Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་གསུང་ཆོས་ར་བར་རང་དབང་མི་འདུག

Posted on 2011-07-23 By ཁ་བརྡ་ 8 Comments on ཨ་རིའི་གསུང་ཆོས་ར་བར་རང་དབང་མི་འདུག

ཚེ་རིང་རྒྱལ།

ད་ཐེངས་ཨ་རིའི་གསུང་ཆོས་སྐབས་དུས་དབང་གོ་སྒྲིག་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་འཚོང་མི་ཆོག་པའི་བཀའ་རྒྱ་དང་འཇིགས་སྐུལ་བཏང་འདུག དེ་ནི་དངོས་གནས་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། སྤྱིར་བཏང་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པར་མ་ཟད་རྡ་སའི་མང་གཙོ་ཀ་བ་གསུམ་ལྡན་གྱི་སྲིད་གཞུང་དེ་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་གྱི་གཞུང་ངོ་མ་དེ་རེད། དེས་ན་རང་དབང་དང་མང་གཙོ་ཚད་ལྡན་དུ་ཟློ་བའི་སྲིད་གཞུང་འདིའི་འོག་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་དང་ལོ་རྒྱུས་ཀྱི་ཐོབ་ཐང་རྩོད་མི་ཆོག་ཟེར་བ་དེ་ཚོགས་པ་དང་མི་སྒེར་གྱི་རང་དབང་དང་ཐོབ་ཐང་འཕྲོགས་པ་ཅིས་མིན་ནམ། སྤྱིར་བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཅེས་པར་བསྒྱུར་ཏེ་བོད་དབྱིན་གྱི་མིང་ཚིག་གཅིག་མཐུན་བཟོས་པ་ནི་དགོས་དབང་ངམ་མ་བྱས་ཐབས་མེད་ཀྱི་གནས་སྟངས་ཤིག་རེད། འོན་ཀྱང་། དེ་ནི་གཞུང་གི་ཐག་གཅོད་ཅིག་ལས་བོད་མི་ཚང་མའི་མངོན་འདོད་དང་མཐུན་པའི་ངེས་པ་མེད། མ་ཟད་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཙོང་བས་”བཙན་བྱོལ་བོད་མིའི་སྒྲིག་འཛུགས་”ཀྱི་བརྟན་ལྷིང་ལ་གནོད་མི་སྲིད། ཡང་ཁོས་”ཆབ་སྲིད་ཀྱི་རྣམ་པ་མི་མངོན་ཆེད་ཡིན་”ཟེར་བ་དེ་བྱ་བ་སྔོན་ལ་བསྒྲུབས་ཏེ་རྒྱུ་མཚན་རྗེས་ནས་བཙལ་བའི་འགལ་བ་ལྟག་སྤྲོད་ཀྱི་ཚིག་དུམ་ཞིག་རེད། ཚིག་དུམ་འདིར་གོ་བ་ལེན་སྐབས་ཆོས་ཀྱི་དགོངས་དོན་ལྟར་བསམ་ན་ལས། གཞན་ནང་དོན་གང་ཡང་མི་འདུག དེས་ན་ང་ཚོས་འདི་ལ་གོ་བ་གཉིས་ལེན་ཆོག དང་པོ་ནི། གསུང་ཆོས་ར་བ་དེར་ཆོས་ཀྱི་དགོངས་དོན་དང་མཐུན་པ་ཞིག་ལས་འཇིག་རྟེན་བྱ་བ་ཙག་ཙིག་སྒྲུབ་མི་ཆོག་ཅེས་པ་དེ་རེད། འོན་ཀྱང་། ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་གསུང་ཆོས་ར་བར་ཚོང་རྒྱག་ཆོག་པའི་ཆོག་མཆན་བཀོད་འདུག བསམ་བློ་ཞིག་ཐོངས་དང་། ཆོས་ཀྱི་དགོངས་དོན་ལྟར་ན་གསུང་ཆོས་ར་བར་ཚོང་རྒྱག་ཆོག་ལ་སྲིད་ཀྱི་རྣམ་པ་མངོན་མི་ཆོག་སྒྲུབ་བྱེད་ཅི་ཞིག་རྙེད་ཀྱི་འདུག་གམ། གཉིས་པ་ནི། ད་ལྟའི་དུས་འདིར་སྐྱབས་མགོན་རིན་པོ་ཆེ་ཆོས་ཀྱི་དབུ་ཁྲིད་ལས་སྲིད་ཀྱི་དབང་འཛིན་པ་མིན་པས་ཁོང་ཕེབས་ས་དང་ཆོས་གསུང་གནང་སར་སྲིད་ཀྱི་རྣམ་པ་མངོན་མི་ཆོག་ཅེས་པ་རེད་འདུག འོན་ཀྱང་དོན་དངོས་ཐོག་དེ་ནི་ཡོང་ཐབས་མེད་པ་ཞིག་རེད། ད་ཐེངས་སྐྱབས་མགོན་རིན་པོ་ཆེ་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་སྐབས་བཀའ་ཁྲི་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་མཉམ་དུ་ཁྲིད་དེ་ངོ་སྤྲོད་བྱས་པ་དང་། གསར་འགོད་པར་ལན་འདེབས་བྱས་པ། སྲིད་འཛིན་ཨོ་བྷ་མའི་རེ་བསྐུལ་ལྟར་བོད་རྒྱའི་འབྲེལ་མོལ་ལྟ་བུས་མཚོན་སྲིད་ཀྱི་བྱ་བ་འགའ་ཞིག་ད་དུང་ཡང་མ་མཐུད་སྒྲུབ་དགོས་ངེས་རེད། མ་ཟད། སྐྱབས་མགོན་རིན་པོ་ཆེ་ས་ཆ་གང་དུ་ཕེབས་ཀྱང་། ཉེ་དུས་གཏན་ལ་ཕབས་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བོད་མིའི་མགྲིན་ཚབ་པ་ཞིག་གི་ངོས་ནས་བོད་མིའི་བདེ་སྡུག་དང་རྩ་དོན་བསྒྲུབ་ཐབས་ཀྱི་གསུང་བཤད་གནང་ངེས་རེད། ཁོས་འདི་”གོ་སྒྲིག་ཚོགས་ཆུང་གི་གྲོས་ཆོད་ཡིན་”ཟེར་བར་ཡང་། ཡིད་ཆེས་བྱེད་ཆོག་ཆོག་ཅིག་མི་འདུག མི་འདིས་སྐུ་སྒེར་དྲུང་ཆེའི་མཚན་གནས་དེ་རང་གི་མངོན་འདོད་འགྲུབ་ཆེད་བེད་སྤྱོད་གཏོང་ན་རྫུན་འཆད་པར་རྔོ་མི་ཐོགས་མཁན་ཞིག་ཡིན་རྒྱུ་རེད། དེ་བས་གྲོས་ཆོད་ཀྱི་ཡིག་ཆ་ཡོད་མེད་ཀྱང་གསལ་བོར་བཟོ་དགོས་པ་རེད། མཇུག་ཏུ་ཞུ་རྒྱུར། ང་ཚོ་མི་མང་གི་ངོས་ནས་མི་སྒེར་དང་ཚོགས་པའི་རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུའི་སྟོབས་ཤུགས་ཆེ་བའི་ཆབ་སྲིད་ཚོགས་པ་ཁག་ལ་མཐུན་འགྱུར་གནང་རྒྱུ་ལས་འགོག་རྐྱེན་གཏན་ནས་མ་བཟོ་མི་རུང་། ང་ཚོས་འདི་ལྟར་བྱེད་པ་ནི་བླ་མའི་བཀར་མི་བརྩི་བ་མིན་ལ་གཞུང་ལ་རྒྱབ་གཏོད་པའང་མིན། འདི་ནི་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་གཅིག་ཏུ་སྤུང་བའི་ཆེད་དུའོ།

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག

Comments (8) on “ཨ་རིའི་གསུང་ཆོས་ར་བར་རང་དབང་མི་འདུག”

  1. སྐྱུ་རྩི་ནས། says:
    2011-07-24 at 12:43 am

    འགྱེལ་བའི་སྒང་ལ་རྡོག་བརྫིས། སེམས་སྐྱོ་བའི་སྒང་ལ་འགྲམ་བཅག སྙིང་ན་བའི་སྒང་ལ་སྙིང་རླུང་སློང་བའི་དཔེ་ལྟར་རེད། སྐལ་ལྡན་བློ་གྲོས་ལ་མཚོན་ན་གསར་འགོད་པ་ཞིག་རེད་ལ་ཨ་རི་རང་དབང་མང་གཙོའི་ཁྲིམས་ལུགས་ཤེས་མཁན་ཞིག་རེད། བསམ་བཞིན་དུ་སོ་སོའི་གཞུང་གི་མཚན་འཁོད་པའི་སྟོད་གོས་བཙོང་མི་ཆོག་པ་དང་། འཇིགས་བསྐུལ་བྱེད་པ་ནི་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན། ཨ་རིའི་ལུང་པ་ནི་ཆོས་ལུགས་འདྲ་མིན་དང་། མི་རིགས་འདྲ་མིན་སྐད་ཡིག་འདྲ་མིན་ཚང་མར་ཐོབ་སྟངས་འདྲ་མཉམ་ཡོད་ལ་སྨྲ་བརྗོད་ཀྱི་དབང་ཡོད་པས་ཁོ་བའི་བྱ་སྟངས་དེ་ནི་ལུང་པའི་ཁྲིམས་ལ་ཁྱད་སོད་དང་། སོ་སོའི་མི་རིགས་ལ་སྨྲ་འབེབས་པའི་བྱ་ངན་ཞིག་ཡིན། བོད་ནང་དང་། བལ་ཡུལ་གཉིས་སུ་བཙན་བྱོལ་བོད་གཞུང་འཁོད་པའི་གོས་གྱོན་ན་ཁྲིམས་འགལ་ཡིན་པ་ལས་དེ་མིན་འཛམ་གླིང་གང་སར་གྱོན་ཆོག་པའི་རང་དབང་ཡོད། མི་ངན་དེས་ཨ་རིའི་ལུང་པ་དེ་ཡང་བོད་ནང་དང་། བལ་ཡུལ་འདྲ་བོ་བཟོ་རྩིས་བྱ་ཡི་འདུག

  2. ལྷོ་མོན་འབྲུག་རིས says:
    2011-07-24 at 6:34 am

    ད་སྡུག་སྐད་ཤོར་ན་ཡང་ཕྱི་དྲག་འདུག་ གནས་ཚུལ་རྙིང་དྲི་ཅན་དུ་གྱུར་ཚར་འདུག་ དྲོ་བ་ཅང་མེད་ཀི དེ་ལས་ཉལ་སྡོད།

  3. གདུང་སེམས་ནས། says:
    2011-07-25 at 5:28 pm

    དེས་ཚད་ཀྱི་མ་རེད།་་་་་སྐལ་ལྡན་བློ་གྲོས་ནི་གྲ་པ་བྱེད་མྱོང་མཁན་ཞིག་ཡིན་ནཌྷའང་བསམ་བློ་གཏོང་སྟངས་དང་ངར་རྒྱལ།་ཁོང་ཁྲོ་ནི་མི་སྐྱ་དཔེ་ཆ་བལྟ་མ་མྱོང་བ་ཞིག་ལ་སྡུག་གི་རེད།་རྒྱུན་དུ་ནས་མི་དེའི་གཤིས་སྤྱོད་རྩུབ་པོ་དང་ཁོང་ཁྲོ།་ངར་རྒྱལ་ཁེངས་དྲེག་ཅན་ཞིག་ཡིན་པ་ཤོད་མཁན་འདུག་་་་་དངོས་ནས་བདེན་པ་རེད་འདུག

  4. cjigme says:
    2011-07-25 at 6:10 pm

    ཚོད་ལྟ།

  5. ཉི་མ་བློ་བཟང says:
    2011-07-26 at 10:03 pm

    སྐལ་ལྡན་བློ་གྲོས་ཟེར་བ་དེའི་དུསའཁོར་དབང་ཆོས་སྲིད་གང་ཡིན་གང་ཡང་ཁོ་རང་གི་ཧ་གོ་མི་འདུག །གང་ཡིན་ཞེས་ན་ཆོས་ཕ྄྄ོགས་ཡིན་ན་དགེ་འདུན་ལ་མཐོང་དགོས་ཆེ་ཙམ་དགོས་གི་རེད་དེ་ཡོད་མ་རེད།མདོར་ན་ཁོང་རང་མིང་ཡག་པོ་ཡོང་ཡག་རེ་བ་ཡོད་རེད་། དེ་མིན་བོད་ཀྱི་ཆོས་དང་སྲིད་རིག་གཞུང་སོགས་ཁོ་རང་རྐང་འོག་རྡོག་བརྫིས་བཏང་རེད།

  6. རྫོགས་ཆེན་ཟླ་བ། says:
    2011-07-27 at 2:24 am

    བསམ་དོན་ཉི་མ་ཤར་བ་ལྟར་འགོག་རྐྱེན་མེད་པ་དང་།

    ཤེས་རབ་དང་བསོད་ནམས་མེད་པའི་བྱ་བ་མར་མེའི་འོད་བཞིན་འགལ་རྐྱེན་མང་བས་འགྲུབ་དཀའ་བར་བཤད། ང་རྒྱལ་ཆེ་བ་ནི་ཡོན་ཏན་མེད་པའི་སྐྱོན་ཡིན། རང་ཉིད་གཞན་ལས་ལྷག་སྙམ་གྱི་ང་རྒྱལ་གྱིས་ལྟོ་བ་སྦོས་པས་ཡོན་ཏན་མེད་པའི་སྐྱེ་བོ་དེ་དག་ཡོན་ཏན་ཅན་ལ་ལྷག་པར་སྡང་བ་ནི། གངས་ཀྱི་ཡུལ་དུ་དགུན་སྐྱེས་ཀྱི་ལོ་ཏོག་ལྟས་ངན་དུ་སྒྲོག་པ་བཞིན་ཏེ། ང་རྒྱལ་གྱི་དབང་གིས་གནོད་པ་མང་པོ་ཞིག་རང་ཐོག་ཏུ་འདྲེན། དེ་བཞིན་ཕྲག་དོག་ཅན་གྱི་མི་ལ་ཐམས་ཅད་སུན། ཕྲག་དོག་ཅན་ལ་མགུ་དུས་མེད་གསུངས་པ་ལྟར། ཕྲག་དོག་ཅན་རང་ཉིད་ཀྱང་བདེ་བའི་དུས་མེད། དེ་ལྟར་ན་དེ་དག་འདུལ་ཐབས་ཞེ་སྡང་ལྟ་བུར་དཔེ་མཚོན་བྱས་ན། ཕྱི་རོལ་གྱི་དགྲ་བོ་བཏུལ་ཞིང་ཇེ་མང་དུ་འགྱུར་བས།ནང་གི་རང་ཉིད་ཀྱི་ཞེ་སྡང་གི་དགྲ་བོ་བཏུལ་ན་ཕྱི་རོལ་གྱི་དགྲ་བོ་ཐམས་ཅད་ཐུལ་ཟིན། རྐང་པར་ཚེར་མ་མི་ཟུག་པའི་ཆེད་དུ་ས་སྟེང་ཀོ་བས་གཡོག་དགོས་ན་དེ་སྙེད་ཀྱི་ཀོ་བས་མི་ལྡེང་ཞིང་། རང་ཉིད་ཀྱི་ལྷམ་མཐིལ་ཀོ་བས་གཡོག་ན་ས་སྟེང་ཀོ་བས་གཡོག་པ་དང་མཚུངས་ཞེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར་ཡིན། དེང་སང་ནང་ཆོས་ལ་དད་པ་བྱེད་པའི་ཆོས་པ་འགས། རང་ཉིད་ཀྱི་ལས་ཀ་དང་འཚོ་བ་མ་གཞི་ནས་ཁུར་པོ་ཆེན་པོ་ཞིག་ཡིན་པ་ཐེག་དཀའ་བཞིན་པ་དེའི་ཐོག་ཏུ་ཆོས་སྒྲུབ་རྒྱུ་དེ་ཡང་ཁུར་པོ་གཞན་ཞིག་ཏུ་གྱུར་ཏེ་ཆོས་དང་འཇིག་རྟེན་གྱི་ཁུར་པོ་མང་པོས་མཉམ་དུ་མནན་ནས། སེམས་པ་འཚུབ་ཅིང་གཅིག་སྒྲུབ་གཅིག་ཤོར་གྱིས་མཐར་ཐུག་གཉིས་ཀ་མ་འགྲུབ་པ་ཡང་མང་རབ་མཐོང་། དེ་ནི་དམ་ཆོས་ཚུལ་བཞིན་སྒྲུབ་མ་ཤེས་པས་ལན་པ་ཡིན་ཏེ་དམ་ཆོས་བསླད་མེད་སེམས་ཀྱི་བདུད་རྩི་རུ་བསྟེན་བསམ་ན་འཚོ་བ་དངོས་ལ་ཕན་པ་ཡོད་པའི་ཕྱོགས་ནས་བརྩམས་ཏེ་ཉམས་བཞེས་བྱ་འོས། གོང་དུ་སྨོས་པ་ལྟར་ཆགས་སྡང་ཆུང་ཞིང་། ཤེས་རབ་ཀྱི་སྒྲོན་མེ་བསྟེན་ནས་རང་རྒྱུད་བཟང་པོར་འཆོས་ཤེས་ན་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དང་གཞན་ཕན་དམ་ཆོས་ཀྱི་སྙིང་པོ་གཉིས་ཀ་ཟུང་དུ་འབྲེལ་བས་ལས་ཀ་དང་འཚོ་བར་ཕན་ཐོག་ཡོད་པས་སྐྱིད་པའི་ཉི་མ་རང་མགོ་ལ་འདྲེན་ཐུབ། གཞན་གནོད་གཞི་བཅས་སྤངས་བས་གཞན་སྲོག་གཅོད་པ་དང་གཞན་ལ་དངོས་བརྒྱུད་ནས་གནོད་པའི་བསམ་སྤྱོད་ཆེ་ཕྲ་དོར་བས་རང་དང་འཁོར་ཡུག་བདེ་བ། འཁྲིས་ཀྱི་མིས་མི་ཚད་གླིང་འདིར་མཉམ་དུ་འཚོ་བའི་བྱ་བྱེའུ་རི་དྭགས་སོགས་ཀྱང་བདེ་བས་འདི་དང་ཕྱི་མར་ཕན་པའི་དམ་ཆོས་ཀྱང་ངང་གིས་འགྲུབ་པ་མ་ཡིན་ནམ། དེ་ལྟར་ན་བརྗོད་བྱ་ངོ་མ་དུས་ཀྱིས་ཟ་བའི་འཇིགས་པར་སྐྲག་པ་དེ་ཡང་དོན་ངོ་མའི་ཐོག་ནས་བཤད་ན་འཆི་བས་ཉེན་པར་སྐྲག་པ་སྟེ། ང་ཚོའི་དུས་ལ་ཞིབ་འཇུག་བྱས་ནས། དུས་གསུམ་གྱི་ཆ་ཡིས་གཞལ་ཀྱང་མ་རྙེད་པའི་སྟོང་ལ་སྣང་བ་ཞིག་ཏུ་གཏན་ལ་ཕབས་པ་ལྟར། དུས་དེ་དང་ཆབས་ཅིག་ཏུ་རླུང་གི་རྟ་དང་འགྲོག་པའི་སེམས་ཉོན་མོངས་དང་རྣམ་རྟོག་ཡན་ཤོར་འདི་ཡང་དུས་གསུམ་གྱི་ཆ་ཡིས་གཞལ་ན། གཞི་མེད་རྩ་བྲལ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་སྟོང་ལ་གསལ་བ་ཞིག་ཏུ་མཐོང་སྲིད། དེའི་ཚེ་འགལ་འདུའི་ཆ་དེ་ལྟ་བུ་གཉིས་མྱོང་ཚོར་ངོ་མའི་ཐོག་ནས་ཟུང་དུ་སྦྲེལ་ཐུབ་པའི་དུས་སུ་སྔར་གྱི་སེམས་རྣམ་པར་རྟོག་པ་ཡན་ཤོར་དེ་ཅུང་ཟད་དབང་དུ་འདུས་པའམ་ལས་སུ་རུང་བར་གྱུར་པས། ཁོའི་སྟེང་ནས་སྦྱོང་བརྡར་བྱས་པ་ཡིན་ན་གནས་འགྱུར་དང་ཡར་ཐོན་ཡོང་རྒྱུ་ཡོད་པའི་ལམ་བུ་གསར་པར་ཡིད་ཆེས་ཀྱི་གདེང་རྙེད་པ་ཡིན། དེའི་ཚེ་ཤིན་ཏུ་སྦས་པའི་ཉམ་ཆུང་གྱི་ནའི་འཚོ་བར་བརྟེན་ནས་གྲོགས་བྱ་དང་རི་དྭགས། གནས་བྲག་ཕུག་དང་ས་ཁུང་། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ལ་རྒྱབ་ཀྱིས་ཕྱོགས་པ། གུ་ཡངས་བློ་བདེ་གང་ལྟར་བྱས་ཀྱང་སྐྱིད་པ། ཇི་ལྟར་གནས་ཀྱང་བདེ་བ། བདེ་དྲོད་ཀྱི་ཉི་མ་ནང་ནས་ཤར་བ། ཨ་འཐས་འདིར་སྣང་གི་ཞེན་པ་རང་སར་ཆོད་པ། ཉམས་དང་རྟོགས་པས་རང་རྒྱུད་གྲོལ་ཡོད་པའི་རྟགས་སུ་ཉོན་མོངས་ཆུང་ཞིང་། ཐུགས་རྗེའི་བརྩེ་བས་གཞན་རྒྱུད་མ་རུངས་པ་འདུལ་ནུས་པའི་རྟགས་སུ་སྙིང་རྗེ་ཆེ་བ་སྟེ། དེ་ལྟ་བུའི་དུས་ཀྱི་ཉེན་ཁ་ལས་གྲོལ་བའི་ཉམས་མྱོང་ཅན་དང་འཕྲད་ནས་དེས་བསླབ་པ་ཇི་བཞིན་ལག་ལེན་དུ་བསྟར་ན། དུས་ཀྱི་འཇིགས་པའི་ཉེན་ཁ་ལས་རང་ཉིད་གྲོལ་བ་མ་ཟད།

    གཞན་རིགས་མཐུན་རྐང་གཉིས་མིའི་འགྲོ་བ་ནས་སྲོག་དང་ལྡན་པའི་སེམས་ལྡན་ཡོངས་ལ་ལམ་དེ་བསྟན་པས་ཕན་པ་རྒྱ་ཆེན་འབྱུང་སྲིད། སྔོན་བྱོན་དམ་པ་ཞིག་གིས། ང་འཆི་བས་འཇིགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་སྒོམ་སྒོམ་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་ལས་གྲོལ་ནས་ཐལ། །ཞེས་གསུངས་ཡོད། འཆི་བའི་འཇིགས་པ་ནི་དུས་ཀྱི་ཉེན་ཁ་སྟེ་དུས་ཀྱིས་ཁམ་ཟས་བྱེད་པ་ལ་སྐྲག་ནས། བྲེལ་ཟིང་སྡུག་བསྔལ་ཅན་གྱི་གྲོང་ལས་བྲོས་ཏེ་མི་མེད་རི་ཁྲོད་ཀྱི་དབེན་པའི་གནས་སུ་སོང་ནས། ནམ་འཆི་ཆ་མེད་ཀྱི་མི་རྟག་པ་སྒོམ་པས་སྒོ་བྱས་ཏེ་འཆི་བའི་འཇིགས་པ་ལས་བྱོལ་བའི་ཐབས་གཅིག་པུར་སྦྱང་ནས་བྱང་ཆུབ་པར་ཁོང་དུ་ཆུད་དེ། སྦྱང་འབྲས་མངོན་དུ་གྱུར་པས། ད་ལྟ་ང་ཤི་འགྲོ་བསམ་པ་དང་། ཤི་ནས་ཅི་རེད་འགྲོ་བསམ་པའི་འཇིགས་སྐྲག་ལས་གྲོལ་བ་མ་ཟད། འཆི་མེད་ཀྱི་བཙན་ས་སྟེ་ཡེ་ནས་འཕོ་འགྱུར་བགྲེས་རྒུད་མེད་པ་གཉུག་མ་བདེ་བ་ཆེན་པོའི་དོན་གྱི་བཙན་ས་ཟིན་སོང་ཞེས་གསུངས་པ་དེ་ལྟ་བུའི་མན་ངག་གམ་ཐབས་དམ་པ་དང་འཕྲད་ན་དུས་ཀྱི་ཉེན་ཁ་ལ་སྐྲག་མི་དགོས་ཤིང་བསམ་མི་དགོས་པའི་ཐབས་རྙེད་པ་ཡིན་པས།འཆི་མེད་ཚེ་ཡི་རིལ་བུ་ངོ་མ་དེའི་རིན་ཐང་ལ་སྒོར་དུང་ཕྱུར་མང་པོས་གཞལ་དུ་མེད་པ་མ་ཟད། འཛམ་གླིང་གི་རྒྱུ་ནོར་ཐམས་ཅད་ལས་ཀྱང་རིན་ཐང་ཆེ་ངེས་རེད། གང་ལགས་ཤེ་ན། འཛམ་གླིང་གི་རྒྱུ་ནོར་ཐམས་ཅད་ཁྱེད་ལ་དབང་ཞིང་། མིའི་རིགས་ཡོངས་རྫོགས་ཁྱེད་ཀྱི་མངའ་འབངས་སུ་གྱུར་ཀྱང་། དེ་ལས་རྒྱུ་ནོར་སྐར་ཆ་གཅིག་ཙམ་ཁྱེར་དབང་དང་རོགས་མི་གཅིག་ཀྱང་མཉམ་དུ་ཁྲིད་དབང་མེད་པ་ཕར་ཞོག རང་ཉིད་ཀྱིས་གཅེས་པར་བཟུང་བའི་ལུས་ཀྱང་བསྐྱུར་ནས་དུས་ཀྱི་ལམ་པོ་ཆེར་འགྲོ་བའི་གནས་སྐབས་ན། ཁྱོད་ལ་འཛམ་གླིང་དབང་ཡང་དེ་དུས་ཕན་མི་ཐོགས། དེ་བས་འཆི་བ་མེད་པའི་ལམ་རྙེད་ན་འཆི་བ་མེད་པའི་སྲོག་ཐོབ་པ་ཡིན་པས། འཆི་མེད་ཀྱི་སྲོག་དང་ལྡན་པ་ཞིག་ལ་དེའི་སྤྱོད་ཡུལ་དུ་གྱུར་པའི་ལོངས་སྤྱོད་ཀྱི་ཚད། འཛམ་གླིང་གི་ནོར་ཕྱོགས་གཅིག་ཏུ་སྤུངས་པས་ཀྱང་འགྲན་དུ་མེད་པའི་ཚུལ། རང་རེ་ཤ་ཡི་མིག་ཅན་འཁྲུལ་བའི་སྣང་ཤེས་དང་མ་བྲལ་བ་ཞིག་གིས་ཤོད་མི་ཐུབ་པ་སྨོས་ཅི་དགོས། དེའི་ཚེ་ཆོས་གཞུང་ལས་བཤད་པའི་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་ཞིག་ལ་དཔེ་བླངས་ན་མ་གཏོགས། སྡུག་བསྔལ་གསུམ་གྱིས་མནར་བའི་འཚོ་བས་དེ་ལ་མཚོན་ཐབས་བྲལ།སྐབས་འདིར་རྩོམ་པ་པོ་རང་ཉིད་ཀྱང་འཇིག་རྟེན་འདི་ལས་འདས་པའི་ཡིད་ཡུལ་གྱི་ཞིང་ཁམས་ཡིད་སྨོན་གྱི་གནས་སྐྱེ་འཆི་བགྲེས་རྒུད་དང་བྲལ་ཞིང་། མི་སྙན་པའི་སྒྲ་དང་། ཡིད་མི་བདེ་བའི་མིང་ཡང་མེད་པ། ཉོན་མོངས་དང་སྡུག་བསྔལ་མེད་པ་རྒྱ་ཁྱོན་ཕྱོགས་མཐའ་དང་བྲལ་བ་ཞིག་ལ་ཡིད་འཁོར་ནས་འབྲི་མཚམས་འདིར། མདུན་གྱི་འབྲི་ལྕོག་སྟེང་གི་དུས་ཚོད་འཁོར་ལོར་བལྟས་པས་གོང་གི་སྒྱུ་མ་མཁན་གྱི་ལོ་རྒྱུས་ལྟར། ཆུ་ཚོད་སྐར་མ་ཞེ་ལྔ་ལས་སོང་མེད་ཀྱང་སེམས་ཀྱི་འཆར་ཡན་འཇིག་རྟེན་འདི་ལས་བརྒལ་བས་ཁེར་དགོད་དང་བཅས་འབྲི་མཚམས་འདིར་བཞག་ནས་རྒྱུན་གྱི་དགེ་སྦྱོར་ལ་འབུང་བར་ཆས་སོ།།

    སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་འབེལ་གཏམ་གཅེས་བཏུས་ལས།

  7. རྫོགས་ཆེན་ཟླ་བ། says:
    2011-07-27 at 2:30 am

    དེ་རིང་ཁ་བརྡ་དྲ་མཛོད་ནང་ལ་མཆན་འབྲི་བའི་ལམ་དེ་ཐོབ་སོང་བས་ཧ་ཅང་དགའ་བོ་བྱུང་།

  8. རྫོགས་ཆེན་ཟླ་བ། says:
    2011-07-27 at 2:39 am

    བདེན་དོན་གཏམ་དེ་འདི་ན་ཤོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme