Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་ཞོགས་དང་ཐེའུ་རང་གཉིས་ཀྱི་ལྕི་ཡང་།

Posted on 2011-06-22 By ཁ་བརྡ་ 12 Comments on སྐུ་ཞབས་ཞོགས་དང་ཐེའུ་རང་གཉིས་ཀྱི་ལྕི་ཡང་།

བསྟན་འཇམ །

དེ་རིང་གླེང་མོལ་གྱི་མགྲིན་སྒོ་ཡངས་པོར་ཕྱིས་ཏེ་ཆབ་སྲིད་དང་ནག་ཉེས་ཀྱི་ལྕི་ཡང་ལ་ཕྱོགས་ཙམ་འབྱེད་ན ། ལ་ལས་ཉེས་ཅན་དུ་རྩི་ཡང་སྲིད་མོད ། དེ་ལ་ཁ་ཡ་མ་བྱས་པར་རང་གི་བསམ་འདུན་དངོས་རྗེན་པར་བཤད་ན་འདོད ། རང་རེའི་བོད་ཀྱིས་ས་ཞི་རྒོལ་ཞེས་བསྙད་པ་དང་རྒྱ་གཞུང་གིས་འཕྲོག་བསྲེག་གཏོར་བཅོམ་གྱི་ལྟ་སྟངས་མཛད་པ་ནི་གླེང་མ་དགོས་པ་ཞིག་རེད ། ཡིན་ནའང་། སྐབས་ཐོག་དེར་ཚེ་སྲོག་ཤོར་བ་དང་བཙོན་དུ་ཚུད་པ་ནད་གཅོང་དུ་གྱུར་བ་སོགས་ཀྱིས་ སུ་ཞིག་ལ་ཕམ་ཁ་ཕྱིན་ཡོད་པ་དང་རྒྱལ་ཁ་བརྙེས་ཡོད་པ་ནི་སུས་ཀྱང་ཚོད་དཔག་གི་ཡུལ་ལས་འདས་ཡོད ། { ཁྲག་ཡིག་}རྩོམ་པ་པོ་བཀྲ་ཤིས་བར་བརྟན་ནམ་ཐེའུ་རང་ནི་སྐབས་དེའི་གནས་ཚུལ་དམར་བཤུས་འབྲི་མཁན་གྱི་གྲལ་དུ་ཡོད ། དཔེ་དེབ་{ཁྲག་ཡིག་}གིས་ཁོང་བསྟུན་མུར་བཙོན་དུ་འགྲོ་བརྡ་ཡང་ཡང་བཏང་སྟེ་ཚ་འདྲི་ནན་མོ་གྱིས་རེ་ཞིག་གློད་བཀྲོལ་ཐོབ་ཡོད་ན་ཡང་ ། སྟབས་མ་ལེགས་ཤིག་ལ་ཉེ་བའི་ཆར་རྩོམ་པ་པོ་ཐེའུ་རང་ལོ་བཞིའི་བཙོན་ཐག་བཅད་པའི་གསར་འགྱུར་བདག་གི་རྣ་ལམ་དུ་ཟོན་མ་ཐག་སྐུ་ཞབས་ཞོགས་དུང་གི་གནམ་ས་གོ་འབྱེད་མིག་ལམ་དུ་ཤར་སོང་། དེ་ལྟར་མིག་ལམ་དུ་ཤར་དགོས་པའི་རྒྱུ་རྐྱེན་ནི་རྩོམ་གཞི་དང་མི་ཚུལ་གཉིས་ལ་ནོན་བསམ་ཞིག་གཏོང་འདོན་པས་ཡིན ། གནམ་ས་གོ་འབྱེད་དང་ཁྲག་ཡིག་གཉིས་ལ་ལྕི་ཡང་གི་ལྟ་སྟངས་འབྱེད་པའི་མི་བུ་མོད་པོས་གནམ་ས་གོ་འབྱེད་ལ་གོ་བ་ཆེ་རབས་དང་གནད་ས་ཟིན་ཡོད་རབས་སྨྲས་པ་ཁ་གཅིག་གྲགས་རེད ། ཕྱོགས་ཡོངས་ནས་བལྟས་ན་དེ་ནི་བདེན་ཤེད་ཆེ་བའི་གཏམ་ཞིག་ཀྱང་རེད་དེ ། ཡིན་ནའང་། སྐུ་ཞབས་ཞོགས་དུང་དང་ཐེའུ་རང་གཉིས་ལ་བཙོན་ཐག་གི་ཐད་ནས་ཧེ་བག་གནམ་ས་བཞིན་དུ་གོ་འབྱེད་དགོས་བྱུང་བ་ནི་རྩོམ་པ་པོའི་མི་གཞི་ལ་ལྕི་ཡང་རྒྱུག་པ་རེད་དམ། རྩོམ་གཞུང་སྤྱི་སྙིང་ལ་ཟབ་ཡང་གི་ཁྱད་པར་ཤོར་བ་རེད་། བྱུང་རིམ་འདི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད ། ཁྲག་ཡིག་གི་རྐྱེན་གྱིས་ཁོང་ལོ་བཞིའི་བཙོན་ཐག་ཁྲིམས་ཐག་བཅད་པ་དེས་ཁྲག་ཡིག་ལ་རིན་གོང་འཕར་ཞིང་ཁྲག་ཡིག་ལ་དུང་པ་ཇེ་ཟབ་ཏུ་བཏང་ཡོད ། གལ་ཏེ་གནམ་ས་གོ་འབྱེད་ཀྱི་རྒྱུ་བྱས་ནས་སྐུ་ཞབས་ཞོགས་དུང་ཡང་ལོ་ངོ་དུ་མའི་བཙོན་འཇུག་བྱས་ཡོད་ན་གནམ་ས་གོ་འབྱེད་ད་ལྟ་ན་གཞོན་རྣམས་ཀྱི་བློ་འབྱེད་སློབ་དེབ་ཏུ་གྱུར་ཡོད ། དེ་ལས་ལྡོག་ཏུ་བརྗོད་ན། ཞོགས་དུང་བཙོན་ཁང་དུ་མགྲོན་འབོད་ཙམ་ཞིག་གིས་ཕྱིར་རང་ཁྱིམ་གི་འཚོ་བ་སྔར་བཞིན་རོལ་ཐུབ་པ་འདིས་གནམ་ས་གོ་འབྱེད་ཀྱི་རིང་ཐང་མར་ཆག་ནས་དུས་ཚོད་རྫོགས་པའི་ཚོང་ཟོག་དང་གཅིག་མཚུངས་སུ་གྱུར་ཡོད །
ཁྲག་ཡིག་དང་གནམ་ས་གོ་འབྱེད་གཉིས་ཀྱི་བོད་ལ་ཕན་མ་ཐོག་པ་མིན་ཡང་རྩོམ་པ་པོའི་མི་གཞི་ཐད་ནས་ལྕི་ཡང་གི་ཁྱད་པར་ཤོར་ཡོད་པ་གསལ་པོ་རེད ། ཁྲག་ཡིག་གི་དམ་བཅའ་དང་ཁྲག་ཡིག་གི་ཆོད་སེམས་ཡ་མ་བྲལ་བ་ཡོད་པས་ཐེའུ་རང་ལོ་ངོ་བཞིའི་བཙོན་ཐག་ཐག་བཅད་པ་འདིས་གནམ་ས་གོ་འབྱེད་ལ་དྲི་བ་ཞིག་རང་བཞིན་དུ་སླེབས་ཡོད ། སྐུ་ཞབས་ཞོགས་དུང་གིས་ཁ་ཆེམས་འཇོག་ཞོར་དང་སྐྲག་སྣང་སྐྱེ་བཞིན་དུ་བྲིས་པའི་གནམ་ས་གོ་འབྱེད་ཀྱིས་སྲིད་པའི་བོད་པ་ཡོངས་ལ་གོ་བརྡ་གནད་ལ་ཕོག་པ་ཞིག་བསྟན་ཡོད་ཀྱང་རྩོམ་གཞི་དང་མི་ཚུལ་གཉིས་གནམ་ས་བློ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཐེབས་འདུག་སྙམ །

ཟིན་བྲིས་པ་རྣམས་ཀྱིས་གོང་བརྗོད་ཀྱི་རྩོམ་གཞི་དང་མི་ཚུལ་དེ་གཉིས་ཀྱི་ཐད་འབྲི་སྤེལ་ཅི་ཡང་མ་བྱུང་བ་ནི་ཡིད་ཕངས་པ་ཞིག་རེད ། ཡིན་ནའང་། གནས་ཚུལ་དེ་གོ་ནོར་ལོག་འགྲེལ་དང་གླུན་པོ་མཁས་ཚུལ་མཛད་མཁན་ཚོས་འདིའི་རིགས་བློ་ཡུལ་འདས་ཏེ་རྒྱང་དུ་བཀྱེད་པ་ནི་ཅུང་ཡག་ཙམ་དུ་གདའ ། ངས་འདི་ལྟར་བཤད་དོན་ནི་སྐུ་ཞབས་ཁོང་གཉིས་རྗེས་དྲན་དང་དྲན་ཤིང་གི་སྲོལ་དུ་བྲིས །

སྣ་ཚོགས།

Post navigation

Previous Post: དཔའ་བོ་ཚོའི་བྱས་རྗེས་ལ་ནག་ཐིག་ཕབ་མི་རུང་།
Next Post: བྱས་རྗེས་ཆེ་བའི་སྒོ་བརྩོན་ལགས་ཀྱི་བྱུང་བ་མདོར་བསྡུས་ཤིག

Comments (12) on “སྐུ་ཞབས་ཞོགས་དང་ཐེའུ་རང་གཉིས་ཀྱི་ལྕི་ཡང་།”

  1. བསྟན་འཇམ ། says:
    2011-06-22 at 5:45 pm

    རྩོམ་ཡིག་འདི་ཁ་བྱང་དང་རྩོམ་གཞུང་སྤྱི་ལ་ཡིག་ནོར་གདགས་ནོར་མང་དག་ཅིག་འདུག་པས་བསུབ་རོགས་ཞུ །

  2. འཕགས་ཁོ། says:
    2011-06-22 at 6:59 pm

    ༢༠༠༨ ལོའི་ས་བྱི་ཞི་ཞི་རྒོལ་ཆེན་མོར་འབོད་པའི་གྱེན་ལངས་དེས་མི་དམངས་ཀྱི་རེ་སྒུག་དང་དད་ཞེན། ད་དུང་བརྒྱུད་སྐུལ་ལས་འགུལ་སྤེལ་ཐབས་ཀྱི་ཆབ་སྲིད་ཀྱི་ངོ་བོ་མཚོན་ཐུབ། དཔེ་དེབ་རྩོམ་པ་པོས་དེ་ནི་མི་དམངས་ཀྱི་གོ་རྟོགས་སད་དེ་རང་གི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་ཚུལ་བསྙད་པ་ནི། བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་པ་ཞིག་གིས་སྨད་ན་དགའ། ཞེས་པའི་དཔེ་རུ་སོང་འདུག དེ་ལས་ ༢༠༡༠ ལོའི་སློབ་མའི་ཁྲོམ་སྐོར་སྐད་འབོད་བྱེད་སྟངས་དེའི་རིགས་ཀྱིས་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་ཤེས་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྟངས་ཤིག་ཡིན་ཟེར་ན་ནོར་མེད།
    མུ་འགོད། དུས་ཚོད་ཀྱི་དབང་གིས་དེ་རིང་འབྲི་མཚམས་མི་འཇོག་ཐབས་མེད་བྱུང་།

  3. པ་མགོ says:
    2011-06-23 at 4:58 am

    ཁྱོད་རང་བསམ་ཚུལ་ཡ་མཚན་རེད་ལ། ཁྱོད་རང་གི་བསམ་ཚུལ་ཡིན་ན་རྩོམ་པ་པོ་འཛིན་པ་གསོད་པ་གཉིས་ཀྱི་གཅིག་བྱས་དང་ན་རང་བཞིན་གྱིས་རིན་ཐང་ཡོད་པ་ཡིན་ནམ། ཁྱོད་རང་ལྟ་བུ་ཞིག་གིས་རྩོམ་པ་པོ་ཁོང་གཉིས་ཀྱི་ལྕི་ཡང་རིན་ཐང་གླེང་བ་ལས་མ་གླེང་ན་བཟང་། ཁྱོད་རང་གླེང་བ་དེ་ལ་གོ་བ་ཅི་ཡང་མེད་ཀི

  4. འདྲེ་མགོ་རྡོ། says:
    2011-06-23 at 5:14 am

    སྐྱག་དྲི་བྲོ་བའི་རྩོམ་འཆལ་འདིའི་རིགས་མ་འབྲི། ལྷག་པར་སྐུ་ཞབས་ཞོགས་དུང་དང་ཐེའུ་རང་སོགས་ངོ་མི་ཤེས་ན་བརྗོད་བྱར་བཟུང་ནས་གླེན་རྟགས་མ་སྟོན་རོགས།

  5. བསྟན་འཇམ ། says:
    2011-06-23 at 6:25 am

    ཡིག་ནོར་དང་གདགས་ནོར་གང་མང་ཞིག་ཤོར་འདུག་པས་འདི་བསུབས་རོགས་ཞེས་ལན་སྐུར་ཀྱང་བསུབ་མི་འདུག གལཏེ་ཀློག་པོ་རྣམས་ཀྱི་ཀློག་འདོད་ཡོད་ཚེ་ཡིག་ནོར་ཐེར་འདོན་གྱིས་ཀློགས་རོགས་ཞུ །

    ཨོ་བཤད་རྒྱུ་ཞིག་ལ་འདྲེ་མགོ་རྡོ་ལ་ཁག་མེད་འདི་ལྟར་བཤད་ཡ་མ་གཏོགས་གཞན་ལྷག་མེད །

  6. གངས་སྦལ། says:
    2011-06-23 at 12:14 pm

    ཐེའུ་རང་ལ་འདི་ལྟར་ལོ་ཐག་བཅད་པ་དེ་ཕྱོགས་ནས་ལྟ་དགོས་པ་རེད་ལ། ཞོགས་དུང་ལ་དེ་ལྟར་བཙོན་ཐག་མ་བཅད་པ་དེར་ཡང་དེ་ལྟར་ཕྱོགས་མང་པོ་ནས་ལྟ་དགོས་པ་རེད།

    ཐེའུ་རིང་ནི་རྔ་བ་ཁུལ་མཛོད་དགེ་རྫོང་ནས་ཡིན་ཞིང་། ཞོགས་དུང་ནི་མཚོ་སྔོན་གཅན་ཚ་ནས་རེད།
    ཐེའུ་རིང་ནི་ཁྱིམ་དུ་ཨ་མ་ཞིག་ལས་རྒྱབ་ལྗོངས་གང་ཡང་མེད་པའི་སློབ་མ་ཞིག་ཡིན་ཞིང་། ཞོགས་དུང་ནི་ཚད་ལྡན་ལས་ཁུངས་ཀྱིས་འགན་ལེན་ཡོད་པའི་ལས་བྱེད་པ་རྒན་པ་ཞིག་རེད། རྔ་བ་ཁུལ་སྲིད་གཞུང་ནི་བོད་ཀྱི་དགྲ་བོ་ངོ་མ་ཞིག་ཡིན་ཞིང་། མཚོ་སྔོན་ནི་དེ་ལས་ལྡོག

  7. འཕགས་ཁོ། says:
    2011-06-23 at 6:20 pm

    འབྲི་དགོས་པ་ཁོ་གཉིས་ཀྱི་ལྕི་ཡང་རེད། ཡིག་ནོར་དང་གདགས་ནོར་རེ་གཉིས་ལ་ཅི་སྐྱོན། མཆན་དང་ཚིག་མཛོད་གཅིག་པ་མ་ཡིན་པ་ཤེས་པར་གྱིས། དེ་ལས་འབྲི་དགོས་པ་དེ་བྲིས་ན ????

  8. ལྷ་ལུང་དོན་འགྲུབ། says:
    2011-06-23 at 6:42 pm

    ༧རྒྱལ་བ་ཚང་གིས་ཞོགས་དུང་གི་ལ་རྒྱ་ལ་བསྟོད་པ་གནང་བ་རེད་ཟེར། དེ་བདེན་པ་ཨེ་རེད།

  9. བསྟན་འཇམ ། says:
    2011-06-24 at 5:16 am

    བདེན་པ་རེད་ ཁྱོད་ལ་ཅི་བཤད་རྒྱུ་ཡོད །

  10. འཕགས་ཁོ། says:
    2011-06-24 at 6:54 pm

    ཐེའུ་རངས་ལ་ཨ་མ་ཞིག་ལས་རྒྱབ་ལྗོངས་གང་ཡང་མེད་པ། ཞོགས་དུང་ལ་ཚད་ལྡན་ལས་ཁུངས་ཀྱི་རོགས་འདེགས་འོག་བཙོན་ཐག་མ་བཅད་པ། རྔ་བ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་དགྲ་བོ་ཡིན་པ་བཅས་ནི། ཁྱེད་ཀྱི་བློ་ངོར་རང་དགར་གྱིས་འཆར་བའི་སྣང་བ་ཙམ་རེད། དངོས་གནས་རྒྱབ་ལྗོངས་ཁྱེད་ཀྱིས་བཤད་པའི་སྐད་ལ་མི་འདུག ཁོའི་ཁྱིམ་ན་ཨ་མ་ཞིག་ལས་མེད་པ་འདིས་ཁོ་ནི་ཁྱོ་ག་མེད་པའི་རྒན་མོ་ཁེར་འདུག་གི་བུ་ཞིག་ཡིན་པ་གཅོད་པ་ལས། གཞན་ཁོ་ལ་གཉེན་ཉེ་དུ་དང་ཚད་ལྡན་ལས་ཁུངས་གང་གིས་ཀྱང་རྒྱབ་སྐྱོར་མེད་པ་ཇི་ལྟར་གསལ་བཤད་བྱེད། ཡང། ཁྲིམས་ཐག་གཅོད་མིན་ནི་ནག་ཉེས་ལྕི་ཡང་གིས་ཐག་གཅོད་བྱེད་དགོས་པ་རེད། གཞན་པན་ཆེན་རིན་པོ་ཆེ་ལྟ་བུར་ཚད་ལྡན་ལས་ཁུངས་ཀྱི་རྒྱབ་སྐྱོར་མ་རྙེད་པར་བཙོན་ཐག་བཅད་པ་ག་ལ་ཡིན། གཙོ་བོ་གནད་ལ་ཁེལ་ཞིང་ཚིག་ཐག་ཆོད་པོའི་སྒོ་ནས་དངོས་ཡོད་གནས་ཚུལ་བཤད་ཡོད་མེད་ལ་རག་ལས་ཡོད། ཡང་གཅིག་བཤད་ན། ཞོགས་དུང་གིས་རྒྱ་ནག་སྲིད་གཞུང་ལ་ངའི་ཁྲིམས་འགལ་གྱི་སྐད་ཆ་བཤད་ཡོད། ཅེས་མགོ་འདོགས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་དང་གཅིག་མཚུངས་རེད། ཐེའུ་རངས་ཀྱིས་༢༠༠༨ ལོར་རྒྱ་གཞུང་གིས་བོད་ལ་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དེ་རྒྱལ་སྤྱིའི་རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་གཙི་འཇོག་མ་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། ཁོས་བྲིས་པའི་རྩོམ་རྣམས་རྩ་ཁྲིམས་གང་དུའང་འགལ་བ་ཞིག་མ་ཡིན་པ་སྙིང་སྟོབས་ཀྱིས་ཞིབ་འབྲི་བྱས་པ་ཞིག་ཡིན་ལ། བཙོན་ཁང་ནས་བཅར་རྡུང་བྱེད་སྐབས་ཀྱང་ཁ་ནས་ཚིག་འདི་ལས་ཤོར་ཡོད་མི་སྲིད།

  11. ཞོགས་ལྗང་། says:
    2011-06-27 at 10:09 am

    རབ་ཡིན་ན་དགོད་བྲོ་བའི་གཏམ་འདི་འདྲ་མི་སྤེལ་བའི་རེ་བ་སྙིང་ནས་ཆེ་གི་ལགས།

  12. འཕགས་ཁོ། says:
    2011-06-27 at 1:32 pm

    སུ་ལ་བཤད་པ་ཡིན? ཁྱོད་བོད་ནང་གི་རྩོམ་པ་པོ་ཞོགས་ལྗང་ཨེ་ཡིན?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme