Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་དེབ་ཇི་ལྟར་འབྲི་བའི་རིམ་པ།

Posted on 2011-08-10 By ཁ་བརྡ་ 14 Comments on ཉིན་དེབ་ཇི་ལྟར་འབྲི་བའི་རིམ་པ།

པ་སངས་ཚེ་རིང་།
ཉིན་དེབ་འབྲི་བ་ནི་སློབ་ཕྲུག་གི་འབྲི་རྩལ་ཡར་རྒྱས་གཏོང་ཆེད་གཅིག་པུ་མིིན་པར་རང་གི་ཉིན་རེའི་དགའ་སྐྱོའི་སྣང་བ་བཅོལ་སའི་གསང་བའི་པོད་ཁུག་ཅིག་ཀྱང་ཡིན། སེམས་ཁམས་རིག་པ་དང་། གསོ་དཔྱད་པ་གྲགས་ཅན་དང་། ཤེས་ལྡན་མི་སྣས་ཉིན་ཐོ་བྲིས་པ་ནི་བརྗེད་ཐོ་ཙམ་མིན་པར། རང་གི་ཉིན་རེའི་འཚོ་བའི་ནང་དུ་ཕན་ཚུན་འཁོན་འཛིན་སོགས་ཀྱི་སེམས་ངལ་རྣམས་ཡང་དུ་གཏོང་པའི་སྨན་མཆོག་ཅིག་ལའང་བརྩིས་དང་རྩི་བཞིན་ཡིན།
• དེང་དུས་ཀྱི་ན་གཞོན་དང་དེང་རབས་ཀྱི་དུས་ནི་ཉིན་རེ་ནས་ཉིར་རེར་འཁྲུག་ཆ་དོད་པོར་སོང་། ན་ཚོད་ཧ་ཅང་ཆུང་ཆུང་ནས་ཉིན་དེབ་འབྲི་སྟངས་སློབ་པ་ནི། མ་འོངས་མི་ཚེའི་ནང་དགའ་དུས་ཀྱི་དགའ་སེམས་དང་། སྐྱོ་དུས་ཀྱི་སྡུག་བསྔལ་ཐམས་ཅད་རང་ཐོག་ནས་འཁུར་དུ་བཟོད་པའི་གོམས་གཤིས་བཟང་པོ་ཞིག་ཀྱང་བསླབས་ཐུབ་པ་རེད།
• ཉིན་དེབ་ནི་གསང་དེབ་ཅིག་ཀྱང་ཡིན་སྟབས་བདག་གཅེས་རྒྱག་སྟངས་དེ་ཡང་སྒེར་དང་སྤྱི་བཅས་ཀྱི་བསམ་བློ་འཛིན་སྟངས་ཀྱི་སློབ་གསོ་གཏོང་དགོས།
ཉིན་དེབ་འབྲི་ཐབས་བཤད་པ།
© ཉིན་དེབ་འབྲི་བའི་ཆ་རྐྱེན་རྣམས་འཚོལ་བསྒྲུབ་དགོས།
© ཁྱེད་ཀྱི་ཉིན་དེབ་ནང་དང་པོ་ལོ་ཟླ་ཚེས་ངེས་པར་འགོད་གལ།
© འབྲི་གཞིའི་གནས་དོན་དང་འབྲེལ་བའི་འགོ་བརྗོད་རེ་ཡོད་ན་ལེགས།
© མི་ཚང་མར་གནས་ཚུལ་བཟང་ཞན་ཅི་རིགས་ཤིག་ཡོང་ངེས་སྟབས། ཉིན་དེབ་འབྲི་སྐབས་གལ་གནད་ཆེ་ཤོས་ནི། ཁྱེད་ཀྱི་ཉིན་རེའི་ཚོར་བའི་གནས་ཚུལ་དམིགས་བསལ་རྣམས་གུ་ཡངས་དང་དྲང་པོ་དྲང་ཤག་ཏུ་འབྲི་བར་སྙིང་རྩ་ཆུང་ངུ་འགྲོ་མི་ཉན།
© དང་པོ་འབྲི་སྐབས་དག་ཆ་དང་མིང་ཚིག་བདེ་ལོད་སོགས་ཀྱི་སེམས་ཁྲལ་མི་འཁྱེར་བར་གནས་དོན་ངོ་མ་ཇི་ལྟར་དབབ་པར་བསམ་བློ་གཏང་གལ།
© གནས་ཚུལ་ངོ་མ་བྲིས་ཚར་རྗེས་དག་ཆ་དང་གོ་རིམ་འགྲིག་ལོད་སོགས་ལ་བལྟས་བས་ཆོག
© དགོང་མོ་མ་ཉལ་གོང་གི་དུས་ནི་ཉིན་དེའི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་རྣམས་མ་བརྗེད་གསལ་པོར་ཡོད་པས་ཉིན་དེབ་འབྲི་བའི་དུས་ཚོད་བཟང་ཤོས་དེ་ཡིན་པས་དམ་འཛིན་བྱ་གལ།
© ཉིན་ལྟར་འབྲི་དགོས་པ་ནི་གལ་ཆེན་ནང་གི་གལ་ཆེ་ཤོས་དེ་ཡིན། དེ་ལྟར་མ་བྱུང་ནའང་བདུན་གཅིག་གི་ཉིན་མཐའི་དུས་ཚོད་ངེས་ཅན་ཞིག་ལ་ངེས་པར་འབྲི་གལ།
© གལ་ཏེ་ཁྱེད་ཀྱི་ཉིན་དེབ་དེ་བཞིན་སྤྱི་ཚོགས་རང་བཞིན་ཅན་ཞིག་ཡིན་ན། མིག་ལམ་དུ་བཟང་ངན་གྱི་དབྱེ་མཚམས་ངེས་པར་དགོས་པ་ཡིན།
© རང་གི་ཉིན་རེའི་གནས་ཚུལ་དྲ་རྒྱར་བསྒྲགས་པ་དང་། གཞན་གྱིས་ཚོར་བ་དམིགས་བསལ་དུ་བྲིས་པའི་ སེམས་འཕྲིན་སོགས་ལ་ཡ་ལེན་འདྲ་བྱས་ཏེ། དྲ་རྒྱའི་འཇིག་རྟེན་དང་འབྲེེལ་ལམ་མ་ཆད་པ་དགོས་པ་དེ་ཡང་ཉིན་ཐོ་པར་ཧ་ཅང་གནད་ཀྱི་གནད་ཅིག་ཡིན།།

ཉིན་དེབ་ཀྱི་དཔེ་མཚོན་ཞིག
ཁ་པར་གྱི་ཡི་གེ། ༢༠༡༡་༦་༩
དེ་རིང་སྔ་དྲོ་ཞོགས་ཟས་སྤྱོད་སྐབས་བདག་གི་སྙིང་གྲོགས་མཛའ་མོས་ཁ་པར་བརྒྱུད་ཡིག་ཆུང་ཞིག་འབྱོར་ནས་འདུག བསྔོགས་ཏེ་བལྟས་ཚེ། ཁོ་མོའི་མ་ཡུམ་ཐག་རིང་འབྲོག་སའི་གཞིས་ཆགས་ཤིག་ཏུ་ཡོད་པ་ལུས་ཁམས་མི་བདེ་བར་གྱུར་ནས་ལ་དྭགས་གླེ་སྨན་ཁང་ཆེན་པོར་སྨན་བཅོས་བྱེད་ཀྱིན་ཡིན་པའི་གནས་ཚུལ་བྲིས་ནས་འདུག དེ་འཕྲལ་བདག་གི་སེམས་པ་འཚབ་འཚུབ་ཏུ་གྱུར་ཏེ་ནང་མི་དང་མཛའ་མོར་ཁ་པར་བཏང་ནས་སེམས་གསོ་བྱས་པ་ཡིན། སྙིང་གྲོགས་ཁོང་ནི་ཧ་ཅང་སེམས་པ་ཆུང་ཞིང་གནས་ཚུལ་དཀྱུས་མ་ཞིག་ལའང་སེམས་ཁྲལ་འཕར་མ་བྱས་མཁན་ཞིག་ཡིན་སྟབས། དེ་རེས་ཀྱི་གནས་ཚུལ་འདི་ནི་ཁོ་མོས་མི་འཁྱོག་པའི་གནས་ཚུལ་ཞིག་ཅིས་ཀྱང་ཡིན་པ་རེེད། སེམས་པའི་གཏིང་ནས་སེམས་གསོ་བྱས་པ་ཡིན་ལ་ཉན་འཇོགས་ཀྱང་བྱས་པའི་གནས་སྐབས་དེས་ང་ལ་ངལ་གསོ་ཆེན་པོ་ཞིག་ཀྱང་སྟེར་སོང་།

དེ་ནི་གནས་ཚུལ་གཞན་པ་གང་ཡང་མིན་ཏེ། གཅིག་ནས་རང་གི་མ་རྒན་ཕྲན་བུ་ནད་པར་གྱུར་ནས་ཡོད་པ། གཉིས་ནས་ཡིིད་གཅུགས་ཀྱི་མཛའ་བོ་ང་ཡང་། ཁོང་དང་སྤྱེ་ལེ་ཉིས་བརྒྱའི་ཐག་རིང་ན་འདུག་ནས་ཡོད་པས། མོ་ཡི་སེམས་ཁོང་ན་སེམས་ཁྲལ་གྱི་མཚོ་མོ་འཁྱོམ་བཞིན་ཡོད་ཐག་ཆོད་ཀྱང་། ཕྱི་རུ་སེམས་འཚེར་མེད་པའི་རྣམ་པ་བསྟན་པ་ནི། ང་ལ་བརྩེ་སེམས་སྙིང་ནས་ཡོད་པའི་རང་རྟགས་རང་ལས་གཞན་ཞིག་མི་སྲིད་པ་ཁོ་ན་རེད།
དེས་ན། ང་དང་སྙིང་སྡུག་གཉིས་ཀྱི་འདས་ཟིན་གྱི་མི་ཚེའི་ལམ་ཕྲེང་ཀྱག་ཀྱོག་ན་སྙན་པ་མང་ཞིང་། མི་སྙན་དཀོན་པའི་གཏམ་རྒྱུད་སྣ་ཚོགས་ཤིག་ཡོད་ཀྱང་། མི་ཚེའི་སྐྱིད་སྡུག་དང་མཛའ་བརྩེའི་དུང་བ་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་སྐྱོར་རེས་ཀྱིས་མི་ཚེ་བཟང་མཐར་བསྐྱལ་དང་སྐྱེལ་བཞིན་འདི་ལ་དགའ་བ་ཞེ་གཏིང་ནས་ཡོད་པ་ལགས།
དྲིན་ཅན་མ་ཡུམ་གྱི་བསྙུན་གཞི་ད་ལྟ་དེ་ཙམ་གྱི་དྲག་རྒྱས་མི་འདུག་ཟེར་ཡང་། ཉིན་རེ་ནས་ཉིན་རེར་བཟང་ནས་བཟང་དུ་འགྲོ་བའི་ཡིད་ཆེས་ཆ་ཚང་ཡོད་པས་སྙིང་སྡུག་བསོད་ནམས་ལགས། ཐུགས་སེམས་རྩ་ནས་སྐྱོ་བ་མ་གནང་རོགས་བདག་གི་གཏན་གྲོགས་བཟང་མོ་ལགས།།

སྣ་ཚོགས།

Post navigation

Previous Post: བདག་དང་གཡག་གི་སྙན་ངག
Next Post: ཁྱོད་བུད་ཐལ།

Comments (14) on “ཉིན་དེབ་ཇི་ལྟར་འབྲི་བའི་རིམ་པ།”

  1. ཇ་མ་ says:
    2011-08-10 at 2:30 pm

    ཉོག་གཏམ་ལུང་པ་གང་། རང་ཉིད་ཀྱི་ཉིན་རེད་ལས་ཀ་གང་བྱས་པ་རྣམས་སེམས་ལ་ཉར་བའམ་ཡི་གེར་བཀོད་ན་དེ་རེད། དེར་གཉུང་ལུགས་གང་ཡང་མེད།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-10 at 5:40 pm

    པ་སངས་ཚེ་རིང་མཆོག་གིས་བྲིས་པ་བཞིན། ཉིན་དེབ་འབྲི་དགོས་པ་གལ་ཆེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས་ཀྱིས་རྒྱུན་ཏུ་ཉིན་དེབ་འབྲི་བར་མཛད་པ་དང་། གཞན་དག་ལ་ཡང་འབྲི་དགོས་པར་གསུངས། སྐུ་བགྲེས་ནས་འབྲི་མི་ཐུབ་པ་ན་གཞན་དག་ལ་རང་གི་ཉིན་མོ་ཅི་མཛད་འབྲི་བཅུག་པར་མཛད། མཐར་སྐུ་གཤེགས་ཀར་འབྲི་བ་པོས་ནམ་རྒྱུན་བཞིན་དུ། འབྲི་བར་བཅར་བ་ན། ད་ཡིན་ན། ཚིག་གཅིག་ཀྱང་ཁ་ནས་འཐོན་པ་མི་འདུག་གསུངས། ནན་ཏན་གྱིས་གསུང་གྲོགས་ཞུས་པ་ན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་། རང་གི་མཚན་སྤེལ་ཏེ། ཚིགས་བཅད་ཤིན་ཏུ་སྙན་པ་ཞིག་གསུངས་འདུག་པ་དྲན། འདི་ལྟར་གསུངས་པའི་རྒྱུ་མཚན་གྱིས་བདག་རང་གིས་བརྗོད་ཚིག་འགའ་རེ་ཉིན་ལྟར་འབྲི་བ་ལ་འབད།
    སི་ཏུ་པཎ་ཆེན་ཞབས་ཀྱིས་ཀྱང་ཉིན་དེབ་བྲིས་པའི་གླེགས་བམ་བདག་རང་གི་ཤག་ཏུ་བཞུགས། མཚན་བྱང་དུ། ཏའི་སིཏུར་འབོད་པ་ཀ་རྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་། ཞེས་བཀོད། ཨ་རི་པ་སྐུ་གཤེགས། གེ་ནེ་ སྨིཐ་ འཇམ་དབྱངས་རྣམ་རྒྱལ་མཆོག་གིས་ཉིན་དེབ་དེ་ལ་བསྔགས་བརྗོད་བྲིས། སྤྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༣༠ ལ་ལ་དྭགས་མཁས་དབང་བཀྲ་ཤིས་རབ་རྒྱབ་མཆོག་གིས་ཨིན་ཡུལ་པ་ཉིན་དེབ་འབྲི་མཁན་ཞིག་གི་ཉིན་དེབ་འབྲི་སྟངས་དང་། སི་ཏུ་པཎ་ཆེན་གྱི་ཉིན་དེབ་འབྲི་སྟངས་ཤིན་ཏུ་འདྲ་བ། གཉིས་ཀ་དུས་མཉམ་དུ་བྱུང་བ་ངོ་མཚར་ཅན་འདུག་ཅེས་གསུངས་པ་དེ་ཉིན་དེབ་བྲིས་པའི་འབྲས་བུར་ད་ལྟ་བཤད་ཐུབ་པའོ།།

  3. འཚུབ་དགའ says:
    2011-08-10 at 7:19 pm

    ཨོ་ཉིན་དེབ་ཅེས་པ་དེ་འབྲི་ཐང་མ་ཤེས་ནས་ལོ་མང་ཕྱིན་སོང་ད་བྱས་དུས་དེ་འདྲ་ཡིན་པ་རེད་
    པ་སངས་ཚེ་རིང་ལགས་ཀྱི་བློ་སྐྱེད་སྤྲད་སོང་ཡག་པོ་འདུག

  4. མེ་ལོང་། says:
    2011-08-10 at 7:28 pm

    ཀ་ཁ་ག་ང་།

  5. གཞོན་ནུ་ཟླ་མེད། says:
    2011-08-10 at 8:03 pm

    པ་སངས་ཚེ་རིང་གིས་ཉིན་དེབ་འབྲི་སྟངས་དང་ཉིན་དེབ་དཔེར་བརྗོད་གཉིས་ཀ རང་གི་སྦྱོང་བརྡར་ཙམ་ལས། སློབ་གྲྭ་འདྲ་ཞིག་ལ་ཁྲིད་དགོས་ཚེ། རྩ་ནས་འདང་གི་མི་འདུག དང་པོ་ཉིན་དེབ་ཞེས་པའི་མིང་འགོད་སྟངས་ཡག་པོ་མི་འདུག འདི་ལ་མང་པོ་ཞིག་གིས་ཉིན་ཐོ་ཞེས་འབྲི་བཞིན་པ་ཡག་པོ་འདུག ཉིན་རེའི་སྐད་ཆ་ལ་ཐོ་ཙམ་འགོད་པ་ལས། དེབ་ལོང་པ་དེ་འདྲ་མེད་ཀྱང་སྲིད། དེས་ན་ཉིན་དེབ་ལས་ཉིན་ཐོ་ཡག དེ་ནས་སྒྲིག་གཞི་སྐོར་ཞིག་གྲངས་ཀ་བརྒྱབ་འདུག་མོད། དེ་ནི་གང་དྲན་དྲན་ཞིག་རེད། དེ་ནས་དཔེར་བརྗོད་ལ་མཚོན་ན་གནས་ཚུལ་ཉུང་ལ་བསམ་ཚུལ་མང་པོ་འདུག དེ་ནི་ཉིན་ཐོའི་འབྲི་བའི་ཐབས་འུ་ཐུག་དེ་རེད། ཉིན་ཐོ་ནི་གནས་ཚུལ་མང་ལ་བསམ་ཚུལ་གང་ཉུང་ཕྱོགས་ལ་འབད་དགོས། མི་བདེན་ན་འཇོ་ཤིའུ་བུ་མོ ANNE FRANK ནས་བྲིས་པའི་སྐད་གྲགས་ཅན་གྱི་ཉིན་ཐོ། THE DIARY OF A YOUNG GIRL.ཟེར་བ་དེར་བལྟས་དང་། དེ་ནས་མང་པོ་ཞིག་ཤེས་རྒྱུ་ཡོད།

  6. ཀླུ་སྨྱོན། says:
    2011-08-11 at 12:11 am

    ཉིན་ཐོ་བྲིས་ན་ཉིན་དེར་ཅི་བྱས་ཤེས། །
    ཉིན་ཐོ་བྲིས་ན་ཉིན་དེའི་བཟང་ངན་ཤེས། །
    ཉིན་ཐོ་བྲིས་ན་མི་ཚེའི་ལོ་རྒྱུས་དེ། །
    ཕྱི་རབས་དྲན་པའི་རྟེན་དུ་བཞག་པ་ཡིན། །

  7. བཀྲ་ཤིས། says:
    2011-08-11 at 4:08 am

    པ་སངས་ཚེ་རིང་ལགས། ཡག་པོ་བྲིས་འདུག འོན་ཀྱང་ཁྱེད་ཀྱིས་བྲིས་པའི་ཉིན་དེབ་སྐོར་གྱི་རྩོམ་ཡིག་དེས་དམའ་རིམ་སློབ་གྲྭའི་སློབ་མ་ཚོར་ཕན་ཨེ་ཡོང་སྙམ། ཕྱིས་བྱུང་ཉིན་དེབ་དང་དེའི་དཔེ་མཚོན་འབྲི་སྐབས་ཀློག་པ་པོའི་ཤེས་ཡོན་གྱི་གནས་ཚད་ལ་དཔག་ནས་འབྲི་གལ་ཆེ་བར་སྙམ། དེ་མིན་ནང་ཆོས་རྩ་བ་ནས་སྦྱོང་མྱོང་མེད་མཁན་ཞིག་ལ་ཐོག་མ་ཉིད་ནས་སྟོང་ཉིད་སྐོར་ལ་འགྲེལ་བརྗོད་བྱས་པ་ལྟ་བུར་འགྱུར་ཉེན་ཆེ་བའོ།། ཁྱེད་ཀྱིས་བྲིས་པ་དེས་ང་རང་ལ་ཉིན་དེབ་འབྲི་རྒྱུའི་སེམས་སྐུལ་ཆེན་པོ་ཐེབས་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  8. རྒྱ་གར་རྨ་བྱ། says:
    2011-08-11 at 8:04 am

    རྩོམ་པ་པོ་གྲགས་ཅན་ཀླུ་སྨྱོན་ལགས་གཙོས་གཞོན་ནུ་ཟླ་མེད་དང་བཀྲིས་སོགས་ཕེབས་ནས་ཕྲན་གྱིས་བྲིས་པའི་ཉིན་ཐོར་ལེགས་ཉེས་ཀྱི་དགོངས་འཆར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ།

  9. གངས་ལྷ་མེ་ཏོག says:
    2011-08-11 at 10:37 am

    ཉིན་ཐོ་འབྲི་བ་ནི་ཉིན་རེའི་བྱ་བཞག་རྣམས་ཕྱིས་འབྱུང་དྲན་པའི་རྟེན་དུའམ་ཡང་ན་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་ཡར་རྒྱས་གོང་འཕེལ་ཆེད་དུ་ཡིན་པ་ནི་བསྙོན་མེད་རེད། དེ་ལ་འབྲི་རྩལ་དང་གོ་རིམ། ཐབས་ལམ་ཇི་ལྟ་བུའི་ཞིག་གི་ལམ་ནས་འདི་ལྟར་བྲིས་ན་བཟང་བར་བཤད་པའི་ཚད་འཛིན་སྲང་ཐིགས་ཤིག་ཡོད་དགོས་པར་མི་འདོད་དེ། ཚེས་ཀྱི་ཁ་གྲངས་མ་ནོར་བའི་ཐོག་དོན་དངོས་ཇི་བཞིན་སྙན་དག་མཛེས་གསུམ་གྱི་ལམ་ནས་འགོད་ཨེ་ཐུབ་འབད་པར་བྱ་རྒྱུ་ནི་ཉིན་རེའི་ཟིན་ཐོ་ཞིག་གི་སྤྱིུའི་རྣམ་བཞག་ལྟ་བུ་ཡིན་ཆོག

  10. རྒྱ་གར་རྨ་བྱ། says:
    2011-08-11 at 11:31 am

    སྐུ་ཉིད་གངས་ལྷ་མེ་ཏོག་ལགས་ཀྱང་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།

  11. སྟག་ར་ says:
    2011-08-11 at 3:06 pm

    ཉིན་དེབ་བམ་ཉིན་ཐོ་ནི། ཤིན་ཏུ་གལ་ཆེ་ལ་རིན་ཐང་དང་ལྡན་པ། ཚད་འཕེར་དང་གདེང་འཇོག་ནུས་པ། ཁུངས་ལྡན་གྱི་ལོ་རྒྱུས་འཚོལ་ས་ཞིག་ཡིན་ལ། དེར་མ་ཟད་ཉིན་ཐོ་ནི་རང་ཉིད་ཀྱི་བྲིས་པ་ཞིག་ཡིན་སྟབས། རྟོག་བཏགས་དང་འུད་བརྗོད་ཀྱི་རྣམ་པ་དེ་ཙམ་གྱིས་ཉུང་ལ་རང་བཞིན་ཇི་ལྟར་གསལ་བའི་མེ་ལོང་ཞིག་སྟེ། ཆུང་བྱིས་པའི་དུས་ནས་བཟུང་འབྱུང་ཐིམ་གྱི་དུས་ལ་མ་རེག་གི་བར་རང་གི་སྒོ་གསུམ་གྱི་བྱ་བྱེད་རྣམས་ཡིད་ངོར་འཆར་ཏུ་བཅུག་ཏེ་བདེ་སྡུག་གི་ཚོར་བ་འདྲ་མིན་སྟེར་མཁན་ཞིག་དང། བེམ་རིག་གི་འབྲེལ་ཐག་ཆད་ན་ཡང། ཉིན་དེབ་གྱི་རྐྱེན་པས་མཁས་བླུན་དང་བཟང་ངན་སོགས་ཀྱི་དབྱེ་འབྱེད་ཕྱི་རབས་པས་རྟོག་དཔྱོད་ནུས་པ་ཞིག་ལགས་པས་དེ་དོན་འདིའི་རིན་ཐང་བརྗོད་ཀྱི་མི་ལང་ངོ། ། དེས་ན་ད་ལན་འདིར་ཉིན་དེབ་ཇི་ལྟར་འབྲི་བའི་རིམ་པའི་སྐོར་གྱི་ངོ་སྤྲོད་གནང་བར། པ་སངས་ཚེ་རིང་མཆོག་ལ་ཐུགས་རྗེ་ལེགས་གསོལ་དང་འཚམས་འདྲི་ཞུ།

  12. འཕགས་ཁོ། says:
    2011-08-12 at 1:19 am

    པ་སངས། ཉིན་ཐོ་འབྲི་བ་ནི་གལ་ཆེ་བས་མི་ཚད། ད་དུང་སློབ་མ་ཞིག་ལ་མཚོན་ན་ཤེས་ཡོན་ཡར་རྒྱས་འགྲོ་བའི་བརྒྱུད་ལམ་ཆེས་མགྱོགས་ཤོས་སམ་ཡག་ཤོས་དེ་རེད་ཟེར་ནའང་མི་ཆོག་པ་མེད། སློབ་མའི་ལས་འགན་ནི་འབྲི་ཀློག་ཉན་གསུམ་གྱི་སྒོ་ནས་ཤེས་ཡོན་ཐོག་རང་མགོ་ཐོན་ཞིང་རང་ལམ་ཆོད་པའི་མི་ཞིག་ཏུ་འགྱུར་བར་བྱ་རྒྱུ་འདི་ཡིན། གཙོ་བོ་བྲི་དགོས། ཅི་ཞིག་བྲིས་ཀྱང་ཆོག སྙན་ངག་དང་སྒྲུང་། མཚར་གཏམ། ཉིན་ཐོ་སོགས་ཅི་ཞིག་བྲིས་ཀྱང་ཆོག གང་ལྟར། རྩོམ་བྲིས་ན་དག་ཆ་དང་ཚིག་སྦྱོར་ཕན་པ་མ་ཟད། རང་གཞན་སུ་ལའང་དོན་དག་གམ་དཀའ་ངལ་ཅི་ཞིག་བྱུང་རུང་བསམ་བློ་བཏང་ནས་ཇི་ལྟར་ཐག་ཆོད་བྱ་དགོས་པའི་གོ་རིམ་རང་སྟོབས་ཀྱིས་འཚོལ་དགོས་ལྟ་བུའི་དྲན་ཤེས་རང་གཤིས་སུ་འཇགས་འགྲོ་བའི་ཁྱད་ཆོས་ལྡན་པ་ཡིན། རྗེས་སུ་མཇལ་ཡོང་། ད་འབྲི་ཁོམ་མི་འདུག བདེ་མོ།

  13. རྒྱ་གར་རྨ་བྱ། says:
    2011-08-12 at 3:41 am

    དེ་རིང་སྔ་དྲོ་དྲ་ངོས་སུ་སླེབ་དུས། སྟག་ར་དང་འཕགས་ཁོ་རྣམ་གཉིས་ཕེབས་ནས་བདག་གིས་བྲིས་པའི་ཡིག་འབྲུར་སེམས་ཤུགས་བསྣན་ནས་འདུག་པར་སྙིང་ནས་ཐུགས་རྗེ་ཆེ་ལགས། མུ་མཐུད་དགོངས་འཆར་གནང་རོགས་གནང་།

  14. འཇམ་དཔལ་ལེགས་བཟང་། says:
    2011-08-12 at 6:47 am

    ཉིན་དེབ་སྟེང་ཉིན་ཐོ་འབྲི་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme