Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་རྒྱལ་སའི་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་འདྲི་བ་འགའ་ཡོད།

Posted on 2011-07-182011-07-19 By tenzin 11 Comments on ཨ་རིའི་རྒྱལ་སའི་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་འདྲི་བ་འགའ་ཡོད།

ད་རེས་ཝ་ཤིང་ཀྲོན་དུ་དུས་དབང་ལ་བཅར་བའི་གོ་སྐབས་བྱུང་ལ། ཁྱེད་རྣམ་པས་གྲ་སྒྲིག་ཡག་པོ་གནང་འདུག་པས་ཚང་མར་ཐུགས་རྗེ་ཆེ།

དུས་དབང་འདིར་ཕྱིན་པའི་འབྲས་བུར། ང་ལ་འདྲི་བ་འགའ་འདྲི་བའི་སེམས་ཤུགས་སླེབས་སོང་། རྒྱུ་མཚན་ནི། གསུང་ཆོས་ཀྱི་མགོ་ནས་མཇུག་བར་ལ་རྱྒལ་བ་ཡིད་བཞིན་ནོར་བུས། དུས་རྟག་ཏུ་དཔྱད་པ་བྱེད་པ་འདི་ཆོས་ཀྱི་ཉམས་ལེན་ནང་ནས་གལ་འགངས་ཆེ་ཤོས་དེ་རེད། ཆོས་ཉམས་ལེན་བྱེད་པའི་སྐབས་ལ། ཐོག་མར་ཡང་དཔྱད་པ་བྱེད་པ། བར་ལ་ཡང་དཔྱད་པ་བྱེད་པ། མཐའ་མར་ཡང་དཔྱད་པ་བྱེད་པ་ལ་བརྟེན་ནས་སངས་རྒྱལ་ཀྱི་གོ་ཕང་ཐོབ་པ་བྱེད་དགོས་ཅེས་བཀའ་གསལ་པོ་གནང་སོང་། དེར་བརྟེན་ངས་བཀའ་སློབ་འདི་སྙིང་ལ་བཅངས་ནས་གཤམ་གྱི་འདྲི་བ་འདི་དག་འབུལ་བར་བྱེད།

དུས་དབང་གྲ་སྒྲིག་ཚོགས་ཆུང་གིས། གཞོན་ནུའི་ཚོགས་གཙོ་གསུང་ཆོས་ཀྱི་འཁོར་ཡུག་ནས་ཕྱིར་འབུད་བཏང་བ་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གཞོན་ནུ་ཚོགས་པས་བཙན་བྱོལ་བོད་གཞུང་ཟེར་བའི་སྟོད་གོས་བཙོང་བར་བརྟེན་ནས་ཡིན་པ་དང་། གསུང་ཚོས་གྲ་སྒྲིག་ཚོགས་ཆུང་གི་སྒྲིག་གཞིའི་ནང་ཆབ་སྲིད་ཀྱི་རྣམ་པ་མེད་པ་བྱེད་རྒྱུ་ཡིན་གསུངས་སོང་།

འདི་ལྟར་ཡིན་ན།

༡༽ ཁྱེད་རྣམ་གྱིས་བརྟན་བཞུགས་འབུལ་སྐབས། ཅིའི་ཕྱིར་བོད་ཀྱི་རྒྱལ་དར་བསྒྲེངས་ནས་གོང་ས་མཆོག་་དང་ཚོགས་ཞུགས་པ་རྣམས་ཀྱི་མདུན་ལ་བཏང་བ་ཡིན་ནམ། བཙན་བྱོལ་གཞུང་ལ་སྡང་། གཞུང་དེའི་རྒྱལ་དར་ཉར་བ་འདི་ཡ་མཚན་མ་རེད་པས།

༢༽ གསུང་ཆོས་བསྒྲུབས་རྗེས། གོང་ས་མཆོག་གིས་ཚད་མེད་ཡོན་ཏན་བཏོན་གནང་སོང་། ད་བྱས་ན་རྒྱལ་བ་རིན་པོ་ཆེ་ཡང་ཁྱེད་ཚོས་ཕྱིར་འབུད་བྱ་རྒྱུ་མ་ཡིན་ནམ།

༣༽ གསུང་ཆོས་སྐབས་ལ། བཀའ་བློན་ཁྲི་པ་དང་སྤྱི་འཐུས་མི་སྣར་གསུངས་བཤད་གྲ་སྒྲིག་བྱས་པ་འདི་ཆབ་སྲིད་ཀྱི་རྣམ་པ་མ་རེད་དམ།

འདི་དག་གསུངས་ཆོས་དང་འབྲེལ་བ་ཡོད་པའི་འདྲི་བ་ཤ་སྟག་ཡིན་པ་ལས་དམིགས་བསལ་གྱི་ཕྱོགས་རེས་བའི་རྙོག་འདྲ་མིན།

གསར་འགྱུར།

Post navigation

Previous Post: འུ་ཚང་གི་ཕ་རྒན
Next Post: ང་དང་ཀླུ་སྨྱོན་ཧེ་རུ་ཀའི་གཏམ་རྒྱུད།

Comments (11) on “ཨ་རིའི་རྒྱལ་སའི་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་འདྲི་བ་འགའ་ཡོད།”

  1. སྐྱུ་རྩི་ནས། says:
    2011-07-19 at 2:08 am

    ང་ཡང་དེ་རང་སེམས་ལ་དྲན་ནས་སྡད་ཡོད། དུས་དབང་གྲ་སྒྲིག་བྱ་སྟངས་དང་། ༧གོང་ས་མཆོག་གི་སྐུ་ཕྱྭའི་གསུང་སྐྱོབས་ཞུ་སྟངས་སོགས་དམིགས་དཔེར་འོས་པ་གནང་འདུག་པར་རྗེས་སུ་ཡིད་རངས་ཡོད་ལ་མ་ཟད་ཨ་རིའི་གཞི་རིམ་མི་མང་གི་སེམས་ལ་ཡང་དགའ་སྣང་སྐྱེས་དགོས་པ་ཞིག་བཟོས་སོང་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ན་ཡང་བོད་ཀྱི་གཞོན་ནུ་ཚོགས་པའི་སྟེང་ལ་གནང་ཕྱོགས་དེ་བསམ་ཡུལ་འདས་སོང་། འཛམ་གླིང་ནང་མང་གཙོ་དང་རང་དབང་དྲང་བདེན་ཆོས་དད་རང་མོས་སོགས་ཀྱི་མིག་དཔེ་དང་། དེད་དཔོན་དུ་བཀུར་ཞིང་༧གོང་ས་མཆོག་ནས་ཀྱང་མངགས་པར་མཛད་པའི་ས་ཆ་འདི་འདྲ་ཞིག་ཏུ་བོད་མི་མང་གི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱི་ལས་འགུལ་བརྩམས་ཤིང་བདེན་པའི་ལས་ལ་བརྩོན་པ། གཞིས་་བྱེས་བོད་མི་གཞོན་ནུ་ཕོ་མོ་ཡོངས་ཀྱི་རེ་བའི་མིག་པ་གཏད་ས་དང་། བསྟན་དགྲ་རྒྱ་དམར་ནས་འཇིགས་བསྐུལ་རིང་ལུགས་པར་དམོད་པའི་ཚོགས་པ་དེ་ཕྱིར་ལོགས་སུ་ཕུད་པ་དང་། ཨ་རིའི་ཉེན་རྟོགས་པ་ཁྲིད་ཀྱི་ཡིན་ཚུལ་གྱི་སྡིག་ར་བཀུལ་བ་ནང་པ་ཕར་བཞག་ཀླ་ཀློའི་བྱ་སྤྱོད་ཅིག་ལོས་ཡིན།

  2. ཀིརྟི་སྐྱབས། says:
    2011-07-19 at 2:25 am

    དྲི་བ་འདི་ཚོར་ཆོ་ཅི་ཡང་མི་འདུག
    ད་ཐེངས་གཞོན་ལྷན་གྱི་བྱེད་སྟངས་ཚད་ལས་བརྒལ་པ་རེད། གོང་ས་མཆོག་གི་མཛད་ཕྲིན་ལ་ཆེད་དུ་དོ་བསྡོ་བ་འདྲ་ཞིག་ཆགས་སོང། བོད་ཀྱི་རྩ་དོན་དང་འབྲེལ་པའི་ཆབ་སྲིད་དང་ཡང་ན་བོད་གཞུང་ལ་སྡང་ཟུག་བྱས་པ་མིན་པར་གཞོན་ལྷན་ནས་ཅག་ཅག་འདྲ་བྱས་པ་དེར་ཚོད་འཛིན་བྱས་པ་ཙམ་རེད། དེ་ནི་འོས་འཚམ་རང་རེད།
    དྲི་བ་འདི་ཚོས་སྐུ་ཉིད་ཀྱི་དུས་དབང་ཐོབ་པ་འཕྲོ་བརླག་གཏོང་ཉེན་འདུག་གོ

  3. སྐྱུ་རྩི་ནས། says:
    2011-07-19 at 2:26 am

    དེ་དང་འབྲེལ་ཡོད་ཅིག་ལ་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པའི་རྗེས་ལ་ཨེ་ཤི་ཡའི་རླུང་འཕྲིན་ཁང་ནས་༧གོང་ས་མཆོག་གི་མཚན་ལ་བོད་ཀྱི་ཆོས་དབུ་འཁྲིད་ཅེས་འགྱུར་བ་བཏང་སོང་བོད་ནང་དུ་གོ་ན་གང་བསམ་གྱི་རེད་དམ། ༧གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་ཆོས་དང་། སྲིད། མདོ་ན་ཟས་གོས་གནས་མལ་འབྱིན་པའི་ཕ་མ་ལས་ཀྱང་བཀའ་དྲིན་ཆེ་བར་མ་ཟད་འཛམ་གླིང་སྐྱེ་བོ་རྣམས་ལ་ཞི་བདེའི་ལམ་བཟང་སྟོན་པའི་དེད་དཔོན་དུ་ཡང་རྣམ་དཔྱོད་ལྡན་པའི་སྐྱེས་བོ་ཀུན་གྱིས་བཀུར་པ་མཐོང་ཆོས་མྱོང་གྱུར་པ་ལགས་ཀྱང་ཨེ་ཤི་ཡའི་བོད་སྐད་རླུང་འཕྲིན་ཁང་གི་དབུ་ལས་རྣམ་པས་མ་མཁྱེན་པ་ཡ་མཚན། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཞེས་༧གོང་ས་མཆོག་ལ་་འཛམ་གླིང་ཆེ་དགུ་ཀུན་གྱི་མཚན་བསྟོད་གནང་བ་དེ་ལབ་མི་ཐུབ་པའི་རྒྱུ་མཚན་ཅི་ལགས།

  4. འཇམ་བཀྲ says:
    2011-07-19 at 2:34 am

    དྲི་བ་རྒྱུ་མཚན་ལྡན་པ་འགའབཏོན་འདུག་པར་ཐུགས་རྗེ་ཆེ་ཞུ།

  5. ལྷོ་མོན་འབྲུག་རིས says:
    2011-07-19 at 3:03 am

    དང་པོ་༽ རྒྱལ་དར་བོད་ཀྱི་ཡིན་པ་ལས་བཙན་བྱོལ་བོད་གཞུང་གི་ག་ལ་ཡིན།
    གཉིས་པ་༽ བདེན་ཚིག་སྨོན་ལམ་ཆོས་ཕྱོགས་བྱ་བ་ཡིན་པ་ལས་ཆབ་སྲིད་ག་ལ་ཡིན།
    གསུམ་པ་༽ སྲིད་དོན་པས་སྐད་ཆ་བཤད་ཆབ་སྲིད་ག་ལ་ཡིན།
    མདོར་ན་ལམ་འདེབས་པ་ཤིན་ཏུ་སླའོ།།

  6. ཨ་ཁུ་སྟོན་པ་ says:
    2011-07-19 at 3:03 am

    ༈ དུས་དབང་གི་གོ་སྒྲིག་པ་སྐལ་ལྡན་བློ་གྲོས་དང༌། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང༌། ཨ་རིའི་དོན་གཅོད་ཁྱེད་རྣམ་པ་གསུམ་ལ་དྲི་བ་ཞིག་ཡོད། དུས་དབང་གི་སྐབས་བོད་མིའི་ཆོས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མདུན་དུ་ཁྱེད་རྣམ་པ་གསུམ་གྱི་ཕྱུ་པ་གོན་མ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དམིགས་བསལ་གྱིས་སྤྱི་འཐུས་ཚོགས་གཙོ་དང༌། ཨ་རིའི་དོན་གཅོད་ཁྱེད་རྣམ་པ་གཉིས་བོད་མི་ས་ཡ་དྲུག་གི་མིག་ལྟོས་བྱ་སའི་གང་ཟག་ཞིག་ཡིན་པའི་ངེས་པར་དུ་ཕྱུ་པ་གོན་དགོས་པ་ཡིན། ནམ་ཞག་རྒྱུན་དུ་བོད་པའི་རིག་གཞུང་སྲུང་སྐྱོབ་སྐོར་ལ་བཤད་མཁན་ཚོའི་རིག་གཞུང་ལ་བདག་གཅེས་མ་བྱེད་ན། གཞན་ལ་བཤད་ཐུབ་པ་ཙམ་གྱི་སྒྲིག་ཐབས་མེད། དཔེར་ན། གཞན་ལ་བལྟ་བའི་མིག་ཡོད་ཀྱང༌། །རང་ཉིད་བལྟ་བའི་མེ་ལོང་དགོས། །གསུངས་པ་ལྟར་དུ་དང་པོ་རང་ངོས་ནས་རིག་གཞུང་སྲུང་སྐྱོབ་གནང་དགོས། ཐུགས་རྗེ་ཆེ།

  7. ལྷོ་མོན་འབྲུག་རིས says:
    2011-07-19 at 3:05 am

    སྐད་ཆ་བཤད་ཚད་ བཅོས་

  8. ས་མཐའི་བུ་ says:
    2011-07-19 at 11:17 am

    དུས་དབང་གོ་སྒྲིག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕུད་པ་དེ་ངོ་མ་ཐབས་སྐྱོ་བོ་རེད།
    མང་གཙོ་ལ་འགྲོ་སྟངས་ཤིག་ཡོད་པ་རེད། གཞོན་ནུའི་ལངས་ཕྱོགས་དང་གཞུང་གི་ལངས་ཕྱོགས་ཐ་དད་ཡིན་པ་ཡོངས་གྲགས་རེད།

  9. མངའ་རིས་ཕྲིན་ལས། says:
    2011-07-19 at 12:19 pm

    གོང་གི་དྲི་བ་རྣམས་ཧ་ཅང་ཡག་པོ་འདུག་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱལ་ཁབ་ཀྱི་རང་ས་གཞན་ལ་ཤོར་ཡང་། གཞུང་ཞིག་གི་ཆ་ལག་མ་ཚང་བ་མེད་ཅིང་སྔར་ལས་ལྷག་པ་མང་གཙོ་ཚད་ལྡན་ཞིག་གི་ལམ་བུ་ཐོག་སྐྱོད་བཞིན་པའི་བཙན་བྱོལ་བོད་གཞུང་ཞེས་མི་ལོ་ལྔ་བཅུ་ལྷག་གི་རིང་འབོད་བཞིན་པ་དེ་ཉིད། འཛམ་གླིང་རྒྱལ་སྤྱིར་གཞུང་ཞིག་ལ་ངོས་ལེན་ཡོང་བའི་འབོད་སྐུལ་དགོས་པ་གལ་ཆེ་སྐོར་གཞིས་བྱེས་གཉིས་ཀྱི་མི་མང་ཚང་མས་མགྲིན་དབྱངས་གཅིག་སྒྱུར་རེད། བློ་ཕམ་པ་ཞིག་ལ་འདི་ལོ་བོད་མིའི་སྒྲིག་འཛུག་ཅེས་པའི་མིང་ཞིག་བཏགས་ཏེ་སྐུ་ངོ་བློ་སེང་ལ་རྩིས་སྤྲོད་བྱེད་རྒྱུ་རེད། དེས་མ་ཚད་ཉེ་ཆར་དུས་དབང་སྐབས་གཞོན་ནུ་ལས་འགུལ་ལ་གནོད་སྐྱོན་བཏང་བ་ནི་ཆེས་བློ་ཕམ་གྱི་གནས་ཤིག་རེད།

  10. ralpadolma says:
    2011-07-20 at 3:38 pm

    སྐད་གྲགས་ཡོད་པའི་ཨ་རིའི་རྒྱལ་སར་དུས་དབང་གོ་སྒྲིག་ཞུས་མིར་གདོང་ལེན་མཐར་ཕྱིན་བྱེད་རྒྱུ་ཡིན་ཞེས་པ་ནི་བོད་ཀྱི་གཞོན་ནུ་ཚོགས་པ་གཙུགས་པའི་བཙུགས་གོ་ཆོད་འདུག་མགོ་སྐྱེས་རྭ་དེ་མིག་ལ་ཟན་ཟེར་བ་རང་རེད་འགྲིག་འདུག་ད་དུང་ཁ་ནང་དུ་གཏད་དེ་གདོང་ལེན་བྱེད་ས་སུ་འདུག་བལྟོས་ཤིག་ཕ་བཟང་གི་བུ།

  11. གཉན་གཡག་ཕྲུག says:
    2011-07-21 at 6:48 am

    ༄།༅། དུས་འཁོར་དབང་ཆེན་དང་དེའི་སྐབས་ཀྱི་མཐོང་ཐོས།།
    ད་ལམ་ཨ་རིའི་རྒྱལ་ས་ཝ་ཤིང་ཊྲོན་དུ་༧རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོབ་པ་ནི་ངའི་ཚེ་འདིར་སྐལ་པ་བཟང་ཤོས་ཤིག་ཡིན། དེའི་སྐབས་དགའ་འོས་པའི་བྱ་བ་དང་། བློ་ཕམ་དགོས་པའི་བྱ་བའང་མང་དག་ཅིག་འདུག །
    དང་པོ་དགའ་འོས་པའི་བྱ་བ་ནི། ཡིད་བཞིན་ནོར་བུའི་བཀའ་སློབ་མདོ་ཕྱོགས་ནས་གསུང་དུས་་མགོན་པོ་ཀླུ་སྒྲུབ་དང་གཉིས་སུ་མ་མཆིས་པ། སྔགས་ཕྱོགས་ནས་གསུང་དུས་གུ་རུ་རིན་པོ་ཆེ་དངོས་གཟབ་གསང་གི་གནས་རྣམས་གོ་བདེ་ལ་དོན་གཟབ་པ་གདུལ་བྱའི་བློ་ངོར་ལེགས་པར་སྟོན་པར་མཛད་པའི་ཐུགས་སྐྱེད་ཀྱི་ཡོན་ཏན་དེ་ལྟ་བུ་ནི་རྨོངས་བརྟུལ་ང་བལྟ་བུས་བརྗོད་པར་ག་ལ་ནུས་དེ་ནི་དགའ་སྤྲོ་ཡིད་རངས་དགོས་པའི་བྱ་བ་ཞིག་ཡིན།།
    དེ་ཡང་བློ་ཕམ་དགོས་པ་ནི།། གྲ་སྒྲིགས་ཚོགས་ཆུང་ནས་ཆོས་རའི་སྐུ་མདུན་དུ་སྦྱིན་བདག་གི་མིང་ཅན་མི་རིགས་དང་ཕོ་མོ་སྣ་ཚོགས་ལ་རྐུབ་བཀྱག་སྤྲད་འདུག་པ་དང་། དེའི་རྒྱབ་ཏུ་དགེ་འདུན་རྣམས་ལ་རྐུབ་བཀྱག་སྤྲད་འདུག་པས་བཞུགས་གནས་གོ་རིམ་འཁྲུག་པ་ལྟ་བུ་འདུག་རྒྱུ་མཚན་ནི་དགེ་འདུན་རྣམས་པ་ནི་སྐྱབས་ཡུལ་ཡིན་པས་དུས་རྟག་ཏུ་གུས་པས་བཀུར་བར་འོས་ཤིང་སྤྱི་བོའི་གཙུག་ཏུ་མཆོད་ནས་རྟག་ཏུ་མདུན་ནམ་གོང་དུ་བཀུར་དགོས་པ་ལས་མི་སྐྱ་ཕོ་མོའི་རྒྱབ་བམ་རྗེས་སུ་གནས་པ་མཐོང་དུས་སེམས་ལ་མི་བདེ་བ་ཞིག་རང་བཞིན་གྱི་ཡོང་གི་འདུག་པ་མ་ཟད་གློ་བུར་དུ་རྒྱ་མི་གུང་ཁྲན་གྱི་བྱེད་སྟངས་རྣམས་གློ་བུར་དུ་དྲན་བྱུང་། བསྟན་པའི་སྦྱིན་བདག་ལ་གུས་ཞབས་ཞུ་འོས་སྨོས་མེད་ཀྱང་དེ་ལྟའི་མགོ་མཇུག་མེད་པ་དེ་འདྲ་རང་རེ་གངས་ཅན་པའི་ལུགས་སྲོལ་ནི་མིན་དེང་དུས་ཆེས་ཡར་ཐོན་ཅན་གྱི་ལུགས་སྲོལ་ཡིན་ན་ནི་ཆ་མ་འཚལ། སྤྲང་པོའི་རྒྱུག་པ་ལའང་མགོ་མཇུག་ཡོད་དུས་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཚོར་དེ་བས་སྨོས་ཅི་དགོས། ཕྱིན་ཆད་དེ་རིགས་ལ་གཟབ་དགོས་པ་ཡིན།
    གཞན་ཡང་ལག་པའི་རྒྱབ་མདུན་མི་ཤེས་པའི་ཅོལ་ཆུང་གི་རང་རིགས་ཚོགས་སྐྱིད་ཁག་གི་ཐུགས་སྤྲོའི་སྐབས་ཕྱི་མི་གཞས་པ་གདན་འདྲེན་ཞུ་བའོ་སྲོལ་ཞིག་ནིའ་ཡོག་བོད་པའི་སྤྱི་ཚོགས་ནང་དར་བ་དང་། ད་རེས་ཝ་ཤི་ཊྲོན་དུ་ཡང་ད་ག་རང་བྱུང་སོང་། བོད་གཞུང་ཟློས་གར་ནས་རང་གི་རིག་གཞུང་སྤུས་གཙང་གི་གླུ་གཞས་འཁྲབ་སྟོན་གང་མིན་གནང་གི་འདུག་པ་མ་ཟད་དེ་མིན་རང་རིགས་གཞས་པ་གྲགས་ཅན་མང་པོའང་མཐོང་རྒྱུ་འདུག །འོན་ཀྱང་ཡ་མཚན་པ་ཞིག་ལ་བོད་མིའི་ཟློས་གར་གྱི་མཚན་ཚོགས་དེར་རྰ་ཅུའུ་བླ་མ་ཆེད་འབོད་ཀྱི་ནེ་པྰ་ལེའི་གླུ་གཞས་བཏང་བ་དང་སྐབས་དེར་བོད་པའི་ཨ་མ་མང་པོ་དགའ་ནས་ས་མཆོངས་གནམ་མཆོངས་བྱེད་ཀྱི་འདུག།།འ་ཙི་དེ་ནི་མཚོན་རང་ལ་ཡོད་ཀྱང་ཙག་མི་ལ་རེ་ཟེར་བའི་དཔེ་ལྟར་རང་རེ་བོད་པའི་གཞས་པ་གཞས་མ་ག་རེ་དགོས་དགོས་ཡོད་བཞིན་དུ་རྰ་ཅུ་བླ་མ་ཆེད་འབོད་བྱེད་པ་མ་ཟད་ཁོ་པར་ཨ་སྒོར་༡༥༠༠ རེ་སྤྲོད་དགོས་ཀྱི་འདུག དེའི་དགོངས་མོའི་མཚན་ཚོགས་དེ་བོད་མིའི་མཚན་ཚོགས་མ་ཡིན་པར་ནེ་པྰ་ལེའི་མཚན་ཚོགས་ཤིག་ཏུ་གྱུར་སོང་ལ་བལྟས་མོ་བ་དེ་ཚོ་འང་མི་རིག་གཞན་གྱི་རྣམ་པར་གྱུར་སོང་། ང་ནི་བོད་མི་ཨ་མ་དེ་ཚོར་བལྟས་ནས་ཁོང་ཁྲོ་ལངས་ཤིང་སྙིང་རྗེ་འང་སྐྱེས་བྱུང་བ་དང་དེའི་མུར་། ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།། སྤུ་མེད་པ་ཡི་ཕག་པ་ཡིན་ཞེས་པའི་ཚིག་བཅད་དེ་དྲན་བྱུང་། དེ་ཚོའི་སེམས་ནང་མི་རིག་གི་ལ་རྒྱ་མི་འདུག་ལ། ལག་པའི་རྒྱབ་མདུན་ཡང་ངོ་ཤེས་ཀྱི་མི་འདུག ། ད་ལོ་སུམ་བཅུའི་དུས་དྲན་སྐབས་བལ་ཡུལ་དུ་བལ་གཞུང་གཉེན་རྟོགས་དམག་མིས་བོད་མིར་གདུང་རྡེག་འཛིན་བཟུང་བྱེད་དུས་བྱུས་མེད་བྱུས་ཏོག་གིས་མཆོད་རྟེན་རྟ་དམག་གི་མི་རིགས་དཀྱུས་མ་དེ་ཚོས་ཀྱང་བོད་མིར་ཉེས་བརྡུང་བཏང་བ་དང་ཁ་ངན་ཚིག་ངན་ག་ཚོད་སྨྲས་པ་ཧ་གོ་ཡོད་ཤག་རེད། ང་རང་ཚོ་འདི་གར་ཟ་མཁས་ཐུང་མཁས་བྱས་ནས་བསག་པའི་དངུལ་དེ་མི་རིགས་ཐ་ཤལ་དེ་འདྲ་ཞིག་གི་ལག་པའི་ནང་སྤྲོད་དགོས་འདུག་གམ། བོད་མི་ཚང་མ་བྱང་ཆུབ་སེམས་དཔའ་མ་ཡིན་པར་སོང་དགྲ་འདུལ་གཉེན་སྐྱོང་ལོས་དགོས། བོད་མིའི་ལ་རྒྱ་མ་ཤོར་བར་རང་རིགས་ཀྱི་གཞས་ཉོན་ལ་རང་རིགས་ཀྱི་གཞས་པ་དང་གཞས་མར་རང་ཚོས་ཆེ་མཐོང་དང་གུས་བཀུར་དགོས་པ་ཡིན་ལ་ཕྱིན་ཆད་སྐྱིད་སྡུག་སོ་སོའི་ཐུགས་སྤྲོའི་སྐབས་བོད་གཞས་གཙོ་བོར་འཛིན་ནས་མི་རིགས་གཞན་གྱི་གཞས་དང་གཞས་པ་གཞས་མར་སྐྱབས་གསུམ་ཀུན་འདུས་ཞུ་རྒྱུ་མཚམས་འཇོག་གནང་རོགས་ཞུ་རྒྱུ་ཡིན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme