Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟེན་འབྲེལ་འཆུག་པའི་རྟེན་འབྲེལ་མཛད་སྒོ།

Posted on 2011-08-052011-08-05 By ཁ་བརྡ་ 27 Comments on རྟེན་འབྲེལ་འཆུག་པའི་རྟེན་འབྲེལ་མཛད་སྒོ།

བཀྲ་ཤིས་སྒྲོལ་མ།

༄༅། །སྤྱིར་བཏང་ནས་བཤད་ན་རྟེན་འབྲེལ་མཛད་སྒོ་ཞེས་པ་དེ་བོད་པ་ཙམ་གྱིས་བྱེད་སྲོལ་ཞིག་མ་རེད་ལ། རྒྱལ་ཁབ་དང་ཡུལ་ལུང་གཞན་དང་གཞན་ལ་ཡང་རྟེན་འབྲེལ་བརྟག་ལུགས་སྣ་ཚོགས་དང་། རྟེན་འབྲེལ་གྱི་མཛད་སྒོ་སྤེལ་ཕྱོགས་འདྲ་མིན་ལས་རྩ་བའི་རྟེན་འབྲེལ་མཛད་སྒོ་སྤེལ་སྲོལ་ནི་ཡོད་ཡོད་པ་འདྲ་ཞིག་རེད།

དེ་བཞིན་བོད་འདི་ཡང་མེས་པོ་རྣམས་ཀྱིས་ཁ་རྒྱུན་བཞིན་མགོ་ནག་བོད་པ་རྟེན་འབྲེལ་གྱི་རང་བཞིན་ཞེས་རྟེན་འབྲེལ་བརྟག་རྒྱུར་ཧ་ཅང་དགའ་མོས་ཡོད་པའི་མི་རིགས་ཤིག་ཡིན་ལ། ཅིག་བྱས་ན་འདི་བོད་ཀྱི་རིག་གནས་ཤིག་ཀྱང་ཡིན་ཞེས་ལབ་ཀྱང་ཆོག་པའི་ཚད་དུ་ཡོད། གུས་མོས་འདི་ནས་བཙན་བྱོལ་སྒྲིགས་འཛུགས་ཀྱི་བཀའ་ཁྲི་གསར་བའི་ཁྲི་འདོན་རྟེན་འབྲེལ་མཛད་སྒོའི་དུས་ཚེས་ཀྱི་རྟེན་འབྲེལ་བརྟག་སྟངས་དང་འབྲེལ་ནས་ཚིག་གཅིག་གཉིས་ཤིག་འབྲི་འདོད་བྱུང་།

མ་གཞི་བོད་པ་རྣམས་ཀྱིས་ལས་དོན་གལ་ཆེན་མགོ་འཛུགས་དང་དམིགས་བསལ་བྱ་གཞག་སྒྲུབ་སྐབས་ངེས་པར་ཟླ་ཚེས་བཟང་པོ་ཞིག་འདེམས་པ་ཡིན་ལ། དེ་ཡང་མོ་ཞུ་ལུང་བསྟན་གྱི་ལམ་ནས་དུས་ཚེས་ལ་བརྟག་པ་དང་། རྩིས་འབྲས་བཞིན་ཉིན་བཟང་སྐལ་བཟང་འདེམས་པ་སོགས་བྱེད་རྒྱུ་དེ་གོམས་སྲོལ་དུ་ཆགས་ཡོད། བྱེད་སྲོལ་དེ་དག་སྔོན་དུ་བཏངས་པའི་ཐོག་ནས་དུས་ཚེས་གཏན་འཁེལ་བྱེད་པ་ཡིན།

བཀའ་ཁྲི་གསར་བ་བློ་བཟང་སེང་གེས་བཀའ་ཁྲིའི་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་དེ་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་དགུ་དང་བོད་ཟླ་དྲུག་པའི་ཚེས་བཅུ་གཅིག་རེས་གཟའ་མིག་དམར་ལ་གཏན་འཁེལ་ཟིན་ཡོད། ཁོང་གིས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན་རྒྱ་ནག་གིས་བརྒྱད་དགུ་གཉིས་ཡག་པོ་རྩི་བཞིན་པས་ཕྲན་གྱིས་དུས་ཚེས་དེ་ལྟར་གཏན་འཁེལ་བྱས་ལུགས་དང་། སྤྱིར་བཏང་ནས་བརྒྱད་དགུ་གཉིས་ཀྱི་གོ་དོན་དེ་རྒྱ་ཡིག་གཞིར་བཞག་ན་རྒྱུ་ཐོག་ལ་དུས་ཡུན་རིང་པོར་རྒྱག་རྒྱུའི་མཚོན་དོན་ཡོད་ལུགས་སོགས་ཀྱང་འགྲེལ་བརྗོད་བྱས་འདུག

བཀའ་ཁྲི་ཁོང་བོད་པ་ཞིག་ཡིན་པའི་ངོས་ཐད་ནས་དང་། བོད་ཀྱི་གཞུང་འབྲེལ་མཛད་སྒོ་གལ་ཆེན་འདི་འདྲ་ཞིག་སྤེལ་བཞིན་པ་གང་གི་ངོས་ནས་བསམ་ཀྱང་བོད་ལུགས་བཞིན་མོ་ལུང་བརྟག་ཞུ་བྱས་མེད་རུང་། མོ་ལུང་བརྟག་ཞུ་བྱེད་རྒྱུར་ཡིད་མ་ཆེས་ཀྱང་། མ་མཐར་རྩིས་འབྲས་ལ་བརྟག་པ་ཙམ་བྱེད་དགོས་རྒྱུ་ལ་དེ་ཙམ་ཡང་མ་བྱས་པར་མ་ཟད། ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་མོ་མེ་ཆུ་འཕྲད་པ་ཡིན་ལ། ༼མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །༽ཅེས་རྩིས་གཞུང་རྣམས་ཀྱི་ནང་དུ་གསལ་ཡོད་ལ། ཡང་ཉིན་དེར་དབུལ་ལག་ཡིན་སྟབས་ངན་ཞེས་རྩིས་འབྲས་སུ་བབ་ཡོད། དེ་ནི་བཀའ་ཁྲི་གསར་བའི་གཞུང་འབྲེལ་རྟེན་འབྲེལ་མཛད་སྒོའི་ཉིན་དག་དག་ལ་ཁེལ་ཡོད། གཞན་ཡང་ཚེས་དགུའི་ཉིན་མོ་ཡང་ཁོང་གི་རྟེན་འབྲེལ་མཛད་སྒོ་དང་རྗེས་འབྲེལ་གྱི་བྱེད་སྒོ་ཡོད་རབས་འདུག། ཉིན་དེར་ས་མེ་འཕྲད་པའི་སྦྱོར་བ་རེད་འདུག་ལ། རྩིས་གཞུང་ལྟར་ན་༼ས་མེ་འཕྲད་པ་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། །༽ཅེས་གསལ་བ་དང་། ཡང་ཉིན་དེར་༼མགྲོན་མྱིའི་དུས་ཚེས་ལ་ཁེལ་ཡོད་པས་མགྲོན་བྱེད་པ་དང་གལ་ཆེའི་དོན་གཉེར་མི་རུང་༽ཞེས་རྩིས་གཞུང་དུ་བབ་ཡོད། འོན་ཀྱང་འདི་ཙམ་ལ་ཡང་རྟགས་དང་རྟེན་འབྲེལ་མ་བརྟག་པར་བཀའ་ཁྲི་གསར་པ་ཁོང་གིས་དུས་ཚེས་དེ་རྒྱ་ནག་གིས་རྟེན་འབྲེལ་བརྟག་ལུགས་ཤིག་ལ་གཞི་བཅོལ་ཏེ་ཅོལ་ཆུང་གི་ལས་གཉེར་བཞིན་ཡོད་ལ། རྟེན་འབྲེལ་མགོ་ནས་འཆུག་ཅེས་པའི་བོད་ཀྱི་བཀའ་གདམས་གོང་མ་ཚོས་གསུངས་སྒྲོས་བཞིན་དངོས་གནས་རྟེན་འབྲེལ་མགོ་ནས་འཆུག་བཞིན་འདུག

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: ཁ་ལ་གཞས་ལེན་ན་ལ་གཞས་ལེན།

Comments (27) on “རྟེན་འབྲེལ་འཆུག་པའི་རྟེན་འབྲེལ་མཛད་སྒོ།”

  1. གཞོན་ནུ་ཟླ་མེད། says:
    2011-08-05 at 8:05 pm

    ད་ཅི་ཕན་ཐོག་ལེ་མ་རེད། མི་རབས་གསར་བ་ཟེར་ལེ་དེ་རེད། ཉི་མ་ལ་བལྟ་ལེ་མ་རེད། འོན་ཀྱང་མི་རབས་གསར་བ་འདི་ཚོ་ཡང་ཡ་མཚན་རེད་གདའ། བློ་བཟང་སེང་གེའི་ཆང་ས་རྒྱབ་ལེ་རྟེན་འབྲེལ་གྱི་ཚེས་གྲངས་བོད་གཞུང་སྨན་རྩིས་ཁང་གི་རྩིས་གཞུང་ལ་བལྟས་ནས་གཏན་འབེབས་བྱས་ལེ་རེད་གདའ། ཡང་བོད་ལུགས་ཀྱི་ཉི་མ་མ་བལྟས་པར་རྒྱ་ནག་གི་ཉི་མ་བལྟས་པ་ཡ་མཚན་རེད་གདའ། ཨ་ཤེ་ཡ་རོང་དབང་གློག་འཕྲིན་ཁང་གི་གསར་འདོད་པས་རྡ་རམ་ས་ནས་གཏོང་གི་ཡོད་ལེ་གདའ།

  2. ཀིརྟི་སྐྱབས། says:
    2011-08-06 at 2:21 am

    ད་རེས་མཛེས་མ་བཀྲ་ཤིས་སྒྲོལ་མས་དུས་ཐོག་ལ་གནད་ལ་ཐིངས་པའི་རྩོམ་ཞིག་བྲིས་ཤག འོན་ཀྱང་དཔོན་པོ་ལ་དབང་ཆ་ཡོད་ན་རིག་གནས་ཀྱི་སྲོལ་རྒྱུན་དང་མི་མང་གི་སེམས་ཁམས་ལ་བརྩི་འཇོག་བྱེད་པ་མ་རེད། དབང་ཆ་གོ་གནས་ནི་རག་ཚར་པ་རེད། སོང་ཙང་། གང་བསམ་བསམ་དང་གང་འདོད་འདོད་བཤད་ཀི་རེད། བྱེད་ཀི་རེད།

  3. སྐྱབས་བཅོལ་བ། says:
    2011-08-06 at 2:54 am

    ཁ་ཚུམས།

  4. བཀྲ་ཤིས། says:
    2011-08-06 at 3:56 am

    བཀྲ་ཤིས་སྒྲོལ་མ་ལགས། གཞན་ལ་དགག་རྕོམ་མ་བྲིས་སྔོན་ལ་བརྟག་དཔྱད་ཡག་པོ་གནང་དགོས། བཀའ་བློན་ཁྲི་པ་གསར་པའི་དམ་འབུམ་མཛད་སྒོ་ནི་ཕྱི་ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ། ཞོགས་པ་ཆུ་ཚོད་ ༩ སྐར་མ་ ༩ སྐར་ཆ་ ༩ ཐོག་གནང་རྒྱུ་ལས་ཁྱེད་ཀྱིས་བྲིས་པ་ལྟར་ཕྱི་ཟླ་ ༨ ཚེས་ ༩ རེས་གཟའ་མིག་དམར་མ་རེད།

  5. བཀྲ་ཤིས་སྒྲོལ་མ། says:
    2011-08-06 at 8:22 am

    བཀྲ་ཤིས་ལགས་ཀྱིས་དག་བཅོས་གནང་བ་ཐུགས་རྗེ་ཆེ། ནོར་བ་བདེན་པ་རེད། འོན་ཀྱང་དུས་ཚེ་དེ་ལྟར་ཡིན་པ་གུས་མོས་མ་ཤེས་པ་མིན་པར་མ་ཟད་གསལ་བོ་ཤེས་ཡོད། འོན་ཀྱང་ཚེས་བརྒྱད་དང་དགུ་གཉིས་ནོར་ནས་བྲིས་འདུག འདི་ནོར་བ་ངོས་ལེན་བྱེད་ཀྱི་ཡིན། ཉིད་ཀྱིས་གུས་མོས་བྲིས་རྩོམ་མགོ་མཇུག་ཆ་ཚང་བཀླགས་ཡོད་ན་༼ཟླ་བརྒྱད་པའི་ཚེས་བརྒྱད་ ཀྱི་ཉིན་མོ་མེ་ཆུ་འཕྲད་པ་ཡིན་ལ། ༼མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །༽ཅེས་རྩིས་གཞུང་རྣམས་ཀྱི་ནང་དུ་གསལ་ཡོད་ལ། ཡང་ཉིན་དེར་དབུལ་ལག་ཡིན་སྟབས་ངན་ཞེས་རྩིས་འབྲས་སུ་བབ་ཡོད། དེ་ནི་བཀའ་ཁྲི་གསར་བའི་གཞུང་འབྲེལ་རྟེན་འབྲེལ་མཛད་སྒོའི་ཉིན་དག་དག་ལ་ཁེལ་ ཡོད། གཞན་ཡང་ཚེས་དགུའི་ཉིན་མོ་ཡང་ཁོང་གི་རྟེན་འབྲེལ་མཛད་སྒོ་དང་རྗེས་འབྲེལ་གྱི་ བྱེད་སྒོ་ཡོད་རབས་འདུག། ཉིན་དེར་ས་མེ་འཕྲད་པའི་སྦྱོར་བ་རེད་འདུག་ལ། རྩིས་གཞུང་ལྟར་ན་༼ས་མེ་འཕྲད་པ་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། །༽ཅེས་གསལ་བ་དང་། ཡང་ཉིན་དེར་༼མགྲོན་མྱིའི་དུས་ཚེས་ལ་ཁེལ་ཡོད་པས་མགྲོན་བྱེད་པ་དང་གལ་ཆེའི་ དོན་གཉེར་མི་རུང་༽ཞེས་རྩིས་གཞུང་དུ་བབ་ཡོད། ༽དུམ་ཚན་འདིས་གསལ་བཤད་བྱེད་ཀི་རེད། འོན་ཀྱང་ཉིད་ཀྱིས་མིག་ཤད་ཙམ་ལས་རྩོམ་ཆ་ཚང་ཀློག་ཨེ་ཡོད་སྙམ་པའི་བློ་དོགས་འདུག གལ་སྲིད་བཀླགས་ཡོད་ན་དོགས་པ་ཡོང་མི་དགོས་པར་རང་བཞིན་འབྲི་ནོར་ཤོར་བ་ཤེས་ངེས་ཡིན། དེ་མིན་ཆེད་མངགས་སྐྱོན་འདྲ་འཚོལ་མཁན་ཡིན་རྒྱུ་རེད།

  6. བཙན་ནག་པ། says:
    2011-08-06 at 10:09 am

    སྤྱིར་བྱ་སྤྱོད་འདིར་བསམ་ན་བཟས་ཀྱི་དྭངས་ཀ་ཡང་དགག་བཞིན། གནས་ཚུལ་ཡག་ཀ་ཞིག་ཡོངས་རེ་བྲལ་སོང་། གཅིག་བྱས་ན་གཞོན་སྐྱེས་ཀྱི་ཁྱད་ཆོས་ཞིག་ཀྱང་ཡིན་སྲིད། འོང་ཀྱང་ཁོངས་ལ་བོད་ཀྱི་རིགས་གནས་དང་སྲོལ་རྒྱུན་ལ་ཏན་ནས་རྒྱུན་མངའ་མེད་པས་གཞན་ཞིག་ལ་དཔེ་བལྟ་བ་ཙམ་ཡིན་གྱི་རེད་དེ། རྒྱའི་རིགས་གནས་པ་དག་ཁོངས་འགོད་ཤོར་བཞིན། གཞི་ལུས་སྤུན་ཟླ་རྣམས་ངུ་མ་འགོད་བྱ་རྒྱུ་རང་རེད། བཙན་བྱོལ་བོད་རིགས་གཞོན་སྐྱེས་ཀྱི་ཁ་མདོག་འཛམ་གླིང་མི་མང་ལ་བསྟན་པ་རེད

  7. tenzin says:
    2011-08-06 at 11:37 am

    Posted 04 August 2011 – 09:22 PM
    On July 30th 2011 during the Canadian Tibetan Association Meeting to welcome the newly elected executives and bid farewell to the former executives and also discuss with the community with regards to the upcoming $1 Million donation from Office of His Holiness.
    The former President and current North America’s one of the two Chitues, had acted insanely by cursing those who had democratically opinionated their thoughts about his tenure with CTA. He had stated that those who spoke negatively against him may loose everything and become homeless in the next six months…Holy Smokes!!!
    He had cursed the community member forgetting that he is the current NA Chitue and using the public meeting…This act reminded me of the famous Tibetan proverb which goes like this…”Kangjeh Laaksoop”
    He had fallen down and crash landed in my books after that weekend meeting.

  8. དྲང་གཏམ་ says:
    2011-08-06 at 12:27 pm

    སྤྱིར་བོད་ལུགས་ཀྱི་མོ་དང་རྩིས་སོགས་གང་ཅིའི་ཐད་ལ་མནོ་བསམ་གཏོང་གལ་ཆེ་མོད། བྱེད་སྒོ་འདི་ལ་དམིག་ཡུལ་དང་ཆབ་སྲིད་ཀྱི་ངོ་བོ་ངེ་ཅན་ཞིག་ཡོད།
    དེ་ཡང་གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་ཀྱིས་མཚམས་འཇོག་གནང་བ་འདི་ལའང་ང་ཚོར་བོད་མའི་གནས་སྟངས་ཙམ་ཁོ་ནར་མིན་པར་རྒྱ་དམར་གྱི་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་དེ་ལའང་བརྡ་ལེན་དང་གནོན་ཤུགས་ཚད་ལས་འདས་པ་ཞིག་སྤྲད་ཡོད།

    དེ་འདྲ་བ་ང་ཚོས་ད་ལན་བཀའ་ཁྲིའི་རྟེན་འབྲེལ་མཛད་སྒོ་འདིའང་ང་ཚོའི་བོད་པའི་ཆབ་སྲིད་ཀྱི་བྱེད་སྒོ་གལ་ཅན་ཞིག་ཡིན་པས་འདིའི་ཐོག་ནས་རྒྱ་དམར་གྱི་དབང་འཛིན་པ་དང་པེ་ཅིང་ལའང་བརྡ་ལེན་ངེས་ཅན་ཞིག་གཏོང་དགོས་པ་ཡིན།

    དེ་གཏོང་བ་ལ་ཁོ་རང་ཚོས་ལེགས་པ་བརྩིས་པའི་གྲངས་ཞིག་གིས་ཐོག་ནས་རྟེན་འབྲེལ་མཛད་སྒོ་འཚོགས་ན་ཁོ་ཚོར་གནོན་ཤུགས་དང་ཕྱོགས་ཡོངས་ནས་འགྲན་པའི་ཚོར་སྣང་སྤྲོད་ཐུབ་ཆེ་བ་ལས།

    ང་ཚོས་ས་གཉིས་འཕྲོད་པའི་ཐོག་བྱས་པ་ཡིན། མེ་གཉིས་འཕྲོད་པ་ཡིན། དེ་རིང་ཚེས་བཅུ་ཡིན་གུ་རུའི་དུས་ཆེན་ཡིན་ཟེར་བ་སོགས་ཀྱིས་ནི་རྒྱ་མི་ལ་ཚོར་བ་གནོན་པ་གང་ཡང་བསྐྱེད་མི་ཐུབ།་

  9. ལུང་རྟོགས། says:
    2011-08-06 at 1:25 pm

    མོ་ངན་ཁ་ནས་གཏམ་ངན་ལས་ཅང་ཐོན་རྒྱུ་ཡོད་ནི་མ་རེད། བཀྲ་ཤིས་པའི་ལྷ་མཁར་གསོ་ས་ལ། ལྟས་ངན་པའི་ཀུ་ཅོ་མ་འདོན་རོགས།

  10. བཀྲ་ཤིས་སྒྲོལ་མ། says:
    2011-08-06 at 2:14 pm

    ལུང་རྟོགས་ལགས། ང་མོ་ངན་ཁ་ན་གཏམ་ངན་ལོས་ཡོད། ཁོང་ཕོ་བཟང་ལག་ན་ལས་བཟང་མེད་པར་འདི་འདྲའི་འཕྲོད་སྦྱོར་ངན་པ་དགྲ་བོས་ཆེད་མངགས་བདམས་ཀྱང་དེ་འདྲ་ཞིག་ལས་འདེམས་རྒྱུ་མེད་པ་ཞིག་གི་དུས་ཚེས་ལ་རྟེན་འབྲེལ་མཛད་སྒོ་བྱས་རུང་ང་མོ་ངན་གྱི་ཁ་ནས་གཏམ་ངན་མི་འབུད་པར་གཏོར་མ་ཁྱིས་ཁྱེར་ཡང་འཛུམ་མོལ་ལོ་ལོ་དང་། མར་མེ་རླུང་གིས་ཁུར་ཡང་འཛུམ་ལོམ་ལོ་ལོ་བྱས་ནད་འདུག་ག་བ་ཉན་གི་རེད། གནས་ཚུལ་འདི་ངེས་པར་ང་ཤེས་དགོས་པ་རེད། ད་དུང་ཉིན་ཤས་ཀྱི་དུས་ཁོམ་ཡོད་པས་རེ་བ་རྟེན་འབྲེལ་མཛད་སྒོའི་དུས་ཚེས་ལ་འགྱུར་བ་གཏོང་རྒྱུའི་རེ་བ་འདོན་གྱི་ཡོད།

  11. ཀརྡོ་རབ་འབྱམས་པ་ says:
    2011-08-06 at 2:31 pm

    ཆབ་སྲིད་ཀྱི་རྟེན་འབྲེལ་འདིར་དབུ་ལག་སོགས་ཀྱིས་མི་གནོད་ལ། མིག་མཐོང་ལག་མཐོང་ཆད་སྲིད་ཀྱི་རྟེན་འབྲེལ་ཟིན་ཏུ་བཟང་བས། ངས་ནི། རྟེན་འབྲེལ་འཕྱུགས་པའི་རྟེན་འབྲེལ་མཛད་སྒོར་ཁས་ལེན་མེད་ལ། བོད་རིགས་མི་མང་གིས་བསྐོས་པའི་ས་སྐྱོང་དབང་པོ་བློ་སེང་ལགས་རྒྱལ་འགྱུར་ཅིག བོད་རྒྱལ་ལོ། །

  12. སྟག་ར་ says:
    2011-08-06 at 2:35 pm

    མཆན་ཨང་ལྔ་པའི་འཆན་འགོ་མཐོང་དུས། བཀྲ་ཤིས་སྒྲོལ་མས་བཀྲ་ཤིས་ལགས་ལ། དག་བཅོས་བྱས་པར་ཐུགས་རྗེ་ལེགས་གསོལ། བདེན་དོན་ཡིན་པའི་ངོས་ལེན་ཞུས་སོང། ། བཀྲ་ཤིས་ཚིག་གིས་མཆོད་བསྟོད་བྱས་པར།མཁས་མཛངས་དཔའ་མོའི་རང་གཤིས་ཕུལ་བྱུང། འགོག་མེད་མགྲིན་པའི་རྩ་མདུད་གྲོལ་ནས། ངོས་ནས་གུས་མོར་ཡིད་རངས་འབུལ་ལོ། ཡང་སླར་ཡང་ཞུ་འདོད་པ་ཞིག་ལ། མཆན་ཨང་ལྔ་པའི་མཇུག་བྱང་མཐོང་དུས། བཀྲ་ཤིས་སྒྲོལ་མས་བཀྲ་ཤིས་ལགས་ལ། དག་བཅོས་བྱས་པར་ལེགས་གསོལ་མེད་པ། བདེན་དོན་སྨྲ་ལ་གུས་བརྩི་མེད་པ། བཀྲ་ཤིས་ཚིག་གིས་མཆོད་བསྟོད་མེད་པ། མཁས་མཛངས་དཔའ་མོའི་རང་གཤིས་མེད་པ། མི་འདོད་ཟུར་ཟའི་ཤ་འབལ་རྣོན་པོ། བཀྲ་ཤིས་ལགས་ཀྱི་བྲང་ཁར་བཏབ་འདི། དྲང་པོར་བཤད་ན་སེམས་པ་སྐྱོ་བྱུང།

  13. ལུང་རྟོགས། says:
    2011-08-06 at 4:17 pm

    བོད་གངས་ཅན་པ་གཟའ་སྐར་འཕྲོད་སྦྱོར། ལྷ་འདྲེ་གདོན་བགེགས་ལ་མགོ་འཁོར་ནས་ད་ལྟའི་གནས་བབ་འདིར་བསྐྱལ་བ་རེད། འཕྲོད་སྦྱོར་བཟང་ངན་ཙམ་རྒྱུ་མཚན་དུ་གཟུང་ནས་རང་གི་དབུ་ཁྲིད་ལ་སྨ་འབེབ་བྱེད་པ་ནི་ཅོལ་ཆུང་གི་བྱེད་སྟངས་རེད། འདི་ནི་གཟའ་སྐར་འཕྲོད་སྦྱོར་ཁ་ལ་ཁྱེར་ནས་དགེར་གྱི་ཞེ་མཁོན་བཟུང་བ་ལས་མ་འདས་ལ། འདི་ལྟ་བུའི་བྱེད་བབ་ཀྱིས་བོད་གངས་ཅན་པར་ཕམ་ཁ་བྱུང་བ་གྲང་མེད་ཡིན། དེས་ན་བསམ་ཡོད་ཅིག་ཡིན་ན་འདི་རིགས་ངེས་པར་དུ་མཚམས་འཇོག་བྱེད་རོགས།

  14. གླེན་པ་ལུག says:
    2011-08-06 at 4:24 pm

    གཟའ་སྐར་འབྱུང་འཕྲོད་མི་དགེ་བའི་ཉིན་མོ་བློ་བཟང་སེང་གེས་རྒྱ་མིའི་ཨང་གྲངས་(པའ་པའོ་ཅུའུ་ཅུའུ་)བདམས་ཏེ་བཀའ་ཁྲིའི་རྟེན་འབྲེལ་གྱི་མཛད་སྒོ་གཏན་འཁེལ་བར་རྟགས་དང་རྟེན་འབྲེལ་འཆུག་ཀྱང་༸མཆོག་གསུམ་རྒྱལ་བ་རྒྱ་མཚོས་སྐྱབས་འཇུག་གནད་སྨིན་ཡོང་བ་མཁྱེན། །

  15. ཐུབ་བསྟན says:
    2011-08-06 at 7:56 pm

    བཀྲ་སྒྲོལ་ལགས། ཁྱོད་རང་གི་བོད་ཀྱི་རིག་གཞུང་ཧ་གོ་གི་མི་འདུག་བོད་པ་ཚོ་གྲངས་ཀ་བརྒྱད་ཡག་པོ་རྩི་གི་འདུག་བརྒྱད་ཁ་ཡར་འཕེལ་ལབ་སྲོལ་འདུག་ ཁྱོད་རང་མ་ངུ་རོགས་རེ་བ་ཡིན།

  16. སྣྲོན་ངག་ཁྲི་ says:
    2011-08-07 at 12:49 am

    ༡༽གངས་སེང་མཚན་ཅན་གངས་རྟགས་འདི་ཡིན་ནམ།།
    གངས་ལས་སྐྱེས་པའི་རིག་གཞུང་འདི་ཡིན་ནམ།
    གངས་ཅན་ཕ་མེས་ཞལ་མཆེམས་འདི་ཡིན་ནམ།
    གངས་ལས་གྱར་བའི་གཡུ་རལ་འདི་དག་གམ།།
    ༢༽ཨ་ཞང་རྣམ་གཉིས་བཀའ་སློབ་འདི་ལྟར་རམ།།
    ཨ་རོགས་རོང་སྐྱེྱས་འབོད་སྒྲ་འདི་ཉིད་དམ།།
    ཨ་དར་ཨ་བོས་བཞག་པ་འདི་འདྲ་འམ།།
    ཨ་སྡུག་པིིའི་ཅིན་མྱུལ་འབྲས་འདི་སྐད་དམ།།
    ༣༽ཨ་ཙི་དུས་འཁོར་དབང་ཆེན་མ་ཞུས་སམ།།
    ཨ་རིའི་ཡུལ་ལ་རྒྱ་སྲོལ་རབ་བྲིན་ནམ།།
    ཨ་མྱེས་རྨ་ཆེན་རིག་གཞུང་འདི་ཙམ་མམ།
    ཨའོ་པཱ་མཱ་ཡི་མཚུངས་ཆོས་འདི་ལགས་སམ།།
    ཀ་ཅིའི་མདངས་ལྡན་གངས་རིའི་མུ་ཁྱུད་ཅན།།
    ཁ་བའི་རིག་གཞུང་

  17. འཇམ་དཔལ་ལེགས་བཟང་། says:
    2011-08-07 at 5:44 am

    གཙོ་བོ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། བཀའ་ཁྲི་དང་བཀའ་བློན་གཞན་རྣམས་ཀྱི་དུས་ཡུན་ལོ་ལྔ་རྫོགས་པའི་དུས་ལ་ཁེལ་ཡོད་པས། ཚེས་བཟང་ངན་གང་ལྟར་ཡང་བཀའ་ཁྲིའི་དམ་འབུལ་གྱི་དུས་ཚུད་རན་ན། ཉིན་དེ་རང་དུ་བྱེད་དགོས་པ་ལས་མོ་ལུང་རྩིས་ལ་ཅི་ལྟ། ངས་བསམ་ན་ལོ་ཐོ་ལས་བཅའ་ཁྲིམས་གལ་ཆེ་སྙམ།

  18. བཀྲ་ཤིས་སྒྲོལ་མ། says:
    2011-08-07 at 6:03 am

    འདི་ནས་གུས་མོས་གསལ་བཤད་ཅིག་བྱེད་འདོད་བྱུང་། ག་རེ་བྱས་ནས་ལབ་ན། དྲྭ་གྲོགས་མང་པོ་ཞིག་གིས་གུས་མོས་རྩོམ་ཡིག་གི་བརྗོད་བྱའི་ནང་དོན་དངོས་ལས་བརྒལ་ཏེ་རྩོམ་ཡིག་གི་ནད་དོན་དང་རྩོམ་པ་པོའི་འདོད་ཚུལ་འདི་རེད་ཅེས་འགྲེལ་བཤད་བྱེད་ཀྱི་འདུག དེ་ལྟར་མི་གནང་བར་འཚལ། སྤྱིར་བཏང་ནས་གུས་མོས་བཀའ་ཁྲི་གསར་བ་ཁོས་གིས་དུས་ཚེས་བདམས་པ་འདི་འགྲིག་མི་འདུག ནོར་འདུག་ཅེས་ལབ་ཡོད་པ་ལས་དེ་ལས་གཞན་པའི་ཁོང་ཟག་སྒེར་གྱི་གནས་ཚུལ་སྟེང་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད། གནད་དོན་འདིའི་སྟེང་ཚང་མས་བསམ་བློ་གཏོང་རོགས།

  19. བཀྲ་ཤིས་སྒྲོལ་མ། says:
    2011-08-07 at 6:08 am

    འཇམ་དཔལ་ལེགས་བཟང་ལགས། བཅའ་ཁྲིམས་ལྟར་ན་དུས་ཚེས་ཕལ་ཆེར་ཕྱི་ཚེས་བཅུ་བཞི་བཅོ་ལྔ་ཞིག་ཁེལ་ཡོད་ཚོད་ཡིན། འོན་ཀྱང་དེ་ལ་ངེས་གཏན་མེད་པར་བཀའ་ཁྲི་གསར་པས་དུས་ཚེས་གཏན་འཁེལ་བྱས་ན་ཆོག་པའི་དམིགས་བསལ་དབང་ཚད་ཡོད་པ་ཡང་བཅའ་ཁྲིམས་ཀྱི་དགོངས་པ་ཡིན་པ་འདྲ།

  20. རྩམ་དགའ། says:
    2011-08-07 at 8:10 am

    བཀའ་ཁྲི་གསར་བ་ཁོང་ནི་དེ་འདྲའི་རྣམ་རྟོག་ཅན་ཞིག་མིན་ལས་ཆེ།

  21. ས་མཐའི་བུ་ says:
    2011-08-07 at 10:02 am

    བཀྲ་ཤིས་སྒྲོལ་མས་གསུང་བ་དེ་ལ་གནས་ལུགས་འདུག གང་ཡིན་ཟེར་ན་ང་ཚོའི་བོད་མི་ཡོད་དོ་ཅོག་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་དུས་བཟང་ཉིན་བཟང་འདེམས་སྟངས་འདི་འདྲ་གཏན་ནས་མིན། ལྷག་པར་དུ་གནད་འགག་གི་སྐབས་ལ་དེ་བས་ཀྱང་གཟབ་ནན་བྱེད་དགོས། མདོར་བསྡུས་ན་བོད་མི་ས་ཡ་དྲུག་གིས་ཡིད་ཆེས་དང་རེ་བའི་མིག་འབུར་གཏོད་ས་ཞིག་གིས་བོད་རང་གི་སྲོལ་རྒྱུན་གྱི་འགྲོ་སྟངས་ལ་ཆ་འཇོག་ཅུང་ཟད་ཙམ་ཡང་མ་བཏང་བར་རྒྱ་ནག་གི་བྱེད་སྟངས་ལ་ལད་མོ་བྱས་པ་འདིའི་བོད་མི་ཚོའི་སེམས་སུ་བཀའ་ཁྲི་གསར་པས་བོད་རང་གི་རིག་གནས་ལ་དེ་ཙམ་གྱི་ཡིད་ཆེས་མེད་པ་གསལ་བོ་རྟོགས་ཐུབ་པས་ང་ཡང་དེ་ལ་བསམ་ཚུལ་གཅིག་མཚུངས་ཡོད།མདོར་ན་བོད་མི་རིགས་ཀྱི་གནས་སྟངས་ལ་འགན་དབང་ཡོད་མཁན་གྱི་མི་གཅིག་ཡིན་ཕྱིན་བོད་མི་དམངས་ཀྱི་བསམ་པའི་ཁ་ཕྱོགས་དང་བསྟུན་ཐུབ་མཁན་ཞིག་གཏན་གཏན་དགོས་ཀྱི་རེད།

  22. བློབ་བཟང་རྒྱལ་མཚན says:
    2011-08-07 at 12:20 pm

    བཀྲ་ཤེས་སྒྲོལ་མ་ཟེར་བས་ག་དུས་ཡིན་རུང་བཀྲ་མ་ཤེས་པའི་ལྟམ་ངན་ཀྱང་བཤད་གི་འདུག་

  23. བཀྲ་ཤིས་སྒྲོལ་མ། says:
    2011-08-07 at 1:34 pm

    བློ་བཟང་རྒྱལ་མཚན་ལགས། ཁོང་ཚོས་བཀྲ་མ་ཤིས་པ་རྐང་བྱས་ཡོང་དུས་ངས་ཀྱང་བཀྲ་མི་ཤིས་པ་དེ་འདྲ་མི་གླེང་རང་གླེང་རེད།

  24. ཐུབ་བསྟན says:
    2011-08-07 at 11:09 pm

    བཀྲ་ཤ་ིས་སྒྲོལ་མ་ ཁྱོད་རང་ངུ་ནས་མཆི་མ་དྲྭ་རྒྱ་སྒང་ལ་བཏང་རོགས་དེ་མིན་ཐབ་ཤེས་མི་འདུག །

  25. Gonpo says:
    2011-08-08 at 12:50 am

    རྟེན་འབྲེལ་དང་པོ་དམ་པའི་ཆོས་ཀྱི་ལམ།

    འཕག་ལམ་ཡན་ལག་བརྒྱད་པའི་རྟེན་འབྲེལ་འགྲིགས།

    བཀྲ་ཤིས་བརྟག་བརྒྱད་བརྟག་དང་རྟེན་འབྲེལ་འགྲིག

    བཀྲ་ཤིས་རྫས་བརྒྱད་དངོས་སྒྲུབ་རྟེན་འབྲེལ་འགྲིགས

    དམ་ཆོས་ཐེགས་པ་རིམ་དགུས་རྟེན་འབྲེལ་འགྲིགས།

    དགུ་དགུ་དགུ་ཡི་རྣོ་ངར་མེ་ལྕེ་དེས། ནག་ཕྱོགས་དགྲ་ཡི་སྙིང་རྩ་གཅོད་བར་མཚོན།

    བཀྲ་སྒྲོལ་ལྟས་ངན་མ་ཡི་མི་ཁ་ཟློག། བོད་སྐྱོང་ལྷ་སྲུང་གཉེན་པོ་མཐུ་ཡོད་ན།

    ལྟས་ངན་ཁ་དེ་དུམ་བུ་བཞི་རུ་གཏུབ།

  26. བཀྲ་ཤིས། says:
    2011-08-08 at 9:37 am

    བྱ་བ་བཟང་ངན་ག་རེ་བྱུང་ཡང་ལས་འབྲས་ལ་བརྟེན་ནས་བྱུང་བ་ལས། གཟའ་དང་ཚེས་གྲངས་བཟང་ངན་ལ་བརྟེན་ནས་བྱུང་བ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་སྙིང་པོ་བརྒྱད་ཁྲི་བཞི་སྟོང་གང་གི་ནང་དུའང་དུས་དང་རྣམ་པ་ཀུན་ཏུ་གསུངས་པ་མེད་པས། ཁྱེད་ཀྱིས་ལས་འབྲས་གལ་ཆེ་བར་འཛིན་ནམ། ཡང་ན་གཟའ་དང་ཚེས་གྲངས་བཟང་ངན་གལ་ཆེ་བར་འཛིན་ནམ། རྣམ་རྟོག་དགྲ་ཡི་འཆར་སྒོ་ཡིན་ཟེར་བ་ལྟར། རྣམ་རྟོག་གི་གཞན་དབང་དུ་སོང་ན་སྔར་དུས་ཚོད་འཕྲོག་བརླགས་བཏང་བ་བཞིན།་ད་དུང་ཡང་གཏོང་ངེས་མ་ཡིན་ནམམ

  27. བཀྲ་ཤིས་སྒྲོལ་མ། says:
    2011-08-10 at 2:58 am

    དྲྭ་གྲོགས་རྣམས་ཀྱིས་སྤྱིའི་ཆ་ནས་རང་ཉིད་ཀྱི་བསམ་ཚུལ་ཁག་ལྷུག་པོར་གསུངས་པར་ཐུགས་རྗེ་ཆེ། འོན་ཀྱང་ཁག་ཅིག་གིས་རྔ་མ་རིང་བོ་རེ་དྲུད་ནས་ཡོང་བཞིན་པ་དང་། ཁག་ཅིག་གིས་ཞེ་འདོད་ནག་པོ་རེ་ཁུར་ནས་ཡོང་བཞིན་པ། ཡང་ཁག་ཅིག་གིས་རང་ཉིད་བསྐྱུར་ནས་གཞན་ཞིག་གི་མགྲིན་ཚབ་པ་བྱས་ཏེ་ཡོང་བཞིན་པ་སོགས་རིགས་སྣ་ཚོགས་ཤིག་འདུག འོན་ཀྱང་གུས་མོས་ནི་དེ་དག་ཚང་མ་ཅི་མི་སྙམ་པར་འཇོག་རྩིས་བྱས་ཏེ་ལན་འདེབས་བྱས་མེད། རྒྱུ་མཚན་ནི་ཚང་མས་དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བཞིན་ཡོད་པས་ཅི་ཁག་སྙམ་པ་ཞིག་སེམས་ལ་རྟག་ཏུ་ཡོད་པས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme