Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་རང་ཤིར་གཏོང་འདོད་པ་ནི་རྨི་ལམ་རང་རེད།

Posted on 2011-07-12 By ཁ་བརྡ་ 4 Comments on བོད་དོན་རང་ཤིར་གཏོང་འདོད་པ་ནི་རྨི་ལམ་རང་རེད།

ཤར་ཕྱོགས་ཁུག་རྟ།
ལོ་རབས་ ༨༠ པའི་ནང་བོད་ལ་གཟིགས་སྐོར་ཐོག་མ་ཕེབས་ལ་ཉེ་བའི་ཉིན་ཁ་ཤས་ཀྱི་སྔོན་ལ། ” བོད་རང་སྐྱོང་ལྗོངས་” ཟེར་བའི་འགོ་ཁྲིད་ཚོས་མཚོན་པའི་བོད་ཀྱི་ས་ཆར་མངགས་པའི་གུང་བྲན་ཏང་གི་འགོ་ཁྲིད་ཚོས་བོད་མི་རྣམས་ལ་གཟབ་མནན་གྱིས་འདི་འདྲ་ཞིག་གསུངས་ཡོད། “ཏཱ་ལའི་རུ་ཚོགས་ཀྱི་མི་སྣ་ཁ་ཤས་རྒྱལ་ནང་དུ་ལྟ་སྐོར་ལ་ཡོང་གི་ཡོད་པས། ཁོང་ཚོར་ངོ་རྒོལ་དང་ཞེ་འཁོན་མ་སྟོན་རོགས་”ཞེས་མངགས་ཡོད། སྐད་ཆ་འདི་ནི་རྒྱ་ནག་གཞུང་ལ་མཚོན་ན་ཡུན་རིང་བོད་ལ་རྒྱུས་མངའ་བྱས་པའི་མཐའ་སྡོམ་ཡིན་ལ། སྐབས་དེའི་གཙོ་འཛིན་ཏིང་ཞའོ་ཕེན་ལ་མཚོན་ནའང་བོད་ཀྱི་དཀའ་ངལ་སེལ་རྒྱུ་ནི་ཉོག་འཛིང་ཧ་ཅང་ཆེ་བ་ཞིག་ཡིན་པར་དགོངས་བཞེས་གནང་མེད། ཡིན་ནའང་རྒྱ་ནག་གཞུང་རང་གི་རང་དོན་ཡིད་ཆེས་ལས་ཕམ་པར་གྱུར་བ་ཞིག་ནི་སྐུ་ཚབ་རྣམས་ལ་ཕེབས་བསུ་བྱས་པའི་གཞིས་ལུས་མི་མང་གི་ཁ་ཞེ་གཉིས་མེད་ཀྱི་རྣམ་པ་དེ་ཡིན་ཞིང་། དེས་བོད་མི་ཚོས་བོད་ལ་བྱུང་བའི་སྐྱོ་གར་གྱི་ལོ་རྒྱུས་བརྗེད་མེད་པ་རྟོགས་ཤིང་། ཁོང་ཚོས་སླ་བར་གོ་བའི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ནི་རྦད་དེ་ནོར་འཁྲུལ་ཅན་ཡིན་པ་ཤེས་ཡོད་ཀྱང་། སྐབས་དེར་རེ་བ་བྲལ་བའི་རྣམ་འགྱུར་ཁོ་ནས་བཙན་བྱོལ་བོད་གཞུང་དང་འབྲེལ་འདྲིས་ཀྱི་རྣམ་པ་བསྟན་པར་སྲིད་དོན་མཁས་པ་མང་པོས་ཕྱོགས་སྡོམ་གནང་ཡོད།
སྤྱིར་བཏང་ལོ་རབས ༨༠ པ་འདི་རྒྱ་བོད་གཉིས་ཀྱི་མདུན་ལམ་དང་དེར་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་བཅས་ཕྱོགས་གང་ས་ནས་དཀྱོགས་མཚམས་གལ་ཆེན་ཞིག་དང་དུས་ཚོད་འཁྲུག་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་ལྟར། ཏིན་ཞའོ་ཕེན་གྱིས་བོད་ལ་ལྟོས་ཏེ་རྒྱལ་སྤྱིར་སྟོན་བཞིན་པའི་ཞལ་རས་ལ་རེ་བས་ཁེངས་འདུག་ཚུལ་དང་། བཙན་བྱོལ་བོད་གཞུང་གི་དབུ་འཕང་ཇེ་མཐོར་སོང་བའི་སྐབས་ཤིག་ཡིན་ནའང་། དྲུག་བཞིས་དོན་རྐྱེན་གྱིས་རྒྱ་ནག་གཞུང་གི་དབུ་ཁྲིད་རེ་ཤོས་ཀྱི་རྨི་ལམ་དཀྲོག་ཁར། བོད་ལ་བསྟན་པའི་ཞལ་རས་རྫུན་མའི་སྡུག་ཉམས་ཀྱང་དམར་བཤག་བྱས་འདུག སྐབས་དེ་ཤེད་དུ་རྒྱལ་སྤྱིའི་མཁའ་དབྱིངས་སུ་༧གོང་ས་མཆོག་ནོ་ཝེ་ཞི་བདེའི་མཚོན་རྟགས་སུ་གྱུར་ཅིང་། བོད་ཀྱི་གནད་དོན་རྒྱལ་སྤྱིར་བསྐྱོད་པའི་གོམ་ཞེང་ནི་བློ་ཡིད་ལས་འདས་པ་ཞིག་བྱུང་ཡོད། དེ་དང་བསྟུན་ནས་རྒྱལ་ས་ལྷ་སའི་ཉེ་འཁོར་ནས་ཞི་བདེའི་བྱ་དགའི་གཟི་ཉམས་ཀྱི་དར་ཆ་སྒྲེངས་ཤིང་། བོད་ཀྱི་རེ་བ་དང་རྨི་ལམ་ཡོད་ཚད་སྐྱ་རེངས་ཀྱི་རྗེས་སུ་སྙེགས་ཤིང་། ཉི་ཤར་གྱི་ཟེར་མར་འདྲེས་ལ་རེ་བ་གསར་བ་ཞིག་འཁྲུངས།
ཚང་མས་ཤེས་གསལ་ལྟར། ད་ལྟའི་རྒྱ་ནག་གི་གཙོ་འཛིན་ཡིན་པའི་ཧུའུ་ཅིན་ཐོས་རྒྱ་ནག་གི་གཡོན་ཐལ་ཅན་གྱི་སྲིད་བྱུས་མཇུག་བསྐྱངས་ཏེ་དྲག་པོའི་ཁྲིམས་གཞི་བསྡམས་པས་རྒྱལ་ས་ལྷ་ས་ནི་དམག་གིས་མནན་པའི་མྱ་ངམ་ཐང་ཆེན་པོར་བསྒྱུར། རྒྱ་ནག་གཞུང་ལ་སླར་ཡང་སྡུག་རྩུབ་ཀྱི་བློ་ཁོག་ཅིག་སྐྱེས་ཏེ། ཧུའུ་ཅིན་ཐའོ་མདའ་འཕང་པ་ལྟར་རྒྱ་ནག་གུང་བྲན་གྱི་ཀྲུའུ་ཞིའི་སྟེགས་བུར་གཡུག བོད་ནས་ཕེབས་པའི་འགོ་ཁྲིད་གསར་བ་འདིས་དེ་སྔའི་ཧུའུ་ཡའོ་པང་གིས་བོད་ཐོག་འཛིན་པའི་ཅུང་གུ་ཡངས་ཀྱི་སྲིད་བྱུས་ལ་རྦད་དེ་འགྱུར་བ་བཏང་འགོ་ཚུགས་ཤིང་། དཔལ་འབྱོར་བསླུ་བྲིད་ཀྱི་སྲིད་བྱུས་འོག་བོད་མི་རྣམས་རྩད་རྫོགས་བྱེད་ཕྱིར་གྱི་དམིགས་ཡུལ་ཉག་ཅིག་བཟུང་བས། ཁོང་ལ་མཚོན་ན་དུས་ཡུན་གྱི་སྔ་ཕྱི་མ་གཏོགས་བཙན་བྱོལ་བོད་གཞུང་རང་བཞིན་གྱིས་ས་མཐའ་ནས་ཡལ་འགྲོ་རྒྱུའི་ཁོག་རྩིས་ཞིབ་ཏུ་རྒྱབ་ཁར། ” ཏཱ་ལའི་ནི་ཞིང་བྲན་གྱི་ཚབ་མཚོན་པ་དང་། ཁ་ཕྲལ་བ་ཡིན་པར་ ” གཡམ་སྒྲོགས་ཅི་མི་སྙམ་པར་བྱས་ཤིང་། ད་དུང་ “བླ་མའི་ལམ་ལུགས་ཀྱི་དུས་རབས་ཡོལ་ཟིན་རབ་”ཀྱི་སྐད་ཆའི་འཁོར་ལོ་བསྐོར་ཏེ་བོད་ཀྱི་བདེན་པ་རྙིང་པར་བཏང་ཞིང་། བོད་མིའི་མངོན་འདོད་ཆུད་ཟོས་སུ་བཏང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་མངོན་སུམ་འཛེམས་མེད་ཀྱིས་ “ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་མི་ཆོག་” པའི་གནོན་ཤུགས་སྤྲད།
ང་རྒྱལ་དང་སྡུག་རྩུབ་ཀྱི་བློ་མིག་དེ་དག་གིས་རྒྱ་ནག་གཞུང་ལ་སླར་ཡང་ཁེངས་དྲེགས་སྐྱེས་ཤིང་། དྲག་གནོན་དང་དུས་ཚོད་ཕུད་རྒྱགས་གཉིས་ཀས་བོད་ཀྱི་གནད་དོན་རང་ཡལ་དུ་འགྲོ་རྒྱུར་སྔར་ལས་ཚོད་དཔག་ཐེབས་ཁུལ་གྱིས། ༧གོང་ས་མཆོག་གི་སྐུ་ཚབ་ལ་ཅི་ཙམ་གྱིས་བཀའ་མོལ་གནང་ཁུལ་དང་། སྐུ་ཚབ་རྣམས་ཀྱིས་རེ་འདུན་ངོ་མ་ཇི་བཞིན་སྤྲད་ཀྱང་མཐའ་ན་དེ་དག་ལ་གཞི་རྩའི་ཆ་ནས་མི་ཞིག་ཡིན་པའི་ཆེ་མཐོང་ཀྱང་མ་བཞག་པར་དོན་འབྲས་སོན་མེད། རྒྱ་ནག་གཞུང་གིས་སྔོན་དཔག་ཆེན་པོ་མ་རྒྱབ་པ་ཞིག་དང་། ད་དུང་ཁ་འདུམ་གྱི་མེད་པ་ཞིག་ནི་སྲམ་གཟིག་སྟག་པགས་མེར་བསྲེགས་ཀྱི་ལས་འགུལ་དང་། ༢༠༠༨ ནས་བྱུང་བའི་ཞི་རྒོལ་གྱིས་ཁོང་ཚོའི་རུལ་སུངས་ཀྱི་སྲིད་བྱུས་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་བཏོན་བྱས་པ་དེ་རེད། བོད་ཀྱི་དོན་དངོས་ནི་འགེབས་ཐབས་མེད་པ་དང་། ༧གོང་ས་མཆོག་གཅིག་པུའི་གཟི་བརྗིད་ནི་མཐའ་གཏིང་བྲལ་བ་ཞིག་ཡིན་པས་ར་སྤྲོད་བསྐྱར་དུ་བྱས་པར། རྒྱ་ནག་གཞུང་གིས་བརྒྱུད་ལམ་རྫུན་མ་བཟོ་རྒྱུ་དང་དོན་དངོས་མ་མཐོང་ཁུལ་གྱིས་རྫུན་གྱི་ཨུ་ཚུགས་ལ་ཞུགས་ནས་བསྡད་དང་སྡོད་བཞིན་འདི་རེད།
ཡིན་ནའང་། ས་དང་གནམ་གཉིས་ཡོམས་འདར་བྱས་པ་ཞིག་ནི། སྐབས་འདི་ཏག་ཏག་ལ་༧གོང་ས༧ཏཱ་ལའི་བླ་མ་མཆོག་ནས་བརྒྱུད་རིམ་ནས་ཡོང་པའི་ཆབ་སྲིད་ཀྱི་འགན་དབང་མི་བཞེས་རྒྱུའི་ཐུགས་ཐག་བཅད་ཁར། གུང་བྲན་ཏང་ལའང་རྩ་དགོངས་མི་ཞུ་རུང་རྒས་ཡོལ་ལ་འགྲོ་དགོས་པའི་སློབ་སྟོན་བྱས་ཤིང་། དུས་རབས་ ༢༡ པའི་མང་གཙོའི་ཚབ་མཚོན་མི་སྣ་གོང་ན་མེད་པ་དེ་ཆགས་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་རུལ་སུངས་སྔར་ལས་ཇེ་གསལ་དུ་གྱུར།
ཡིན་ནའང་། རྒྱ་ནག་གཞུང་གིས་ད་དུང་ ” ཏཱ་ལའི་རྒན་ཡོལ་ནི་ཁ་བཤད་ཙམ་ཡིན་པར་ ” ཁུངས་མེད་ཀྱི་གསལ་བསྒྲགས་བྱས་ཀྱང་། མང་གཙོ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནང་དོན་རྟོགས་པའི་སྐྱེས་བུ་ཀུན་ལ་གསལ་བོ་ཆགས་ཟིན་པའི་ཏཱ་ལའི་བླ་མའི་དགོངས་གཞི་དེས་རྒྱ་ནག་གཞུང་གི་དམིགས་དོན་རྦད་དེ་ཚལ་བར་གཏོར་ཡོད་ལ། བོད་ཞེས་པ་དེ་བཙན་བྱོལ་ནས་རང་ཡལ་དུ་མི་འགྲོ་བ་དང་། བོད་ཕྱི་ནང་གཉིས་ཀྱི་ཁ་ཐག་ཇེ་རིང་དུ་འགྲོ་མི་ཐུབ་པའི་གནས་སྟངས་གསལ་རྗེན་བྱས་ཡོད།
ཆབ་སྲིད་དཔྱད་བརྗོད་པ་ཁ་ཤས་ཀྱིས། སྐབས་འདིར་ཀྲང་ཆིན་ལིས་ཀྱི་སྐད་ཆ་སྟེ། ” ༧ཏཱ་ལ་དང་ཤི་གསོན་གྱི་འཐབ་འཛིང་བྱེད་དགོས ” ཞེས་པར་ཕྱིར་ལྟོས་བྱས་ཤིང་། ཀྲུང་དབྱང་ནས་ཐབས་བྱུས་ཐད་ཀར་ཡོད་པའི་ཀྲང་ཆིན་ལིས་ཀྱི་སྐད་ཆ་དེ་ད་ཆ་གང་དུ་ཕྱིན་ཡོད་མེད་ཀྱི་སྣ་དགོད་རྒྱབ། དྲག་གནོན་གཅིག་པུས་ཤི་གསོན་དབྱེ་འབྱེད་བྱེད་མི་ཐུབ་པའི་དྲི་བ་བསྐྱར་དུ་བཀོད་པ་ན། རྒྱ་ནག་གཞུང་གིས་སླར་ཡང་ ” ཏཱ་ལའི་རྒས་ཡོལ་རྫུན་མ་རེད། རང་འཁྲབ་རང་སྒྲིག་རེད་” ཅེས་ནང་ཁོག་མེད་པའི་སྐད་ཆ་བཤད་རྒྱུ་ལས་གཞན་ཅི་ཞིག་ཡོད་དམ། ཅི་ཞིག་འཇོན་ནམ།

ང་ཚོས་གསལ་བོར་མཐོང་ཐུབ་པ་ཞིག་ནི། ༧གོང་ས་སྐྱབས་མགོན་༧ཏཱ་ལའི་བླ་མའི་སྲིད་འགན་རྩིས་སྤྲོད་ཀྱིས་རྒྱ་ནག་གཞུང་གི་བཙན་བྱོལ་བོད་གཞུང་སྐྱབས་བཅོལ་ནས་རང་ཡལ་དུ་གཏོང་རྒྱུའི་སྲིད་བྱུས་ལ་ལན་འདེབས་དངོས་གནས་དེ་བྱས་ཡོད་ལ། དེས་དབང་གིས་ཁོང་ཚོ་དག་གིས་རྫུན་གཏམ་རྣ་ལ་འགྲོ་བོ་ཞིག་ཀྱང་སྒྲིག་ཤེས་ཀྱི་མེད་པ་འདི་རེད། བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྔ་མོ་ནས་སྡོམ་ཚིག་གསལ་བོར་བསྐྱོན་པ་བཞིན། ” རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ཆོད་སེམས་མེད་པ་གསལ་བོ་རེད། ” གསུངས་བ་དག་ཀྱང་གནས་སྟངས་འདི་འདྲ་ལ་དགོངས་པ་མིན་འགྲོ་བསམ།

༢༠༡༡ ། ༦། ༢༠། ཉིན།

རྩོམ་རིག

Post navigation

Previous Post: མཛེས་མ་སྒྲོལ་མ་འདྲ་བོ་ཁྱེད་ཡིན།
Next Post: སྡིག་ཅན་དྲ་འབུའི་སྲོག་རྩ་གཅོད་པའི་ལུང་རིགས་རྡོ་རྗེའི་ཐོག་ཆར།

Comments (4) on “བོད་དོན་རང་ཤིར་གཏོང་འདོད་པ་ནི་རྨི་ལམ་རང་རེད།”

  1. འདྲེ་མགོ་རྡོ། says:
    2011-07-12 at 7:03 am

    ང་ལ་བསམ་ཚུལ་ཞིག་ཡོད། ད་འགྲུབ་ལ་ཉེ་བ་ཡོད། མདོ་དོན་རང་འཁྲབ་རང་སྒྲིག་ཡིན་མིན་མཐོལ་བརྟོལ་རྒྱུ་དེ་ཡིན། རྗེས་སུ་ཞིབ་མོར་གླེང་ཆོག

  2. འདྲེ་མགོ་རྡོ། says:
    2011-07-12 at 7:05 am

    མཐོལ་ནོར་འདུག་ མཐིལ་ལ་བཅོས་རོགས།

  3. མེ་འབར། says:
    2011-07-12 at 11:11 am

    རི་བོ་དགེ་ལུགས་པའི་དབུ་གནས་ཆེ་ཤོས་འཛིན་པ་དགའ་ལྡན་ཁྲི་པ་ 101 ཁྲི་ཟུར་ལུངས་རིག་སྣམ་རྒྱལ་དོལ་རྒྱལ་བརྟེན་གྱི་ཡོད་མེད་གསལ་པོ་ཡོད་རེད་ཡོད་མ་རེད། གསལ་པོ་བཤད་འདོད་འདུག་ན་དྲ་ནས་འདི་ལ་གཟིག་དང་། ཧ་གོ་གི་རེད། མིག་གི་མཐོང་གི་འདུག ཁོང་བོད་ནང་དོལ་རྒྱལ་བསྟེན་གསོལ་བྱ་མཁན་སྨར་ཁམས་དབང་ཕྱུག་བླ་མ་དང་མཉམ་འདུག ཁོང་མོན་གོ་དགའ་ལྡན་དུ་ཡོད་པའི་ཁོང་རང་གི་དགེ་ཕྲུ་བླ་བྲང་བཅས་དོལ་རྒྱལ་བརྟེན་མཁན་མཉམ་དུ་ཕྱིན་པ་རེད། ད་བོད་ནང་འགྲོ་རྒྱུར་ལག་འཁྱེར་རག་ཁག་པོ་ཡོད་རེད་དེ་ཨ་རི་ལ་ཡོད་པའི་ཡོངས་རྒྱལ་བླ་མ་ཟེར་བ་འདི་དང་མཉམ་དུ་བོད་ནང་དུ་ཡོད་པའི་དོལ་རྒྱལ་བརྟེན་མཁན་དེ་ཚོ་དང་འབྲེལ་བ་བྱས་ཏེ་ཁོང་ཚོས་སྣེ་ལེན་ཡག་པོ་ཞུ་གི་ཡོད་ས་རེད་ད༌༌༌༌༌༌༌༌༌༌༌༌༌༌༌༌བལྟས་མོ་འདུག་ག༌༌༌༌
    འདི་ལ་གཟིགས་དང་ http://blog.sina.com.cn/qmdj417149110

  4. ཨ་ནུ་ཐང་བསོད་ནམས says:
    2011-07-13 at 9:37 am

    ཟམ་གདོང་བླ་མས་རྒྱ་ནག་ལ་ཆོད་སེམས་མེད་ཚུལ་གསུངས་བ་ནི་དོན་དངོས་ཕ་རོལ་བའི་གནས་ཚུལ་ཞིབ་ཆ་མ་རྟོགས་པས་རེད་དེ། ཁེ་ཚོང་ཡོད་ཚད་རྒྱ་ནག་ལ་ཐོབ་ཟིན་ཅིང་། དཀའ་ངལ་གྱིས་ཐོབ་པའི་གྲུབ་འབྲས་དེ་དག་སྐད་ཆ་སྙན་པོ་དང་གྲགས་པའི་ཆེད་དུ་མི་བརྗེ་བའི་དེ་ཉིད་རྒྱ་ནག་གཞུང་གིས་སྔ་ས་ནས་རྟོགས་པས་རེད། ཁོང་ཚོ་ལ་དོན་གྱིས་ཁེ་ཕན་དང་དངོས་ཡོད་ཀྱི་གྲུབ་འབྲས་མཁོ་བ་ལས་མི་བཟང་ཟེར་བའི་ཐ་སྙད་སྐམ་པོ་ཙམ་རྒྱ་ནག་གི་མགོ་འཛིན་པ་ཚོ་འདེམས་སྲིད་ཀྱི་མ་རེད། སྙན་གྲགས་དང་ལུགས་མཐུན་སོགས་ལ་གཙོ་འཛིན་བྱེད་དགོས་ཚུལ་གྱི་ལམ་ལུགས་ཁྲི་སྟོང་མང་པོ་བགྲང་རྒྱུ་ནི་རང་ཕྱོགས་ཏེ། ཕམ་ཁ་མྱོང་་བའི་མི་མང་དང་དབུལ་ཕུང་ཚོས་འདོད་འདུན་རེད། ཁེ་ཚོང་ཐོབ་པའི་དབང་གྲགས་ཅན་ཚོས་བསམ་འདུན་ལྡོག་ཕྱོགས་རེད། དེ་ལྟར་མིན་ན་བོད་མི་ཚོས་རང་གི་གྲངས་ཉུང་མི་རིགས་དོལ་ཚོགས་ལ་མཐོང་ཆུང་བྱེད་དགོས་དོན་མི་འདུག་སྟེ། ཆོས་ལུགས་གང་ཞིག་དད་པ་བྱེད་མིན་ནི་མི་སྒེར་གྱི་གནད་དོན་རེད། དེ་ལ་སྤྱི་ཚོགས་ཁྲོད་དོན་མེད་གྱི་སྙོག་དྲ་བཟོ་དོན་མེད་པ་འདོད། ནོར་པ་ཡོད་ན་དགོངས་དག མི་སྒེར་པ་ཞིག་གི་ལྟ་སྟངས་ཙམ་ལས་ཁྲིམས་ལུགས་མིན་པས་གནོད་སྐྱོན་མེད་པ་འདོད་ནས་བྲིས་པ་ལགས་སོ། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme