Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལན།

Posted on 2008-07-01 By དགེ་རབ་ No Comments on ལན།

སྤོབས་པ་མཐའ་ཡས།
ཁོ་བོས་གོང་མ་མཆོད་ཡོན་དང་ཀྲུང་གོའི་གཞུང་གིས་ན་ནིང་བོད་ཀྱི་སྤྲུལ་སྐུའི་ངོས་འཛིན་ལ་གཞུང་གི་ཆོག་མཆན་ངེས་པར་དུ་དགོས་པའི་ཁྲིམས་གཏན་འབེབས་བྱས་པའི་སྐོར་ལས་འཕྲོས་པའི་རྩོམ་ཡིག་ཅིག་སྤེལ་བ་ལ་མི་རིང་བར་མི་ཞིག་གིས་དྲི་བ་དང་ལན་ཡག་པོ་ཞིག་སྤེལ་འདུག་པར་ཐུགས་རྗེ་ཆེ།
ས་པཎ་ཁུ་དབོན་སོག་པོར་ཕེབས་ནས་བོད་དབུས་གཙང་གི་མི་སྡེ་ཡོངས་རྫོགས་སོག་པོའི་འོག་ཏུ་འཛུལ་བའི་བཀའ་གནང་བ་དེས་གྲུབ་འབྲས་ཤིག་བྱུང་བ་ནི་དེ་རིང་ཀྲུང་གོའི་གཞུང་གིས་བོད་འདི་ཡོན་གོང་མའི་དུས་ནས་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པ་རེད་ཅེས་པའི་གཞི་འཛིན་ས་ཞིག་བཟོས་པ་རེད།
བོད་ཀྱི་བླ་ཆེན་ཚོས་རྒྱ་སོག་གི་རྒྱལ་པོ་ཚོའི་ལག་ནས་གོ་ས་དང་ཆོ་ལོ་བླངས་པ་དེ་དག་གིས་བླ་ཆེན་དུ་གྲགས་པའི་མི་དྲགས་དེ་ཚོ་རྒྱ་སོག་གི་རྒྱལ་པོ་ཚོའི་ལག་འོག་གི་ལས་བྱེད་རེ་ཡིན་པར་བསྟན་ཡོད་ལ་དེ་ནི་དེ་རིང་ཀྲུང་གོའི་གཞུང་གིས་བོད་ཀྱི་སངས་རྒྱས་གསོན་པོ་ཚོའི་མགོར་ཐམ་ཀ་རྒྱག་ཡོང་གི་ཡོད་པའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། བླ་ཆེན་ཚོས་རྒྱ་སོག་གི་སྡིག་རྒྱལ་ཚོར་བསྟན་པའི་སྦྱིན་བདག་དང༌། འཇམ་པའི་དབྱངས། མིའི་བདག་པོ། གནམ་བསྐོས་གོང་མ་ཞེས་གུས་བཀུར་དང་སྤྲེལ་ལད་བྱས་དྲགས་པ་དེ་ནི་རྒྱ་སོག་གི་སྡིག་རྒྱལ་ཚོ་སྐྱག་ལངས་ལ་བཏང་བའི་དོན་ཡིན།
དགེ་ལུགས་པས་རང་ལ་རྒྱབ་སྐྱོར་ཡོང་ཆེད་སོག་པོ་དང་མན་ཇུའི་ཕྱོགས་ལ་འབྲེལ་བ་བཙུགས་པ་དེས་དགེ་ལུགས་པས་རང་གི་ཕུགས་བསམ་བཞིན་རང་གི་ཆོས་རྒྱུད་བོད་ཀྱི་མཐའ་མཚམས་ཁག་ལ་སྤེལ་ཐུབ་ཡོད་ཅིང་མན་ཇུས་ཀྱང་རང་གི་འདོད་མོས་བཞིན་རང་གི་སྲིད་ཀྱི་དབང་ཤུགས་བོད་ལ་སླེབས་ཐུབས་པ་བྱུང་ཡོད། དེ་ནི་དགེ་ལུགས་པ་ཙམ་མ་ཡིན་པར་བོད་ཀྱི་བླ་ཆེན་གཞན་རྒྱ་སོག་ལ་མཆོད་ཡོན་གྱི་འབྲེལ་བ་བྱེད་མཁན་ཚོར་ཡང་གྲུབ་འབྲས་དེ་དང་ཆ་འདྲ་བ་རེ་བསྐྲུན་ཡོད།
ངས་བལྟས་ན་ད་ལྟའི་བོད་ཀྱི་གནས་སྟངས་འདི་ནང་སོག་དང་ཤར་ཏུར་ཀི་སི་ཐན་ལས་བཟང་བ་གང་མི་འདུག་སྙམ། ད་དུང་བོད་ལྗོངས་ནི་ནང་སོག་དང་ཤིན་ཅང་ལས་ཀྱང་རྗེས་ལུས་སུ་གྱུར་ཡོད། བོད་ཀྱི་བླ་སྤྲུལ་ངོས་འཛིན་ཐད་མན་ཇུའི་གསེར་བུམ་དཀྲུག་པའི་ལམ་སྲོལ་དང་གུང་ཁྲན་ཏང་གིས་ངོས་ལེན་དགོས་པའི་ཁྲིམས་སྲོལ་གཉིས་པོ་ཆེས་འདྲ་ས་ཞིག་ཡོད་པ་ནི་བོད་མིའི་མགོ་ཐོག་ན་སྤྲུལ་སྐུ་ཚོ་ཡོད་ན་ཡང་སྤྲུལ་སྐུ་ཚོའི་མགོ་ཐོག་ན་ཀྲུང་གོའི་གཞུང་ཡོད་པའི་བདག་དབང་གི་རྣམ་པ་གསལ་བོར་སྟོན་ཆེད་ཡིན་པ་དེ་ཡིན། ངོ་བོའི་ཆ་ནས་ཀྱང་ལོ་ཤས་སྔོན་པཎ་ཆེན་ཡང་སྲིད་གསེར་བུམ་དཀྲུག་ནས་ཐག་བཅད་པས་སྔོན་དང་ཁྱད་པར་མེད།
གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཆོལ་ཁ་གསུམ་པོ་རྒྱལ་བ་ལྔ་པར་ཕུལ་ཞེས་པ་དེ་ལ་བསམ་བློ་གཏོང་ས་གཞན་ཞིག་ཡོད་པ་ནི་རྗེས་སུ་ལྷ་བཟང་ཁང་དང་སྡེ་སྲིད་སངས་རྒྱམ་པའི་བར་ལ་སྲིད་དོན་གྱི་རྩོད་རྙོག་བྱུང་བ་དེར་བལྟས་ན་བོད་ཀྱི་བདག་དབང་ཡོངས་རྫོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕུལ་ཞེས་པ་དེ་ཡང་རང་ཕྱོགས་ཀྱི་བརྗོད་ཚིག་སྙན་མོ་ཞིག་ལས་སོག་པོས་བོད་ལ་མགོ་འབུལ་ལུས་འབུལ་བྱས་ཡོད་མདོག་མི་ཁ།
རྒྱ་ནག་གོང་མ་ལ་འཇམ་པའི་དབྱངས་ཞེས་པའི་མཚན་བསྟོད་ཕུལ་བ་དེ་ལ་སྤོབས་པ་བྱེད་ཆོག་དང་མི་ཆོག་མི་དབང་རྟོགས་བརྗོད་ཀྱི་ནང་དུ་ང་ལུམ་སྦྱར་གསུམ་སྲོག་ཐོག་ལ་གཏོང་སྟངས་དེར་གཅིག་ལྟོས་དང་གསལ་པོར་ཤེས་ནུས། འདི་ལ་སྤོབས་པ་བྱེད་ས་ཞིག་ཡོད་མེད་མི་ཤེས། དེས་ནི་བོད་ཀྱི་བླ་ཆེན་དུ་གྲགས་པ་དེ་ཚོ་ངོ་དགའ་གཅམ་བུའི་ལས་ལ་ཇི་ལྟར་དགའ་བའི་རང་བཞིན་དེ་གསལ་སྟོན་བྱས་ཡོད། ཆིན་ཝང་བློ་བསྟན་སོགས་ཀྱིས་རྐྱེན་བྱས་ཏེ་རྒྱ་ནང་གོང་མས་ཨ་མདོར་བསྟན་འགྲོར་འཚེ་བ་གང་བྱས་ཁྱེད་རང་གིས་ཀྱང་ཟུར་ཙམ་བྲིས་ཡོད་པ་དེ་ཡིན་སྟབས་གང་ལ་བརྟེན་ནས་ཁྱོད་ལ་རྒྱ་ནག་གོང་མ་འཇམ་པའི་དབྱངས་ཡིན་པའི་སྤོབས་པ་བྱུང༌། དེ་ཀུ་རེ་ཡིན།
སིལ་བུར་འཐོར་བའི་རྒྱལ་ཁབ་དེ་རང་ཉིད་ཀྱིས་ནང་ནས་རྒྱལ་ཁབ་འཛུགས་དགོས་པ་ལས་ཕྱིའི་སྟོབས་ཤུགས་ནང་འདྲེན་བྱས་ན་ཕྱི་དགྲ་ནང་ཁྲིད་བྱས་པ་མ་ཡིན་ནམ། ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མི་ཆོག་ཅེས་བརྗོད་ཀྱིན་མེད། ཕྱི་མི་ལ་མགོ་འདོགས་བྱས་པས་མ་འགྲིགས་པ་རེད་ཅེས་བརྗོད་ཀྱིན་ཡོད།
ལན་ཐུང་ངུ་འདི་དེ་རིང་ཁྱེད་ཀྱི་རྩོམ་ཡིག་དེ་མཐོང་མ་ཐག་ཏུ་གློ་བུར་དུ་བྲིས་པ་ཡིན་པས་ཞིབ་གསལ་ཞིག་མ་བྱུང་ཡང་གནད་དོན་གཙོ་ཆེ་བ་འགའ་ཞིག་ལ་རང་གི་བསམ་ཚུལ་ལོ་རྒྱུས་ཀྱི་དཔང་རྟགས་དང་བསྟུན་དེ་ཞུས་པ་ཡིན། ཞིབ་པར་རྗེས་སུ་གླེང་བར་བྱ། དགའ་འོས་པ་ཞིག་ལ་ད་ལྟ་ང་ཚོར་ཁ་བརྡ་དྲྭ་རྒྱ་ལྟ་བུའི་རང་དབང་གི་གླེང་སྟེགས་ཤིག་ཡོད་པ་རེད།

རྩོམ་རིག

Post navigation

Previous Post: རྒྱ་བོད་མཆོད་ཡོན་སྐོར་ལ་དོགས་སློང་།
Next Post: བོད་ཀྱི་དུས་བབ་དྲྭ་རྒྱ་ལ་གང་ཞིག་བྱུང་སོང་བ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme