Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སྙིང་ཉེ་བའི་སློབ་མ་ཚོ།

Posted on 2011-08-03 By ཁ་བརྡ་ No Comments on ངའི་སྙིང་ཉེ་བའི་སློབ་མ་ཚོ།

གཡུ་དྲུག་དཀར།རྡ་ས།

ང་ཚོའི་སེམས་ཀྱི་ན་བུན་འདི་སློབ་ཁྲིད་ཀྱི་བར་བར་ནས་སྐབས་རེར་བགད་ཅིང་ལན་རེར་གཤེ་བའི་བྱིས་སྤྱོད་ལྟ་བུའི་རྣམ་འགྱུར་དེ་ཁོ་ནས་འཐིབས་སུ་བཅུག་པ་མིན་ཏེ།ངུ་མ་དགོད་ཀྱི་ཐུན་མོང་ལས་དབང་གི་རི་རབ་ཀྱི་རྩེ་དང་རྒྱ་མཚོའི་ཁ་ནས་ཡར་ཡར་ལ་འཁོར་བའི་བྱ་ལོང་གི་གཤོག་འགྱུར་ལས་ཀྱང་ཚོར་བ་ཡིན་ལ།ལྷག་པར་དུ་རྐང་ལམ་གཅིག་གི་འཕྲང་དང་འགག་ན་ལུས་ཡོད་པའི་འུ་ཚོའི་རྐང་རྗེས་ལ་ཕྱིར་མིག་བསྟབས་པའི་དྲན་ངོགས་ཀྱི་ན་ཟུག་གིས་བསླངས་སོ།།
ངའི་སྙིང་ཉེ་བའི་སློབ་མ་ཚོ།ཕྱི་རོལ་གྱི་མི་ཁ་རླུང་ཁ་ན་ཁོང་ཁྲོ་དང་མཚོན་ཆ་ཡི་རྟགས་ཐམ་གྱིས་རྒྱས་བཏབ་པའི་དྲག་སྤྱོད་རིང་ལུགས་པའི་ཚོགས་པ་ཞིག་ལྟར་སྐད་གྲགས་ཆོད་ཀྱང་།ནང་གི་ལྷས་ར་རུ་རང་གི་མེས་པོའི་གཤིས་རྒྱུད་ཀྱི་དཀར་པོའི་ཁ་དོག་ལེགས་པར་མནབས་པའི་གཡུང་མོ་ལུག་ཁྱུ་ཞིག་ལྟར་ལྷོད་ཅིང་འཇམ།ཁོང་ཚོའི་ཕྱི་ལུས་ཀྱི་ཤ་དར་ཞིང་ཁྲག་ཁོལ་བའི་གཟུགས་སྟོབས་ཀྱིས་མི་རྒན་མི་རྒན་ལྟར་མཐོང་ཡང་།ནང་སེམས་ཀྱི་རྩྭ་ཐང་ཧ་ཅང་ནེམ་ཞིང་རྩྭ་ལྗང་ལོ་མཉེས་གཤིན་གྱི་འཁྲི་ཤིང་ལགས་ན། ཁོང་ཚོ་ནི་ཆེན་པོ་ཆེན་པོ་འདྲ་ལ། ཆུང་ཆུང་ཡང་འདྲ་འོ།།
ངའི་སྙིང་ཉེ་བའི་སློབ་མ་ཚོ། འཚོ་བའི་རབ་གསལ་ལས་བསམ་གཞིག་གི་རྟ་ཁ་ཕྱོགས་དང་མཚམས་ཡར་མར་ལ་དཀྱུ་དུས། ནུབ་ཕྱོགས་ལ་དུངས་བ་ཟབ་ཅིང་དབྱིན་ཡིག་ལ་དགའ་བ་འདྲ་ཡང་།ཁོང་ཚོའི་ཤ་རུས་པའི་གསེང་ན་བོད་སྐད་བོད་ཡིག་ལ་དུངས་བའི་རྐང་སྣུམ་པོ་ཞིག་བཅུད་དུ་བལྟམས་པ་དེ་ནམ་ཡང་བཞུ་སྲིད་དམ།ཁོང་ཚོའི་ཞེ་བསམ་པའི་གཏིང་གི་བོད་མི་རིགས་དང་རིག་གཞུང་ལ་བཅིངས་པའི་བརྩེ་སེམས་ཀྱི་གངས་རི་དེ་ནམ་ཡང་འགྱེལ་སྲིད་དམ།
ངའི་སྙིང་ཉེ་བའི་སློབ་མ་ཚོ།ཁ་སང་ཕ་ཡུལ་ལ་ཕྱིར་ལྟ་བྱེད་བཞིན་ལམ་ལ་བུད་ཅིང་དེ་རིང་དྲན་གདུང་གི་མིག་ཆུ་་འཕོ་བཞིན་ས་མཐའ་འདིར་གསར་དུ་འབྱོར་བ་ཤ་སྟག་ཡིན་ཞིང་། གཞུག་ཕྱོགས་ད་དུང་གང་ཞིག་ལ་འགྲོ་དགོས་པར་འདོད་དེ། སྐད་བརྡ་འཕྲོད་དང་མི་འཕྲོད་ཀྱི་བར་ན་དཔྱ་ཁྲལ་ལག་དེབ་བཟོ་བ་ནས་དེབ་སེར་བོ་བཟོས་མ་གྲུབ་བར་ལ་དཀའ་སྡུག་གི་གོམ་པ་མང་པོ་མང་པོ་ཞིག་སྤོ་བཞིན་གདའ་ཡང་།ཡིན་རིང་ཞིག་ལ་རྒྱ་གར་དང་བལ་ཡུལ་ནས་ལྷག་འདུག་མཁན་དེ་དག ཞིབ་ཏུ་བལྟས་ན་ཕལ་ཆེར་ངའི་སྙིང་ཉེ་བའི་སློབ་མ་ཚོ་ཡིན་ངེས།
ངའི་སྙིང་ཉེ་བའི་སློབ་མ་ཚོ། འཛམ་གླིང་འདིའི་འཚོ་བ་དང་ལོ་ཚད་ལ་མཚུངས་རྟགས་མི་འབབ་པའི་མི་ལས་ངན་ཚོ། ལོ་ཚད་ཀྱིས་ཡར་ཡར་ལ་འཐེན་ཞིང་། འཚོ་བའི་ན་ཚོད་མར་མར་ལ་འབབ་ཀྱིན། སེམས་ཁོང་ལ་བྲེལ་ཤ་ལངས་བཞིན། ས་ཆ་རེ་ནས་སླར་ཡང་བུས་པ་རེ་རེར་བཙའ་བཞིན་འགྲོ་བཞིན་ཡོད།ཁོང་ཚོའི་མི་ཚེ་འདི་ལྟར་བརྡབ་གསིག་གི་ཁྲོད་ནས་ལྷག་དགོས་ན།ནམ་ཞིག་ལ།གང་ཞིག་ནས།ཁོང་ཚོས་རང་གི་འཚོ་བ་དང་མི་ཚེ་ཟེར་བ་དེའི་དབུ་ཁྱུད་ཡར་བསླང་དགོས་སམ། ཡང་ན། ཁོང་ཚོས་རྒས་གཉེར་དེ་ད་དུང་བྱིས་དུས་ཀྱི་རྩེད་ར་ཡིན་དགོས་སམ།
ངའི་སྙིང་ཉེ་བའི་སློབ་མ་ཚོ།ཆེན་པོ་ཆེན་པོ་ཚོས་ཁ་ཚོན་པོའི་ནང་ནས་བོད་གཞིས་བྱེས་གཉིས་ཀྱི་དབར་ན་གསེར་འོད་ལམ་ལམ་དུ་འཕྲོ་བའི་ཟམ་པ་ཡིན་ཟེར་ཞིང་། དེ་བས་ཁོང་ཚོར་ཆེས་གལ་ཆེ་བ་དང་། ཁོང་ཚོས་ཆེས་གཅེས་སུ་འོས་པའི་མི་ནི་ངའི་སྙིང་ཉེ་བའི་སློབ་མ་ཚོ་ལས་གཞན་སུ་ཡང་མེད་ཟེར་ཡང། ཁོང་ཚོའི་སྤྱན་ལམ་ན་ངའི་བུ་བུ་མོ་ཚོ་གར་ཡང་མེད་ཅིང་།ཁོང་ཚོའི་ཕྱག་དྲོན་མོའི་ཕྱི་ནང་ན་ངའི་ཚོང་རྫས་ཤིག་ལས་ཅིཡང་མིན་ལ།ཁོང་ཚོའི་ཐུགས་རྒྱ་མཚོའི་ཀློང་ན་ངའི་ཤ་དར་ཁྲག་དར་གྱི་སྟག་ཤར་སྨན་ཤར་ཚོ་མི་སྙིགས་ཤིག་ལས་ཅི་ཡང་མིན་ཨང་།
སྙིང་ཉེ་བའི་སློབ་མ་ཚོ།ས་མཐའ་ནས་ངའི་བྲང་ཁོག་ལ་འབྱར་བའི་རྡོ་འཁྱག་ཡིན།མི་མཐའ་ནས་ངའི་མིག་ནང་ཟུག་པའི་ཚེར་མ་ཡིན།

རྩོམ་རིག

Post navigation

Previous Post: འབྲས་ལྗོངས་སུ་འཁྲུངས་པའི་བཙུན་པ་མ་ཧེན་དྷ་ཐེ་ར་མཆོག
Next Post: མཁན་པོ་ཨ་ཁྱིག་སང་སྐུ་གཤེགས་པའི་སྐོར་གྱི་གནས་འཕྲིན་ཁ་གསལ་ཁུངས་དག་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme