Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ནག་ལ་སེར་ག་གས་ན། འབུ་ནག་ལ་སེམས་ཁྲལ་ལངས།

Posted on 2011-06-29 By ཁ་བརྡ་ 10 Comments on ས་ནག་ལ་སེར་ག་གས་ན། འབུ་ནག་ལ་སེམས་ཁྲལ་ལངས།

མི་ནག་ཚང་ལུང་རིགས་རྒྱལ།

ད་ལོར་བྷིན་ལ་ཌན་གྱི་རྩིབ་མ་སར་སྒོར་རྗེས། སྲིད་འཛིན་ཨོ་བྷ་མ་དང་ནེའུ་ཡོག་མི་དམངས་ཐད་ཀར་ ༩།༡༡ གི་རྐྱེན་ངན་བྱུང་སའི་གོར་ཐིག་ལྟེ་བ་དེར་འཛོམས་ཤིང་། ཀི་བསཱོ་བསྒྲགས་ཤིང་། ལྷ་རྒྱལ་འཐེན། པར་ཆས་མཆུ་རིང་ཞིག་གིས་སྲིད་འཛིན་ཟུར་པ་བྷུ་ཤིའི་སྤྱན་མཐའ་མཆི་མས་སྒྲིབ་འདུག་པ་ཐག་ཉེར་འཐེན་ནས་བསྟན། འདི་ད་ལོའི་གསར་འགྱུར་གལ་ཆེ་ཤོས་སུ་གྱུར།

དུས་ཡུན་རིང་པོ་མ་འགོར་བར་སྲིད་འཛིན་ཨོ་བྷ་མས་ཨབ་གྷན་དུ་ཡོད་པའི་ཨ་རིའི་དམག་མི་ ༡༠༠༠༠ ལྷག་མི་འགྱངས་པར་ཕྱིར་འཐེན་གནང་རྒྱུའི་གཏམ་བཟང་བསྒྲགས། ཁོང་གི་གཞི་རྩའི་ལྟ་གྲུབ་ནི་ ༼འཁྲུག་པ་མ་རྒྱག འཁྲིག་པ་རྒྱོབ་ Make Love, No War.༽ ཅེས་པ་དེ་ཡིན་ནམ་སྙམ། མི་དམངས་སྔར་ལས་དགའ་ཞིང་བརྩེ་བས་ཁེངས།

ནེའུ་ཡོག་དུས་བབ་ཀྱིས་མུ་མཐུད་ནས་གསར་འགྱུར་སྤེལ། མངའ་སྡེའི་གཞུང་གིས་མཚན་མཐུན་བཟའ་སྒྲིག་གི་གནད་དོན་དེ་མི་ཚེའི་སྙིང་བོ་གལ་ཆེན་ཞིག་ལ་ངོས་ལེན་བྱས། ནེའུ་ཡོག་གྲོང་ཁྱེར་དུ་མཚན་མཐུན་དགའ་རོགས་ཚོར་གློག་ལྗང་ཁུ་དེ་བཀར། སླར་ཡང་ཐལ་མོ་བརྡབས། ༼ཐེངས་འདིའི་ཐལ་མོ་རྡེབ་མཁན་གྱི་གྲས་སུ་སྐྱབས་བཅོལ་བ་རྣམས་ཀྱང་ཡོད་ལ། ཁོང་ཚོར་རྒྱུ་མཚན་གསལ་བོ་རེ་བཤད་རྒྱུ་ཡོད།༽

ཨ་རིའི་གཞུང་གིས་ལོ་ཤས་གོང་ནས་བཟུང་། བྱིས་པ་གཅིག་ཀྱང་རྗེས་སུ་ལུས་འཇུག་གི་མིན་ No child left behind ཅེས་པའི་སྲིད་བྱུས་ཤིག་ལ་ཤུགས་རྒྱག་གིན་ཡོད་ལ། ད་ནི་ནེའུ་ཡོག་ནས་བཟུང་སྟེ་ཧྲེང་ཧྲེང་གཅིག་ཀྱང་ལྷག་འཇུག་གི་མིན་པའི་གོ་བརྡ་བསྟན།

ངས་ནི་ཨབ་གྷན་ནས་ཕྱིར་ལོག་ཡོང་མཁན་དམག་མི་རྣམས་ནི་མཚན་མཐུན་དགའ་རོགས་ཅན་རྐྱང་རེད་འདོད་གི་མེད་ལ། ནེའུ་ཡོག་གི་ཧྲེང་ཧྲེང་ཚོས་རྒྱ་སེ་མེ་ཏོག་བཟུང་ནས་གནམ་ཐང་ལ་རྒྱུག་གི་རེད་ཀྱང་ཟེར་གི་མེད། གཙོ་བོ་རང་གི་རྒྱུ་མཐིལ་ན་འགུལ་བཞིན་པའི་ཚོར་སྣང་དེའི་དབང་གིས་ཡིན། དཔེར་ན། གོང་གི་དོན་དག་དེ་དག་གི་གཅིག་ཀྱང་དེ་ལྟར་དུ་མ་བྱུང་ན་ཅི་མ་རུང་སྙམ་པ་ཡིན།

༡། མི་བསད་རྗེས། ཀི་བསཱོ་སྒྲོག་པ་འདིས་དོན་ངོ་མར་སུ་ཞིག་ལ་ལག་གཡུག་བྱེད་ཀྱིན་ཡོད་པ་རེད། ༼མ་རབས་རེད།༽
༢། ཨབ་གྷན་མི་དམངས་ཀྱི་ནང་ཁུལ་ལ་མི་ཤ་འཕངས། ལག་ལ་གྲི་དང་མེ་མདའ་བཞག་སྟེ་ཕྱིར་ཐོན་པ་འདི་ནི་སུ་ཞིག་གི་ལུགས་རེད།
༣། རང་དབང་གི་ངོས་གཞན་པ་དེར་ཉེན་ཁ་བྲིས་ཡོད་པ་རེད། མ་གཞི་ནས་མིག་རྫོབ་ཀྱི་ལས་དེ་དག་སྔོན་འགོག་མ་གཏོགས་དར་སྤེལ་བྱ་རྒྱུ་ཞིག་མ་རེད།

སྣ་ཚོགས།

Post navigation

Previous Post: ཁ་ཤས་ཤིག་ལ་ལམ་སྟོན་ཞིག་མི་བཤད་ཀ་མེད་བྱུང་སོང་།
Next Post: སངས་རྒྱས་ཀྱི་འཕྲིན་བཟང་།

Comments (10) on “ས་ནག་ལ་སེར་ག་གས་ན། འབུ་ནག་ལ་སེམས་ཁྲལ་ལངས།”

  1. དམིགས་བུ། says:
    2011-06-29 at 7:22 pm

    རེད་ཡ། འབྲོང་བསད་པས་མི་ཚད་རྔ་མ་དར་ལྕོག་བྱེད་སྟངས་འདི་ཆག་སྒོ་ཞིག་གི་བྱུར་འདྲེན་ཡིན་ན་ཐང་། ཨོ་ས་མ་བྷེན་ལ་ཏེན་གྱི་རྗེས་འབྲང་བ་ཚོར་གནམ་འོག་གི་དཔའ་རྒོད་རྐྱང་རྐྱང་ཡིན་ནི་རེད།

  2. ཤེས་རབ། says:
    2011-06-29 at 11:02 pm

    ཨེ་ལུང་རིགས་རྒྱལ་གྱིས་རྙོག་འདྲ་འདི་ཕྱི་སྐོར་ནང་སྐོར་བྱས་ནས་དོན་ངོ་མ་ཨ་རིས་འགྲིག་མིན་འདུག་ཟེར་སྟངས་འདིས། ང་ལ་རྒྱ་ནག་གི་དྲ་རྒྱའི་སྟེང་ལ་ཡོང་མཁན་གྱི་རྒྱ་རིགས་ལོ་ཆུང་དེ་ཚོ་དང་། དམར་ཤོག་གིས་ཆེད་གཏོང་བྱས་པའི་དྲ་རྒྱའི་དམར་སྲུང་དམག་རྣམས་ཀྱི་སྐད་ཆར་དྲན་སྐུལ་བཏང་སོང་།

    དཔོན་ལྷ་རྟན་བསད་པ་འདི་འགྲིག་པ་རེད་དམ་མ་རེད། བསད་རྗེས་རྒྱལ་ཁའི་སྟོན་མོ་བྱས་པ་འདི་འགྲིག་པ་རེད་དམ་མ་རེད། ངས་བལྟས་ན། མི་ཕྱི་ནང་གི་དབང་པོ་དང་རྣམ་ཤེས་ཚང་བ་ཞིག་ཡིན་ན། གཏན་གཏན་འདི་འགྲིག་འདུག་ལབ་ཀྱི་རེད། དཔོན་ལྷ་གདན་གྱིས་ཨ་རིའི་མི་དམངས་སྟོང་ལྔ་ལ་ཉེ་བ་བསད་པ་རེད། དེའི་དགྲ་ཤ་ལེན་པ་དེར་དགའ་དགོས་བྱུང་། 

    དཔེར་ན། ངས་གྲོང་པའི་ཨ་ཕ་དེའི་མགོ་དེ་ལ་རྡོ་ཞིག་བརྒྱབ། དེའི་ཆུང་མ་དེ་ཁང་པ་སྦུག་ལ་ཁྲིད་ནས་དོར་མ་ཕྱེད་ཀ་ས་ལ་འཛར་བཞིན་དུ་དེ་ལ་རྒྱོ་ཞིག་བརྒྱབ། དེ་ནས་བྲོས་ཕྱིན། ལོ་ཤས་ཀྱི་རྗེས་ལ་གྲོང་པའི་བུ་མོས་ང་བཙལ་ནས་བརྙེད། ངའི་མགོ་ལ་གྲི་ཞིག་ཞུས་ནས་ང་བསད། བུ་མོ་འདིས་ཁྱིམ་མཚེས་ཚང་མ་སྐད་བཏང་ནས་ད་ངས་ཨ་ཕ་དང་ཨ་མའི་དགྲ་ཤ་ལེན་ཐུབ་སོང་བས། སྟོན་མོ་བྱེད་ཟེར་ན། ལུང་རིགས་རྒྱལ་ཁྱེད་ཀྱི་འདི་འགྲིག་པ་རེད་ཟེར་རམ་ཡང་ན། འདི་སུའི་ལུགས་སྲོལ་རེད་ཟེར། གལ་ཏེ་བུ་མོ་དེ་ཁྱེད་ཀྱི་ཉེ་ས་ཞིག་ཡིན་ན་ཇི་ལྟར་བྱེད།  གཏམ་ཕྱི་ལ་མ་གཏང་གོང་ལ་བློ་ནང་ལ་འགྲིམ་ནས་རང་གི་ཐོག་ལ་དཔེ་བཞག་ནས་བཤད་ན་མཚམས་མཚམས་ལ་ཏོག་ཙམ་སྣང་བ་འགྲོ་པོ་ཡོད་པ་ལྟ་བུ་འདུག 

    ང་ཚོ་འདིར་ཕེབས་མཁན་གྱི་སྨྱུག་ཐོག་པ་རྣམས་མཚམས་རེ་མིའི་བསམ་བློ་དང་འཚོར་བ། ཉམས་མྱོང་དང་འདུན་པ་བཅས་ལ་བསམ་གཞིགས་མ་བྱེད་པར། ཁ་སྟོང་པ་བཤད་ལ་དགའ་བའི་གོམས་གཤིས་ཤིག་དར་བཞིན་འདུག་པས་འདི་ཚོར་ངེས་པར་དུ་དངོས་ཡོད་ཀྱི་འཚོ་བ་དང་འཇིག་བརྟེན་མཐུན་མོང་གི་ཐ་སྙད་ཐོག་ནས་གསལ་བཤད་བྱེད་དགོས་ཀྱི་འདུག

    དེ་མིན་ཨ་རིས་རྟགས་གཅིག་པ་རྣམས་ཁྲིམས་མཐུན་ཐོག་ནས་ཆང་སའི་ལག་ཁྱེར་སྤྲོད་པ་འདི་ངས་བལྟས་ན་འགྲིགས་འདུག འདིས་རྒྱལ་ཁབ་དང་མི་དམངས་རྣམས་ཀྱིས་རང་དབང་ལ་གུས་ཞབས་ཡོད་པར་མཚོན། ཐག་གཅོད་འདི་གློ་བུར་བ་ཞིག་དང་གནས་ཆུང་ཐོག་འབེབ་གྱི་བཀའ་ལ་གཞིག་བཞག་ནས་འགྱུར་བ་བཏང་བ་ངེད་ཚོའི་གཞུང་གི་བྱེད་སྟངས་ལྟ་བུ་མ་རེད། དོན་དེ་ལ་༡༩༦༠ནང་ནས་རྩོད་གླེང་དང་། བསམ་གཞིགས། གོ་བསྡུར། ཞིབ་འཇུག འཐབ་རྩོད་མི་ལོ་བཞི་བཅུ་ལྷག་བྱས་པའི་རྗེས་ཀྱི་ཐག་གཅོད་ཤིག་རེད།

    དེ་ཡང་མཐའ་མའི་ཐག་གཅོད་འདི་གྲོས་ཚོགས་ནང་ལ་འོས་ཤོག་བླུགས་ནས་བྱས་པ་ལས། རྒྱ་ནག་གཞུང་གི་བཙན་པོའི་ཐུབ་ཚོད་ལྟ་བུ་མ་རེད་ལུང་རིགས་རྒྱལ།

    ངས་སྔོན་མ་གོང་ས་མཆོག་ལ་ཡང་ཞུས་མྱོང་། ང་ཚོས་རིགས་པ་རིགས་པ་ཟེར་ནས། མིའི་འདུ་ཤེས་དང་། འཚོར་བ། འཇིག་རྟེན་པའི་ཁམས་དང་མོས་པར་བསམ་གཞིགས་མེད་པར་རྟོག་གེ་བའི་ལྟ་བ་སྐམ་པོ་འབའ་ཞིག་ལ་འཇུས་ནས་ཆོས་བཤད་ན། ང་ཚོའི་ཆོས་དེ་མིའི་འཚོ་བ་ལ་འབྲེལ་བ་མེད་པ་ཆགས་ནས། ནང་ཆོས་དེ་མགྱོགས་པོ་སྒྱུ་རྩལ་ཁང་དང་འགྲེམས་སྟོན་ཁང་གི་ནང་ལ་འགྲོ་གི་རེད། དེ་ལས། སེམས་ཅན་གྱི་ཁམས་དང་མོས་པར་གཞིགས་ཏེ་ཆོས་བཤད་སྦྱང་བྱས་ན། གཉིས་ཕན་རེད་ཞུ་སྐབས། ཁོང་གིས་དེ་བདེན་པ་རེད། སྟོན་པ་བཀའ་འདྲིན་ཅན་གྱིས་ཆོས་ཀྱི་འཁོར་ལོ་བང་རིམ་ཁ་ཤས་སྐོར་དགོས་པའི་རྒྱུ་མཚན་གཙོ་བོ་སེམས་ཅན་གྱི་ཁམས་དང་མོས་པར་བསྟུན་པ་ལ་བརྟེན་ནས་བྱུང་ཡོད་ཅེས་བཀའ་གནང་བྱུང་བས་རྒྱལ་བ་རིན་པོ་ཆེ་ཁོང་གི་དགོངས་པ་གཏིང་ཟབ་ལ་རྒྱ་ཆེ་བ་ཡིན་པ་གསལ་པོར་རྟོགས་ལགས།

    ཨེ་རེད།

  3. རྫ་ཚེ་རིང་བཀྲ་ཤིས། says:
    2011-06-30 at 1:38 am

    དེ་ག་རང་རེད། ཤེས་རབ་ཀྱི་སྐད་ཆར་མོས་མཐུན་ཡོད།

  4. འདྲེ་མགོ་རྡོ། says:
    2011-06-30 at 3:15 am

    ལུང་ཤེས་གཉིས་ཀ་གང་ངར་རེད། ཤེས་རབ་ཀྱི་ཡིག་ནོར་རྟ་འདྲ་བོ་དེ་ཚོ་གཡུག་བཞག་ན་དེ་ལས་དགའ་ས་རེད། ཁྱེད་གཉིས་བཀའ་མོལ་གནོང་དང་ང་ཚོས་དོ་སྣང་བྱེད་ངེས་ཡིན།

  5. འཇང་གཡུ་ལྷ་ཐོགས་འགྱུར says:
    2011-06-30 at 3:23 am

    ཤེས་རབ་གིས་༧་གོང་ས་མཆོག་གི་དགོངས་པ་གཏིང་ཟབ་ལ་རྒྱ་ཆེ་བ་རེད་ ངའི་སྐད་ཆ་ཉན་གི་འདུག་ཟེར་བ་དེ་མ་རེད་པས

  6. ལུང་རིགས་རྒྱལ། says:
    2011-06-30 at 7:29 am

    ཤེས་རབ་ལགས། ཁྱེད་ཀྱི་མཆན་དེའི་ནང་ནས་ངས་གོ་བསྡུར་བྱེད་འདོད་ས་གཅིག་རང་འདུག དེ་ནི་མཚན་མཐུན་བཟའ་སྒྲིག་ལ་མི་དམངས་ཀྱི་སྐུ་ཚབ་ཚོས་མང་མོས་ཀྱི་ཐག་གཅོད་བྱས་པ་འདི་ག་རེ་བྱས་ནས་མ་འགྲིག་པ་རེད་ཅེས་པ་འདི་རེད། མིའི་ནུས་པ་ལ་ཚད་ཡོད་པ་རེད། མིའི་རང་དབང་ལ་ཚད་ཡོད་པ་མ་རེད། དེ་བས་ང་ལ་མཚོན་ན་ཚད་ཡོད་པའི་མིའི་ནུས་པ་ལ་ཚད་འཛིན་པ་འདི་འགྲིག་གི་མི་འདུག ཡིན་ཡང་། ཚད་མེད་པའི་མིའི་རང་དབང་ལ་མཚམས་རེར་ཚད་མ་བཟུང་ན་འགྲིག་གི་མི་འདུག་སྙམ་པ་ཞིག་འདུག འདིའི་རིགས་ནི་མ་གཞི་ནས་ལྟ་སྟངས་ཁམ་ཁམ་པོ་ཙམ་རེད་མ་གཏོགས། མཐའ་གཅིག་ཏུ་དཀར་པོ་དང་ནག་པོ་ཡི་སྐད་ཆ་མ་རེད།

    སྐད་ཆའི་རྐང་གཞན་པ་དེ་ཚོར་རུལ་དྲི་ཅུང་ཙམ་ཁ་གི་འདུག དགོངས་དག

  7. བོད་ལ་ཞེན། says:
    2011-06-30 at 2:18 pm

    འཇིགས་སྐུལ་བ་ལ་རྒྱབ་སྐྱོར་ཡོད་མདོག་དང་ང་ཚོར་རོགས་རམ་བྱེད་མཁན་ཨ་རི་ལ་སྡང་པོ་བྱེད་བ་ནི་བཟང་ངན་མི་ཤེས་པ་མ་ཡིན་ནམ།

  8. ལུང་རིགས་རྒྱལ། says:
    2011-06-30 at 3:06 pm

    འགྲིག་མ་འགྲིག་ཅེས་པ་སྐད་ཆ་གཅིག་རེད། དགའ་མི་དགའ་ཟེར་པ་སྐད་ཆ་གཉིས་རེད། འགྲིག་མ་འགྲིག་གི་སྐད་ཆ་དེ་སོ་སོའི་དགའ་ས་ཉེ་ས་དག་ལ་ཡང་བཤད་གིན་ཡོད་པ་མ་རེད་དམ།

  9. ཤེས་རབ། says:
    2011-06-30 at 6:18 pm

    ལགས་སོ་ལུང་རིགས་རྒྱལ། ཁྱེད་ཀྱི་ལན་འདིར་བསམ་བློ་ཅུང་གཏང་གི་ཡིན། ལན་སྤྲོད་ཡས་མེད། 

  10. ལྷ་མོ་ says:
    2011-07-01 at 10:30 am

    ཡག་པོ་འདུག་མུ་འཐུད་དུ་བྲིས་བྱ་བ་མེད་ན་འདིར་ཤོགས་དང་རྩོད་པ་རྒྱོབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme