Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲུག་གསུམ་བཅོ་བརྒྱད་ལ་བལྟས་པ།

Posted on 2011-08-08 By ཁ་བརྡ་ No Comments on དྲུག་གསུམ་བཅོ་བརྒྱད་ལ་བལྟས་པ།

གཡུ་དྲུག་དཀར། རྡ་ས།

ཉི་མ་ཉིན་གང་བོར་མཚམས་རེར་ཐོག་ཁ་ཞིག་ནས་རྐང་པ་ས་ལའང་མ་ཐུག་པར་ཇ་རེ་འཐུང་ཞོར། ཡར་ལྟ་མར་ལྟ་བྱས། སྐབས་རེར་དོར་མ་སྲང་ནས་ཡར་འཁྱམ་མར་འཁྱམ་བྱེད་ཞོར་ཕར་ལྟ་ཚུར་ལྟ་བྱས། མདོར་ན་ཉི་མ་ཉིན་གང་བོར་དལ་དལ་ལྷོད་ལྷོད་ཀྱིས་རི་སྒང་གི་སྲང་ལམ་དོག་མོ་འདི་ནས་ས་འཛམ་བུ་གླིང་གི་དྲུག་གསུམ་བཅོ་བརྒྱད་དེ།མི་དཀར་ནག་སེར་གསུམ་ཡར་བཞུར་མར་བཞུར་བྱེད་ཀྱིན་པ་དག་གི་ངོ་ལ་ཅེར་རེར་ལྟ་བཞིན།རང་ཉིད་འབོར་གྱིན་པའི་ངང་ཚུལ་ཞིབ་ཏུ་བཀླགས་སམ།ཡང་ན་རྐང་རྗེས་ཀྱི་ཆེ་ཆུང་དང་།ཁ་དོག་་་དབྱིབས་སོགས་དྲུག་གསུམ་བཅོ་བརྒྱད་ཅན་གྱི་མི་ཚོགས་སྣ་ཚོགས་སྣ་ཚོགས་ཤིག་གདོང་གིས་བསུ་བཞིན། རང་གི་ཚུགས་ཀ་ད་དུང་འགྱུར་མེད་པའི་གཏན་ཚིགས་ལ་ཚ་འདྲི་བྱས་སམ།
སྲང་གི་ཚོང་ཁང་དང་འགྲོན་ཁང་།ཟ་་ཁང་སོགས་ཁང་བརྩེགས་མཐོ་དམན་ཡོངས་ཀྱི་ཐོག་ཁ་རུ།མཚོན་མདངས་འདྲ་མིན་སྣ་ཚོགས་ཅན་གྱི་དར་ལྕོག་རིང་པོ་རིང་པོ་དག་ལྷབ་ལྷབ་ཏུ་གཡོ་སྟངས་དེ་།རང་གི་གྲིབ་གཟུགས་ཀྱི་འགུལ་རིས་དང་།དེ་ཡི་ལྷབ་སྒྲ་རང་གི་རྣམ་ཤེས་ཀྱི་དབྱངས་སུ་འཐིམ་དུས།ས་འདིའི་ཇ་ཧུབ་གང་རེས་ཀྱང་རང་གི་བླ་སྲོག་ཡོངས་སུ་ནེམ་ཞིང་།ཟུངས་ཁྲག་ལ་བཅུད་འཛོམས་སུ་འཇུག་པའི་སྣང་བ་ཞིག་འགོག་མེད་དུ་འཆར་ཡང་། མི་ཚོགས་ཀྱི་གཡས་གཡོན་རྒྱབ་མདུན་ན། སྲང་ལམ་གྱི་འགོ་བར་གཞུག་གསུམ་ན། ངོ་གདོང་སྨུག་པོ་ཅན་གྱི་ང་ཚོ་གཞན་ཁོ་ན་ལ་ཅེར་ནས།གཞན་གྱི་རྐང་རྗེས་སྙེག་གིན།ད་དུང་གཞན་དང་གཞན་ཞིག་ཁོ་ན་འཚོལ་གྱིན་ཁོམ་གྱིན་མེད་པའི་སྲང་ལ་ཡོང་ནས།གོམ་པ་རེ་རེ་དང་བསམ་གཞིག་རེ་ལྷན་དུ་མདུན་ལ་སྤོ་དུས།རྒྱབ་ལོག་ནས་རང་ཉིད་སུ་ཞིག་གིས་འདེད་ཀྱིན་པའི་བྲེལ་འཚུབ་ཅིག་གིས་ནོན་ཏེ་ཡོང་བ་དང་།ལྷག་པར་དུ་བསམ་ཚུགས་ལ་མ་ཚུགས་ཁེལ་གྱིས་རྡོ་ལ་རྡར་གྱི་དབུ་རྩེ་སྤྲིན་པ་ནག་ལྡིག་ལྡིག་ཅིག་གིས་བཏུམས་ཏེ་བདོ་བ་དེར་བལྟས་ན།སེམས་རང་བཞིན་གྱིས་ནེམ་འགྲོ་བ་མ་ཟད།འབྲུག་སྒྲ་ལྡིར་ལྡིར་ཅིག་དང་གློག་དམར་ཤར་ཤར་རེ་སྣང་ལ་ཤར་དུས།ཞེད་སྣང་དང་འཇིགས་སྐྲག་གིས་ཤ་འདར་རྒྱག་ཏུ་འཇུག་པས།རང་གི་གོམ་པ་ལྷོད་ལྷོད་པོ་དེའང་རང་བཞིན་གྱིས་ཇེ་མགྱོགས་ཇེ་མགྱོགས་རེད་ཨང་།
ཕྱི་དྲོར་སླེབས་དུས་ལག་ན་ཆེ་ཆུང་སྣ་ཚོགས་ཅན་གྱི་ཕྲེང་བ་རེ་ཐུར་ཏུ་དཔྱངས་ནས་གླིང་སྐོར་དང་གཙུག་ལག་ཁང་གི་སྐོར་ལམ་བསྙེགས་ཏེ་བུད་འགྲོ་བའི་རྒན་རྒོན་དེ་ཚོ་མཐོང་ཡོང་། ཐོག་མར་ན་ནིང་ལས་ད་ལོར་ཇེ་མང་དུ་སོང་བ་འདྲ་སྙམ་ཡང་། ཞིབ་ཏུ་བལྟས་ན་ན་ནིང་ལས་ད་ལོར་ཇེ་ཉུང་དུ་སོང་བར་ཡང་སྣང་།སྲང་མདོ་ཞིག་ནས་འདི་ལྟར་སྣང་གནས་ཐོ་གཏུག་མ་ཐུབ་པར་ཡུད་ཙམ་ལ་ཧད་དེ་ལུས་སོང་པའི་བར་ཐག་དེ་རུ།ང་ཚོའི་མདུན་ན་དུས་གཏན་གྱི་གནས་མལ་སྙེག་བཞིན་པའི་འདར་འདར་འཁྱར་འཁྱོར་གྱི་རྒན་རྒོན་ཚོར་ཕར་བལྟས་ཚོད་ལ།སྨིན་ཐག་ཆོད་པའི་ལོ་ཏོག་ཅིག་ལྟར་ནང་དུ་དུད་པའི་ཁོང་ཚོའི་འཕངས་སེམས་ཀྱི་མགོ་བོ་ཅི་འདྲ་ལྕི་ཨང་།ཁོང་ཚོ་ཕར་ཕར་ལ་སོང་ཤུལ་ན།རང་ཉིད་ལ་བཅོལ་གྱིན་པ་ལྟ་བུའི་རེ་བཞག་གི་རྐང་རྗེས་ནར་ནར་བོ་དེ་དག་ཅི་འདྲ་ཆེ་ཨང་།མ་གཞི་ཁོང་ཚོའི་མདུན་ཐད་ཀྱི་གཞི་ལམ་དཀར་བོ་དེ།ཕ་ཡུལ་གྱི་སྐོར་ལམ་ཞིག་ཡིན་ཆོག་ན།ཁོང་ཚོའི་རྣམ་ཤེས་སྦྲང་མ་འདྲ་བོ་ཅི་འདྲའི་བདེ་བདེ་ལྷོད་ལྷོད་ཀྱིས་འཕུར་ཆོག་ཨང་།
འདི་ལྟར་དྲུག་གསུམ་བཅོ་བརྒྱད་ལ་ལྟ་ཞོར་འགྲོ་ཞོར།ཅི་དྲན་འདི་དྲན་གྱི་རྒྱ་མི་ཆོད་པར་མ་ཟད།དོར་མ་སྲང་གི་ཉ་ཉོག་དང་མཉམ་དུ་ཉོག་ནས་འགྲོ་དུས། རང་ཉིད་ཅི་ཞིག་ཏུ་འགྱུར་གྱིན་པའི་ཚ་རླབས་ཤིག་གིས་གཅུན་ནས་ཡོང་ངོ་།།

སྣ་ཚོགས།

Post navigation

Previous Post: དར་དམར་འོག་གི་མཐོང་ཐོས་མྱོང་གསུམ་་
Next Post: ཕྱི་ ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཏང་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme