་གི་ལས་བྱེད་ཅིག་ཡོད་དེ་ཡང་ཉིས་སྟོང་བཅུ་གསུམ་གྱི་ལོ་འཇུག་བར་གཞུང་གི་ལས་དཀའ་བྱེད་མི་ཆོག་པར་བྱས་འདུག བཟའ་ཟླ་ཡོད་བཞིན་དུ་ཚུལ་མིན་མཛའ་གྲོགས་སྒྲིག་མཁན་སྐྱེས་པ་དེར་ཧིན་སྒོར་ ༢༠༠༠༠ བཅས་ཀྱི་ཉེས་ཆད་བཅད་ཡོད་པ་དུས་བབ་དྲ་ཚིགས་སུ་གསལ། གནོད་པ་ཐེབས་ཡུལ་ཀྱི་བུད་མེད་དང་ཕྱོགས་གཉིས་ཀར་ཁྲིམས་ཐོག་ལ་འགྲོ་རྒྱུའི་མོས་མཐུན་རྐྱེན་ཕྱོགས་གསུམ་པ་ཞིག་གིས་ཁྲིམས་ལ་གཏུགས་སྲོལ་མེད་པར་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ལ་སྒུག་ཡོད་འདུག
མདོར་ན་གནས་ཚུལ་དེ་ནི་ཤིན་ཏུ་ནས་ཀྱང་ཤིན་ཏུ་ཚབ་ཆེན་རེད། ང་ལ་ཡང་ཧ་ཅང་གི་བློ་ཕམ་ཡོད། ཚང་མས་བསམ་གཞིགས་ཀྱིས་ཕྱོགས་ལྷུང་མེད་པའི་བསམ་ཚུལ་རེ་བཏོན་ན་ལས་ཕྱོགས་ལྷུང་དང་འུར་སྒྲོགས་བྱས་ན་ཕན་པ་ལས་གནོད་ཆེ། ང་ལ་མཚོན་ན་རང་ངོ་ཤེས་ཙམ་མ་གཏོགས་བོད་ཀྱི་གདོད་མའི་སྲོལ་རྒྱུན་དང་དེང་དུས་ཁྲིམས་སྒྲིགས་གཞི་གང་འདྲ་ཡིན་མིན་ལ་ཧ་ཅང་རྨོངས། ལྷག་པར་དུ་རང་གི་དངོས་མྱོང་​མ་ཡིན་པ་དང་གནས་ཚུལ་གང་བྱུང་བའི་ཁྲོད་བྱུང་རྐྱེན་གྱི་བརྒྱུད་རིམ་ལ་རྒྱུས་མངའ་མེད་​ན་ལེགས་ཉེས་དང་འཐད་མི་འཐད་ཀྱི་སྐད་ཆ་དེ་བས་ཀྱང་བཤད་མི་ཤེས་སོ། གང་ལྟར་ད་ལན་སྐྱེས་མ་རིག་འཛིན་དང་འབྲེལ་བའི་གནས་ཚུལ་ལ་ཞིབ་མོས་བློ་ཡིས་རྟགས་ཏེ་ཐག་གཅོད་ཡག་པོ་ཡོང་བའི་རེ་བ་རྒྱག་གི་ཡོད། འཇམ་དབྱངས་སྐྱིད་ཀྱིས་ཀྱང་བུད་མེད་ཁོ་ན་ལས་ཕྱོགས་གཞན་ལ་བསམ་བློ་བཏང་མི་འདུག གཞན་བྱས་ཉེས་ངན་པ་བྱེད་མི་དག་ལ་ཉེས་ཆད་བཅད་པ་དང་གཞུང་གིས་རྩལ་གཅོད་བྱེད་བཞིན་པ་དག་ཟུར་ཙམ་ཡང་གླེང་མི་འདུག དེ་ཡང་དྲང་མོ་མ་རེད་བསམ་གི ཕྱིར་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་ཤིན་ཏུ་གལ་ཆེ། འོན་ཀྱང་བཤད་རྒྱུ་མང་ན་སྤྱི​་ཚོགས་ཆ་མཐུན་དང་བོད་མའི་མཐུན་སྒྲིལ་ལའང་གནོད། དེང་གི་སྐབས་འདིར་ང་ཚོ་ལ་མཐུན་སྒྲིལ་དང་ཆིག་སྒྲིལ་ནི་ཤིན་ཏུ་མཁོ། འཇུག་མཐར་ཨ་ཅེ་འཇམ་དབྱངས་སྐྱིད་ལ་ཞུ་རྒྱུར་ངས་མ་ཤེས་བ་རྨོངས་པའི་དབང་གིས་ཉིད་ཀྱི་ཐུགས་ལ་གནོད་པའི་ཚིག་འགའ་རེ་ཤོར་ཡོད་ན་སེམས་བསམ་པའི་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན།།
དོན་དེའི་བྱུང་རིམ་གྱི་གནས་ཚུལ་དུས་བབ་དྲ་ཚིགས་སུ་བཀོད་ཡོད་པའི་དེར་གཟིགས་རོགས།

སྣ་ཚོགས།

Post navigation

Previous Post: དེ་རིང་ངའི་གྲོགས་མོའི་ཆང་ས་རེད།
Next Post: བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་ཅིག་དམར་ཧྲང་ལ་ཁྲིད་དེ་ཁྲོམ་སྐོར་བྱས་འདུག

Comments (2) on “བཤད་འདོད་པའི་སྐད་ཆ་ཞིག”

  1. རྨ་ཆུ་སྐལ་བཟང་། says:
    2011-08-11 at 10:01 pm

    འ་རོ་ཁྱོད་བུད་མེད་ཚོའི་ཐོག་ལ་དེ་འདྲ་ཞིག་གནག་དགོས་བ་ག་རེ་ཡིན།

  2. འཚུབ་དགའ་ says:
    2011-08-12 at 8:14 am

    ཧ་ཧ་སོ་སྐྱེ་རང་བློ་ཕམ་དུས་ཅི་དྲན་དང་ཅི་ལབ་མེད་དེ་དངོས་ནས་ཨ་ཅེ་འཇམ་དབྱངས་སྐྱིད་
    ཡང་དེའི་འཐད་ལ་ཐལ་དྲགས་པའི་ཚིག་རྩུབ་ཤོར་བ་ལ་ཁག་མེད་སྙམ། སྤྱིར་བོད་ཆོས་ལྡན་ཞིང་གི་ཆོས་སྲིད་གཉིས་ཀྱི་འགྲོ་སྟངས་དང་བསླབ་བྱ། དགོས་རྒྱ་གར་རང་དབང་
    ལུང་པ་འདིའི་དུས་རྒྱུན་ཡུལ་མི་ཚོའི་སྤྱོད་ཚུལ་ལ་ལྟོས་ཏེ་བྱ་བ་དེ་ལྟར་བརྩམས་ནུས་པ་ནི་ཧ་ཀྱང་བློ་
    ཡུལ་ལས་འདས་པ་ཤིག་རེད་སྙམ། འདིར་སྤྱི་བཤད་ཙམ་ལས་སྐབས་བབས་ཀྱི་རྩོམ་པོ་ལ་མ་རངས
    པའི་རྣམ་པ་སོགས་གང་ཡང་མིན་པས་ངེས་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme