Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་བགྲོ་གླེང་།

Posted on 2011-07-172011-07-17 By ཁ་བརྡ་ 9 Comments on བོད་ཀྱི་སྐད་ཡིག་བགྲོ་གླེང་།

17463
སྤྱི་ཚོགས་མེ་ལོང་གི་གསར་འགོད་པ་རྡོ་རྗེ་ཚེ་རིང་གིས།

སྤྱི་ལོ༢༠༡༡ལོའི་ཟླ༠༧ཚེས༡༧རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་ཀྱི་སྐད་ཡིག་ཚོགས་པས་བཀོད་སྒྲིག་འོག་༼བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་བབ་དང་འབྱུང་གྱུར་འཕེལ་ཕྱོགས་གླེང་བ༽ཞེས་པའི་ཁ་བྱང་ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནས་བགྲོ་གླེང་འདུ་འཛོམས་ཞིག་བསྡུས་འདུག ཞོགས་པ་ཆུ་ཚོད་དགུ་བའི་སྟེང་གཙོ་སྐྱོང་པ་འབྲོག་རུ་ཆོས་དར་ལགས་གྱིས་རང་རེའི་སྐད་ཡིག་ཚོགས་པ་འདི་སྤྱི་ལོ་༢༠༠༥ལོར་དབུ་བརྙེས་ཚུལ་དང་༢༠༠༧ལོར་སྐད་ཡིག་ཚགས་པར་འདོན་འགོ་བཙུགས་ཚུལ།ཐ་སྙད་གསར་བ་ངོ་སྤྲོད་དང་གསལ་བསྒྲགས་དང་ཚོང་ཁང་ཟ་ཁང་གི་ཁ་བྱང་སོགས་ལ་ནོར་བཅོས་དག་ཐེར།སྐད་ཡིག་ལག་དེབ་ཐེངས་དང་པོར་བཀྲམས་པ། ༢༠༡༠ལོར་བོད་ཀྱི་སྐད་ཡིག་འཁྲབ་སྟོན་དགོང་ཚོགས་ཐེངས་དང་པོར་འཚོགས་པ། ད་དུང་ན་ནིང་བལ་ཡུལ་ནས་མཚན་རྟགས་སམ་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་འོག་མི་སེར་༡༧༠༠ལྷག་གི་མཚན་རྟགས་བོད་ཀྱི་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་བ་བཅས་ཚོགས་པ་ངོ་སྤྲོད་མདོར་བསྡུས་བཅས་གླེང་གཞི་དངོས་ཀྱི་དང་པོ།27459 ༼ བཀའ་སྤྱི་གཉིས་ཀྱིས་བསྒྲུབས་ཟིན་པའི་སྐད་ཡིག་སྲུང་སྐྱོབ་སྐོར་ཀྱི་དགེ་སྐྱོན ༽གྱི་སྟེང་དུ་ཞིབ་བསྡུར་དང་བགྲོ་གླེང་བྱས།
བགྲོ་གླེང་འདིར་ཆེད་དུ་གདན་འདྲེན་ཞུས་པའི་ཆེད་མཁས་པ་དང་རྩོམ་པ་པོ་མང་པོ་ཞིག་ལས་རེ་འགའ་ཕེབས་ཐུབ་མེད་ནའང་། སྐུ་ཞབས་ན་ག་སངས་རྒྱས་བསྟན་དར་དང་ཆབ་གྲགས་ལྷ་མོ་སྐྱབས། ཤེས་རབ་དར་རྒྱས། སྒྲོལ་དཀར་སྐྱབས། རེ་མདོ་སེང་གེ འོད་ཟེར། དམ་ཆོས་དཔལ་བཟང་། དགེ་འདུན་རབ་གསལ། མཆོག་གོ་རྡོ་རྗེ། སྐལ་བཟང་ཉི་མ། ཟླ་བ་ཚེ་རིང་བཅས་མི་བཅུ་ལྷག་ཅིག་དང་ཟིན་བྲིས་པ་ཨ་རིག་འགྱུར་མེད་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་ད་དུང་ཟུར་ཉན་པ་དང་གསར་འགོད་པ་བཅས་མི་གྲངས་བདུན་བཅུ་ལྷག་ཙམ་འཛོམས་ཡོད་འདུག
ཉིན་གུང་གསོལ་ཚོགས་རྗེས་ཀྱི་ཆུ་ཚོད་གཉིས་པའི་སྟེང་བརྗོད་གཞི་གཉིས་པ་༼ མ་འོངས་པར་བཀའ་སྤྱི་གཉིས་ཀྱི་ངེས་པར་དུ་བསྒྲུབ་དགོས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་དེ་ལག་བསྟར་བྱེད་ཕྱོགས ༽ཀྱི་སྟེང་ནས་གླེང་མོལ་དང་གྲོས་བསྡུར།
37441
དྲི་བ་དྲིས་ལན་མཐར་ཚོགས་གཙོ་འབྲོག་རུ་ཆོས་གྲགས་ལགས་ཀྱི་གདན་ཞུའི་སྐུ་མགྲོན་ཚོར་བཀའ་དྲིན་ལེགས་གསོལ་གྱི་ཁ་དར་སྒྲོན་ཆིང་དང་ཚོགས་བཅར་པ་ཚོས་མཚན་རྟགས་བསྡུ་རུབ་དང་དྲན་རྟེན་འདྲ་པར་སྐྱོན་ནས་ཕྱི་དྲོའི་ཆུ་ཚོད་བཞི་བ་ཡོལ་རྗེས་ཡོངས་སུ་མཇུག་བསྡུ་་བྱས་ཡོད་པ་རེད་འདུག

གསར་འགྱུར།

Post navigation

Previous Post: བསྟོད་པ་བདེན་དོན་མའི་རང་མཆན་ཕྱོགས་སྟོན་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །
Next Post: ཚང་མས་ཤེས་རན་རེད།

Comments (9) on “བོད་ཀྱི་སྐད་ཡིག་བགྲོ་གླེང་།”

  1. བློ་བཟང་། says:
    2011-07-18 at 4:18 am

    བོད་ཀྱི་སྐད་ཡིག་ཚོགས་པ་འདི་ཧ་ཅང་གི་གལ་ཆེན་པོ་རེད། ད་དུང་ལས་འགུལ་ཇེ་མང་དུ་གཏོང་རོགས་གནང་།
    དེང་དུས་སྤྱི་ཚོགས་ཐོག་དུས་དེབ་དང་ཚགས་ཤོག་ལ་སོགས་ཇེ་མང་འགྲོ་བཞིན་པའི་དུས་སྐབས་སུ་སྐྱོན་དང་ནོར་འཁྲུལ་ཐེར་འདོན་བྱེད་མཁན་ཞིག་མེད་ན་ལངས་ལ་ཤོར་འགྲོ་ཉེན་ཆེ་བས་དེའི་ཐོག་ལས་འགུལ་ཇེ་ཆེར་གཏོང་རོགས་གནང་།

  2. དོན་གྲུབ། says:
    2011-07-18 at 6:22 am

    བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀར་སྐྱོན་བརྗོད་ཚིག་སྐམ་ཙམ་ལས་དོན་དངོས་སུ་སྐད་ཡིག་སྲུང་སྐྱོབ་ཆེད་ཐབས་ལམ་གསལ་སྟོན་བྱ་མཁན་ཧ་ཅང་དཀོན་པོ་རེད་འདུག ནོར་འཁྲུལ་ཡོད་པ་ཚང་མས་ཤེས་གསལ་ཡིན་ཀྱང་། དེ་ལ་ནོར་འཁྲུལ་ཡོ་སངས་ཆེད་ཐབས་ལམ་ཚད་ལྡན་བཏོན་མཁན་ཧ་ཅང་དཀོན་པོ་བྱུང་སོང། དེ་ནི་གུས་རང་ཚོགས་འདུར་བཅར་པའི་ཉམས་མྱོང་ཙམ་ཞིག་ཡིན། སླད་ཕྱིན་ཐབས་ལམ་དང་ཐབས་བྱུས་གསལ་སྟོན་གནང་དགོས་གལ་ཆེ་བར་སེམས།

  3. ཀརྡོ་རབ་འབྱམས་པ་ says:
    2011-07-18 at 8:33 am

    བོད་ཀྱི་སྐད་ཡིག་བགྲོ་གླེང་གནང་བ་ལེགས་ཀྱང་། བཙན་བྱོལ་བོད་ཀྱི་སྐད་ཡིག་ཚོགས་པས་བཀོད་སྒྲིག་འོག་ཅེས་པའི་ཚོགས་པ་འདི་ཡི་མིང་འདི་ཧམ་པ་ཆེ་དྲགས་པའི་སྐྱོན་མི་འདུག་གམ། འབྲེལ་ཡོད་ཚོས་སོམས་ཤིག་ཀྱེ།

  4. སྐྱུ་རྩི་ནས། says:
    2011-07-19 at 2:43 am

    མི་རིགས་སློབ་མས་ངེས་པར་དུ་ཐོག་མར་བོད་ཡིག་ལེགས་པོ་ཞིག་སློབ་དགོས། དེ་ནི་འོས་འགན་ཡིན། ཀུན་གཟིགས་ཚོང་པ་རྒྱག་པའི་བཀའ་སློབ་དེ་དྲན་ནས་བཀོད་པ་ཡིན། ད་ང་ཚོར་བོད་ཡིག་སྦྱང་རྒྱུ་རང་དབང་ཡོད ། ??????????????????????????????????????????????????????????????????????????????????

  5. བསོད་ནམས། says:
    2011-07-19 at 4:15 pm

    ང་ཚོས་མིང་འདོགས་སྟངས་ཤིག་ལ་བརྩད་རྒྱག་དགོས་དོན་མི་འདུག བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་ཕན་ན་དེ་ག་རང་གིས་འགྲིགས་པ་རེད། ད་ལྟ་འགྲོ་བཞིན་པའི་གཞི་རིམ་སློབ་གྲྭ་ཁག་ལ་ཕན་ཐོགས་ཡོད་ཅིང་དངོས་ཡོད་བདེན་འཚོལ་གྱིས་ལམ་ལུགས་གསར་པ་ཞིག་གཏན་འབེབས་བཟོ་དགོས་འདུག ཐོག་མར་བོད་ཕྲུག་རྣམས་བོད་ཡིག་ལ་སྤྲོ་བའི་ཐོག་ནས་སྦྱང་འདུན་ཡོད་པ་བཟོ་ཐབས་ལ་འབད་དགོས། དེ་ནས་ སྔོན་འགྲོ་ནས་བཟུང་བོད་ཡིག་འབྲི་ཀློག་གཏན་འབེབས་གསར་པ་ཞིག་མ་བཟོས་ཚེ་བོད་ཕྲུག་འདི་དག་ལ་བོད་ཡིག་གོམས་འདྲིས་ཟབ་མོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེང་དུས་མི་ལ་བྱ་བ་གང་ཞིག་ཡིན་ཀྱང་ལས་སླ་བོའི་ཐོག་ནས་འགྲོ་མ་ཐུབ་ཚེ་དེ་ལ་གྲུབ་འབྲས་ཐོན་ཁག་པོ་རེད། དེ་འདྲ་སོང་ཙང་བོད་ཡིག་སྦྱོང་སྟངས་ལ་སྔ་མོའི་སྡེ་པ་གཞུང་གི་ཡིག་གཟུགས་འདྲ་མིན་ཐོག་ནས་མི་ཚེ་བསྐྱལ་བསྡད་པ་དེར་འགྱུར་བ་ཞིག་མ་ཕྱིན་ཚེ། དེང་དུས་སློབ་ཚན་སྣ་མང་ཅན་གྱི་དུས་འདིར་བོད་ཡིག་གི་རྨང་གཞི་བརྟན་པོ་བཟོ་རྒྱུ་ཁག་པོ་རེད་སྙམ། ངས་འདི་བཤད་ན་མང་པོ་ཞིག་གི་སྣང་ངོར་མི་འགྲོ་བར་ང་ཚོ་བོད་ཀྱི་རིག་གཞུང་རེད། དེ་བདག་པོ་རྒྱག་དགོས་རེད་ལབ་མདོག་ཁ་བོ་རེད། ང་ཚོ་བོད་ཕྲུག་རྣམས་ཀྱིས་སྔོན་འགྲོ་ནས་ལོ་ངོ་དྲུག་ཙམ་རིང་དབུ་མེད་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་། ཡིག་ཆུང་སོགས་མི་ཚེའི་ནང་བེད་སྤྱོད་དེ་ཙམ་མེད་པ་ཞིག་ལ་སྦྱངས་སྦྱངས་ནས་དུས་ཚོད་བསྐྱལ་དགོས་པ་དང་། དེ་ནས་འཛིན་རིམ་བཞི་པ་ནས་དབུ་ཅན་ཀློག་སྟངས་ལ་གཞིས་ནས་གོམས་འདྲིས་བྱ་དགོས་ཤིང་། འཛིན་རིམ་དྲུག་པ་ནས་འཁྱག་མ་ཚུགས་འབྲི་འགོ་འཛུགས་དགོས་པས་སློབ་ཕྲུག་རྣམས་ཀྱི་ཀླད་པར་ཡིག་གཟུགས་གཅིག་བརྟན་པོར་གནས་ཐུབ་རྒྱུ་ཁག་པོར་ཆགས་འདུག ཡིག་གཟུགས་ནི་དེ་འདྲ་གལ་ཆེན་པོ་ཞིག་ཡིན་ན་འཛིན་རིམ་བཅུ་པ་བཅུ་གཅིག་ནས་ལག་བདེ་བོ་ཅན་གང་འཚམས་ཤིག་ལ་ཡིག་གཟུགས་ཀྱི་རིགས་གཅིག་རྐང་འཛིན་པ་བཙུག་ནའང་་མི་འགྲིགས་པ་མེད། སྔོན་འགྲོ་ནས་ཀློག་དེ་དབུ་ཅན་ཁོ་ན་དང་། ཡིག་གཟུགས་དེ་འཁྱུག་མ་ཚུགས་འབྲི་བཅུག་ན་དེས་ལོ་མང་རིང་ཕྲུ་གུ་རྣམས་ཀྱི་སེམས་ལ་རི་མོ་གཅིག་ཁོ་ནའི་བག་ཆགས་བརྟན་པོ་འཇོག་ཐུབ་པར་བརྟེན་བོད་ཡིག་ཡག་པོ་ཤེས་པར་ཕན་ཐོགས་ཆེ་ངེས། དེ་མིན་ཡིག་གཟུགས་གཅིག་སེམས་ལ་བརྟན་པོ་མ་ངེས་གོང་ཡིག་གཟུགས་གཞན་ཞིག་བསླབ་དགོས་པས་བོད་ཡིག་འབྲི་ཀློག་བརྟན་པོ་ཞིག་ཡོང་རྒྱུ་དཀའ། བོད་ཡིག་ལ་ཞེན་ཁོག་བྱས་པ་ཙམ་གྱིས་གང་ཡང་མི་ཕན་པར་དེ་བདག་པོ་རྒྱག་སྟངས་ཐད་ཐབས་ལམ་མ་བཙལ་ན་ད་ལྟའི་དུས་འདིར་བོད་ཡིག་བདག་པོ་རྒྱག་རྒྱུ་དཀའ་ལས་ཁག་པོ་རེད་སྙམ། ཚང་མ་བདག་པོ་རྒྱག་གི་ཡིན་ཟེར་ན་དུས་ཀྱི་རྐྱེན་པས་ཁག་པོ་རེད། དེ་ལས་འོ་མ་འདྲ་བོའི་ནང་ནས་མར་དེ་ལེན་ཨེ་ཐུབ་བལྟས་ན་ཁེ་སང་ཆེ་བ་ཡོད་པ་ཤེས་དགོས། ང་ཚོས་དུས་དང་མཐུན་པའི་འགྱུར་བ་གཏང་དགོས། རྙིང་ཞེན་ཁོ་ནས་བོད་ཡིག་བདག་པོ་རྒྱག་མི་ཐུབ་པ་ནི་དུས་ཀྱིས་ང་ཚོར་གསལ་སྟོན་བྱེད་ཡོང་གི་ཡོད།

  6. བསོད་ནམས། says:
    2011-07-19 at 4:31 pm

    བཙན་བྱོལ་བོད་ཀྱི་སྐད་ཡིག་ཚོགས་པའི་བཀོད་སྒྲིག་འོག་ཅེས་བྱེད་སྒྲ་དེ་འབྲེལ་སྒྲར་བཅོས་ན་མི་ལེགས་སམ།
    ཡང་ན་བཙན་བྱོལ་བོད་ཀྱི་སྐད་ཡིག་ཚོགས་པས་བཀོད་སྒྲོག་བྱས་པའི་འོག་ཅེས་བྲིས་ན་བརྗོད་བདེ་བ་འདུག

  7. བསོད་ནམས། says:
    2011-07-20 at 12:53 pm

    སྒྲོག་དེ་སྒྲིག་ལ་བཅོས་རོགས།

  8. ཁམས་སྨྱོན says:
    2012-04-03 at 2:30 am

    ཡ་གོ་རེ

  9. ཁམས་སྨྱོན says:
    2012-04-03 at 2:41 am

    ངས་དེ་ལྟར་རེད་བསམ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme