Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གཞུང་ལ་བརྡ་ལན་མཚོན་པའི་༨༨༩༩༩ཡི་བཀའ་ཁྲི་དམ་འབུལ

Posted on 2011-08-07 By ཁ་བརྡ་ 11 Comments on རྒྱ་གཞུང་ལ་བརྡ་ལན་མཚོན་པའི་༨༨༩༩༩ཡི་བཀའ་ཁྲི་དམ་འབུལ

འབའ་པ་སྐལ་བཟང་འཕྲིན་ལས།
འཛམ་གླིང་སྟེང་གི་ཆབ་སྲིད་པ་ཚོས་གོན་པ་གྱོན་སྟངས་མཇལ་འཕྲད་བཟོ་སྟངས།མཇལ་འཕྲད་སྐབས་ལག་འཇུ་བཟོ་སྟངས་ཐ་ན་འགུལ་བསྐྱོད་ཚུན་ལ་ཡང་རྒྱབ་ལྗོངས་མཚོན་དོན་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་རེ་ཡོད་པ་རེད། མཁས་དབང་བློ་བཟང་སེང་གེས་ཀྱང་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་གི་དབང་ལས་་(བརྒྱད་བརྒྱད་དགུ་དགུ་)པ་པ་ཇོའོ་ཇོའོ་དེ་རང་ཉིད་བཀའ་ཁྲིའི་མཛད་སྒོ་ཡི་དུས་ཚོད་དུ་གཏན་འབེབ་གནང་པ་རེད།
སྤྱིར་བཏང་གྲངས་ཀ་༨ལ་བོད་ཀྱི་སྲོལ་ལུགས་ཆོ་གའི་དབང་དུ་བཏང་ན་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པདྨ་འདབ་བརྒྱད་ཟེར་ནས་བཀྲིས་པའི་གཡང་ཆགས་རྟེན་དུ་བརྩི་བ་དང་།ཨང་ཀི་༩ ནི་གྲངས་ཀ་མཐོ་ཤོས་དེ་ཡིན་པས་འདོད་དགུའཛོམས་པ་ཟེར་དུས་རེ་བའི་འདོད་པ་ཡོད་ཚད་དམ་རྩེ་མོར་སོན་པ་ལ་གོ་བ་ཡིན་པས་བོད་ཀྱི་སྲོལ་ལུགས་ཀྱི་རྟགས་དང་རྟེན་འབྲེལ་ལྟར་ན་བྱས་ན་ཡང་༨༨༩༩༩དེ་ཧ་ཅང་བཀྲིས་པའི་ཚེས་དང་ཆུ་ཚོད་སྐར་མ་ཡིན།
འོན་ཀྱང་ད་ཐེངས་བཀའ་ཁྲི་ཡི་ཁྲི་སྟོན་མཛད་སྒོ་༨༨ ༩༩༩་ལ་བྱས་པ་དེ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུངས་པ་ལྟར་ན་རྒྱ་ལུགས་ལྟར་མཚོན་དོན་ལྟར་བྱས་ནས་དུས་ཚོད་གཏན་ཁེལ་གནང་པ་ཡིན་འདུག་པ་དང་། སྔ་ལོར་རྒྱ་ནག་ཏུ་ཨོ་ལིང་པིག་དེ་༨༨༨ལ་འཚོགས་པ་དེ་་དཔལ་འབྱོར་ཕྱུག་པོ་ཆགས་པའི་མཚོན་དོན་བརྩི་བ་ལྟར་དང་།༩༩༩དེ་རྒྱ་སྐད་ཐོག་ནས་ཚེ་རིང་པོའི་མཚོན་དོན་ཡིན་པས་༨༨༩༩༩དེ་ཉིན་དམ་འབུལ་དེ་གཏན་ཁེལ་པ་ཡིན་གསུངས་འདུག ཚིག་ཉུང་ཞིང་དོན་སྒྲིལ་པའི་སྐད་ཆ་དུམ་བུ་དེའི་རྒྱབ་ན་གང་ཞིག་བསླངས་ཡོད་དམ་ཞེ་ན། དེ་ནི་སྔ་ལོར་ཨོ་ལིང་པིག་གིས་མཚོན་པའི་རྒྱ་ནག་སྲིད་གཞུང་གི་འགུལ་བསྐྱོད་ཡོད་ཚད་དཔལ་འབྱོར་དོན་དུ་ལས་མི་རིགས་ཀྱི་བདེ་ཐབས་དང་ཐོབ་ཐང་།རིག་གཞུང་གི་ཁེ་དབང་སོགས་སྣང་མེད་དུ་བཞག་ནས་བྱས་ཡོད་པ་དང་། དཔལ་འབྱོར་ཨང་དང་པོ་དང་མི་ཡི་ཐོབ་ཐང་ཨང་གཉིས་པར་བཞག་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་ཧ་ཅང་ཞན་པར་གྱུར་ཡོད། དཔལ་འབྱོར་གཅིག་པུས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྐྱོབ་མི་ཐུབ་པར་ངེས་པར་དུ་མི་ཡི་ཐོབ་ཐང་དང་རིག་གཞུང་གི་ཁེ་དབང་ལ་ཆེ་མཐོང་དང་སྲུང་སྐྱོབ་དགོས་པའི་བརྡ་གསལ་པོ་ཞིག་རྒྱག་པ་རེད། དེས་ན་སྤྱི་ཚོགས་ལ་འཆམ་མཐུན་དང་འཕེལ་རྒྱས་བརྟན་ལྷིང་དགོས་ན་༨༨པ་སྟེ་དཔལ་འབྱོར་དང་༩༩༩མི་ཚེ་རིང་པོ་གནས་པ་སྟེ་མི་ཡི་བདེ་ཐབས་དང་ཐོབ་ཐང་ལ་སོགས་པ་སྟེ་དཔལ་འབྱོར་དང་འགྲོ་བ་མི་ཡི་ཐོབ་ཐང་སྲུང་སྐྱོབ་གཉིས་ཟུང་དུ་འབྲེལ་དགོས་པའི་བརྡ་ཞིག་གི་དོན་དུ་༨༨༩༩༩དེ་བཀའ་ཁྲི་ཡི་དུས་སྟོན་གྱི་དུས་ཚོད་དུ་གཏན་ཁེལ་བྱས་འདུག་སྙམ།
གོང་གི་བརྡ་སྐད་དེ་ཡི་ནང་རྒྱ་ནག་གི་ནག་ཉེས་དང་བོད་ཀྱི་མངོན་འདོད་སོགས་མང་པོ་བསྡུས་བརྗོད་བྱས་འདུགཔ་དང་ལྷག་པར་དུ་བོད་ཀྱི་རྩ་དོན་འཐབ་རྩོད་དཔལ་འབྱོར་དང་འགྲོ་བ་མི་ཡི་ཐོབ་ཐང་གཉིས་གདན་ཐོབ་གཅིག་པའི་ཐོག་ནས་རྩོད་སློང་བྱས་པ་ཡངགསལ་སྟོན་བྱས་འདུག་པས་་ཡིག་རྨོངས་དང་ཤེས་རྨོངས་ཁ་ཤས་ཀྱིས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དེ་ལྟར་གནང་པ་དེ་བོད ་ཀྱི་རིག་ལུགས་རྩ་མེད་བཏང་ལུགས་གླེང་ཡང་།དོན་དངོས་དེ་ནི་རྒྱ་ནག་ལ་ལམ་སྟོན་དང་བཀའ་ཤག་གསར་པའི་མངོན་འདོད་དང་།ཡང་ན་ལས་འཆར་ཞིག་དུས་སྟོན་ཐོག་ནས་གསལ་སྟོན་བྱས་ཆེད་དུ་ཆབ་སྲིད་ཀྱི་སྐད་བརྡ་ཞིག་སྤྲད་པ་རེད་དོ།
ཡིག་རྒྱུགས་བསླེབས་ལ་ཉེ་བའི་དུས་སྐབས་དེར་དུས་ཚོད་ཁ་ཤས་བཙན་གྱིས་འཕྲོག་ནས་བྲིས་པ་ལགས་སོ། ༢༠༡༡ན༨ ༧ ཉིན་དགུང་མོར་བྲིས།

སྣ་ཚོགས།

Post navigation

Previous Post: སྐུ་ཞབས་བློ་བཟང་སེང་གེ
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (11) on “རྒྱ་གཞུང་ལ་བརྡ་ལན་མཚོན་པའི་༨༨༩༩༩ཡི་བཀའ་ཁྲི་དམ་འབུལ”

  1. གླེན་པ་ལུག says:
    2011-08-07 at 6:31 pm

    པའ་པའ་ཅུའུ་ཅུའུ་རྒྱབ་ན་འདྲེ་ཞིག་འདུག མིང་ལ་བརྡ་ལན་ཟེར་བའི་འདྲེ་ཞིག་འདུག མིག་གིས་མཐོང་རྒྱུ་མེད་པའི་འདྲེ་ཞིག་འདུག རྒྱ་ནག་གད་མོ་ཤོར་བའི་འདྲེ་ཞིག་འདུག བོད་པ་སྐད་ངན་ཤོར་བའི་འདྲེ་ཞིག་འདུག རྟག་རྟེན་ཆུག་ཏུ་བཅུག་པའི་འདྲེ་ཞིག་འདུག ཡོད་ཚད་རྙོག་དྲས་ཁེངས་པའི་འདྲེ་ཞིག་འདུག འདྲེ་དེ་རྒྱ་འདྲེ་མི་རེད་བོད་འདྲེ་རེད། འདྲེ་དེ་གཤིན་འདྲེ་མ་རེད་གསོན་འདྲེ་རེད། ཆོས་ལུགས་ཁས་མི་ལེན་པའི་ལྷ་ཞིག་རེད།
    རྒྱ་མིས་བཙུགས་ཏུ་བཀུར་བའི་ལྷ་ཞིག་རེད།

    པའ་པའོ་ཅུའཅུའ་དགའ་བའི་བོད་པ་འདི། །རྒྱ་ཡི་ལུགས་ལ་ཞེན་པའི་བོད་པ་འདི། རྒྱ་ལུགས་གོང་དུ་བཀུར་བའི་བོད་པ་འདི། ཡོད་ཚར་རྒྱ་ལ་རེ་བའི་བོད་པ་རྒྱས་པར་ཤོག
    བོད་རྒྱལ་ལོ།

  2. མིག་བརྒྱད་པ། says:
    2011-08-07 at 7:41 pm

    བོད་ཀྱི་ནག་རྩིས་འབྱུང་ཁུངས་རྒྱ་ནག་རེད། སྐར་རྩིས་འབྱུང་ཁུངས་རྒྱ་གར་རེད། རྒྱ་གར་ནག་གཉིས་ཀྱི་རིག་གནས་ཤན་ཤུགས་བོད་ལ་ཁྱབ་ནས་ཡོད། ཡུལ་སྲོལ་གོམས་གཤིས་དང་ཆས་གོས་ཚུན་ཆད་ནས་རྒྱ་གར་ནག་གཉིས་དང་འབྲེལ་བ་བརྟན་པོ་ཡོད། སྤྱི་ཚོགས་ཆུང་ངུ་འདིའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་དུ་བོད་ཀྱི་རྩ་དོན་དེ་གལ་ཆེན་པོ་རེད། མོ་དང་རྩིས་བྱས་ནས་ཆབ་སྲིད་ཀྱི་ཐག་གཅོད་བྱེད་པ་ནི་གནའ་སྔ་མོའི་ལུགས་སྲོལ་རེད། དེང་སང་དུས་རབས་ཉི་ཤུ་རྩ་གཅིག་གི་མཚམས་ལ་བསླེབས་ཡོད་པ་རེད། བོད་པ་ཚང་གིས་ད་དུང་མོ་དང་རྩིས་བྱས་ནས་བསྡད་ན་ཤ་ཟད་ནས་རུས་གོག་ལ་ཐུག་པའི་བོད་ཀྱི་རྩ་དོན་ཇི་ལྟར་རྩོད་ཐུབ་བམ་ཞེས་དྲི་བ་ཡོད། ཆབ་སྲིད་ཀྱི་གར་སྟེགས་སྟེང་དུ་ཚིག་གང་འདྲ་ཞིག་བེད་སྤྱོད་གཏོང་དང་མི་གཏོང་དེ་གལ་ཆེན་པོ་མ་རེད། དོན་དག་གལ་ཆེན་པོ་རེད། དགོས་པ་རྒྱུ་མཚན་ཡོད་ན་གང་ཞིག་བེད་སྤྱོད་བཏང་ན་འགྲིག་གི་རེད། དགའ་ལྡན་ཕོ་བྲང་བར་དུ་མོ་དང་རྩིས་བྱས། ལྷ་བབས་སོགས་བྱེད་སྒོ་སྣ་ཚོགས་བརྒྱུད་ནས་ཡོང་བ་རེད། ལོ་རྒྱུས་ཀྱི་དཀྱོགས་མཚམས་འདིར་ད་བོད་པ་ཚོས་རྣམ་དཔྱོད་བེད་སྤྱོད་བཏང་ན་ཡག་གི་རེད། །

  3. ཟླ་བ་ཆོས་འཛོམས། says:
    2011-08-07 at 9:34 pm

    བློ་སེང་གིས་འགོ་ནས་བོད་མི་རིགས་འདིའི་སེམས་ཁམས་སུ་རྨ་བཟོས་སོང་། བོད་མི་རིགས་འདིའི་བསམ་བློ་གཏོང་སྟངས་དང་གོམས་གཤིས་ལ་གུས་བརྩི་ཡེ་ནས་མི་བྱེད་པ་འདི་ཅི་རེད། ཁྱོད་སུའི་བཀའ་ཁྲི་ཡིན་པའི་ཁུལ་རེད། དོན་ཏག་དང་དགོས་པ་གང་ཡང་མེད་པ་ཞིག་ལ་མི་འདིས་རྒྱ་མིའི་སྲོལ་རྒྱུན་གྱི་ཨང་གྲངས་ལ་ལྟ་སྟངས་ཤིག་མགོ་ཚོས་ལ་མ་ཚོས་ཀྱིས་འགྲེལ་བཤད་རྒྱག་དགོས་དོན་ཅི་རེད། བོད་མི་རིགས་འདི་ལ་གུས་བརྩི་མེད་པ་དང་མཐོང་ཆུང་རེད་བསམས། དངོས་གནས་བོད་མི་རིགས་ཀྱི་མགོ་ཁྲིད་ཀྱི་ཡིན་ན་ཁྲིད་སྟངས་དེ་འདྲ་རྩ་བ་ནས་མ་རེད། ཨང་བློ་སེང་།

  4. ཚ་ཕྲུག་རྒྱལ། says:
    2011-08-08 at 12:47 am

    ཟླ་བ་ཆོས་འཛོམས་ལགས། དོན་མ་རྟོག་པས་རྨོང་གཏམ་རང་ཁའི་གང་བཤད་པས་མི་ཕན། རྟོག་བཏགས་དང་ཕྱོགས་རེས་ཀྱིས་སྨྱོན་པའི་མི་བུ་དག་གི་སེམས་སུ་བློ་སེང་གིས་རྨ་བཟོས་ཡོད་སྲིད་ཀྱང་བོད་མི་རིགས་སུ་ལ་ཞེན་ལྡན་པའི་སྒང་པ་ཚོར་རྨ་ཁ་བཟོ་མྱོང་མེད། བོད་ཕྱི་ནང་གཉིས་སུ་གནས་པའི་གངས་ཅན་པ་ཕལ་མོ་ཆེའི་ཡིད་དུ་གསལ་ལེ་ཡོད།
    རྟོག་གེ་བ་ཁྱེད་ཚོར་ཁོང་བཀའ་ཁྲིའི་འོས་གཞི་སྐབས་ནས་སྐད་ངན་ཤོར་བའི་ཚོད་མི་འདུག། ངར་མངོན་ཤེས་མེད་ཀྱང་སྔོན་འགྲོའི་འོས་སྡུས་སྐབས་ནས་དོན་མེད་རྫུན་གཏམ་དང་སྤྱི་ཚོགས་འཆམ་མཐུན་ལ་གཏོར་གཤིབ་སོགས་འུར་སྒྲོགས་མ་གནང་། ཁོང་བཀའ་ཁྲི་སྐབས་སུ་ཁྱེད་གཡོལ་སྒྱུར་མཁན་རྣམས་ངུ་རྒྱུ་ལས་ལྷག་མེད། ཞུས་ཡོད་པས་དྲན་ལམདུ་ཡོད་ངེས།
    ད་དུང་ཡང་སྐད་ངན་མ་མང་། ལོ་ཤས་རྗེས་ནས་ཁོང་གིས་བྱ་སྤྱོད་དང་སྲིད་ཇུས་ཀྱི་ཁ་ཕྱོགས་མཐོང་ངེས་། སྐབས་དེར་ཁྱེད་རྣམ་པས་སྐད་ངན་དང་སྐད་བཟང་གང་ཡོད་གོ་སྐབས་ཡང་དག་ཡོངས་ངེས་པས་སྐབས་དེར་འཆུབ་མི་ཉེན། ད་ལྟའི་ཆར་རྟོག་གེ་བས་ལྕེ་རྒྱ་སྤྲུལ་ནས་ལོག་བཤད་དང་ཉེས་བཤད་ཇི་ཙམ་བྱེད་ཀྱང་རང་འཚང་སྟོན་པ་ལས་བོད་མིར་ཕན་ཐོག་མེད་དོ། དོར་བྱ་དོར་བྱ་དོར་བྱའོ།།

  5. སྣྲོན་ངག་ཁྲི་ says:
    2011-08-08 at 3:29 am

    ངའི་རེ་བ་ཡང་དེ་དང་གཅིག་མཚུངས་རེད།བཀྲིས་རྟགས་བརྒྱད་དང་པད་མ་འདབ་བརྒྱད་།འཁོར་ལོ་རྩིབས་
    བརྒྱད་སོགས་འབྲེལ་བཤད་བསྐྱོན་ནས་བོད་པའི་སྲོལ་རྒྱུན་ཚེས་ཆ་བཟང་པོའི་རྩིས་འབྲས་ལོངས་སུ་སྤྟད་ན།
    ད་གཟོད་དོན་མེད་ཀྱི་རྙོགས་དྲཱ་འདི་རིགས་མི་འབྱུང་བས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་དད་གུས་བརྩི
    འཇོག་ཞུ་མཁན་བོད་མི་ཁྱོན་ཡོངས་ཀྱི་བརྒྱ་ཆ་༩༠བརྒལ་བ་འདི་རྣམས་ཀྱིས་བསྔགས་པའི་རྒྱལ་མཚན་བསྒྲེངས་ཤིང་སྟོད་པའི་རོལ་མོ་དཀྲོལ་ཏེ་རྟེན་འབྲེལ་གྱི་ཐོག་མ་འདི་ནས་འགྲིགས་པ་ཡིན་པས་དོན་མེད་ཀྱི་བློ་ཕམ་འདི་དག་གཏན་ནས་ཡོང་མི་སྲིད།
    མཐའ་དོན་ཁྲི་སྟོན་མཛད་སྒོ་ལ་བཀྲིས་བདེ་ལེགས་དང་བོད་རྒྱ་གཉིས་ཀ་རྒྱལ་བའི་རྟེན་འབྲེལ་གྱི་ཐོག་མ་༼༨པཱ་༨པཱ་༩རྗའུ་འུ་ུ་༩རྗའུུ་༩རྗུའུ༽ཀྱི་ཕྱི་ནང་གསང་གསུམ་གྱི་མཚོན་དོན་ཡོངས་སུ་འགྲུབ་པར་སྨོན།།

  6. མངའ་རིས་ཕྲིན་ལས། says:
    2011-08-08 at 5:44 am

    དཔལ་ལྡན་སྲིད་སྐྱོང་སྐུ་ངོ་མཁས་དབང་བློ་བཟང་སེང་གེ་རྒྱལ་གྱུར་ཅིག བརྒྱད་རྒྱལ་མཚན་མོ་བའི་ལྟས་ན་མོ་བཟང་། ཤོ་བའི་ལྟས་ན་ཤོ་བཟང་། རྒྱལ་མཚན་མགོ་ལ་ཉི་མ་ཤར། སྡང་དགྲ་བོའི་མགོ་ལ་མུན་པ་རུབ། བརྒྱད་ཁ་ཡར་ལྟས། དགྲ་ཁ་ཐུར་ལྟས། སྐུ་ཉིད་ཀྱི་སྲིད་སྐྱོང་དམ་འབུལ་གྱི་དུས་ཚེས་དེ་རིང་ནི་ཆོས་སྲིད་གང་གི་ཆ་ནས་རྟེན་འབྲེལ་ཤིན་ཏུ་ལེགས་པས། ངེད་བོད་པ་ཚང་ལ་ཤེས་ལྡན་ན་གཞོན་སྲིད་སྐྱོང་ཁྱེད་ཀྱི་བོད་མིས་ཕུག་འདུན་བསྒྲུབ་པ་ལ་འགལ་རྐྱེན་བྲལ་ཞིང་མཐུན་རྐྱེན་འཛོམ་པའི་སྨོན་འདུན་ཞུ། བོད་རྒྱལ་ལོ། ཆབ་སྲིད་བརྟན་ནོ། མངའ་འབང་རྣམས་ཀྱིས་མང་པོས་བཀུར་བའི་རྒྱལ་པོ་ལྟ་བུ་ཁྱེད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག།

  7. ཤ་ཀླན་བུ says:
    2011-08-08 at 8:33 am

    ཁ་གཏད་ཤོག་ཁག་རེ་རེ་ལ་ལན་རེ་རེ་འདེབས་པའི་དཀའ་བ་དང་དུ་བླངས་ན། གླེན་པ་ལུག་ལགས། འདྲེ་དེ་གླེན་པ་ཁྱོད་ཀྱི་རྣམ་རྟོག་དེས་བཟོས་པ་རེད། དེ་མིན་མང་གཙོའི་ལུང་པའི་ནང་དུ་གཏམ་བཤད་རང་དབང་རེད་ཡ།
    ཟླ་བ་ཆོས་འཛོམས་ལགས། ཁག་ཡོད་མ་རེད། ཁྱེད་དང་པོ་ནས་བཀུར་འོས་བཀའ་ཁྲི་མཁས་དབང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ལ་མི་དགའ་བས་ན་ཁོས་མཛད་པ་ཅི་གནང་ཚང་མ་སྐྱོན་ཏུ་མཐོང་གི་རེད། སྔོན་གྱི་དུས་སུ་དགེ་སློང་ལེགས་པའི་སྐར་མ་ཞེས་པའི་ཉན་ཐོས་ཤིག་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱ་ཐུབ་པ་དང་ལོ་བཅུ་གཉིས་གཤིབ་ཀྱང་སངས་རྒྱས་ལས་སྐྱོན་ཁོ་ན་གནང་བ་རེད། དེ་བས་ཁྱེད་ས་ར་མཐོ་སློབ་ཏུ་བོད་ཡིག་སྦྱོང་ཞོར་དུ་གཙུག་ལག་བྱབས་ཁྲུས་ཚར་འགའ་ཞུས་དང་ཕན་པོ་ཡོད་རེད། ཨོ་གོ། ཧ་གོ་སོང་ངམ།

  8. ཤ་ཀླན་བུ says:
    2011-08-08 at 8:36 am

    ཆད་ལྷག་འགའ་ཤོར་འདུག་དགོངས་དག

  9. ལུང་རྟོགས། says:
    2011-08-08 at 2:14 pm

    གླེན་པ་ལུག་ནི་གླེན་པ་ལུག་རང་རེད། ལུག་གིས་བཟང་ངན་ཤེས་པའི་དུས་ཤིག་གང་ན་ཡོད།

  10. ཚངས་དབྱངས། says:
    2011-08-08 at 4:58 pm

    ཁ་སའི་དམ་འབུལ་གསུང་བཤད་ནང་ལ། སྲིད་སྐྱོང་མཆོག་ནས་དམ་འབུལ་ཉིན་མོ་དེ་ནི་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་གྱི་དུས་སྟོན་ཁྱད་པར་ཅན་དང་སྟབས་འཁེལ་བ་ཡིན་པའི་སྐོར་གསུངས་སོང་། དེ་ལ་༨༨དང་༩༩ལ་འབྲེལ་བ་ཡོད་པའི་བཟོ་མིན་འདུག 

    ཡིན་ནའང་ཁོང་གིས་༨༨དང་༩༩དེ་ལ་རྒྱའི་རྩིས་སྟངས་སྐོར་ལ་འགྲེལ་བཤད་སྐྱོན་པ་འདི་གཅིག་བྱས་ན་རྩེད་མོ་ཡིན་ཤས་ཆེ། ཡིན་ནའང་། རྩེད་མོ་དེས་སྲིད་སྐྱོང་གི་རྐང་པ་ནས་འཇུས་ནས། དོན་མེད་རྙོག་འདྲ་བླངས་ནས། ཁོང་གི་དགྲ་བོ་རྣམས་ལ་ལག་ཆ་ཞིག་དང་གྲོགས་རྣམས་ལ་ཕོག་རྡུང་ཞིག་སྦྱིན་སོང་སྙམས།

    སྲིད་སྐྱོང་ལགས། རྗེས་མ་སྐད་ཆ་བཤད་དུས་སྔ་ཕྱི་བསམ་བློ་ཏོག་ཙམ་གཏོང་དགོས་ཀྱི་འདུག 

  11. སྣྲོན་ངག་ཁྲི་ says:
    2011-08-09 at 8:38 am

    ཚངས་དབྱངས་ལགས།
    བློ་ཕམ་དང་ལག་ཆ་བྱུང་བ་བདེན་པ་རང་རེད།ཡིན་ནའང་།
    བསམ་ཚུལ་མི་མཐུན་པ་ཙམ་ལ་དགྲ་བོའི་ཐ་སྙད་འཇུག་གམ།
    དེས་ལྟར་འཇུག་ན་རང་གི་ཁྱིམ་དུ་ཡང་ཕ་མ་བུ་ཕྲུག་བཟའ་ཚང་ཕན་ཚུན་སོགས་ཀྱི་དབར་
    བསམ་འདུན་མི་གཅིག་པ་རྣམས་དགྲ་བོས་ཆོས་དང་སྲིད་ཀྱི་འཇིག་རྟེན་ཡོངས་སུ་ཁྱབ་པར་ངེས་པས།
    མ་འོངས་པར་ཡིད་ཟབ་མཛོད་ཅིག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (46)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme