Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཉིད་ཀྱིས་བྲིས་པའི་བྱིས་པའི་དེབ་ཆུང་ངོ་སྤྲོད།

Posted on 2011-07-042011-07-04 By དབང་ཕྱུག་ 31 Comments on རང་ཉིད་ཀྱིས་བྲིས་པའི་བྱིས་པའི་དེབ་ཆུང་ངོ་སྤྲོད།

100-copy

བསམ་གླིང་་ཚེ་རིང་ལྷ་མོ།

བྱིས་པའི་དེབ་ཆུང་བྲི་མཁན་གུས་མོ་བསམ་གླིང་ཚེ་རིང་ལྷ་མོ་ནི། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་སའི་ཤར་ངོས་སྟག་རྩེ་རྫོང་ཁོངས་བསམ་གྲུབ་གླིང་ནས་ཡིན་པའོ།
བཀུར་འོས་དྲ་གྲོགས་འགའི་རེ་བསྐུལ་དང་ལེན་གྱིས་བཀོད་པ་ལས་ངོམས་རིན་ཡོད་པ་ཞིག་གང་ཡང་མིན་ལགས།

༡ བྱིས་པའི་སྙན་ཚིག་རང་གཞུང་ཤེས་རིགས་ལས་ཁུངས་ནས་དཔར་སྐྲུན་ཞུས་པའིིི་དབུ་མེད་ནང་སྙན་ཚིག་ཁྱོན་
བསྡོམས་༤༠
༢ བྱིས་པའི་སྙན་ཚིག་སམ་བྷོ་ཊ་སྤྱི་ཁྱབས་ཡིག་ཚང་ནས་དཔར་སྐྲུན་ཞུས་པའི་དབུ་ཆེན་ནང་སྙན་ཚིག་ཁྱོན་
བསྡོམས་༢༥
བྱིས་སྒྲུང་སྒྱུར་སྒྲིག་མ། སམ་བྷོ་ཊ་སྤྱི་ཁྱབས་ཡིག་ཚང་ནས་འདོན་སྤེལ་བྱས།
༡ བྱ་ཕོ་དང་བྱ་གླག་ནང་བྱིས་སྒྲུང་། ༤
༢ དམར་རིལ་ཆུང་ཆུང་ནང་བྱིས་སྒྲུང། ༤
༣ བུ་མོ་ཐལ་ཛར་མའི་ནང་བྱིས་སྒྲུང། ༣
༤ མཐེབ་མཛུབ་མའི་ནང་བྱིས་སྒྲུང། ༣
༥ གཉིད་ཁུག་པའི་མཛེས་མའི་ནང་བྱིས་སྒྲུང། ༤
བྱིིས་སྒྲུང་རེ་རེ་བྱས་པ།
༦ རྔ་མོང་གི་ར་ཅོ་ཇི་ལྟར་བརླག་པ་རེད་དམ།
༧ བྱ་རྒོད་ཀྱིས་གྱོན་ཆས་ཇི་ལྟར་འདམས་སམ།
༨ ལུག་མ་མོ།
༩ བུ་ཆུང་མཐེབ་ཏོག་གི་ལམ་འགྲོ།
སྒྱུར་སྒྲུང་མ་ཡིན་པ།
༡༠ རི་བོང་ཆུང་ཆུང་ནང་སྒྲུང། ༧ དེའི་ནང་ སྒྱུར་སྒྲུང་ངང་ཕྲུག་མདོག་ཉེས་པ་ཞེས་པ་དེ་ཚུད་འདུག
༡༡ འཕུར་ཤེས་པའི་མེ་ཏོག་ཞེས་པའི་ནང་སྒྲུང་ཐུང། ༡༥ དེའི་ནང་ཁག་ཅིག་བཅོས་སྒྲིག་བྱས་པའི་སྒྲུང་མཉམ་
དུ་ཡོད།

སྣ་ཚོགས།

Post navigation

Previous Post: དུས་རབས་ཕྱེད་ཀའི་རྗེས་སུ་ལག་དམར་རྩད་ཆོད་པ།
Next Post: ༄༅། །༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

Comments (31) on “རང་ཉིད་ཀྱིས་བྲིས་པའི་བྱིས་པའི་དེབ་ཆུང་ངོ་སྤྲོད།”

  1. རིག་འཛིན། says:
    2011-07-04 at 6:03 am

    བསམ་གླིང་ཚེ་རིང་ལྷ་མོ་ལགས་བཀྲ་ཤིས་བདེ་ལེགས།
    བྱིས་སྒྲུང་འདི་ལྟར་རྩོམ་འབྲི་གནང་བར་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་འབུལ་བཞིན་ཡོད།

  2. མུ་ཏིག says:
    2011-07-04 at 7:01 am

    བཀའ་དྲིན་ཆེ། མུ་མཐུད་དུ་རེ་བ་ཡོད།

  3. དོན་གྲུབ། says:
    2011-07-04 at 8:47 am

    བྲིས་པ་ཙམ་གྱིས་ཡ་མཚན་དང་། ཡི་རང་བསྔགས་བརྗོད་ཞུ་རིན་མེད་སྙམ། གུས་པ་རང་ཉིད་ལ་མཚོན་ནའང་ད་བར་བྱིས་སྒྲུང་༥༠ལྷག་བྲིས་ནས་འདོན་སྤེལ་བྱས་ཟིན་པ་ཡིན་ཀྱང། སྤྱི་ཚོགས་དང་བྱིས་བློའི་འཕེལ་འགྱུར་ལ་གཞིགས་ནས་ད་བར་བྱིས་སྒྲུང་འབྲི་མཁན་ཧ་ཅང་དཀོན་པར་སྣང་བའི་ཚོར་བ་ངམ་ངམ་ཤུགས་ཀྱིས་ཡོང་གི་འདུག ཁྱེད་ཀྱིས་མཁྱེན་གསལ་ལྟར། རྩོམ་རིག་ཟེར་བ་དེ་ནི་དུས་རབས་དང་མཐུན་པ་དང། ཀློག་པ་པོའི་སེམས་ཁམས་དང་མཐུན་པ། འཚོ་བ་དངོས་ཀྱི་གནས་སྟངས་དང་མཐུན་པ་ཞིག་དགོས་པ་ལས། བྱིས་སྒྲུང་ཡིན་པ་ཙམ་དང་བྱིས་སྒྲུང་བོད་བསྒྱུར་བྱེད་ཐུབ་ཙམ་ཞིག་ལ་ཡ་མཚན་དང་བསྔགས་ཞུ་རིན་མི་འདུག་སྙམ།

    འོན་ཀྱང་ཁྱེད་ཀྱིས་ཐོབ་རེ་ཆེན་པོ་ཞིག་དང་བཅས་གནས་ཚུལ་མཁོ་སྤྲོད་བཞིན་གནང་བ་དྲ་གྲོགས་ཚོའི་ངོས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཐོབ་ནས་ཁྱེད་ཀྱི་སེམས་དགའ་བར་སྨོན་ནོ།།

  4. ཨ་བུ། says:
    2011-07-04 at 10:58 am

    བསམ་བློ་མ་འོངས་བྱིས་པའི་ཕྱོགས་སུ་བཏང་།།
    གླིང་བཞིའི་མཛེས་པ་འཕྲོག་པའི་བྱིས་སྒྲུང་བྲིས།།
    ཚེ་འདི་བྱིས་པའི་དོན་ཡོངས་བཏང་སྟེ།།
    རིང་ནས་བརྣག་པའི་ཁྱེད་ཀྱི་མ་འོངས་པ།།
    ལྷ་ཡི་ཞིང་ཁམས་འདྲ་བའི་འོད་སྟོང་ཅན།།
    མོ་རབས་ཤིག་གི་བྱ་གཞག་སྐྱོང་བ་ཤོག།

    ཆེན་པོ་མི་འགྲུབ་ཆུང་ཆུང་མི་སྒྱིད་པ།།
    གཞན་ལ་དམས་ཤིང་རང་ཉིད་མི་མཐོང་བ།།
    དོན་གྲུབ་འདྲ་བའི་བྱིས་པ་ཅོལ་ཆུང་གིས།།
    གང་བཤད་གཏམ་ལ་ངེས་པ་ཅི་ཞིག་ཡོད།།

  5. འདོད་ལྷ་ཁམས་པ། says:
    2011-07-04 at 11:11 am

    བྱས་པ་འདི་འདྲར་བསྔགས་བརྗོད་ཞུ་འོས་པ་རེད།
    ཚེ་རིང་ལྷ་མོ་ལགས། ཉིད་ཀྱི་བྱིས་སྒྲུང་དེ་ཚོ་རེ་རེ་བཞིན་དྲ་ཐོག་ཏུ་མུ་འགོད་གནང་ན་ཡོང་གི་རེད་པས། བལྟ་འདོད་ཧ་ཅང་ཆེན་པོ་འདུག ཐུགས་ཚགས་ལ་མ་འཛེམ་པར་དྲ་ཐོག་ལ་བཀོད་ཐུབ་ན་ཀློག་མཁན་མི་ཉུང་བར་ཕན་ངེས་ཅན་རེད།

  6. གཞོན་ནུ་ཟླ་མེད། says:
    2011-07-04 at 11:17 am

    གོང་གསལ་དེབ་དེ་དག་ལས་ཁ་ཤས་ཞིག་འདི་གའི་གཟའ་ཉི་མའི་སློབ་གྲྭ་ལ་རེག་སོང་། ངོ་ནས་ཡག་པོ་འདུག བྱིས་པ་རྣམས་ལ་ཁྱེད་ཀྱི་བྱིས་སྒྲུང་དེ་ཡག་པོ་འདུག་ལ་ཕན་ཐོག་ངེས་ཅན་ཞིག་འདུག བྱིས་པ་རྣམས་ལྷན་སྐྱེས་ནས་སྒྲུང་ལ་དགའ་བས། སྒྲུང་གི་ལམ་ནས་ཡི་གེ་སློབ་པ་འདི་ལ་དགེ་མཚན་ཁ་ཤས་འདུག བྱིས་པས་སློབ་སྦྱོང་ལ་དོ་སྣང་མ་ཡལ་བ། བྱིས་པས་སྒྲུང་ལ་རྟེན་ནས་ཡི་གེ་ངོ་ཆོད་འགྲོ་བ། བྱིས་པས་སྒྲུང་ལ་རྟེན་ནས་ཡ་རབས་སྤྱོད་བཟང་དང་། བོད་ཀྱི་རིགས་གཞུང་ཤེས་འགྲོ་བ་བཅས་ཀྱི་དགེ་མཚན་མང་པོ་ཞིག་འདུག བསམ་གླིང་ཚེ་རིང་ལྷ་མོ་ལགས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ། མི་བསམ་མེད་ཁ་ཤས་ནས་འདྲ་མི་འདྲ་བཤད་ན་སེམས་ཤུགས་མ་ཆགས། སྤྱི་ཚོགས་ནང་དུ་འདྲ་མི་འདྲ་བཤད་མཁན་དེ་འདྲ་ཡོང་སྲིད་པ་རེད།

  7. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 11:41 am

    བཀུར་འོས་དྲ་གྲོགས་རིག་འཛིན་ལགས།
    སྐུ་ཉིད་ཕེབས་ནས་གུས་མོས་འབད་བརྩོན་བྱས་པའི་ལས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།

  8. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 11:43 am

    བརྩེ་བའི་གྲོགས་མོ་བཟང་པོ་མུ་ཏིག་ལགས།
    སྐུ་ཉིད་ཕེབས་ནས་གུས་མོར་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང།

  9. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 11:57 am

    བརྩེ་བའི་དྲ་གྲོགས་དོན་གྲུབ་ལགས།
    སྐུ་ཉིད་ཀྱི་ལྟ་བ་འགྲེལ་བཤད་སྐྱོན་པ་ཙམ་གྱིས་གུས་མོ་དགའ་འཚོར་ཆེན་པོ་བྱུང།
    དྲ་གྲོགས་ཚོའི་ངོས་ནས་བསྟོད་སྨད་ག་རེ་གནང་ཡང་སོ་སོའི་ཐུགས་འདོད་རེད།
    མདོར་བསྡུས་ནས་བཤད་ན། ཟིན་བྲིས་པ་ཞིག་ཡིན་ཕྱིན་ཐོག་མ་ནས་དྲ་གྲོགས་
    ཚོའི་བསྟོད་སྨད་གཉིས་ཀ་དང་ལེན་ཞུ་བའི་སྤོབས་པ་ཡོད་པའི་ཐོག་ནས་འདིར་སླེབས་པ་
    ཞིག་ལ་ངོས་འཛིན་ཞུ་གི་ཡོད། སྐུ་ཉིད་ཀྱི་རྣར་སྙན་ཡིད་དབང་འཕྲོག་པའི་བྱིས་སྒྲུང་ལ་
    གུས་མོས་འགྲན་ཟླ་ག་ལ་ཆོག འོན་ཀྱང་གུས་མོ་བྱིས་པ་ཚོ་དང་གཤིབ་ཐག་ཉེ་པོ་དང་
    གཤིབ་ཡུན་རིང་བའི་ཆ་ནས་ཁོང་ཚོའི་དགོས་མཁོ་དང་སེམས་ཁམས་ཅུང་ཟད་རྟོགས་པའི་
    ཁུལ་ཡིན། འོན་ཀྱང་སྐུ་ཉིད་ལ་ཐུགས་ཕོག་བྱུང་ཡོད་ན་གུས་མོས་དགོངས་གལ་མེད་པ་ཞུ་
    རྒྱུ་རང་ཡིན།

  10. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 12:01 pm

    བཀུར་འོས་དྲ་གྲོགས་ཨ་བུ་ལགས།
    སྐུ་ཉིད་ནས་གུས་མོའི་བྱ་བཞག་ལ་རྒྱབ་སྐྱོར་དང་སྨོན་འདུན་གནང་བར་བཀྲིན་ཆེ།

  11. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 12:14 pm

    བཀུར་འོས་དྲ་གྲོགས་འདོད་ལྷ་ཁམས་པ་ལགས།
    སྐུ་ཉིད་ནས་གུས་མོའི་བྱ་བཞག་ལ་རྒྱབ་སྐྱོར་གནང་བར་བཀྲིན་ཆེ། གཞན་ཡང་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་པར་སྐྲུན་གནང་པ་ཁག་ཁོང་རྣམས་པའི་དྲ་རྒྱའི་ཐོག་བཞག་གནང་འདུག དེ་མིན་ཁག་གུས་མོས་གང་དགའ་ཞིག་ལྟ་ཆོག་པ་ཞུ་ལགས།

  12. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 12:24 pm

    བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། སྐུ་ཉིད་ཀྱིས་གསུངས་པའི་རེས་གཟའ་ཉི་མའི་འཛིན་གྲྭ་ཞེས་པ་དེ་གང་དུ་ཚོགས་ཀྱི་ཡོད་པ་ཤེས་འདོད་བྱུང་ཡང། བཀའ་འདྲི་ཞུ་སྤོབས་མ་མཆིས། གཞན་ཡང་སྐུ་ཉིད་ནས་རྒྱབ་སྐྱོར་དང་ལམ་སྟོན་གནང་བར་བཀྲིན་ཆེ།

  13. གཞོན་ནུ་ཟླ་མེད། says:
    2011-07-04 at 12:47 pm

    བསམ་ཚེ། ངའི་བཟའ་ཉི་མའི་འཛིན་གྲྭ་ནི་ཨ་མི་རི་ཀའི་ཤར་ཕྱོགས་མངའ་སྡེ་ཞིག་རེད། འདིར་བཞུགས་བོད་ཕྲུག་ཚོ་དང་། བོད་ཡིག་ལ་དོ་སྣང་ཡོད་པའི་ཕྱི་མི་འགའ་ཤས་གཟའ་འཁོར་རེའི་རེས་གཟའ་ཉི་མའི་ཉིན་ཚོགས་བཞིན་པའི་འཛིན་གྲྭ་ཞིག་རེད། གཟའ་ཉི་མའི་འཛིན་གྲྭ་འདི་ཚོགས་ནས་ལོ་ལྔ་ཙམ་འགྲོ་བཞིན་ཡོད་པ་རེད། ད་དུང་མུ་མཐུད་ཚོགས་བཞིན་པ་རེད། སྔར་བོད་པའི་སློབ་ཕྲུག་འགའ་ཤས་ལས་ཡོད་པ་མ་རེད། ད་ནི་ཅུང་ཟད་མང་རུ་སོང་ཡོད་པ་རེད། འཛིན་གྲྭ་ཡང་གཉིས་ཙམ་ཆ་བགོས་ནས་ཚོགས་བཞིན་ཡོད། ཀ་ཁ་སློབ་པ་ནས་འགོ་འཛུགས་དགོས་པའི་རིགས་གཅིག་དང་། ཡང་བོད་ཡིག་གི་ཆུ་ཚད་ཅུང་ཡག་པོ་ཡོད་པ་ཚོ་གཅིག་བྱས་ནས་འཛིན་གྲྭ་གཉིས་བཟོས་ཡོད། ད་ལོ་ནས་ཤུགས་ཆེ་རུ་སོང་པས། བཞས་དང་ཞབས་བྲོའི་འཛིན་གྲྭ་ཞིག་ཀྱང་བཟོས་ཡོད་པ་རེད།

  14. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 1:41 pm

    བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས་ནས་ངོ་སྤྲོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

  15. སྐྱུ་རྩི་ནས། says:
    2011-07-04 at 8:25 pm

    སྤྱི་ཚོགས་གཞན་པ་དང་བསྡུར་ན་རང་རེའི་སྤྱི་ཚོགས་འདིར་བྱིས་སྒྲུང་རི་མོར་བཀོད་དེ་དེབ་གཟུགས་སུ་བསྐྲུན་པ་ཉུང་ཉུང་རེད། མཁྱེན་ལྡན་མ་ཁྱེད་ནས་རང་རེའི་མ་འོངས་པའི་བྱིས་པ་ཚོའི་ཆེད་དུ་བྱིས་སྒྲུང་མང་དུ་བསྐྲུན་པ་བཀའ་དྲིན་ཆེ། ད་དུང་བྱིས་པའི་སེམས་ཁམས་དང་མཐུན་པ་དང་། ལྷག་པར་སྒྲུང་གི་ནང་ཡ་རབས་བཟང་པོའི་ཚིག་དང་བརྗོད་བྱ་མང་དུ་བཀོལ་སྤྱོད་གནང་བའི་རེ་བ་ཞུ།

  16. གསེར་འབྲུག་སྡེར་ལྔ་ says:
    2011-07-04 at 8:43 pm

    བསམ་གླིང་ཚེ་ལྷ་ལགས་ཀྱིས་བྱིས་སྒྲུང་གསར་རྩོམ་གནང་བ་ལ་བསྔགས་བརྗོད་ཞུ། རྒྱུ་མཚན་སྔར་བོད་ཡུལ་དུ་སྒྲུང་གཏམ་ནི་རྫོགས་རྒྱུ་མེད་པ་ཞིག་ཡོད་ཀྱང་། བྱིས་སྒྲུང་ནི་ངག་རྒྱུན་ཙམ་ལས་དེབ་གཟུགས་ནི་ཧ་ལམ་མཐོང་མ་མྱོང་། ནུབ་ཕྱོགས་སུ་བྱིས་པ་གཉོར་སྐྱོང་བྱེད་དུས་བྱིས་སྒྲུང་ནི་མེད་དུ་མི་རུང་བ་ཞིག་བརྩི་བཞིན་འདུག། ལྷག་པར་དུ་བྱིས་པའི་བློ་རིག་ལ་འཕན་ཚུལ་ཡང་བརྗོད་ཀྱི་འདུག། དེར་བརྟེན་བྱིས་སྒྲུང་ནི་ཧ་ཅང་མང་། མ་གཞི་བོད་པའི་སྤྱི་ཚོགས་ནང་བྱིས་པ་ནི་རྒན་པ་དང་མཉམ་དུ་སྐད་ཆ་ཤོད་མི་འཇུག་པར་བྱིས་པ་བྱིས་པའི་གནས་ལ་སྡོད་ཞེས་སློབ་གསོ་རྒྱག་གི་འདུག། དེར་བརྟེར་བྱིས་པ་འགའ་སྐད་ཆ་བཤོད་སྐབས་དཀའ་ངལ་དང་། བསམ་ཚུལ་གང་ཡིན་བཤོད་མི་ཐུབ་པ་དང་། རྫུན་བཤོད་པ། འཚེར་སྣང་བྱེད་པ་སོགས་འདྲ་མིན་ཡོང་གི་འདུག།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-05 at 2:18 am

    བསམ་གླིང་་ཚེ་རིང་ལྷ་མོ་མཆོག
    ཁྱེད་ཀྱིས་ཐུགས་སེམས་བཟང་པོས་བརྩམས་པའི་སྒྲུང་དེབ་དག་བོད་རིགས་ཀུན་ལ་ཕན་པར་གྱུར་ཅིག ཁྱེད་ཀྱི་སྒྲུང་དེབ་ཀུན་མཐོང་མེད་པས་བོད་ཡུལ་ཚང་མས་གོ་བ་ཞིག་ཡོད་དམ་མེད་མི་ཤེས། ཆོས་སྐད་ལ་བྲིས་པ་ཞིག་མངའ་རིས་སྐོར་གསུམ་ནས་ཨ་མདོ་བར་དུ་ཁྱེར་ན་ཡང་། ཚང་མས་ཀློག་ཐུབ་ཅིང་ཕལ་ཆེར་གོ་བ་ཡོད། འདི་ལྟར་བོད་རིག་གཞུང་གཅེས་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་གསུངས། དེ་བཞིན་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་དུ་ས་སྐྱ་ལེགས་བཤད་རྩོམ་པ་པོ། ཆོས་རྗེད་ས་པཎ་གྱིས།
    ཆོས་ཀྱི་སྐད་དང་མཐུན་པ་ཡིས།
    ཡུལ་ལུང་སྐད་ངན་སྤང་བར་བྱ།
    ཞེས་གསུངས།
    དེ་བཞིན་གཞན་དག་ལ་ཡང་ཞུ་བ། བཀྲ་ཤིས་ལ་བཀྲིས། བཀའ་དྲིན་ལ་བཀྲིན། གས་ལ་ད་ལོག་་འབྲི་བ་སོགས་ཀྱི་ལོབས་ངན་པ་་དེ་མེད་ན་ལེགས་སྙམ། འདི་ཡིས་ཡི་གེ་ལ་རྒྱུས་མངའ་ཆེར་མེད་པ་རྣམས་ལ་དཀའ་ངལ་ཡོད་པ་དངོས་སུ་མཐོང་། དཔར་སྐྲུན་གྱི་དཔར་ཞེས་པ་ཡང་དག་པར་བྱེད་ན། སྤར་ཡིན་འདུག འདི་ཡིས་ད་སྔོན་་འཇུག་དེ་ས་རུ་འབོད་པ་ཤེས་ཐུབ། བདག་གི་མིང་ན་ཡང་། ད་སྔོན་འཇུག་དེ་ལ་དྭགས་པས་ས་རུ་འབོད། ད་སྔོན་འཇུག་ར་རུ་འབོད་པ་བཅུ་དགུ་དང་སྐྱེ་དགུ་ཞེས་པ་སོགས་ལས་འཐོན། བཀྲ་ཤིས་བདེ་ལེགས།

  18. དོན་གྲུབ། says:
    2011-07-05 at 4:19 am

    བསམ་གླིང་ཚེ་རིང་ལྷ་མོ་ལགས། ངའི་སེམས་ལ་ཕོག་དགོས་པའི་ཆ་ནས་ངས་བཤད་པ་མིན་པ་ཁྱེད་ཀྱིས་ངའི་མཆན་བུར་ཡག་པོ་གཟིགས་ཚེ་མཁྱེན་ངེས། ངས་ཁྱེད་རང་སློབ་ཕྲུག་དང་མཉམ་དུ་མི་རིང་བར་ཞུགས་མྱོང་བའི་ཉམས་མྱོང་མེད་པ་བརྗོད་མེད་ལ། ཁྱེད་ཀྱི་བསྒྱུར་རྩོམ་ལ་མི་དགའ་བ་བྱས་ནས་བྲིས་པ་དེ་འདྲ་རྩ་བ་ནས་མིན། འོན་ཀྱང་ངས་བཤད་འདོད་པ་ནི་བྱིས་སྒྲུང་གང་ཞིག་བྲིས་ཀྱང་བྱིས་པའི་སེམས་ཁམས་དང་མཐུན་ལ། ལྷག་པར་དུ་བྱིས་པའི་སྐད་ཡིག་གི་གནས་ཚད་དང་མཐུན་ཞིང་ཡར་རྒྱས་ཡོང་བའི་གཞི་རྟེན་ཞིག་དགོས་པར་བསམ་ནས་ལྷད་མེད་ཀྱི་བསམ་ཚུལ་ཞུས་པའི་ཁུལ་ཡིན་ཀྱང། ང་བསམ་ཚུལ་ཞུ་མཁན་གྱི་གནས་ཚད་དམའ་བ་ཡིན་ནམ། ཁྱེད་གསན་མཁན་གྱི་གནས་ཚད་མཐོ་དྲགས་ནས་རྟ་ཐོག་ནས་ས་ཐོག་གི་འབུ་ཆུང་མི་མཐོང་ཁུལ་བྱས་པ་གང་ཡིན་མི་ཤེས། གང་ལྟར་ཁྱེད་ཀྱི་ཐུགས་ལ་ཕོགས་འདུག་ན། སྐུ་གཟུགས་ལ་ཐུགས་བཅག་གནང་ན་མ་གཏོགས་སྲོག་རླུང་འཕར་ཡོང་ཞུ་རྒྱུ་ལས་མ་འདས་སོ།།

  19. ཨ་བུ། says:
    2011-07-05 at 4:52 am

    ད་བྱས་ན་དོན་གྲུབ་ཁྱེད་རང་ནས་གཞི་རིམ་འཛིན་གྲྭ་གཉིས་པའི་སློབ་ཕྲུག་གི་སེམས་ཁམས་དང་མཐུན་པའི་སྒྲུང་ཐུང་ཞིག་བྲིས་ནས་འདིར་འགོད་དང་།ང་ཚོས་གཅིག་ལྟ་ཡ།

  20. དོན་གྲུབ། says:
    2011-07-05 at 9:04 am

    ཨ་བུ་ཁྱེད་ཀྱིས་མཆན་ནག་འབྲི་ཤེས་ཙམ་ལས་གཞན་བུ་བཀླགས་ནས་གོ་བ་ལོན་ཐུབ་ཀྱི་མེད་པ་འདྲ། བྱིས་པའི་སེམས་ཁམས་ཤེས་པ་དང་། སེམས་ཁམས་དང་མཐུན་པའི་རྩོམ་ཡིག་འབྲི་ཤེས་ཟེར་མཁན་ང་རེད་འདུག་གམ། ཚེ་རིང་ལྷ་མོ་རེད་འདུག གཞན་ལ་དགག་པ་མ་རྒྱབ་སྔོན་ནས་རང་ཉིད་ཀྱིས་གསལ་པོ་ཤེས་ཐུབ་པ་བྱེད་དགོས་ཨ་མའི་བུ་ཆུང་ལགས། ཁྱེད་ཀྱི་དྲི་བ་དེ་བསམ་གླིང་ཚེ་ལྷར་འདྲི་རོགས་གནང།

  21. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-05 at 3:41 pm

    དྲ་གྲོགས་སྐྱུ་རྩི་ལགས་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དགོངས་ཚུལ་ལྷུག་པོར་གླེང་གནང་བ་དག་གུས་མོའི་སེམས་ལ་ངེས་པར་གནས་ངེས་ཡིན་ལགས།

  22. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-05 at 3:45 pm

    དྲ་གྲོགས་གསེར་འབྲུག་སྡེར་ལྔ་ལགས་ཕེབས་པར་ཐུགས་རྗེ་ཆེ།
    སྐུ་ཉིད་ཀྱིས་གསུངས་པ་དེ་རང་ལགས། ང་ཚོའི་སྤྱི་ཚོགས་ནང་བྱིས་པའི་གནས་སྟངས་དེར་ད་དུང་ཡར་རྒྱས་གཏོང་དགོས་ས་མང་པོ་འདུག་སྙམ་བཞིན་ཡོད་ལགས།

  23. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-05 at 3:48 pm

    བཀུར་འོས་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཕེབས་པར་ཐུགས་རྗེ་ཆེ།
    གུས་མོས་དྲ་ཐོག་མྱུལ་དུས་སྐུ་ཉིད་ནས་དག་ཆའི་ཐོག་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་ཤེས་རྟོགས་བྱུང། བཀའ་དྲིན་ཆེ།

  24. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-05 at 3:51 pm

    བཀུར་འོས་དྲ་གྲོགས་དོན་གྲུབ་ལགས།
    གུས་མོས་མཆན་བུ་དེའི་ལན་བྲིས་ནོར་ཤོར་ཡོད་ན་དགོངས་གལ་མེད་པ་མཁྱེན། མཁྱེན།
    མཁྱེན།

  25. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-05 at 3:54 pm

    བཀུར་འོས་དྲ་གྲོགས་ཨ་བུ་ལགས།
    སྐུ་ཉིད་ཕེབས་པར་གུས་མོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

  26. ལྷོ་ཕྲུག་སྣ་བོ་ཆེ། says:
    2011-07-05 at 4:10 pm

    བོད་ཕྲུག་བོད་མིར་སྐྱེད་སྲིང་གི་བགྱི་བ་སྒྲུབ་པའི་ཨ་ཅག་ལགས་ཁྱེད་འདྲ་བ་མང་དུ་འབྱུང་བར་སྨོན།

  27. ནོར་བུ says:
    2011-07-05 at 6:19 pm

    བོད་ཕྲུག་གི་སེམས་ཁམས་དང་མཐུན་པའི་པར་རིས་དག་རྩམ་དྲི་དང་མར་དྲི་འཐུལ་ལེ་བ་ཞིག་འདུག་པས་
    བསམ་གླིང་ཚེ་རིང་ལྷ་མོ་ལགས་ཁྱེད་ཀྱིས་སླད་མར་ཡང་བོད་པྲུག་སྤྱི་ཕན་པའི་རྣམ་དཔྱོད་གསར་པའི་མལ་
    དུ་འཁྲིད་ཐབས་ཀྱི་ཕྱག་ལས་གནང་བ་ལ་དགའ་བསུ་ཡོད།

  28. གསེར་འབྲུག་སྡེར་ལྔ་ says:
    2011-07-05 at 8:59 pm

    དཔར་རིས་ལ་བལྟས་ན་བོད་ཕྲུག་གི་སེམས་ཁམས་དང་མཐུན་པ་ཞིག་འདུག་ཀྱང་། ནང་དོན་ཐད་བོད་རང་གི་འཚོ་བའི་གོམས་གཤིས་དངོས་དང་འབྲེལ་ནས་བརྗོད་ཡོད་དམ།? ཡང་ན་ཆོས་ལུགས་ཀྱི་བསླབ་བྱ་དང་འབྲེལ་ནས་བརྗོད་ཡོད་། ཡང་ན་ནུབ་ཕྱོགས་པའི་བྱིས་སྒྲུང་ནས་བཤུས་བསྒྱུར་གནང་ཡོད་མེད་ཅིག་གསུང་རོགས། དེ་གནད་དོན་གཅིག་ཡིན་། བཙན་བྱོལ་ནང་བོད་ཡིག་སློབ་དེབ་ལ་མཚོན་ན་བྱིས་པའི་སེམས་ཁམས་དངོས་དང་འགལ་བ་མ་གཏོགས་མཐུན་པ་ཞིག་དཀོན་སེ་འདུག་ག།

  29. སྐྱུ་རྩི་ནས། says:
    2011-07-06 at 1:21 am

    སྐུ་ཞབས་དོན་གྲུབ་ལགས་ཀྱི་བྱིས་སྒྲུང་མང་པོ་བྲིས་ཀྱང་བྱིས་པའི་སེམས་ཁམས་དང་མ་མཐུན་ནས་ལམ་འགྲོ་མ་ཕྱིན་པ་ཡིན་ས་རེད། རང་རེའི་སྤྱི་ཚོགས་འདིར་ཡུན་རིང་འཇགས་པའི་ན་ཚ་ཞིག་ནི་མངོན་མཐོན་གྱི་མི་སྣ་རྣམས་ལ་འབུར་བཅོམ་བྱེད་པ་དེ་ཡིན།

  30. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-06 at 12:04 pm

    བཀུར་འོས་དྲ་གྲོགས་གསེར་འབྲུག་ལགས་སུ།
    གོང་གསལ་བྱིས་དེབ་ངོ་སྤྲོད་ནང་བྱིས་སྒྲུང་ལ་དབྱེ་ན་ཁག་གསུམ་ཡོད།
    གཞན་སྙན་ཚིག་ལ་དབུ་ཅན་དང་དབུ་མེད་ཀྱི་ཁྱད་པར་ཞིག་རེད་ལགས།

  31. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-06 at 12:07 pm

    བཀུར་འོས་དྲ་གྲོགས་ལྷོ་ཕྲུག་སྣ་བོ་ཆེ་ལགས་དང། ནོར་བུ་ལགས། སྐྱུ་རྩི་ལགས་བཅས་ཕེབས་ནས་དགོངས་ཚུལ་ལྷུག་པོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme