Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོའི་འཕེལ་རིམ་རགས་ཙམ་གླེང་བ།

Posted on 2011-07-22 By ཁ་བརྡ་ 4 Comments on མང་གཙོའི་འཕེལ་རིམ་རགས་ཙམ་གླེང་བ།

ཚེ་རིང་རྒྱལ།

འཛམ་གླིང་གི་མང་གཙོའི་འཕེལ་རིམ།
འཛམ་གླིང་གི་མང་གཙོའི་འཕེལ་རིམ་ནི་དུས་སྐབས་ཀྱིས་གསུམ་དུ་དབྱེ་རིགས་པ་སྟེ།
ཐོག་མའི་འགོ་འཛུགས་དང་། བར་གྱི་འཕེལ་རྒྱས། ཉེ་རབས་ཀྱི་མང་གཙོའི་རྣམ་པའོ།
༡ ༽ མང་གཙོའི་ཐོག་མའི་བྱུང་རིམ།
གླིང་འདིའི་ཆེས་ཐོག་མའི་མང་གཙོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་༼ ༥༠༨༽གྷི་རིག་༼ Greek ༽རྒྱལ་ཁབ་ནས་འགོ་ཚུགས་ཤིང་རོ་མན་རྒྱལ་ཁབ་ནས་རིམ་གྱིས་འཕེལ་རྒྱས་བྱུང་ཡོད་པ་རེད།
ཀ༽ སྐབས་དེའི་གྷི་རིག་མི་མང་ནི་སྒེར་གཅོད་ཅན་གྱི་སྲིད་གཞུང་དང་ཧ་ཅང་ཡིད་སྐྱོ་བའི་གནས་སྟངས་མང་པོའི་འོག་འཚོ་བ་དང་རིམ་བཞིན་འགྱུར་བ་ཞིག་འགྲོ་རྒྱུར་རེ་བ་བྱེད་བཞིན་ཡོད། གང་ལྟར་རིམ་གྱིས་མི་མང་གི་ངོས་ལེན་མེད་པའི་སྒེར་བདག་གི་སྲིད་གཞུང་དེ་མི་མང་གི་ལག་ཏུ་ཤོར། ཁོང་ཚོས་འཛིན་སྐྱོང་སྟབས་བདེ་ཡོང་ཆེད་ས་ཁུལ་ཁག་སོ་སོར་ཕྱེ་ནས་མི་འབོར་ཆིག་ཁྲི་ཙམ་འདུས་སྡོད་བྱེད་སར་ས་ཁུལ་རེ་བཟོས། སྲིད་ཀྱི་གནད་དོན་ཡོངས་རྫོགས་སྐྱེས་པ་ཁྱོ་ག་རྣམས་ཀྱིས་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་དང་འཛིན་སྐྱོང་ཡང་ཐད་ཀར་སྐྱེས་པ་ཁོ་རང་ཚོས་བྱས་ཡོད། འདིས་བུད་མེད་ཚོའི་ཐོབ་ཐང་དང་འཚོ་བ་ལ་གནོན་ཤུགས་ངན་པ་ཐེབ་པ་ནི་སྨྲོས་མ་དགོས་པ་ཞིག་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བལྟས་ན་ལམ་ལུགས་དེ་ནི་འཛམ་གླིང་འདིའི་ཆེས་ཐོག་མའི་མང་གཙོའི་འགོ་འཛུགས་ས་ཞིག་ཏུ་གྱུར་ཡོད་པ་སྟེ། སྒེར་གཅོད་པ་ཁ་ཤས་ཀྱི་འོག་གི་སྲིད་གཞུང་ཞིག་མི་མང་གི་བརྒྱ་ཆ་་༥༠་ཙམ་ཟིན་པའི་སྐྱེས་པ་ཁྱོ་ག་ཚོའི་ལག་ཏུ་སོན་པས་སོ།།
ཁ༽ དེའི་རྗེས། ༼ སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ། ༥༠༩-༢༧ བར། ༽ རོ་མན་༼ Roman ༽རྒྱལ་ཁབ་ཀྱིས་གྷི་རིག་ལ་དཔེར་བླངས་ཏེ་མང་གཙོ་དར་སྤེལ་བཏང་ཡོད། འོན་ཀྱང་འདི་གཉིས་ལ་ཚད་གཞི་མི་འདྲ་ས་ཞིག་ཡོད་པ་ནི། རོ་མན་གྱི་མང་གཙོ་དེ་གྲོས་ཚོགས་ལམ་ལུགས་ཀྱི་ཕྱོགས་སུ་བསྐྱོད་ཡོད། དེ་ཡང་མི་མང་གིས་འོས་བསྡུ་བྱས་ཏེ་མི་མང་དཀྱུས་མའི་ཁྲོད་ནས་མཆོག་གྱུར་གྱི་མི་སྣ་རང་གི་སྐུ་ཚབ་༼ གྲོས་ཚོགས།༽དུ་བདམས་ཤིང་དེ་དག་གིས་ཁྲིམས་ལུགས་བཟོས་པ་དང་སྲིད་འཛིན་ལྷན་ཁང་གིས་དེ་ལག་ལེན་དུ་བསྟར་ཏེ་སྲིད་གཞུང་གི་དབང་ཆ་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ལ་བགོ་འགྲེམས་བྱས་ཡོད་པ་རེད། དེས་ན་མང་གཙོའི་ཐོག་མའི་བྱུང་རིམ་ནང་གྷི་རིག་གིས་རྨང་གཞི་བཏང་བ་དང་རོ་མན་གྱིས་དེ་འཕེལ་རྒྱས་སུ་བཏང་བ་རེད་ཅེས་བརྗོད་ཆོག
༢ ༽མང་གཙོའི་འཕེལ་རིམ་གཉིས་པ།
“བར་མའི་དུས་རབས་ཀྱི་མང་གཙོ་”། ནི་དུས་ཀྱི་འགྱུར་འགྲོས་དང་མིའི་རིགས་ཀྱི་གོ་རྟོགས་ལ་ལྟོས་ནས་རིམ་གྱིས་འཕེལ་རྒྱས་སུ་སོང་བ་ཞིག་སྟེ། ཡེ་ཤུའི་ཆོས་ལུགས་ཀྱི་འགྲོ་མི་སྤྱི་མཚུངས་ཀྱི་ལྟ་ཚུལ་དེས་ཀྱང་མི་ཧ་ཅང་མང་པོར་འདྲ་མཉམ་གྱི་འདུ་ཤེས་རྙེད་དུ་བཅུག་ཅིང་། སྲིད་གཞུང་མང་པོར་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་པ་རེད། སྐབས་དེར་ཡར་རྒྱས་སོང་བའི་སྲིད་གཞུང་འགའི་རྣམ་པ་ནི་ཞིང་བྲན་ལམ་ལུགས་ཡིན་ཞིང་། ལམ་ལུགས་དེའི་འོག་མི་ཚང་མར་ལྷན་སྐྱེས་ཀྱི་ཐོབ་ཐང་རེ་ཡོད་པའི་ངོས་འཛིན་ཐོབ་པ་དང་། ཐོབ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་ཆེད་ཁྲིམས་ཁང་ཡང་བཙུགས་ཡོད་འདུག སྤྱི་ལོ་༡༢༡༥་ལོར། དབྱིན་ཡུལ་དུའང་མང་གཙོའི་རྣམ་པ་གསར་དུ་བྱུང་ཡོད། སྐུ་དྲག་རྣམས་ཀྱིས་སྐུལ་འདེད་འོག་དབྱིན་ཇིའི་རྒྱལ་པོས་ཁྲིམས་བཟོ་ལྷན་ཚོགས་བཙུགས་ནས་རྩ་ཁྲིམས་བཟོས་པར་མ་ཟད། ཁྲིམས་དེ་རྒྱལ་པོ་ལས་དབང་ཚད་མཐོ་བར་ཁྱབ་བསྒྲགས་སྤེལ་བ་རེད། མ་ཟད་ལག་ལེན་ཁྲོད་དུའང་ཁྲིམས་དེས་རྒྱལ་པོར་སྟངས་འཛིན་དང་མི་མང་ལ་སྟོབས་ཤུགས་སྤྲད་ཡོད། དེ་རྗེས་རིམ་གྱིས་༼༡༦༢༨༽གྲོས་ཚོགས་ཀྱི་ཆོག་མཆན་མེད་པར་རྒྱལ་པོས་གང་བྱུང་ཁྲལ་བསྡུ་མི་ཆོག་པ་དང་། ༼༡༦༨༩༽ཧ་ཅང་གནོད་ཚབས་ཆེ་བའི་ཁྲིམས་ཆད་རིགས་མེད་པར་བཟོས་པ་སོགས་བྱུང་ཡོད་པ་རེད། འོན་ཀྱང་། སྒྱུར་བཅོས་འདི་དག་གིས་དབྱིན་ཡུལ་དུ་མང་གཙོའི་རྣམ་པ་གསལ་བོ་ཞིག་བྱུང་མེད་པ་སྟེ། ཁོང་ཚོས་མང་གཙོའི་བསམ་བློ་དང་ལག་ལེན་མང་དག་ཅིག་ཕྱོགས་བསྡོམས་བྱེད་ཐུབ་མེད་པས་སོ། དེ་བཞིན་ཡོ་རབ་ཀྱི་གླིང་གཞན་དག་ཏུའང་རླབས་ཆེན་གྱི་མཚན་ཉིད་རིག་པ་བ་དག་གི་ཤུགས་རྐྱེན་འོག་མང་གཙོའི་འདུ་ཤེས་ཇེ་གསལ་དུ་སོང་ཡོད་པ་རེད། སྤྱི་ལོ་༡༦༩༠་ལོར། དབྱིན་ཇིའི་མཚན་ཉིད་རིག་པ་བ་༼ John Locke ༽ཡིས་རྩོམ་ཡིག་སྤེལ་ཏེ་སྲིད་གཞུང་གི་ལས་འགན་ནི་མི་མང་གི་ལྷན་སྐྱེས་ཀྱི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པའི་བསྒྲགས་གཏམ་སྤེལ་བ་དང་། སྤྱི་ལོ་༡༧༦༢་ལོར། ཕྷ་རན་སིའི་མཚན་ཉིད་རིག་པ་བ་༼ Jean Jacques Rousseau ༽ ཡིས་སྔར་གྱི་ལྟ་ཚུལ་དེ་ཇེ་ལེགས་སུ་བཏང་སྟེ་སྲིད་གཞུང་གི་རྣམ་པ་ཇི་ལྟར་འཕེལ་རྒྱས་སུ་གཏོང་མིན་ནི་མི་མང་བསམ་ཚུལ་ལ་བལྟ་དགོས་སྐོར་བརྗོད་ཡོད་པ་རེད།
༣༽ ཉེ་རབས་ཀྱི་མང་གཙོའི་འཕེལ་རིམ།
ཨ་རིའི་མང་གཙོའི་ལས་འགུལ་ནི་ཉེ་རབས་ཀྱི་མང་གཙོའི་འཕེལ་རིམ་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན། སྤྱི་ལོ་༡༧༧༦་ལོར། ཨ་རིའི་མང་གཙོ་དོན་གཉེར་བ་༼ Thomas Jefferson ༽གིས་སྔོན་མའི་མང་གཙོའི་ལམ་ལུགས་དང་བསམ་བློ་ཕྱོགས་བསྒྲིགས་དང་ལེགས་བཅོས་གནང་སྟེ། མི་ཚང་མར་རང་མོས་རང་དབང་དང་། བདག་དབང་ཐོབ་ཐང་། བདེ་སྐྱིད་འཚོལ་སྙེགས་ཐོབ་ཐང་། སོགས་རང་ཆས་སུ་ཡོད་པར་མ་ཟད། གལ་སྲིད་སྲིད་གཞུང་གིས་ཐོབ་ཐང་ལ་དང་ལེན་མི་བྱེད་ཚེ་མི་མང་རྣམས་སྲིད་གཞུང་དེའི་ཁ་གཏད་དུ་ལངས་དགོས་པར་བརྗོད་ཡོད་པ་རེད། དེ་དང་མཉམ་དུ་ཕྷ་རན་སིའི་ཡུལ་དུའང་རྣམ་པ་ཅུང་མི་འདྲ་བའི་གསར་བརྗེ་བྱུང་ཡོད་པ་སྟེ། མི་མང་གིས་དཀའ་སྤྱད་ཆེན་པོས་རྒྱལ་པོའི་ལམ་ལུགས་མགོ་རྟིང་སློགས་པ་དང་། གཞི་ནས་རང་མོས་དང། བདག་དབང་ཐོབ་ཐང་ལ། བདེ་འཇགས་དང་། གཉའ་གནོན་འགོག་རྒོལ་གྱི་ཐོབ་ཐང་། གཉིས་གསར་དུ་བསྣན་ཏེ་གསལ་བསྒྲགས་སྤེལ་འདུག འཛམ་གླིང་འདིའི་གསར་བརྗེའི་མདུན་བསྐྱོད་དང་རྒྱལ་བོའི་ཁ་གཏད་དུ་ལངས་པའི་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་དུས་རབས་བཅུ་དགུ་པའི་མཇུག་ནས་འགོ་ཚུགས་ཡོད། སྐབས་དེ་ནས་བཟུང་འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་མི་འདྲ་བའི་གསར་བརྗེའི་ལས་འགུལ་རྒྱུན་ཆད་མེད་པར་བྱུང་ཡོད་པ་དང་། ཡོ་རབ་ནུབ་ཁུལ་ཕལ་ཆེ་བར་རྒྱལ་པོའི་སྟོབས་ཤུགས་ལ་ཚོད་འཛིན་དང་གཞུང་འཛིན་སྐྱོང་ཕྱོགས་ལ་མི་མང་གི་དབང་ཆ་ཇེ་མཐོར་སོང་ཡོད། དེ་བཞིན་རིམ་གྱིས་ཨ་རི་ནང་དུའང་སྔར་གྱི་སྲིད་གཞུང་དེ་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོ་ཚན་ལྡན་ཞིག་ཏུ་འཕོ་འགྱུར་བྱུང་ཡོད་པ་རེད། ཨ་རིའི་ཉེ་དུས་ཀྱི་མང་གཙོ་དེ་གྲོས་ཚོགས་ལམ་ལུགས་ཀྱི་ཕྱོགས་སུ་བསྐྱོད་པར་རྒྱུ་རྐྱེན་གཉིས་ཡོད་པ་སྟེ། མི་མང་གི་ངོས་ནས་དཔྱད་ཁྲལ་སྤྲོད་རྒྱུར་སུན་སྣང་སྐྱེས་པ་དང་ཕན་འབྲས་མེད་པ་ཞིག་ཏུ་འདོད་ཀྱི་ཡོད་པར་མ་ཟད། སྲིད་གཞུང་གི་འཛིན་སྐྱོང་དེ་ཕྱི་གསལ་ནང་གསལ་དང་མི་མང་གི་དབང་ཆ་ཇེ་ཆེར་གཏོང་དགོས་པར་བརྗོད་ཀྱི་ཡོད། འོན་ཀྱང་། ཕྱོགས་གཞན་ནས་ཤེས་ཡོན་དང་གོ་རྟོགས་དམན་པའི་མི་མང་གིས་སྲིད་གཞུང་ལ་སྟངས་འཛིན་བྱེད་རྒྱུར་འཇིགས་སྣང་སྐྱེ་གིན་ཡོད། གནས་སྟངས་དེ་འདྲའི་འོག་མི་མང་གིས་སོ་སོའི་ཚབ་མཚོན་དང་འགན་ལེན་ནུས་པའི་སྐུབ་ཚབ་འདེམ་རྒྱུ་དང་དེ་དག་གིས་མི་མང་གི་ཐོབ་ཐང་དང་བདེ་སྡུག་ལ་ལྟ་རྟོག་བྱེད་པའི་གྲོས་ཚོགས་ལམ་ལུགས་དེ་བྱུང་ཡོད་པ་རེད། མ་ཟད། གཞུང་གི་དབང་ཆ་རྣམས་ ༼གནད་དོན་བྱུང་ན་ཕན་ཚུན་ཞིབ་འཇུག་དང་སྟངས་འཛིན་བྱེད་ཆོག་པའི་ལྟོས་བཅས་ཀྱི་དབང་ཆ། ༽
སྲིད་འཛིན་ལྷན་ཁང་དང་། ༼ ཁྲིམས་ལུགས་ལག་ལེན་དུ་བསྟར་མཁན༽གྲོས་ཚོགས། ༼ ཁྲིམས་ལུགས་གསར་བཟོ་དང་བསྐྱར་བཅོས་གནང་མཁན༽ཁྲིམས་ཞིབ་ཁང་། ༼ ཉེས་དོན་ཁྲིམས་ཞིབ་བྱེད་མཁན༽གསུམ་ལ་བགོ་འགྲེམས་བྱས་ཏེ་མང་གཙོ་ཀ་བ་གསུམ་ལྡན་གྱི་གཞུང་ཞིག་ཚུགས་ཡོད་པ་འདི་རེད། འོན་ཀྱང་ལམ་ལུགས་འདིའང་སྐྱོན་བྲལ་ཞིག་མིན་པས་མུ་མཐུད་ཡར་རྒྱས་སུ་འགྲོ་བཞིན་པ་དང་གཏོང་དགོས་པ་ཞིག་ཀྱང་ཡིན་པ་བཅས་སོ།

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: ཕུག་རོན་ནད་པ་ཞིག་དང་ངའི་"སྙིང་རྗེའི་འཁྲབ་སྟོན་"ལས་འཕྲོས་པ།

Comments (4) on “མང་གཙོའི་འཕེལ་རིམ་རགས་ཙམ་གླེང་བ།”

  1. དོན་གོ says:
    2011-07-23 at 10:37 am

    དཔེ་ཡག་པོ་འདུག

  2. ལུང་རིགས་རྒྱལ། says:
    2011-07-23 at 3:29 pm

    ཐུགས་རྗེ་ཆེ།

    འདིའི་རིགས་ངོ་མས་ཀློག་རིན་འདྲ་ཞིག་འདུག ད་དུང་ང་རང་ཚོའི་དམངས་གཙོའི་འཕེལ་རིམ་དེར་ཡང་ཞིབ་འཇུག་རེ་གནང་རོགས།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-23 at 8:15 pm

    ཚེ་རིང་རྒྱལ་མཆོག་གིས་བརྗོད་བྱ་དང་། རྗོད་བྱེད་གཉིས་་ཀ་ལེགས་པར་སྦྱངས་པ་་ཀློག་དུས་ལ་ཡིད་ལ་དགའ་བ་སྟེར་བའི་རྩོ་བྲིས་ལ་ལེགས་གསོལ། འབྲི་བ་པོ་རྣམས་ཀྱིས་བྱ་ཚིག་གིས་དོན་གོ་བ་ལ་ལྡང་བ་ཡོད་ན་བྱ་ཚིག་གཅིག་རང་བཀོལ་ན་ལེགས་པ་འདུག་བསམས། དཔེར་ན། བརྗོད་ཡོད་པ་རེད། ཞེས་པར་བརྗོད་དོ། ཞེས་བྲི་ན། བྱ་ཚིག་ཡོད་པ་དང་རེད། མི་དགོས་སྙམ་པ། ཚོད་ལྟའི་ཕྱིར་བདག་རང་གི་བསམ་འཆར་ལགས་སོ།།

  4. ཀ་རིང་དོན་གོ says:
    2011-07-26 at 4:12 am

    གྲོགས་པོ་ལགས། མུ་མཐུད་ནང་འདྲེན་ལ་ཤུགས་རྒྱག་རོགས། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme