Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་རབས་ཉེར་གཅིག་དེ་རྒྱ་ནག་ལ་མི་དབང་བའི་རྒྱུ་མཚན།

Posted on 2011-07-25 By ཁ་བརྡ་ 8 Comments on དུས་རབས་ཉེར་གཅིག་དེ་རྒྱ་ནག་ལ་མི་དབང་བའི་རྒྱུ་མཚན།

བཀྲ་ལྷ་ཉི་མ་རྡོ་རྗེས་དབྱིན་ཡིག་ནས་བོད་བསྒྱུར་ཞུས།

དཔལ་འབྱོར་དང་། ཆབ་སྲིད།ས་ཁམས་ཆབ་སྲིད་བཅས་རྒྱུ་མཚན་གསུམ་གྱི་ཐོག་ནས་རྒྱ་ནག་དེ་དུས་རབས་ཉེར་གཅིག་གི་དབང་ཤུགས་ཀྱི་གཙོ་བདག་ཞིག་ལ་འགྱུར་མི་ཐུབ།

དཔལ་འབྱོར།
འདས་པའི་ལོ་ཤས་ནང་ང་ཚོས་ཉམས་རྟོགས་གསལ་པོ་བྱུང་བ་ནི་གནས་ལུགས་གང་འདྲ་ཞིག་ཡིན་རུང་། དྲང་ཐིག་གཅིག་གི་སྟེང་ཁ་གྱེན་དུ་གཏད་ནས་དུས་གཏན་དུ་ཡར་རྒྱས་ཁོ་ན་འགྲོ་སྡོད་མཁན་གཅིག་ཀྱང་མེད། རྒྱ་ནག་གིས་འཛམ་གླིང་འདིའི་ཤུལ་འཛིན་བྱེད་རྒྱུ་ཡིན་པ་འདྲ་པོ་ཞིག་སྣང་གི་ཡོད་རུང་། ཉི་ཧོང་ཡང་དུས་ཚོད་གཅིག་གི་རིང་དེ་འདྲ་པོ་ཞིག་ཆགས་རྒྱུ་ཡིན་པར་སྣང་ཡོད། སྐབས་ཤིག་རིང་ཉེ་ཧོང་ནི་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་གཉིས་པར་སླེབས་ཡོད་པ་དང་། མི་ཚོས་ཉེ་ཧོང་གིས་འཛམ་གླིང་ཡོངས་རྫོགས་སྟངས་འཛིན་བྱེད་རྒྱུ་ཡིན་པར་བཤད་ཡོད་མོད། །དོན་དངོས་ཐོག་དེ་ལྟར་ཆགས་མེད། ཨེ་ཤི་ཡའི་སྟག་རྒོད་ཕལ་ཆེ་བ་ལོ་ངོ་ ༢༠-༢༥ རིང་ལོ་གཅིག་ལ་དཔལ་འབྱོར་བརྒྱ་ཆ་ ༩ཐོག་འཕེལ་རྒྱས་ཕྱིན་ཡོད། དེ་ནས་འཕེལ་རྒྱས་འགྲོ་ཚད་དེ་ བརྒྱ་ཆ་ ༦ ཡང་ན་ ༥ལ་མར་ཆག་ཡོད།ངས་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཡོང་རྒྱུ་རེད་ཅེས་མངོན་ཤེས་ཤོད་ཀྱི་མེད།ངས་ཞུ་འདོད་པ་ནི་རྒྱ་ནག་ཀྱང་ “གྲངས་འབོར་ཆེ་བ་དང་དུས་གཅིག་ལ་ཕྱིར་ཤོལ་”ཞེས་པའི་དཔལ་འབྱོར་གྱི་ངེས་སྲོལ་དེའི་ནང་ལྷུང་ནས་འཕེལ་རྒྱས་འགྲོ་ཚད་མར་ཆག་རྒྱུ་ཡིན་པ་རེད། གཅིག་བྱས་ན།མར་ཆག་ཚད་དེ་རྒྱལ་ཁབ་གཞན་ལས་ཅུང་ཟད་དམའ་བ་ཡོང་རྒྱུ་རེད།དེའི་རྒྱུ་མཚན་ནི་རྒྱ་ནག་གི་གཞི་ཁྱོན་ནི་རྒྱལ་ཁབ་གཞན་ལས་རྦད་དེ་ཆེ་བ་ཡོད་པས་ཡིན།།
གཞན་ཡང་།
ཞུ་རིན་ཡོད་པའི་གནད་དོན་གཞན་ཞིག་ནི་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ནང་ཚགས་ཚུད་མེད་པའི་འཛུགས་སྐྲུན་མང་པོ་ཞིག་ཡོད།
ཁོང་ཚོར་དགོས་མེད་ཀྱི་རྒྱུ་དངོས་མང་པོ་ཞིག་ཡོད།
ཕྱིའི་རྒྱལ་ཁབ་ཁག་གིས་ཐད་ཀར་མ་རྩ་འཇོག་ཚུལ་ལ་གཞིགས་ན། ཁོང་ཚོའི་འཕེལ་རྒྱས་ནི་ཧ་ཅང་
ཚགས་ཚུད་མེད་པ་ཞིག་ཡིན།
རྒྱ་གར་ནང་ལོ་གཅིག་གི་ནང་མ་འཇོག་བྱེད་མཁན་གྱི་ཚད་དེ་རྒྱ་ནག་ནང་ཟླ་བ་གཅིག་གི་ནང་ཡོང་གི་ཡོད་པ་རེད།
ཡིན་ནའང་།
རྒྱ་ནག་གི་འཕེལ་རྒྱས་ཀྱི་ཚད་གཞི་ནི་རྒྱ་གར་ལས་བརྒྱ་ཆ་གཉིས་ཀྱི་མ་གཏོགས་མང་བ་མེད་པ་རེད།
གནད་དོན་གཞན་ཞིག་ནི།གལ་ཏེ་ང་ཚོས་རྒྱ་ནག་གི་
འཕེལ་རྒྱས་ཀྱི་སྤུས་ཚད་ལ་མནོ་བསམ་ཞིག་བཏང་ཚེ།
དེ་ནི་ང་ཚོའི་མིག་མདུན་དུ་སྣང་བ་བཞིན་དེ་འདྲའི་ཡིད་སྨོན་སྐྱེས་དགོས་པ་ཞིག་མིན།ཁོང་ཚོས་གཞི་རྒྱ་

ཧ་ཅང་ཆེ་བའི་གནམ་གྲུའི་བབ་ཐང་འབོར་ཆེན་བསྐྲུན་པ་དང་།
ཐིག་བརྒྱད་ཅན་གྱི་གཞུང་ལམ་བསྐྲུན་པ།མྱུར་མགྱོགས་མེ་འཁོར་ལྕགས་ལམ་བསྐྲུན་པ་སོགས་
ཤུགས་ཆེའི་མ་འཇོག་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་།
མ་འཇོག་ཤུགས་ཆེན་དེ་ལྟ་བུ་བྱས་རྗེས་ཚུར་ཐོབ་པའི་འབྲས་བུར་བསམ་གཞིགས་ཞིག་བྱས་ན་དེ་ནི་དེ་

འདྲའི་ཡིད་ལ་འཐད་པོ་ཞིག་མིན།
རྒྱ་ནག་ལ་དཀའ་ངལ་ཤུགས་ཆེན་གཞན་ཞིག་ཡོད་པ་ནི།མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་

རྒྱ་ནག་ལ་མ་འོངས་པའི་མི་ལོ་ཉེར་ལྔའི་ནང་མི་འབོར་གྱི་གོད་ཆགས་འཕྲད་རྒྱུ་ཡིན་པ་དང་།
དེ་ནང་མི་འབོར་དུང་ཕྱུར་ ༤༠༠ རླག་འགྲོ་རྒྱུ་རེད་ཅེས་འཁོད་
ཡོད།
འགྲོ་བ་མིའི་ལོ་རྒྱུས་ནང་དུས་ཚོད་གང་ལའང་འཛམ་གླིང་ཐོག་དབང་ཤུགས་ཀྱི་གཙོ་བདག་གཅིག་བྱུང་མྱོང་མེད་ལ།
དེའང་མི་འབོར་གྱི་ཐད་ནས་ཉམས་
ཆགས་འགྲོ་མཁན་ཞིག་བྱུང་མེད་། དེ་ནི་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་རེད།
གལ་སྲིད་ཁྱེད་རང་མི་འབོར་ཉམས་ཆགས་ཕྱིན་པའི་རྒྱལ་ཁབ་དེ་གང་ཞིག་
ཡོད་མེད་གཟིགས་འདོད་ཚེ། ཉི་ཧོང་ལ་གཟིགས་དང་།

ཆབ་སྲིད།

རྒྱ་ནག་དེ་བཞིན་འཛམ་གླིང་ནང་དཔལ་འབྱོར་གྱི་ཐོག་ནས་སྟོབས་ཤུགས་ཆེ་ཤོས་དེ་ཆགས་པའི་དབང་དུ་བཏང་ནའང་།
དེ་ལ་ཆབ་སྲིད་ཀྱི་ཐད་ནས་ང་ཚོར་
དགོས་པའི་འགོ་འཁྲིད་དེ་བྱེད་རྒྱུའི་ནུས་པ་ལྡན་ཡོད་དམ།
དྲན་དགོས་པ་ཞིག་ལ།མི་ལོ་བཅུ་ཕྲག་མང་པོའི་རིང་ཉི་ཧོང་དེ་བཞིན་འཛམ་གླིང་ནང་དཔལ་
འབྱོར་ཨང་གཉིས་པར་གནས་ཡོད།ཡིན་ཡང་།
ངས་གཞི་རྒྱ་ཆེ་བ་དང་ཀུན་གྱི་སྣེ་འཁྲིད་བྱེད་མཁན་འདྲ་པའི་ཇུས་བཀོད་ཅིག་མ་མཐོང་།
དེ་ལྟ་བུའི་འགོ་ཁྲིད་
ཀྱི་གནས་བབ་དེར་སླེབས་པར་ཆབ་སྲིད་ཀྱི་ནུས་ཤུགས་གང་འཚམ་དགོས་པ་ཡིན།
རྒྱ་ནག་རྒྱལ་ཁབ་དེར་སྟངས་འཛིན་བྱེད་མཁན་གྱི་སྲིད་གཞུང་དེ་ནི་དཀའ་
རྙོག་ནང་ཚུད་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན།
མ་འོངས་པར་རྒྱ་ནག་གིས་བརྒྱུད་དགོས་པའི་ཤུལ་འཛིན་དེ་ད་ལྟའི་གནས་སྟངས་དང་གཅིག་མཚུངས་
ཞིག་ཡོང་མིན་ནི་ཆ་མི་འཚལ་བའི་གནས་ཞིག་ཡིན།
གལ་ཏེ་རྒྱ་ནག་ནང་འབྱོར་འབྲིང་གྲལ་རིམ་ཞིག་བཟོས་ཚེ་རྒྱ་གཞུང་ངོས་ནས་ཁོང་ཚོར་ལྟ་སྟངས་གང་འདྲ་འཛིན་རྒྱུ་ཡིན་པ་དང་།
ཁོང་ཚོའི་མངོན་འདོད་
རྣམས་ལ་ཡ་ལན་ཇི་ལྟར་སྤྲོད་རྒྱུ་ཡིན་པ་སོགས་གཞི་རྩའི་དཀའ་ངལ་རྣམས་སེལ་ཐུབ་མེད།
ཐེ་ཝན་དེ་བཞིན་བརྒྱུད་རིམ་དེ་འདྲ་བ་ཞིག་བརྒྱུད་སྐབས།
ང་ཚོའི་མཐོང་ཆོས་སུ་གྱུར་བ་ནི་མང་གཙོའི་ལམ་ལུགས་སུ་གྱུར་པ་དེ་ཡིན།
དེ་དང་ཕྱོགས་མཚུངས། ལྷོ་ཀོ་རི་ཡའང་བརྒྱུད་རིམ་དེའི་ནང་འགྲོ་སྐབས།
ང་ཚོས་མཐོང་བ་ནི་གཅིག་མཚུངས་ཤིག་སྟེ། མང་གཙོའི་ལམ་ལུགས་སུ་གྱུར་པ་དེ་རེད།
བརྒྱུད་རིམ་དེ་ཚོ་ནི་ཞི་བདེ་བག་ཕེབས་ཀྱི་དུས་སྐབས་མིན་པ་མ་ཟད།
མི་གསོད་ཁྲག་སྦྱོར་དང་རྙོག་ཟིང་ལྷག་པར་ཆེ་བའི་དུས་སྐབས་ཤིག་ཡིན།

ས་ཁམས།

མི་ཚོས་ཨེ་ཤི་ཡའི་འཕེལ་རྒྱས་ཀྱི་ཡར་ལངས་བྱུང་བཞིན་ཡོད་ཅེས་བརྗོད་རྒྱུར་དགའ་པོ་ཡོད་པ་རེད།
དོན་དངོས་ཐོག ཨེ་ཤི་ཡ་ཞེས་པའི་དངོས་དོན་ཞིག་ཡེ་
ནས་མེད། གང་ཡོད་པ་ནི། རྒྱ་ནག་དང་། རྒྱ་གར། ཉི་ཧོང་བཅས་ཡིན་པ་དང་།
ཁོང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་དགའ་མོད་མེད་པ་མ་ཟད།
རྒྱ་ནག་ཡར་རྒྱས་འགྲོ་བ་དང་དུས་མཚུངས་རྒྱ་གར་དང་། ཉི་ཧོང་། ཨིན་ཌོ་ནི་ཤི་ཡ། ཝི་ཏ་ནམ།
ལྷོ་ཀོ་རི་ཡ་བཅས་ཀྱི་སྙིང་སྟོབས་ཀྱི་ཡ་ལན་ཞིག་སྤྲོད་ཀྱི་ཡོད་པ་
མཐོང་ཐུབ། ཁྱེད་ཀྱིས་ད་ལྟ་ནས་འཁྲུག་ཟིང་གི་རླུང་འཚུབ་དེ་མཐོང་ཐུབ།
རྒྱ་ནག་གི་འཕེལ་རྒྱས་ནི་སྟོང་སངས་ཀྱི་ནང་འགྲོ་བཞིན་ཡོད།
ཁོ་པ་ཡར་རྒྱས་འགྲོ་ཡུལ་གྱི་གླིང་ཆེན་དེའི་ནང་རང་ལ་འགྲན་རྩོད་བྱེད་མཁན་ཧ་ཅང་གི་མང་པོ་ཡོད།

རང་དབང་ཐོག་གི་རྒྱན་འཛུགས།

ནུབ་གླིང་ནང་ང་ཚོར་འདེངས་ཚོད་མ་གདེང་པའི་དཀའ་ངལ་ཞིག་ཕྲད་བཞིན་ཡོད།
དམིགས་བསལ་གྱི་ང་ཚོར་ཁ་གཏད་གསར་པ་ཞིག་དང་རྩོད་ཟླ་མི་འདྲ་
བ་ཞིག ཡང་ན།
རྒྱལ་ཁབ་འགའ་ཞིག་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་ཤར་བསྐྱོད་བྱེད་པ་དང་ཕྲད་སྐབས།
གོང་གི་གཏམ་དེ་བདེན་པ་ཡིན་ར་ཕྲོད་ཐུབ་ངེས།

ཨ་རིའི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ཇོར་ཇི་ཀི་ནན་མཆོག་གིས་རྒྱུན་དུ་རང་གི་རྩོམ་ཡིག་ནང་ཨ་རིས་ཨུ་རུ་སུའི་འགྲན་རྩོད་ལ་ཁ་གཏད་གཅོག་ཐུབ་ཀྱི་མ་རེད།
རྒྱུ་མཚན་གང་ཡིན་ཟེར་ན།ང་ཚོ་ནི་ཁ་ཐབས་སྐྱོ་བ་དང་རང་ཚུགས་བརྟན་པོ་མེད་པ།
ང་ཚོའི་བསམ་བློ་འགྱུར་སླ་བ། འོན་ཀྱང་།
ཁོང་ཚོ་ནི་མིག་རྒྱང་རིང་བ་དང་ཐབས་ཇུས་བཟང་པོ་ཡོད་པས་ཡིན།
ང་ཚོས་ཐབས་ཇུས་བཟང་མདོག་བྱས་རུང་། དོན་དངོས་ཐོག་ལྐུགས་པ་ཡིན། འོན་ཀྱང་།
སྟབས་ལེགས་པ་ཞིག་ལ་དེ་འདྲའི་ངང་མཐའ་འཁྱོལ་ཙམ་བྱུང་བ་རེད།
ངའི་བསམ་པར་རྒྱ་ནག་གི་ཐོག་ལའང་དེ་ལྟར་གཅིག་མཚུངས་ཀྱི་ལྟ་ཚུལ་གཅིག་མེད་དམ་སྙམ།
དེ་ཡང་། ཁོང་ཚོར་བློ་ཡུལ་ལ་འཆར་དཀའ་བའི་མིག་རྒྱང་རིང་
པོ་ཞིག་ཡོད་པ་དང་ང་ཚོ་ནི་ཐེ་ཚོམ་གྱིས་ཁེངས་པའི་གླེན་པ་ཞིག་ཡིན་པ།
གནད་དོན་དེ་གསལ་སྟོན་བྱེད་མཁན་གྱི་སྒྲུང་ཡིད་དབང་ཕྲོག་པ་ཞིག་ཡོད་རེད།
རྒྱ་ནག་གི་སྲིད་བློན་ཀྲའུ་ཨན་ལེའ་ལ་
“ཧྥ་རན་སི་གསར་བརྗེ་ཐད་ཁྱེད་རང་ལ་བསམ་ཚུལ་གང་ཡོད།” ཅེས་དྲི་སྐབས།

དེའི་ལན་དུ་ཁོས་ “དེའི་ཐད་ཤོད་རྒྱུ་སྔ་ཐག་ཆོད་པ་རེད།” ཅེས་ཤོད་སྐབས།
མི་ཚང་མའི་བསམ་པར། “ཨོའོ་ དཀོན་ཅོག་གིས་མཁྱེན།
མི་དེ་དངོས་གནས་ཐུན་མིན་གྱི་སྐྱེས་སྟོབས་ཅན་རེད། ཁོའི་མིག་རྒྱང་དེ་འདྲའི་རིང་བ་ལ།
ཐ་ན་དུས་རབས་གཅིག་ཙམ་སྔོན་ལ།།།།།། ”

ཕྱི་ལོ་ ༡༩༧༣ ལོར་ ཀྲའུ་ཨན་ལེའ་ཡིས་ ཕྱི་ལོ་ ༡༩༦༨
ལོར་བྱུང་བའི་ཧྥ་རན་སིའི་གསར་བརྗེ་དེ་ གསར་བརྗེ་སློབ་ཕྲུག་བ་ཞིག་ཅེས་བརྗོད་ཡོད།
སྐབས་དེ་དུས་ “དེའི་ཐད་བརྗོད་རྒྱུ་སྔ་ཐག་ཆོད་པ་རེད་”
ཅེས་བཤད་ན་ཡོངས་སུ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན།

དེར་བརྟེན།
རྒྱ་མི་ཚོ་དེ་ལྟབུའི་ཐབས་ཇུས་ལ་མཁས་པ་ཞིག་དང་ང་ཚོ་ནི་གོ་མེད་ཚོར་མེད་ཀྱི་ལྐུགས་པ་ཞིག་ཡིན་པར་ཡིད་ཆེས་བྱེད་མི་ཉན།
ཇར་མན་གྱི་ཀའི་སར་དང་།
ཨུ་རུ་སུའི་དེ་བཞིན་ཇར་མ་ནིའི་ནའ་ཛིའི་སོགས་ཀྱིས་འགལ་རྐྱེན་བཟོས་མིན་ལ་མ་ལྟོས་པར་།
ང་ཚོས་གོ་མེད་ཚོར་མེད་ངང་གནས་བབ་མཐོ་ས་ཞིག་ལ་སླེབས་ཐུབ་པ་བྱུང་ཡོད།
དོན་དངོས་ཐོག
ཨ་རི་དང་བྱང་ཨ་མི་རི་ཁ་གཉིས་ནས་འཛམ་གླིང་གསར་པ་དེར་མིག་དཔེ་ཡག་པོ་ཞིག་སྟོན་བཞིན་ཡོད་པ་མཐོང་ཐུབ།

ང་ཚོ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཅིག་ཏུ་གྲུབ་བཞིན་ཡོད་དེ།
རྒྱལ་ཁབ་དེའི་ནང་འཛམ་གླིང་ས་ཕྱོགས་གང་ས་ནས་་མི་རིགས་འདྲ་མིན་འདུ་བཞིན་ཡོད་པ་དང་།
མི་དེ་རྣམས་ནི་ཤ་མདོག་མི་འདྲ་བ་དང་།
ཆོས་ལུགས་ཀྱི་དད་ཞེན་དང་ལྟ་གྲུབ་མི་འདྲ་བ་ནས་ཡིན་རུང་།
རང་གི་འཇོན་ནུས་འདོན་པའི་ལམ་ཞིག་རྙེད་ཐུབ་པ་མ་ཟད།
འཛམ་གླིང་སྤྱི་ཡོངས་ཀྱི་རྨི་ལམ་ལྟ་བུ་ཞིག་མངོན་འགྱུར་ཐུབ་ཀྱི་ཡོད།
དངོས་དོན་དེ་ནི་འདིར་བྱུང་བཞིན་ཡོད་པ་དང་།
དེས་འཛམ་གླིང་ས་ཕྱོགས་གང་ས་ནས་མི་མང་པོ་ཞིག་འདུ་བཞིན་ཡོད།

རང་དབང་དང་དྲང་བདེན་གྱི་སྤྱི་ཚོགས་ཤིག་ཡོང་འགྱུར་ཡིད་ཆེས་འབོར་མི་ངན།

འགྱུར་རྩོམ།

Post navigation

Previous Post: སྟེས་དབང་གིས་ཕྲད་པའི་ཀོ་རི་ཡའི་བུ་མོ (Hyangja)ལགས།
Next Post: ༄༅།།སྤྱི་ཚོགས་གསར་རྙིང་གི་ཁྱད་པར་ཅུང་ཟད་བརྗོད་པ་ཉི་ཤུ་བ་ཞེས་བྱ་བ།

Comments (8) on “དུས་རབས་ཉེར་གཅིག་དེ་རྒྱ་ནག་ལ་མི་དབང་བའི་རྒྱུ་མཚན།”

  1. གསེར་འབྲུག་སྡེར་ལྔ་ says:
    2011-07-25 at 8:50 pm

    གོ་ལ་ཧྲིལ་པོར་མི་འབོར་ཐེར་འབུམ་ཆེན་པོ་དྲུག་ལས་མེད་། རྒྱ་ནག་མི་འབོར་མང་ཤོས་རེད་རེད་ཏེ་དུང་ཕྱུར་བཅུ་གསུམ་ལས་མེད་། འོན་ཀྱང་གོང་དུ་་་《 རྒྱ་ནག་ལ་མ་འོངས་པའི་མི་ལོ་ཉེར་ལྔའི་ནང་མི་འབོར་གྱི་གོད་ཆགས་འཕྲད་རྒྱུ་ཡིན་པ་དང་། དེ་ནང་མི་འབོར་དུང་ཕྱུར་་༤༠༠་བརླག་འགྲོ་རྒྱུ་རེད་ཅེས་འཁོད་ཡོད་།》 ཅེས་པར་གྲངས་གནས་འདི་ཏག་ཏག་ཅིག་སྡད་མི་འདུག། མང་པོ་ཞིག་གིས་དབྱིན་སྐད་ཀྱི་གྲངས་གནས་བོད་བསྒྱུར་བྱེད་སྐབས་ག་དུས་ཡིན་ཡང་ནོར་འགྲོ་བ་འདྲ་ཞིག་འདུག། དབྱིན་སྐད་ཀྱི་གྲངས་གནས་མི་ཤེས་པའམ་ཡང་ན་བོདསྐད་ཀྱི་གྲངས་གནས་མི་ཤེས་པ་ལྟ་བུར་སྣང་།

  2. ལུང་རིགས་རྒྱལ། says:
    2011-07-25 at 10:22 pm

    འདི་ཉེ་ཆར་སི་ཨིན་ཨིན་གྱི་ ཧྥ་རི་ཌི་ ཛ་ཁ་རི་ཡ་ ཡིས་ སི་བྷི་སི་ཡི་ བསམ་ཚུལ་ཞེས་པའི་བགྲོ་གླེང་སྐབས་བཤད་པའི་བསམ་ཚུལ་དེ་དག་རེད་དམ། ངས་ལས་ཀའི་སྐབས་རླུང་འཕྲིན་ལས་ཁོང་གི་དགག་སྒྲུབ་དེ་ཚོར་ཉན་པ་ཡིན། རྒྱ་གར་གྱི་དབྱིན་ཇིའི་གདངས་དང་འདྲེས་མ་ཞིག་འདུག་ལ། ཁོང་གི་གཏམ་བཤད་དེ་ཚོ་གནད་ལ་འཁེལ་བོ་དང་ཐལ་མོ་རྡེབ་མཁན་ཡང་མང་པོ་འདུག

  3. མིག་བརྒྱད་པ། says:
    2011-07-26 at 4:57 am

    དྲི་བ། ( རྒྱ་ནག་ལ་མ་འོངས་པའི་མི་ལོ་ཉེར་ལྔའི་ནང་མི་འབོར་གྱི་གོད་ཆགས་འཕྲད་རྒྱུ་ཡིན་པ་དང་།
    དེ་ནང་མི་འབོར་དུང་ཕྱུར་ ༤༠༠ རླག་འགྲོ་རྒྱུ་རེད་ཅེས་འཁོད) ད་ལྟ་རྒྱ་ནག་ནང་ལ་མི་འབོར་དུང་ཕྱིར་བཅུ་གསུམ་ལས་མེད་པས་མི་འབོར་དུང་ཕྱིར་༤༠༠་རླག་འགྲོ་རྒྱུ་ཞིག་གང་ནས་ཡོང་། ཡིག་ནོར་ཡིན་རྒྱུ་རེད། དུང་ཕྱིར་༤༠༠་ལྷག་འགྲོ་རྒྱུ་རེད་ཅེས་པ་ཡིན་འགྲོ། དེ་ལྟར་ཡིན་ན་ཡང་ལོ་རེ་རེའི་ནང་མི་འབོར་དུང་ཕྱིར་གཅིག་དང་བྱེ་བ་ལྔ་འཕར་དགོས་པས། ཆ་སྙོམས་ཀྱིས་རྩིས་ན་བཟའ་ཚང་གཉིས་ཀྱི་བར་མི་ཚེ་གཅིག་གི་ནང་ལ་ཕྲུ་གུ་གཉིས་རེ་མ་གཏོགས་སྐྱེ་ཆོག་གི་མེད་པས་དེ་ལྟར་འཕར་རྒྱུ་བློ་ཡུལ་ལས་འདས་པ་ཞིག་རེད།

  4. དབང་དགའ says:
    2011-07-26 at 9:51 am

    ཁ་བརྡ་དྲ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་

  5. བཀྲ་ལྷ་ཉི་མ་རྡོ་རྗེ། says:
    2011-07-27 at 5:29 am

    ཀློག་པ་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུར། (རྒྱ་ནག་ལ་མ་འོངས་པའི་མི་ལོ་ཉེར་ལྔའི་ནང་མི་འབོར་གྱི་གོད་ཆགས་འཕྲད་རྒྱུ་ཡིན་པ་དང་།་ དེ་ནང་མི་འབོར་དུང་ཕྱུར་ ༤༠༠ རླག་འགྲོ་རྒྱུ་རེད་ཅེས་འཁོད་ཡོད།)
    ཚབ་ཚུབ་དབང་གི་གོང་དུ་འཁོད་པའི་གྲངས་གནས་དེ་ནོར་འཁྲུལ་ཤོར་འདུག་པས་དགོངས་གལ་མེད་པ་ཞུ།
    དེ་ནི་ས་ཡ་༤༠༠ རེད་འདུག། China has another huge problem. The UN just came out with a report that pointed out that China is going to have a demographic collapse over the next 25 years. It is going to lose 400 million people.

  6. སྒྲོལ་མ་མེ་ཏོག says:
    2011-07-27 at 10:02 am

    ལེང་ཧྲན་དཔའ་རྟུལ་ཉི་མ་རྡོ་རྗེ་ལགས། གུས་མོ་སྒྲོལ་མ་མེ་ཏོག་གིས་ཞིབ་ཀློག་བྱས་པ་ཡིན།

  7. ལུང་རིགས་རྒྱལ། says:
    2011-07-28 at 12:27 am

    གང་ནས་སྒྱུར་ན་དེའི་ཁུངས་དང་བཅས་པ་བཤད་ན། ཀློག་མཁན་ཚོར་དོགས་པ་བྱུང་ན་ལམ་སེང་མ་ཡིག་ལ་གཤིབ་བསྡུར་བྱ་ཆོག་གི་རེད།

  8. བཀྲ་ལྷ་ཉི་མ་རྡོ་རྗེ། says:
    2011-07-29 at 6:42 am

    སྒྲོལ་མ་མེ་ཏོག་ལགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ལུང་རིགས་རྒྱལ་ལགས་ཀྱིས་ལམ་སྟོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ང་རང་ལས་ཤོར་ལ་རྩོམ་ཡིག་སྒྱུར་མཁན་གྱི་གསར་བུ་བ་ཞིག་པས་ལམ་སྟོན་དེ་ལྟར་གནང་བར་དགའ་པོ་བྱུང་། ངས་དེ་ལྟར་འཁྱར་འཁྱོར་ངང་བོད་དོན་སྐོར་དང་དེ་བཞིན་རྒྱ་ནག་གི་ཆབ་སྲིད་དང་དེའི་འཕོ་འགྱུར་གྱི་ཐོག་རྒྱལ་སྤྱིའི་ཚགས་ཤོག་ཁག་དང་དུས་དེབ་ཁག་ནང་ཐོན་པའི་རྩོམ་ཡིག་རྣམས་བོད་བསྒྱུར་ཞུ་ཁུལ་བྱེད་པའི་དམིགས་ཡུལ་གཙོ་གཅིག་ནི་རང་རེའི་སྤྱི་ཚོགས་ནང་བོད་དོན་དང་དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ལ་དོ་སྣང་ཡོད་པའི་མི་མང་པོ་ཞིག་དབྱིན་ཡིག་ཡག་པོ་མ་མཁྱེན་པའི་དབང་གིས་དེ་ཚོ་ཀློག་པའི་གོ་སྐབས་མེད་སྟབས་ཁོང་ཚོར་ཕན་ཐོག་ཕྲན་ཙམ་བྱུང་ན་བསམ་པའི་ཀུན་སློང་དང་བཅས་བྲིས་པ་ཡིན། ཡང་ངས་ངོས་ལེན་ཞུ་དགོས་པ་གཅིག་ལ་ང་རང་བོད་ཀྱི་གནས་ཚད་དེ་ཙམ་གྱི་ཡག་མེད་སྟབས་སྡེབ་སྦྱོར་དང་བརྡ་སྤྲོད་སོགས་ཕྱོགས་མང་པོ་ཞིག་ནས་ཀློག་པ་པོ་ཚོའི་སྤྲོ་བ་འཕེལ་དགོས་པ་ཞིག་དང་རྩོམ་བསྒྱུར་ཚད་ལྡན་ཞིག་མ་བྱུང་བ་སྲིད་པས་དགོངས་གསོལ་ཞུ་རྒྱུ་ཡིན། ཡིན་ཡང་ངས་བསྒྱུར་ཟིན་པ་དེ་ཚོ་དྲྭ་རྒྱའི་ནང་མ་སྤེལ་གོང་རང་གི་ཞུ་དག་གང་འཚམ་བཏང་རྗེས་ཤེས་པ་ལྡན་གང་མང་ཞིག་ལ་སྤྱན་འབུལ་ཞུ་ཡི་ཡོད།
    སླད་མར་ཡང་མུ་ཐུད་ནས་བློ་ཁོག་ཆེན་པོས་རྩོམ་བསྷྱུར་ཞུ་ཡིན་པས་ལེགས་སྤེལ་ངན་འགོག་གི་ལམ་སྟོན་གང་མང་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme