Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་གལ་ཆེན་སྐོར་ཞིག་གི་འདྲ་པར།

Posted on 2011-07-012011-07-01 By ཡེ་ཤེས་ 26 Comments on རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་གལ་ཆེན་སྐོར་ཞིག་གི་འདྲ་པར།

ཀླུ་སྨྱོན་ཧེ་རུ་ཀ
kamadeva_and_goddess_rati

འདོད་ལྷ་དང་དེའི་འདོད་པའི་མདའ་བཞི། བོད་ལ་མདའ་ལྔ་ཞེས་གྲགས་ཀྱང་བདག་གིས་རྙེད་པའི་ཕྱི་རོལ་པ་ཚོའི་རི་མོའི་ཁྲོད་དུ་མདའ་བཞི་ལས་འབྲི་སྲོལ་མི་འདུག་ཅིང་། འདོད་ལྷ་ནེ་ཙོའི་སྟེང་དུ་ཡོད་པ་ཡང་འདུག
ganga
རྒྱལ་པོ་སྐལ་ལྡན་ཤིང་རྟས་གངྒྰ་མི་ཡུལ་དུ་འབེབ་བཞིན་པ།
shiva-burne-kamadewa
འདོད་ལྷས་དབང་ཕྱུག་གི་དཀའ་ཐུབ་ཉམས་པར་བྱས་པས་ཁོ་ཁྲོས་ཏེ་མིག་ལས་མེ་དཔུང་སྤྲོས་ནས་འདོད་ལྷ་སྲེག་བཞིན་པ།
shiva-cq86_l
གངྒྰ་དབང་ཕྱུག་གི་རལ་བའི་ཀློང་དུ་འབབ་བཞིན་པ།
hanuman-and-vanar-sena-build-bridge-of-rocks-across-ch45_l
རྒྱལ་པོ་ར་མ་ཎ་དང་སྤྲེའུ་ཧ་ནུ་མནྠ། ད་དུང་རྒྱ་མཚོར་ཟམ་པ་འཛུག་པར་བྲེལ་བའི་སྤྲེའུའི་དམག་དཔུང་།

ལོ་རྒྱུས།

Post navigation

Previous Post: རེབ་གོང་།
Next Post: བོད་རྒྱ་འབྲེལ་མོལ་འཇའ་ལྟར་ཡལ་བཞིན་འདུག

Comments (26) on “རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་གལ་ཆེན་སྐོར་ཞིག་གི་འདྲ་པར།”

  1. ལྷ་སྡེ་གནམ་ལོ་ཡག says:
    2011-07-02 at 2:41 am

    ཧ་ཅང་དོན་སྙིང་ཡོད་པའི་ངོ་སྤྲོད་ཅིག་རེད་བསམ་སོང་། རིམ་པས་བོད་ཡིག་ནང་ཡོད་པའི་རྒྱ་གར་གྱི་བྱ་དངོས་ཚང་མ་འདི་ལྟར་ངོ་སྤྲོད་གནང་བར་རེ་བ་ཤིན་ཏུ་ཆེ། དེ་ལྟར་བོད་ནང་ལ་ཕན་ཆེན་པོ་ཐོགས་ཀྱི་རེད་ལ། ངོ་འཕྲོད་གསར་བ་ཞིག་སླེབས་ཀྱི་རེད།

  2. ཇ་མ་ says:
    2011-07-02 at 4:08 pm

    ཧེ་རུ་ཀ་ལགས། ཡག་པོ་འདུག ངོ་སོ་བསྟོད། ཁ་དྲོ།

  3. མིག་བརྒྱད་པ། says:
    2011-07-02 at 5:58 pm

    ལྡི་ལིའི་གནའ་རྫས་འགྲེམས་སྟོན་ཁང་དུ་ཐེངས་གཅིག་ཕེབས་དང་ལྷ་འདྲ་མིན་གྱི་སྐུ་བརྙན་བཞུགས་ཤིང་། ཕྱི་ནང་གང་གི་ཡིན་ངོ་ཐག་མི་ཆོད་པའི་དུས་འཁོར་དང་འཇིགས་བྱེད་སོགས་དང་འདྲ་བའི་ལྷ་སྐུ་མང་པོ་འདུག ཚོགས་བདག་གླང་སྣ་ནི་ནོར་ལྷ། གཟུངས་འདུས་ནང་དུ་གྷེ་ནེ་ཤི་ཟེར་བ་དེ་རེད། གསེར་འོད་ལས། སེང་གེ་དང་ནི་མི་ལ་བྱོན་པ་དང་།།ཞེས་པ་དབྱངས་ཅན་ལའང་སེངྒེ་དང་མི་ལ་བྱོན་པ་སོགས་དུ་མ་ཡོད་པར་གསུངས་པ་ལྟར་ན་དེང་སང་ཧིན་དུ་བ་རྣམས་ཀྱིས་ལྷ་མོ་བགྲོད་དཀའ་མ་ཞེས་འབོད་པ་དེ་ནི་ཕྱག་མཚན་ཅུང་མི་གཅིག་པ་མ་གཏོགས་སེངྒེ་ལ་བྱོན་པ་དང་ཕྱག་གྲངས་སོགས་ཕལ་ཆེརའདྲ་བོ་ཡོད།

  4. ཀླུ་སྨྱོན། says:
    2011-07-02 at 6:20 pm

    བྱོན་ཡིན་མི་སྲིད་ཞོན་ཡིན་གྱི་རེད།

  5. ལ་སྟོད་བུ། says:
    2011-07-02 at 6:32 pm

    བོད་ཀྱི་གསང་སྔགས་ནང་རྒྱུད་ཀྱི་ལྷ་དེ་རིགས་ལ་ཞིབ་འཇུག་མི་བྱེད་པར་གསང་བར་ཉར་ན་དགའ་གི་རེད།
    ཞིབ་འཇུག་བྱས་དྲགས་ན་ཧིན་དྷུར་འགྱུར་བའི་ཉེན་ཁ་ཤིན་ཏུ་ནས་ཆེ།
    དཔལ་མགོན་དེ་རིགས་ནི་ཧིན་དྷུའི་ལྷ་ཨ་ན་མ་ན་ཡིན་པར་འདུག
    དེ་བཞིན་དུས་འཁོར་སོགས་དང།
    དེང་སངས་བོད་པ་བལ་གོས་ཚོང་པ་མང་པོ་ཞིག་ནས་་་ཚོང་བྱ་བ་ལམ་ལྷོང་ཡོང་བའི་ཕྱིར་དུ་རྒྱ་གར་གྱི་ལྷ་མོ་ནག་མོ་ཆེན་མོར་ན་བཟའ་སོགས་ཀྱང་གསོལ་གི་ཡོད་འདུག
    ཁོང་ཚོས་ཟེར་ན་དེ་ནི་དཔལ་ལྡན་ལྷ་མོ་དྲག་ཏུ་ཁྲོས་པའི་ལྷ་མོར་ཡིད་ཆེ་བྱེད་ཀྱི་འདུག
    ད་གང་ཤེས་ཆོས་ལུགས་ལ་ཞིབ་འཇུག་མང་ཙམ་བྱས་ན་ཡང་ན་ལས་འབྲས་སོགས་ལ་དད་པ་ལོག
    ཡང་ན་རང་གི་རིག་གཞུང་གི་ཁུངས་ཐམས་ཅད་གཞན་མ་ཞིག་ལ་གཏུག་སྲོལ་ངན་པ་ཞིག་ཆགས་ཡོང་གི་འདུག
    ད་དགེ་འདུན་པ་དེ་ཚོས་ཚན་རིག་སྦྱང་ནས་ཉིན་ཅིག་ཚན་རིག་པའི་གྲལ་དུ་མ་ཚུད་སེམས་ཁས་རིག་པའི་གྲལ་དུའང་མི་ཙུད་པའི་བར་དོ་བ་ཞིག་ཏུ་མི་ཆགས་པའི་རེ་བ་ཡོད།

  6. ཀླུ་སྨྱོན། says:
    2011-07-02 at 6:40 pm

    དབྱངས་ཅན་མ་ཕྱི་ནང་གཉིས་ཀས་མཆོད་ཆོག་ན་ནག་མོ་ཕྱི་ནང་གཉིས་ཀས་མཆོད་མི་ཆོག་པ་ག་རེ་ཡོད་དམ། བོད་ཀྱི་རི་མགོ་རེ་ན་ལྷ་རེ་ཡོད་པ་ཚང་མ་ས་ཐོབ་སེམས་དཔའ་རྐྱང་རྐྱང་ག་ནས་ཡིན།

  7. རིག་པའི་རྡོ་རྗེ། says:
    2011-07-02 at 6:43 pm

    ཀླུ་སྨྱོན་ལགས།

    པར་འདི་དག་ངོ་མ་ཡག་གི་ཚོད་ཅིག་མེད་ཀི  སྐུ་ཉིད་ཀྱིས་ཁྱབ་འཇུག་གི་འཇུག་པ་བཅུ་བཞིའི་པར་ཞིག་ང་ལ་མཁོ་སྤྲོད་གནང་ཐབས་ཡོད་དམ།
    ཀླུ་སྨྱོན་ལེ་ལེ།
    ངས་སྒུག་འདུག

  8. ཀ་དར་ཏི་དྲིལ་ says:
    2011-07-02 at 7:41 pm

    ཁྱབ་འཇུག་གི་འཇུག་པ་བཅུ་ལས་༡༡པ་དང་༡༤པ་སོགས་གྲགས་མྱོང་མེད།

  9. རིག་པའི་རྡོ་རྗེ། says:
    2011-07-02 at 8:18 pm

    ལྷ་མི་བདེན་ན།   ཁྱབ་འཇུག་གི་བཅུ་རེད།   དེ་ཡང་།   མ་ཞི་ཉ་དང་རུས་སྦལ་ཕག་རྒོད་དང་།།   མི་ཡི་སེངྒེ་མིའུ་ཐུང་དགའ་བྱེད་གཉིས།།   ནག་པ་སངས་རྒྱས་རིགས་ལྡན་འཇུག་པ་བཅུས།།  ཞེས་གསུངས་པ་རེད།
    གང་ལྟར་ཀླུ་སྨྱོན་ལགས་ཀྱིས་ཐུགས་ལ་འཛིན་རོགས་ཞུ།

  10. ཀླུ་སྨྱོན། says:
    2011-07-02 at 8:39 pm

    རིག་པའི་རྡོ་རྗེ་ལགས། ངས་ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་བའི་སྙན་ངག་དེབ་རྩ་འགྲེལ་གཉིས་ལྡན་ཞིག་བྲིས་ཡོད་པ་དེ་དྲ་ངོས་འདིར་མི་འགྱངས་པར་འཇོག་གི་ཡིན། དེ་དུས་འདྲ་པར་ཡང་འཇོག་ཨེ་ཐུབ་བལྟ། ཡིན་ན་ཡང་ཨ་རིའི་རྒྱལ་སའི་དབང་འཁོར་དབང་ཆེན་ལ་འགྲོ་གིན་ཡོད་པས། དེ་ནས་ཕྱིར་རྗེས་མ་གཏོགས་དྲ་རྩོམ་སྤེལ་ཁོམ་མེད་ཀི

  11. རིག་པའི་རྡོ་རྗེ། says:
    2011-07-03 at 1:28 am

    ཀླུ་སྨྱོན་ལགས།

    བཀའ་དྲིན་ཆེ།   ང་ཡང་དུས་དབང་ལ་འགྲོ་འཆར་ཡོད།   དེ་དུས་དངོས་མཇལ་ཐུབ་པའི་རེ་བ་ཡོད།
    སྐུ་ཚེ་རིང་།

  12. ལ་སྟོད་བུ། says:
    2011-07-03 at 1:29 am

    དབྱངས་ཅན་མ་དང་ནག་མོ་ཆེན་མོ་གཉིས་འདྲ་མཚུངས་ག་ནས་ཡོད།
    ལྷ་མོ་ནག་མོའམ་མ་ཧ་ཀ་ལི་ཟེར་བའི་ལྷ་དེ་ནི་དམར་མཆོད་བཞེས་མཁན་ཞིག་རེད།

  13. ལ་སྟོད་བུ། says:
    2011-07-03 at 1:36 am

    ཨ་ཁུ་ཀླུ་སྨྱོན་ཚང་དབང་ཞུ་བར་དང་པོ་དབང་བཞིའི་སྐོར་ལ་གཟིགས་ཙམ་གནང།
    དེ་ནས་གསང་དབང་གི་སྐོར་དེ་ཞིབ་ཆ་བྱེད་དེ་གཞིགས་ཞིབ་གནང་ན་མ་གཏོགས་དེ་དུས་ལམ་སེང་གསང་སྒོར་བཞུགས་དགོས་དུས་དཀའ་སེ་ཡིན་འདྲ། འདོད་ཆགས་ལམ་ཁྱེར་གྱི་སྐོར་ལ་ཁ་ཡིས་བཤད་ཅིང་ཡི་གེར་མང་པོ་ཞིག་བྲིས་སོང་པས་ལག་ཏུ་ལེན་དུས་ངོ་གདོང་དམར་པོ་མི་ཆགས་པ་གལ་ཆེ།་དེ་དུས་དཔའ་བོའི་གསེབ་ལམ་ལ་བཞུགས་པ་ཡིན་དུས་དཔའ་བོ་དཔའ་མོའི་ཚུལ་དུ་སེང་གེ་རྣམ་འགྱིང་གི་རྣམ་འགྱུར་དང་བཅས་ཏེ་དགའ་བདེ་ལ་རོལ་དགོས།
    མ་གཞི་ནས་དབང་མཚན་ནིད་པ་ཐོབ་རྒྱུ་དེ་དཀའ་སེ་ཡིན།
    རྗེས་མཐུན་ཙམ་དང་དབང་ལྟར་སྣང་ཞིག་ཐོབ་སྲིད།
    དེ་ཁྱེད་གཅིག་པོ་ལ་ཞུས་མེད་རང་གཞན་ཕལ་ཆེ་བར་ཡིན།

  14. ཀླུ་སྨྱོན། says:
    2011-07-03 at 4:03 am

    རིག་པའི་རྡོ་རྗེ་ལགས། ཉིད་ཀྱིས་འདིར་སྤྱད་པའི་གློག་འཕྲིན་ནང་ངའི་སྡོད་ས་དང་ཁ་པར་ཨང་གྲངས་བཞག་ཡོད་ལ། ང་དེ་གར་ཚེས་ལྔ་ཉིན་འབྱོར་གི་ཡོད་པས་ཉིད་ལ་ཐུགས་མོས་ཡོད་ན་འབྲེལ་བ་རེ་གནོངས་དང་། ཤ་བཟའ་ན་རྒོད་པོས་བཟའ་བཟའ་དང་ཆང་འཐུང་ན་གཡག་གིས་འཐུང་འཐུང་ཞིག་བྱེད་ཡ། སྐྱིད་པོ་རང་གིས་མ་བཏང་ན་སྡུག་པོ་ཡི་ཡིས་སྤྲད་ཡོང་ངོ་། །

  15. ཀླུ་སྨྱོན། says:
    2011-07-03 at 4:09 am

    ལ་སྟོད་བུ་ལགས། དབྱངས་ཅན་མ་དྲག་ཏུ་ཁྲོས་པའི་དཔལ་ལྡན་ལྷ་མོར་ཤ་ཁྲག་གི་གཏོར་མ་ག་ཚོད་ཅིག་དགོས་ཀྱིན་འདུག ཤ་ཁྲག་གིས་མཆོད་དགོས་པ་ཙམ་གྱིས་ནང་པས་བསྟེན་དུ་མི་རུང་ཚེ་ནང་པའི་ཆོས་སྐྱོང་མང་ཤོས་ཤིག་གི་གྲོད་ཁོག་ལྟོགས་རྒྱུ་རེད། མཆུ་ཏོ་སྐམ་རྒྱུ་རེད།

  16. ཀླུ་སྨྱོན། says:
    2011-07-03 at 4:19 am

    ད་དུང་ཉོན་དང་ལ་སྟོད་བུ། གོང་ས་མཆོག་གིས་དེང་སྐབས་གསུང་བཞིན་པའི་དུས་འཁོར་དབང་ཆེན་འདི་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་པས་སློབ་མ་ཚོར་དཔའ་བོ་དཔའ་བོ་འཁྱོང་མི་འཁྱོང་གི་སེམས་ཁྲལ་དེ་ཙམ་མི་དགོས་པ་ཞིག་རེད། གཟིགས་དང་། ཁོང་གིས་ལོ་ངོ་ལྔ་བཅུའི་སྔོན་དུ་ལྷ་སར་དུས་འཁོར་དབང་ཆེན་གསུང་དུས་རིགས་ལྔ་ཆོས་འཇུག་དང་རུས་པའི་རྒྱན་དྲུག་མནབས་ཡོད་པ་རེད། རྒྱ་གར་ནས་གསུང་སྐབས་དང་ཕྱི་རྒྱལ་དུ་གསུང་སྐབས་རུས་པའི་རྒྱན་དྲུག་ཕར་ཞོགས་རིགས་ལྔ་ཆོས་འཇུག་མནབས་པ་ཞིག་ཀྱང་དེ་ཙམ་མཇལ་མ་མྱོང་། སྤྱིར་ན་རུས་པའི་རྒྱན་དྲུག་དང་རིགས་ལྔ་ཆོས་འཇུག་འདི་ནི་གསང་སྔགས་ཉམས་ལེན་བྱེད་པའི་རྣལ་འབྱོར་ཕོ་མོས་མ་འཆང་ན་ཉེས་པ་ཕོག་པའི་ཆ་ལུགས་ཤིག་ཡིན་ཡང་། གོང་ས་མཆོག་གིས་དུས་ཚོད་འགྱུར་བའི་འགྲོས་དང་བསྟུན་གནང་སྟེ་རུས་པའི་རྒྱན་དྲུག་སོགས་མི་བཞེས་པས། རང་རེས་ཀྱང་དུས་དབང་དང་བསྟུན་ཏེ་དཔའ་བོ་དཔའ་མོ་ཚོས་རྒྱོ་རྒྱག་སྟངས་རེ་སྙན་ངག་གི་ཚུལ་དུ་ཡི་གེར་འབྲི་བ་མ་གཏོགས་ལག་ལེན་བྱེད་རྒྱུ་དེ་ཧ་ཅང་དཀའ་བ་ཞིག་ཏུ་སྣང་གི་འདུག

  17. བོད་ཀྱི་ནང་པ་ says:
    2011-07-03 at 8:51 am

    བོད་ཀྱི་ནང་ཆོས་ནང་ལ་དབྱངས་ཅན་མའི་གྲུབ་ཐབས་དར་ཟིནད་ཀྱང་། ནག་མོའམ་མ་ཧྰ་ཀ་ལིའི་གྲུབ་ཐབས་གཏན་ནས་མེད་པས་ཕྱི་ནང་གི་ཁྱད་པར་ཙམ་ཞིག་ཡོད་དགོས། འདིར་ཀླུ་ལས་ལ་སྟོད་བདེན་པ་འདུག་གོ།

  18. རིག་པའི་རྡོ་རྗེ། says:
    2011-07-03 at 1:29 pm

    ཀླུ་སྨྱོན་ལགས།

    ཁྱེད་ཀྱིས་ང་ལ་འབྲེལ་གཏུགས་ཨང་གྲངས་སོགས་བསྐུར་གནང་བ་བཀའ་དྲིན་ཆེ།
    ཝ་ཤིང་དྲུང་གྲོང་ཁྱེར་ནས་ངེད་གཉིས་མཉམ་དུ་ཆང་ཁང་སྐྱིད་པོ་ཞིག་ཏུ་སོང་ནས་དགུན་ཆང་རྒྱག་ཚད་ཅིག་འཐུང་ཁོ་ཐག་ཡིན།
    ང་ཡང་ཚེས་ལྔའི་ཉིན་ཝ་ཤིང་དྲུང་ལ་འགྲོ་གི་ཡོད།  ཚེས་དྲུག་སྐུ་མདུན་གྱི་འཁྲུངས་སྐར་དུས་ཆེན་ཉིན་ངེད་གཉིས་མཇལ་ཐུབ་པའི་རེ་བ་ཡོད།    ངས་ཁྱེད་ལ་ཁ་པར་ཕུལ་ཡོང་།

    ཐུགས་རྗེ་ཆེ།

  19. མིག་བརྒྱད་པ། says:
    2011-07-03 at 1:50 pm

    སྙན་ངག་པ་གླུ་སྨྱོན་ལགས། ཁྱེད་གཉིས་ཀྱིས་ཤ་བཟའ་ན་རྒོད་པོས་བཟའ་བཟའ་དང་ཆང་འཐུང་ན་གཡག་གིས་འཐུང་འཐུང་ཞིག་བྱེད་མི་ཉན་ཡ། ཁྱེད་གཉིས་ཀ་རབ་བྱུང་བ་རེད་པ། ཨ་ལེ་རྩེད་མོ་ཡིན། ཁྱེད་ཀྱི་ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་བའི་སྙན་ངག་ལ་བསྒུག་ནས་བསྡད་ཡོད།

  20. ལ་སྟོད་བུ། says:
    2011-07-03 at 2:27 pm

    རྩོམ་པ་པོ་ཀླུ་སྨྱོན་ལགས་ཐུགས་རྗེ་ཆེ།
    ནང་པའི་ཆོས་སྐྱོང་དེ་ཚོར་རྟག་ཏུ་ཤ་ཁྲག་གི་དམར་མཆོད་འབུལ་གྱི་ཡོད་དམ།
    ཨོ་དེ་འདྲ་རང་གསུམ་མི་ཉན་ཀི་ཡ། ཤ་ཁྲག་གི་ཚབ་དུ་སྨན་དང་རགྟ་ཞེས་མཆོད་པ་ལས་ཤ་ཁྲག་དངོས་སུ་དམར་ལྡུར་རེར་མཆོད་པ་ཞིག་ངས་ད་ལྟའི་བར་དུ་མ་གོ་ལ་མཐོང་བ་ཡང་དེ་བས་མེད། ནང་པའི་ཆོས་སྐྱོང་དེ་ཚོ་བཀྲེས་སྐོམ་གྱི་སྡུག་བསྔལ་གཏན་ནས་ཡོད་མདོག་མེད། རྟག་ཏུ་ཚེས་བཅུ་དང་ཉེར་ལྔ་ལས་སོགས་ཀྱི་སྐབས་སུ་སྨན་རག་གི་མཆོད་པ་འབུལ་སྲོལ་ཡོད་འདུག ཤ་ཁྲག་དངོས་སུ་འབུལ་གྱི་ཡོད་ན་སྨན་རག་མཆོད་དགོས་པའི་དགོས་པ་མ་མཐོང། མ་གཞི་ནས་ཤ་ཁྲག་རུས་གསུམ་གྱི་མཆོད་པ་ཟེར་བ་དེ་ཡང་། དེ་འདྲ་ཞིག་མ་རེད། གཏི་མུག་ཤ་ཡི་ཕུང་པོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད་ཅེས་པ་རུ་དགོངས་དགོས་པ་ལས་ཐ་མལ་གྱི་ཚུལ་དུ་ཤ་ཁྲག་གི་མཆོད་པ་འབུལ་གྱི་ཡོད་ན། ནང་པ་བ་ཚོས་དམར་མཆོད་ཅེས་ཤིན་ཏུ་ནས་ཡིད་འདར་བའི་སྐད་ཆ་དེ་ཚོར་དགོངས་པ་བཞེས་དགོས་ཀྱི་འདུག གཞན་ཡང་ཤ་ཁྲག་གི་མཆོད་པ་འབུལ་བ་པོ་དེ་ཉིད་ཀྱི་ལྟ་དགོངས་ཚད་མཐོན་པོ་ཞིག་ཏུ་སླེབས་དགོས་པ་ལས་ཐ་མལ་རང་རྒྱུད་པས་དེ་འདྲ་ནམ་ཡང་མི་རུང་བ་གསང་སྔགས་ཀྱི་གཞུང་ནས་བཤད་པ་མ་མཐོང།

    ༧་གོང་ས༧་མཆོག་གི་དུས་དང་བསྟུན་པར་ཆོས་གསུངས་ཡོད་མདོག་ཁ་བོ་མ་རེད། གང་ཡིན་ཟེར་ན་སྔོན་མ་ཞིག་ལ་ནོར་གླིང་དུ་ཆོས་ཚོགས་སིག་གི་སྐབས་སུ། བསོད་རྒྱལ་རིན་པོ་ཆེ་ཡིས་ནུབ་ཕྱོགས་ཡུལ་གྲུ་ཚོར་ཆོས་གསུངས་སྟངས་་དང་བོད་མི་ཚོར་གསུངས་སྟངས་དེ་བཞིན་ཨ་རི་སོགས་ལ་གསུངས་སྟངས་སོགས་རྩ་བ་ཉིད་ནས་མི་འདྲ་ཞེས་གསུངས་དུས། ༧གོང་ས༧་མཆོག་གིས་དེ་ལ་བཀའ་སྐྱོན་ཚ་ཏག་ཆོད་ཅིག་གནང་སོང་བའི་རྒྱུ་མཚན་ནོ།

  21. ལ་སྟོད་བུ། says:
    2011-07-03 at 2:30 pm

    ཤིག་གི་སྐབས།
    ཚ་ཐག་ཆོད་ཅེས་པ་རུ་བཅོས་རོགས།

  22. ཀརྡོ་རབ་འབྱམས་པ་ says:
    2011-07-03 at 4:37 pm

    ཤ་ནི་གཏི་མུག་ཆེན་པོ་སྟེ།
    ཁྲག་ནི་འདོད་ཆགས་རང་བཞིན་དང་།
    རུས་པ་ཞེ་སྡང་རང་བཞིན་ནོ། །

  23. མིག་བརྒྱད་པ། says:
    2011-07-03 at 7:03 pm

    འཇིག་རྟེན་ཁ་དཔེར། ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།།བོང་བུས་མ་བགྲོད་ལམ་འཕྲང་མང་།།

  24. ལ་སྟོད་བུ། says:
    2011-07-04 at 5:02 pm

    རྩོམ་པ་པོ་དྲྭ་གྲོགས་ཀླུ་སྨྱོན་ལགས་གཅིག་ཉོན་དང།
    ཁྱེད་ནས་ཕྱི་རོལ་རིག་བྱེད་པའི་ནང་དུ་འདོད་པའི་མདའ་ལྔ་ཞེས་པ་ཞིག་མི་འདུག
    བོད་ཀྱི་མདའ་ལྔ་ཞེས་བྲིས་འདུག་གསུངས་སོང།
    ཁྱེད་རང་གི་ཧིན་དྷི་མཁྱེན་གྱི་ཡོད་ན་༼ཤིབ་ཀྱི་འཇུག་པ་༽་ཞེས་པའི་དེབ་དེ་ཡི་ནང་དུ་གཟིགས་དང། མདའ་ལྔ་ཏག་ཏག་འདུག འདོད་ལྷའི་མདའ་ལྔ་ཡི་ནང་ནས་གཅིག་ཤིབ་འཇི་ལ་རྒྱབ་། གཅིག་འཇིག་རྟེན་མེས་པོ་ཚངས་པ་ལ་རྒྱབ། མདོར་ན་མདའ་ལྔ་དེ་ཤིབ་ཇི་འམ་དབང་ཕྱུག་རྒྱལ་བློན་བུ་མོ་དང་བཅས་པའི་ཕྱོགས་སུ་་འཕེན་པས་ཁོང་ཚོ་ཀུན་ཀ་འདོད་ཅིང་ཆགས་པར་སྨྱོས་པར་བྱས། དེ་ལྟར་མདའ་ལྔ་འཕེན་དགོས་པའི་རྒྱུ་མཚན་ཡང། ལྷ་ཆེན་དབང་ཕྱུག་གི་ཕྱོགས་གཡས་པ་ནས་ཚངས་པ་བྱུང། ཕྱོགས་གཡོན་པ་ནས་ཁྱབ་འཇུག་བྱུང། མེས་པོ་ཚངས་པ་ལ་བུ་མོ་ཤིན་ཏུ་ནས་མརྫེས་མ་ཞིག་བྱུང་བས། བུ་མོ་དེ་ཡི་མིང་ལ་སན་དྷི་ཡའི་ཟེར། ཚངས་པ་དང་ཁོང་གི་བུ་དྷབ་ཤི། བུ་མ་རི་ཅི། ལས་སོགས་མནོ་བསམ་གཏོང་དགོས་པ་ཞིག་བྱུང། སྐབས་དེར་བསམ་བློའི་ནང་དུ་སྐྱེས་པའི་བུ་ཡིད་དུ་འོང་བ་ཞིག་སྐྱེས། ཁོ་ཡི་མིང་ལ་པུ་ཤ་ཝན་ཟེར། དྲང་སྲོང་གཞན་གྱིས་མིང་བཏགས་པ། མན་ལཱཌ་ཞེས་པ་སེམས་ལ་དབང་བསྒྱུར་བྱེད་མཁན་ཞིག་ཏུ་བྱུང། ཚངས་པས་འོད་ལྷ་ལ་བཤད་པ། ཁྱོད་ལ་ངས་སྐྱེ་སྨན་ཞིག་སྤྲོད་དགོས་གསུངས། སན་དྷི་ཡའི་མིང་ཅན་ཞིག་སྤྲོད་དགོས་ཟེར། ཁོ་ལ་མདའ་ལྔ་ཡོད་པ་དེ་བརྟག་དཔྱད་ཀྱི་ཚུལ་དུ་རྒྱབ་པས་རྒྱལ་བློན་གྱི་མདུན་སར་བབས།
    མདའ་ལྔ་ནི། ཧར་ཤན། རོ་ཅན། མེ་ཧག ཤོ་ཤན། མ་རན་དང་ལྔའོ། རིམ་བཞིན་བོད་སྐད་དུ་དོན་བསྒྱུར་བྱེད་ན། དགའ་བར་བྱེད་པ། འཕེལ་བར་བྱེད་པ། འཆིང་པར་བྱེད་པ། གཉའ་གནོན་པར་བྱེད་པ། གསོད་པར་བྱེད་པ་དང་ལྔའོ། འོན་ཀྱང་བོད་རྒྱ་ཚིག་མརྫོད་སོགས་སུ། མྱོས་བྱེད། སྲེད་བྱེད། རྨོངས་བྱེད། སྐེམ་བྱེད་དམ་རྒོད་བྱེད། འཆིང་བྱེད་དམ་བརྒྱལ་བྱེད་ཅེས་སུ་བསྒྱུར་འདུག དོན་བསྒྱུར་ཡག་པོ་ཞིག་བྱུང་མེད། མདའ་ལྔ་དེ་རྒྱབ་པ་དང། ཚངས་པ་དང་བུ་ཧཀྴ་བཅས་པ་ཐམས་ཅད་འདོད་པའི་ནང་དུ་འཆིངས་སོང་བ་རེད། སྐབས་དེར་བུ་མོ་སན་དྷི་ཡ་ཡང་ཡོད། ཁོང་ཚོའི་རྒྱུད་ལ་འདོད་པ་རབ་ཏུ་འཕེལ་ཏེ་ཡབ་ཀྱང་རང་གི་བུ་མོར་ཆགས་པ་རབ་ཏུ་འབར། དེ་སྐབས་ནམ་མཁའ་ནས་རང་བྱུང་གི་སྒྲ་ཞིག་བསྒྲགས་པས་༼སྒྲ་སྒྲོགས་མཁན་དེ་དབང་ཕྱུག་ཡིན།༽མེས་པོ་ཚངས་པ་ཁྱོད་ཉོན་དང་སན་དྷི་ཡའི་ཕྱོགས་ལ་ཁྱོད་རང་གིས་གཙོས་པས་འཁོར་ཐམས་ཅད་འདོད་པའི་དབང་གིས་བལྟ་བཞིན་འདུག་པས། ཁྱོད་ཚ་བཞིན་མི་འདུག་གམ། ཁྱོད་རང་གི་བུ་མོ་རེད། ཁྱོད་རང་ངོ་ཚ་དགོས་པ་རེད། ཅེས་བཤད། དེ་དུས་ཚངས་པ་ངོ་ཤིན་ཏུ་ནས་ཚ་སྟེ།་གཟུགས་པོ་ཐམས་ཅད་རབ་ཏུ་རྔུལ་ཞིང་གཟུགས་པོའི་ཕྱོགས་ཐམས་ཅད་ནས་རྔུལ་ཆུའི་ཐིགས་པ་རྒྱབ། འཇིག་རྟེན་མེས་པོ་ཚངས་པ་གཙོས་ཁོང་ཚོ་ཀུན་ཀ་བུ་མོར་འདོད་ཅགས་སྐྱེ་རུ་འཇུག་མཁན་དེ་འདོད་ལྷས་བྱས་པ་ཡིན་པས་༼ཀམ་དྷེབ༽་ཁོང་ཚོ་ཚང་མས་དྲང་སྲོོང་གི་དམོད་མོ་རྒྱབ་སྟེ། ཁྱོད་རང་གི་གཟུགས་པོ་མེད་པར་ཆགས་ཀྱི་རེད། ༼མེ་ལ་བསྲེག་པའི་དོན།༽
    དེ་རྗེས་ལྷ་དབང་ཕྱུག་གི་རྐྱེན་བྱས་པས་ཁོ་ཡི་གཟུགས་པོ་མེད་པར་བཟོས། མ་འོང་པ་ལ་གཟུགས་པོ་ཡོད་པར་བྱེད་པའང་ལྷ་དབང་ཕྱུག་གིས་བྱས་སོ།
    འདི་ནི་ཁྱེད་ཀྱི་རྩོམ་གྱི་མདེའུར་བྲིས་སོ།

  25. ཀླུ་སྨྱོན། says:
    2011-07-04 at 5:16 pm

    ལ་སྟོད་པ་ལགས། ངས་འདོད་ལྷའི་རི་མོའི་འོག་ཏུ་བྲིས་པའི་ཡིག་ཕྲེང་དེ་དག་ནི་འདི་ལྟ་སྟེ།
    “འདོད་ལྷ་དང་དེའི་འདོད་ པའི་མདའ་བཞི། བོད་ལ་མདའ་ལྔ་ཞེས་གྲགས་ཀྱང་བདག་གིས་རྙེད་པའི་ཕྱི་རོལ་པ་ཚོའི་རི་མོའི་ཁྲོད་ དུ་མདའ་བཞི་ལས་འབྲི་སྲོལ་མི་འདུག་ཅིང་། འདོད་ལྷ་ནེ་ཙོའི་སྟེང་དུ་ཡོད་པ་ཡང་འདུག”

  26. ལ་སྟོད་བུ། says:
    2011-07-04 at 5:20 pm

    ཁྱེད་ལ་རྙེད་པའི་རི་མོ་དེ་ཡི་ནང་ནས་གཅིག་ཆད་སོང་ཡིན་རྒྱུ་རེད།
    དེ་མིན་ཕྱི་རོལ་པའི་ལོ་རྒྱུས་སུ་མདའ་ལྔ་མེད་པ་རེད་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme