Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་ཞི་མོལ།

Posted on 2008-07-02 By dhatsenpa 9 Comments on བོད་རྒྱ་ཞི་མོལ།

ངས་བལྟས་ན་དེ་བོད་རྒྱ་ཞི་མོལ་མ་རེད་ཞུ་མོལ་རེད། སྐུ་སྐྱིད། སྐུ་སྐྱིད་ཅེས་ཞུ་བ་འཐེན། སྐེ་བསྟན། ལྕེ་ལེ་གནར། ཕྱག་འཚལ་དེ་འདྲ་བྱས་ན་དེ་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཏུ་འགྲོ་གི་ཡོད་རྒྱུ་རེད། གྲུབ་འབྲས་ཅུང་ཟད་རེ་ཐོབ་མ་སྲིད་པ་མ་རེད། རྒྱ་ནག་གིས་སྲིད་དོན་འཁྲབ་ཀྱི་ཡོད་རེད། མགོ་སྐོར་གཏོང་གི་ཡོད་རེད་ཅེས་བསྡད་བསྡད་ན་དོན་ག་ལ་འགྲུབ། མགོ་སྐོར་ག་ཚོད་གཏོང་ན་གཏོང་ཆུག དེ་ང་ཚོའི་རྒྱལ་ཁ་ལས་ཕམ་ཁ་ཅི་ལ་ཡིན། ཁྱེད་ཚོ་སྐྲག་དགོས་གི་མ་རེད། འཛམ་གླིང་མི་མང་གིས་བལྟས་བསྡད་ཡོད་རེད། མགོ་སྐོར་ག་ཚོད་ཀྱིས་མང་ང་བཏང་ན་ང་ཚོའི་བདེན་པའི་རྒྱབ་རྩར་ལངས་མཁན་མང་དུ་འགྲོ་གི་རེད། མང་པོ་བཤད་རྒྱུ་མེད། ཁྱོད་ཚོས་ངའི་ཚིག་རྡོག་འདི་ཚོར་སློབ་སྦྱོང་ཡག་པོ་གྱིས། གཅིག་ནས་གཅིག་བརྒྱུད་ཁྱབ་སྤེལ་ཡག་པོ་གྱིས། བརྙན་འཕྲིན། རླུང་འཕྲིན། དུས་དེབ། ཚགས་པར། དྲ་གནས་སོགས་བརྒྱུད།
གཞན་སྐུ་ཚབ་ཚོགས་པ་ཚོར་སྐེ་སྟོན་སྟངས། ལྕེ་གནར་སྟངས། ཕྱག་འཚལ་སྟངས་སོགས་ལ་སྦྱོང་བརྡར་ཡང་སྤྲོད། རྒྱལ་སྤྱིའི་ཐོག་ལའང་དེ་བཞིན་དུ་ལས་འགུལ་སྤེལ། ནུབ་ཕྱོགས་པའི་མིག་ལྗང་ཁུ་ཅན་གྱི་སྲིད་འཛིན་པ་དེ་ཚོ་སེམས་འགུལ་ཐེབས་སླ་པོ་ཡོད་རེད། ཀུ་རེ་ཡིན་ལ་དངོས་གནས་ཀྱང་ཡིན།

གསར་འགྱུར།

Post navigation

Previous Post: བསྟོད་ར་བཏང་ནས་ཁྲིམས་ལ་ཐོགས་པ།
Next Post: ཕ་ཡུལ་གྱི་དངངས་སྐྲག

Comments (9) on “བོད་རྒྱ་ཞི་མོལ།”

  1. གཡང་སྐྱབས་རྒྱལ། says:
    2008-07-02 at 8:11 pm

    ཀུ་རེ་ཡིན་ལ་དངོས་གནས་ཀྱང་ཡིན་པའི་གནད་དོན་ཆེན་པོ་འདི་ཆེ་དྲགས་འདུག བོད་མི་ཚོའི་དངངས་སྐྲག་ཡལ་བ་ཞིག་གནང་ཐུབ་པ་ཡོད་མེད་ལ་གཞུང་གིས་གང་འདྲ་ཞིག་གནང་གི་ཡོད་དམ། ཁྱེད་ཀྱིས་སྐུ་སྐྱིད་སྐུ་སྐྱིད་ཅེས་ཞུ་བ་འཐེན་འདུག ཁ་ཤས་ཀྱིས་སྐུ་མཁྱེན་ སྐུ་མཁྱེན་ཞེས་འབྲི་གིན་འདུག ལྷ་སའི་ཁ་སྐད་ ཀུ་ཅི་ ཟེར་བ་འདི་བོད་སྐད་མིན་ན་ཐང་། ཀུ་ཅི་ཟེར་བ་འདིའི་ཡོང་ས་ངོ་མ་དེ་གང་ཡིན་ནམ།

  2. སྤོབས་པ། says:
    2008-07-02 at 8:33 pm

    ལྷ་སའི་ཁ་སྐད་ཀུ་ཅི་ཀུ་ཅི་ཞེས་པ་དེ་འདས་པའི་དུས་སུ་འགྲོ་རྒྱུགས་ཧ་ཅང་ཆེན་པོ་ཡིན་ངེས། དཔེར་ན། སྤྲང་པོས་ཟས་སློང་སྐབས། ཉེས་ཅན་ལ་ཆད་པ་ཕོགས་སྐབས། ཉམ་ཆུང་ལ་བརྡུང་བརྡེགས་ཕོག་སྐབས། མགྲོན་པོས་གནས་ཚང་གཡར་སྐབས་བཅས་ལ་དགོས་མཁོ་ཆེན་པོ་ཡོད་ངེས་ཀྱང༌། བོད་རྒྱ་ཞི་མོལ་ཡིན་ནམ་ཞུ་མོལ་དེ་ཚོའི་སྐོར་ལ་ཀུ་ཅི་ཀུ་ཅི་ཞེས་པ་དེས་གྲུབ་འབྲས་འདྲ་ཨེ་ཐོན་ནམ། སྐུ་མཁྱེན་ཡིན་ནམ་སྐུ་གཅེས་ཡིན་མི་ཤེས། དེ་ཡིག་ཐོག་ལ་འབྲི་སྲོལ་སྔོན་དུས་སུ་མེད་པ་འདྲ། གཅིག་བྱས་ན་འདོད་རྒྱལ་གྱི་སྒྲ་ཞིག་ཡིན་ཡང་སྲིད། རྒྱ་མཚན་གང་གི་ཕྱིར་ཁྱེད་པ་འདི་ཤེས་འདོད་བྱུང༌། འདི་ལེགས་པོ་ཞིག་སྦྱངས་ན་བོད་རྒྱའི་བར་གྱི་དཀའ་རྙོགས་སེལ་བར་ཕན་ཐོགས་འདྲ་ཞེ་ཡོད་བསམ་པ་མིན་ནམ། དེ་ཚོ་ཀུ་རེ་ཡིན།གང་ལྟར་ཡང་ཚང་མས་ཞིབ་འཇུག་ཅིག་གྱིས་དང༌།

  3. འགར་ཚེ་རྒྱལ། says:
    2008-07-03 at 3:37 am

    སྐུ་སྐྱིད་དང་ཀུ་ཅི་ཞེས་གང་བྲིས་ན་བོད་སྐད་དུ་དབྱིན་སྐད་དང་རྒྱ་སྐད་ཀྱི་སྒྲ་གདངས་ཐོན་ཙམ་གྱིས་བྲིས་པ་ལྟར་དུ་སྣང་བས་འདི་ནི་ནོར་བ་རེད། ལྷ་སའི་སྐད་གདངས་ལ་སྒྲ་དེ་ལྟར་ཐོན་ཡང་དོན་དུ་ཡིག་ཐོག་ཏུ་འབྲི་ན་སྐུ་མཁྱེན་ཞེས་འབྲི་དགོས། འདི་དང་འདི་ལྟ་བུའི་ལྷ་སའི་སྐད་གདངས་མང་པོ་ཞིག་ང་ཚོས་གདངས་ཡོང་ཐབས་ཙམ་ལས་དོན་དུ་ཐ་སྙད་དངོས་ཡིག་ཐོག་ཏུ་འབྲི་མ་ཤེས་པའི་དཀའ་ངལ་འབྱུང་གིན་ཡོད་པས། སྤྱི་ཚོགས་ཀྱི་འགན་འཁུར་རྒྱུ་ཡིན་ཟེར་མཁན་ཞིག་ཡིན་ཕྱིན། འདི་རིགས་གང་ཤར་དང་གང་བྱུང་དུ་མི་འབྲི་བར་བརྟག་དཔྱད་གང་གཟབ་བྱེད་རྒྱུ་གལ་ཆེན་ཡིན་སྙམ།

  4. མགོན་པོ་ཕྱག་གཉིས་པ། says:
    2008-07-03 at 11:52 am

    ངས་སྐུ་སྐྱིད་དང་སྐུ་མཁྱེན་གཉིས་ཀ་བེད་སྤྱོད་གཏོང་གི་ཡིན། ཡིན་ན་ཡང་བེད་སྤྱོད་གཏོང་ས་མི་འདྲ། ངའི་ཕ་ཡུལ་དུ་ཟས་སོགས་སློང་སྐབས་གཞན་ལ་ཞུ་བ་འཐེན་པའི་གོམས་སྲོལ་མེད་པར་ཟས་མ་ཐོབ་སྔོན་ནས་སྨོན་ལམ་བཟང་བོའི་མཚམས་སྦྱོར་བར་བྱེད། དེ་ཡང་། དཔེར་ན། ཁ་དྲོ། ལོ་བརྒྱ། ཚེ་རིང་། བཀྲ་ཤིས་ཟེར། དུས་ན་སྐུ་སྐྱིད་ཟེར་ནའང་གཅིག་པ་རེད། ཡང་གཞན་ལ་ཞུ་བ་འཐེན་ན། ངའི་སྐེ། སྐུ་མཁྱེན་ཟེར་ནས་འབྲི་གི་ཡིན།

  5. རྡོ་རྗེ། says:
    2008-07-03 at 3:55 pm

    བཀྲ ་ཤིས་བདེ་ལེེེགས།

  6. མགོན་པོ་ཕྱག་གཉིས་པ་འདུལ་མཁན། says:
    2008-07-03 at 4:07 pm

    མགོན་པོ་ཕྱག་གཉིས་པ་ཟེར་བའི་མི་དེ། རྒྱུ་མཚན་འགྲོ་ས་མེད་མཁན། ཨུ་ཚུགས་ཅན། ལྐུགས་རྟགས་ཀྱང་ཚ་པོ་ཡིན་པའི་མི་ཐབས་ཆགས་འདི་འདྲ་ཞིག་ཡིན་པ་ད་རེས་ཤེས་བྱུང་། མི་རྒྱུ་མཚན་མི་འགྲོ་མཁན། ཡོན་ཏན་ལ་བརྩི་འཇོག་མེད་མཁན། གླེན་པ་འདི་འདྲ་མཉམ་དུ་དྲ་རྒྱ་གཅིག་གི་ནང་མགོ་བོ་བཅུག་ནས་སྡོད་དགོས་པ་འདི་ང་ཚོ་བོད་མི་ཤེས་ཡོན་ཅན་པ་ཚོའི་ལས་ངན་བསམ་གྱི་མི་ཁྱབ་པ་ཞིག་རེད་སྙམ། དེ་ན་དཀོན་མཆོག་ལ་གསོལ་བ་འདེབས་ནས། མགོན་ཕྱག་གཉིས་པ་ཁོ་རང་དྲ་རྒྱ་དེར་ལོག་མི་ཡོང་བའི་འཕྲིན་བཅོལ་བྱ་རྒྱུ་ལས་མ་འདས།

  7. རིག་པའི་རྡོ་རྗེ། says:
    2008-07-03 at 9:29 pm

    ངས་དྲ་གྲོགས་ཚོར་རེ་སྐུལ་ཞིག་ཞུ་འདོད་བྱུང་།   ད་ནས་བཟུང་དྲ་གྲོགས་ཕན་ཚུན་བར་ཚིག་ངན་ཟུར་ཙམ་ཡང་མི་གསུང་རྒྱུ་ངའི་རེ་བ་ཡིན།   ང་ཚོའི་སྤུན་ཟླ་ལྷག་བསམ་ཅན་ཞིག་གིས་བོད་ཡིག་ཐོག་རང་དབང་གླེང་སྟེགས་འདི་འདྲ་ཞིག་བཟོས་ཡོད་དུས།   ང་ཚོ་དྲ་དེབ་འདིར་ཞུགས་མཁན་རྣམས་ཀྱིས་ཁོང་རྣམ་པའི་ཐུགས་རེ་བཞིན།    རང་རང་སོ་སོའི་ཤེས་ཚོད་ཀྱིས་དཔྱད་བརྗོད་དྲང་བདེན་དང་།   བཟོད་སྒོམ།    བསམ་ཤེས་ཀྱི་ཐོག་ནས་སྤེལ་རྒྱུ་ལས།   ཕན་ཚུན་ཚིག་ངན་དང་ཤགས་འགྱེད་ལྟ་བུ་མ་ཡིན་པར་བརྗོད་བྱའི་གནད་ལ་དབབ་པའི་གླེང་མོལ་རེ་གནང་ཐུབ་ན།    
     
    སྣ་ཚོགས་ཤེས་བྱ་རིག་པའི་སྐྱེད་ཚལ་གྱི་སྟེགས་བུར།།
    བློ་གྲོས་གཤོག་རྩལ་རྒྱས་པའི་སྐལ་བཟང་གི་རྐང་དྲུག།
    དྲང་བདེན་གཏམ་གྱི་སྦྲང་རྩི་ལྟོས་མེད་དུ་རོལ་མཁན།།
    ཉེས་པའི་སྐྱོན་ཚོགས་བྲལ་བའི་དྲ་གྲོགས་རྣམས་བག་ཕེབས།།   ཞེས་བསྟོད་ཀྱང་འགལ་བ་མེད་པར་མེད་པར་སེམས་སོ།།

  8. སྤོབས་པ། says:
    2008-07-03 at 9:47 pm

    ང་རང་ཉིད་ཀྱི་ངོས་ནས་རིག་པའི་རྡོ་རྗེས་གསུངས་པ་དེར་བརྒྱ་ཆ་བརྒྱ་ཐམས་པ་འཐད་པ་མ་ཟད་རང་ངོས་ནས་ཀྱང་མ་ཤེས་ན་མ་གཏོགས་དེ་ཁོ་ན་ལག་ལེན་དུ་བསྟར་འདོད་ཡོད།

  9. མགོན་པོ་ཕྱག་གཉིས་པ། says:
    2008-07-03 at 10:05 pm

    མགོན་པོ་ཕྱག་གཉིས་པ་འདུལ་མཁན་ལགས།
    ཁྱེད་རང་བདེན་པ་རེད། ང་མི་ཨུ་ཚུགས་ཅན་ཞིག་ཡིན། བདེན་པ་ཞིག་ཤེས་པའི་སླད་དུ།
    ཁྱེད་རང་ཁ་རུ་ཁ་ཐུག་རེད། ང་ལྐུགས་རྟགས་ཚ་པོ་ཡིན། ངས་གནས་ལུགས་མང་པོ་ཞིག་མི་ཤེས་པས།
    ཁྱེད་རང་ནོར་བ་རེད། ང་ལ་རྒྱུ་མཚན་འགྲོ་ས་ཡོད། རྒྱུ་མཚན་འཚོལ་མཁན་ཞིག་ཡིན་པས།
    ཁྱེད་རང་གིས་བཤད་ན་ང་གླེན་པ་རེད། ཡིན་ད་ཡིན། ཁྱོད་ཀྱིས་རྒྱུ་མཚན་དུ་མཐོང་བ་དེ་ངས་རྒྱུ་མཚན་དུ་མཐོང་གི་མེད་པས།
    དཀོན་མཆོག་ལ་གསོལ་བ་འདེབས། བོད་མི་ཤེས་ཡོན་ཅན་འདི་ཚོས་ང་ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཡོན་ཏན་གྱི་བགོ་སྐལ་རེ་སྩོལ་བར་ཞུ། དྲ་རྒྱ་འདིའི་ནང་དུའང་ཡང་ཡང་ཡོང་ཆོག་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme