Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་ཨ་ཀ་མ།

Posted on 2011-07-052011-07-05 By ཁ་བརྡ་ No Comments on ང་ཡི་ཨ་ཀ་མ།

dalai_lama_03
གཡུ་དྲུག་དཀར། རྡ་ས།

ཉི་མ་དེར།ཁེར་འགྲོས་ཀྱི་བསང་དུད་ཅིག་གིས་དཀར་བོང་བོང་གི་ངོ་བསོ་མཐོ་རུ་འདོག་དུས།ལྷ་མོ་བླ་མཚོའི་སྔོ་དྭངས་དྭངས་ཀྱི་མེ་ལོང་གིས་ཅི་ཞིག་དྲན་སོས་པ་ལྟར།རེ་ཞིག་འཇམ་ཅག་གེར།ཐག་རིང་ནས་ལྷེམ་ལྷེམ་ལྷེམ་ཧ་ཅང་ཉམ་ཆུང་གིས་མཆེད་ཡོང་ཞིང་།རྒྱལ་ཚབ་ཀྱི་སྤྱན་གྱིས་གཟིགས་ཀྱིན་པའི་མཁའ་དབྱིངས་སུ་ཅི་ཞིག་ཀློག་གིན་པའམ།་ཅི་ཞིག་ལ་གོ་བ་ལེན་གྱིན་པ་ལྟ་བུའི་དུད་སྨུག་ལོང་ལོང་དེའི་གསང་བ་ལ་མནོ་བསམ་བཞེས་པའིགཉེར་རིས་ཀྱིས་ཁྱབ་སོང་སྐད།་སྐབས་དེར།རྒྱལ་ཚབ་ཀྱི་ཞལ་ནས་ཐོན་པའི་སྨོན་འདུན་གྱི་དབྱངས་རྟ་དང་ལྷན།་བར་མེད་དུ་ཕར་ཕར་ལ་ཁུར་གྱིན་པའི་ཆུ་རིས་ཀྱི་བར་བར་དུ།་་ཁྱོད་ཀྱི་ཆེས་ཐོག་མའི་གསེར་མདོག་གི་གཟུགས་སྣང་དེའང་ལྷེམ་ལྷེམ་གྱིས་གཡོ་བཞིན་འགུལ་གྱིན།་འཛུམ་དམུལ་དམུལ་གྱིས་ཇེ་གསལ་ཇེ་གསལ་དུ་སོང་བའི་མཛེས་སྡུག་དེས།་མཐོ་བ་གངས་རི་དང་དམའ་བ་རྩྭ་ཐང་ཀུན་པོའི་མིག་ལས།་ལྷ་མོ་བླ་མཚོ་ལྟ་བུའི་མཆི་མ་ཞིག་དབང་མེད་དུ་ས་རུ་བཤགས་སོང་སྐད།

ང་ཡི་ཨ་ཀ་མ།ཁྱེད་ནི་ནམ་ཡང་བསང་དུད་ཀྱིས་འདྲེན་དགོས་པའི་སྤྲུལ་བའི་ལྷ་དེ་ཡིན་ནམ། ཉི་མ་དེར།་ཁྱིམ་གྱི་ཆེས་རྩ་ཆེར་བརྩི་བའི་རྟ་བོང་དང་བ་ཕྱུགས་མང་པོ་ཤི་སོང་སྐད། ཞོགས་པ་དེར། ཕ་རྒན་གློ་བུར་དུ་བསྙུན་གཞི་ལས་གྲོལ་སོང་སྐད།་ཁང་ཐོག་གི་བསང་དུད་ཀྱིས་མཐོངས་ཡངས་པའི་བར་སྣང་གྱེན་དུ་གཤགས་ནས།་སུ་ཞིག་གི་བཞུད་ལམ་ལ་རྒྱང་ལྟ་བྱེད་དུས།་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་འཇགས་ཤིང་།ཁྱེད་ཀྱི་ཆེས་ཐོག་མའི་ཨག་སྐད་ལ་ཉན་བཞིན།་ཁྱེད་ཚང་གི་ཁང་ཐོག་ནས་ཐག་རིང་ལ་མཆེད་ཀྱིན་པའི་དུང་སྒྲ་ཡི་དབྱངས་རིས་མཚོ་ངོགས་སུ་བྲིས་པ་དེ།་དུས་ད་ལྟའང་འཛུམ་དམུལ་དམུལ་གྱིས་རྦ་རླབས་ཀྱི་བརྩེགས་རིམ་ཁྲོད་དབྱངས་ལ་གྱེར་བཞིན་ཡོད་ཨང་།

ང་ཡི་ཨ་ཀ་མ།ཁྱེད་ནི་ནམ་ཡང་རླབས་ཀྱིས་འདེགས་དགོས་པའི་རྒྱ་མཚོའི་གཏིང་གི་ནོར་བུ་དེ་ཡིན་ནམ།
དུས་ད་ལྟ།་རྒན་རྒོན་དག་གི་བསང་དུད་ཀྱིས་གཡོག་ཅིང་།ཕོ་རྒོད་དག་གི་རླུང་རྟ་ཡིས་བཀབ་པའི་མཚོ་ཆུང་ནོར་བུའི་ཁ་རུ།་ཁྱོད་ཀྱི་དྲན་ཤིང་ལྟ་བུའི་བྱ་ལོང་ཡར་ཡར་འཕུར་ཞིང་།་རྦ་རླབས་མར་མར་འཇག་གིན་ཡོད།་དེ་ལྟ་ནའང་།ཨ་ཁུ་རྟ་རྫིས་མཚོ་ཆུང་ནོར་བུ་དེ་སྐེ་ལ་བཏེགས་ནས་སྲུང་ཡོད།་ཐ་ན་ཁོའི་རྨི་ལམ་གྱི་དཀྱིལ་འཁོར་དེའང་མཚོ་ཆུང་ནོར་བུའི་ཁ་རུ་བཞེངས་ཤིང་།་སང་ཉིན་གྱི་ཉི་ཟེར་ལ་རེ་ལྟོས་བྱེད་ལ།་ཚེ་རབས་རྗེས་མ་དང་རྗེས་མའང་ཡིད་ལ་འཁོར་གྱིན་གདའ།

ང་ཡི་ཨ་ཀ་མ།་ཁྱེད་ནི་ནམ་ཡང་མཚོ་མཁའ་རུ་བརྩེ་བ་ཟབ་ཅིང་རང་བྱོན་གྱི་གསེར་གྱི་ཡི་གེ་དེ་ཁོ་ན་ཡིན་ནམ།།

སྣ་ཚོགས།

Post navigation

Previous Post: དེང་དུས་བོད་ཀྱི་པར་རིས་འགྲེམས་སྟོན་ཞིག་
Next Post: སྙན་ངག་གྱེར་འདོན་ལས་འཕྲོས་ཏེ་ལས་འགུལ་བ་དག་ལ་གྲོས་སུ་གདབས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme