Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས

Posted on 2011-06-21 By ཁ་བརྡ་ No Comments on ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས

(སྤྱན་དུངས་ཀྱིས་”ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་”ཞེས་པའི་འབོལ་རྩོམ་ལས་ཟུར་འཕྲོས་ཀྱི་ཚོར་རྟོག་འགའ།)

འགར་ཚེ་རྒྱལ།

༡ སློབ་སྦྱོང་ནི་ཅི་ཞིག་ཡིན་པའི་ཚོར་རྟོག
སློབ་སྦྱོང་ནི་རང་རྒྱུད་ལ་སྔ་ན་མེད་པའི་གསར་ཐོབ་ཀྱི་རིག་གནས་གང་ཞིག་རྒྱུད་གཤིས་ལ་གསོག་སྒྲུབ་དང་འཇགས་སུ་འཇུག་པར་བརྩོན་འགྲུས་བསྐྱེད་པ་སྟེ། མདོར་བསྡུས་ཏེ་ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་མིའི་རིག་རྩལ་གྱི་ནུས་པ་ལ་བརྟེན་ནས་ཤེས་བྱ་གང་ཞིག་སེམས་རྒྱུད་ལ་གོམས་གཤིས་ཆགས་པར་བྱས་པ་དེ་ལ་ཟེར་ཆོག སེམས་ཁམས་རིག་པ་བ་རྣམས་ཀྱིས་མྱོང་གྲུབ་ཀྱི་ལམ་ནས་ཤེས་ཡོན་ཡར་རྒྱས་འགྲོ་བའི་ཆེད་དུ་སློབ་སྦྱོང་བྱེད་རྒྱུར་གོམས་གཤིས་ཆགས་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཞིག་རེད་ཅེས་པའི་ལྟ་སྟངས་ཤིག་ཚད་མར་བཟུང་ཡོད་པ་དེ་ཡང་སྒོས་སུ་སློབ་སྦྱོང་ནི་ཅི་ཞིག་ཡིན་པའི་ངོ་བོ་བསྟན་ཡོད་པ་རེད།
ང་ཚོ་འགྲོ་བ་མིའི་རིགས་རང་སྟེང་ནས་བཤད་ན་མིར་སྐྱེས་ཙམ་ནས་སྨྲ་ཤེས་པའི་མཚོན་འགྲོ་ཆགས་ཉལ་འདུག་སོགས་གྲུབ་ཆ་མང་པོ་ཞིག་གཅིག་གཅིག་ལ་ལད་བཟློས་རྗེས་འབྲང་དང༌། བསྐྱར་བཟློས་ཡང་བཟློས་ཀྱི་སྦྱོང་བརྡར་བྱས་པ་ལ་བརྟེན་ནས་རྒྱུད་ལ་གོམས་གཤིས་ཆགས་པ་ཞིག་སྟེ། མཐར་གཏུགས་ནས་བརྗོད་ན་གོམས་གཤིས་ནི་སློབ་སྦྱོང་གི་རྩ་བའི་གྲུབ་ཆ་གཙོ་བོ་དེ་རེད་ཟེར་ཆོག དེར་བརྟེན་བྱ་གཞག་དང་རིག་གནས་གང་ཞིག་མིའི་ཤེས་རྒྱུད་ལ་གོམས་གཤིས་ཆགས་པ་ནས་བློ་ལ་མ་ངེས་པ་དང༌། བསམ་དུ་མི་བཏུབ་པ། རབ་རིབ་ཀྱི་སྣང་ཚུལ། བྱང་ཆ་མེད་པ་སོགས་ཀྱི་དཀའ་ངལ་དག་གཙང་སེལ་འགོག་མེད་རང་བཞིན་གྱིས་ཤེས་བྱ་གང་ཞིག་ཀློང་བརྡོལ་བ་ལྟ་བུའི་སྣང་ཚུལ་ཞིག་འབྱུང་གིན་ཡོད་པ་དེ་སློབ་སྦྱོང་གི་གྲུབ་འབྲས་རེད། སྤྱིར་ཤེས་བྱ་མཐའ་ཡས་པ་ཞིག་ཡོད་པ་དེ་མཚུངས་སློབ་སྦྱོང་གི་ངོ་བོའང་གཞི་གཅིག་ཏུ་མ་ངེས་པར་རྣམ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་སྟོབས་སྤྱི་རྡོག་ལྟ་བུ་ཞིག་ཚོད་འཛིན་དང་གཏན་འཁེལ་བྱེད་མི་ཐུབ་པ་ཞིག་རེད།
ཤེས་བྱ་གང་ཞིག་སྦྱངས་ཐོབ་ཀྱི་གྲུབ་འབྲས་ཡང་རྩེར་སོན་དགོས་ན་སློབ་སྦྱོང་གི་བྱེད་ཐབས་རྐྱང་བས་ཕུགས་འདེད་དང་མཐའ་འཁྱོལ་བ་ཞིག་བྱེད་མི་ཐུབ་པས། སློབ་སྦྱོང་ལ་ཤུགས་བསྐྱེད་སྐུལ་འདེད་ཀྱི་ནུས་པ་གཞན་ཞིག་ཡོད་པ་ནི་གསལ་དྭངས་མངོན་གྱུར་གྱི་བློ་རིག་གྲུང་པོ་ཞིག་དང་ལྷད་མེད་ཡང་དྭངས་གཙང་གི་ཀུན་སློང་ཡང་དག་ཅིག་དགོས་པ་དེ་ཡིན།
འུ་ཅག་འགྲོ་བ་མིའི་རིགས་ཀྱིས་ས་སྟེང་གི་སེམས་ལྡན་སྲོག་ཆགས་ཤིག་གི་སྐྱེ་གཟུགས་བླངས་ཡོད་པ་མ་ཟད། ཚེ་སྲོག་གི་གྲུབ་སྟངས་ཤིག་གིས་སྲོག་ཆགས་གཞན་རྣམས་ལས་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་རིག་ཤེས་ཁྱད་པར་བ་ཞིག་ཡོད་སྟབས། མིའི་རིགས་ལ་རང་གི་མངོན་འདོད་དེ་ལག་ལེན་དང་འཚོལ་སྒྲུབ་གྱི་ནུས་ཤུགས་བསྐྱེད་ཐུབ་པའི་རྒྱུད་གཤིས་རྨད་དུ་བྱུང་བ་ཞིག་རང་བཞིན་གྱིས་འཇགས་ཡོད་པ་རེད། གལ་སྲིད་མིའི་རིགས་ཀྱང་དུད་འགྲོ་ལྟ་བུའི་རྨོངས་འཐོམ་གྱི་སྲོག་ཆགས་དཀྱུས་མ་ཞིག་ཡིན་པའི་དབང་དུ་བཏང་ན། མིའི་སྤྱི་ཚོགས་ཀྱིས་ཟླུམ་གཟུགས་ཀྱི་གོ་ལ་འདིར་ཚན་རྩལ་རིག་གནས་སོགས་སྒེར་གཅོད་དང་བདག་འཛིན་བྱེད་པའི་ལས་སྐལ་འདི་ཡང་ཆེས་སྤྱིར་བཏང་བ་ཞིག་སྟེ། ད་ཆ་མིའི་རིགས་ནི་ཕལ་ཆེར་འཇིག་རྟེན་འདིའི་སྒང་སྟེང་གི་ཅི་ཡང་མི་འཁྱོངས་པའི་སྲོག་ཆགས་ཐ་མལ་བ་ཞིག་ཡིན་པ་ཐག་གིས་ཆོད། ཡིན་ནའང་སྣང་ཚུལ་དེ་ལས་འདའ་སྟེ་མིའི་རིགས་ལ་གསལ་དྭངས་མངོན་གྱུར་གྱི་བློ་དང་རིག་ཤེས་ཁྱད་དུ་འཕགས་པ་ཞིག་རང་ཆོས་སུ་གྲུབ་ཡོད་སྟབས། ས་ཡི་གོ་ལ་འདིར་སྒེར་བདག་དང་བཙན་འཛུལ་བྱེད་པའི་ལས་སྐལ་འདི་འུ་ཅག་འགྲོ་བ་མིའི་རིགས་ལ་དབང་བ་རེད།
དེ་ལྟར་ཡིན་དུ་སྲིད་ཀྱང༌། ཞིབ་ཏུ་བསམ་བློ་ཞིག་བཏང་ན་འཇིག་རྟེན་འདིའི་དགོས་མཁོ་དང་འབྲེལ་བའི་གསར་གཏོད་རང་བཞིན་གྱི་རིག་དངོས་ཡོད་དོ་ཅོག་མིའི་དཔྱོད་ཤེས་རིག་སྟོབས་དང་ཤེས་ཡོན་སློབ་སྦྱོང་གཉིས་ཟུང་འབྲེལ་གྱི་སྒེར་ཆོས་ལྟ་བུ་ཞིག་ཆགས་ཡོད་སྟབས། དེ་གཉིས་གང་རུང་གི་ཤེད་ཤུགས་མེད་པ་ཡིན་ན་ང་ཚོ་མིའི་རིགས་ཀྱིས་འཛམ་གླིང་འདི་གསེད་བདར་གྱིས་བདག་ཏུ་བཟུང་ནས་ད་ལྟའི་དུས་རབས་གསར་པའི་གནས་བབ་འདི་འདྲ་ཞིག་གི་བར་ཅི་ནས་ཀྱང་བསྐྱལ་ཐུབ་བྲལ་བ་ཞིག་རེད།
༢ ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པའི་ཚོར་རྟོག
ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པ་རེད་ཟེར་ན། སྤྱིའི་ཆ་ནས་བཤད་ན་སློབ་སྦྱོང་བྱེད་པ་ནི་དགོས་མཁོའམ་དམིགས་དོན་ཞིག་འགྲུབ་པའི་ཆེད་དུ་ཡིན། དེ་ལ་ཀུན་སློང་ཡང་དག་ཅིག་སྐྱེས་པ་དེ་མཚུངས་འབད་བརྩོན་གྱི་ནུས་ཤུགས་ཇེ་ཆེར་འཕེལ་ཞིང་སློབ་སྦྱོང་བྱེད་པའི་རྩོལ་བ་དེ་ངང་གིས་སླེབས་ཡོང་བ་ཞིག་རེད། གཙོ་ཆེར་སློབ་སྦྱོང་བྱེད་པའི་བསམ་བློ་འཁྱེར་སྟངས་ནི་སྒེར་དོན་ཤེད་འཛིན་མི་བྱེད་པར་སྤྱི་དོན་གྱི་ཀུན་སློང་ཡང་དག་ཅིག་སྐྱེ་ཐུབ་པ་བྱ་རྒྱུ་དེ་རེད། གལ་སྲིད་སློབ་སྦྱོང་གི་གྲུབ་འབྲས་རང་ཉིད་ཀྱི་འཚོ་ཐབས་ལྟ་གོས་སོགས་སྐྱིད་བདེ་ཙམ་པོའི་དོན་ཁོ་ནར་གཞོལ་བ་ཡིན་ན་སློབ་སྦྱོང་བྱེད་པའི་ཁ་ཕྱོགས་ནོར་སོང་བ་རེད་ལ། ཤེས་ཡོན་པ་ཞེས་པའི་མིང་ཐོབ་རྫིག་པོ་དེའི་འོག་སློབ་སྦྱོང་གི་གྲུབ་འབྲས་དེ་ཡང་ཁྱབ་ནུས་ཆུང་དྲགས་པ་རེད།
དེ་ཡི་ཕྱིར་ན་རང་ཉིད་ཤེས་བྱ་རིག་གནས་སློབ་སའི་ཁོར་ཡུག་ཅིག་ལ་གོམ་པ་སྤོས་ཙམ་ནས་སློབ་སྦྱོང་གི་ཕྱོགས་ལ་འཇུག་པའི་སློབ་གསོ་ཡང་དག་ཅིག་གི་དྲན་སྐུལ་འོག རང་རྒྱུད་ལ་སློབ་སྦྱོང་བྱེད་པའི་བསམ་སྤྱོད་དང་ཀུན་སློང་བཟང་པོ་ཞིག་སྐྱེ་ཐུབ་པ་ཡིན་ན། ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པའི་གནས་ལུགས་དེ་ཚོར་རྟོག་ཐུབ་ཅིང༌། ཅི་ཞིག་གི་ཆེད་སློབ་སྦྱོང་བྱེད་པའི་གྲུབ་འབྲས་དེ་ཡང་དོན་འཁྱོངས་རྨད་དུ་བྱུང་བ་ཞིག་ལེན་ཐུབ་ངེས་ཡིན།
དཔེར་ན། སློབ་ཆུང་ནས་སློབ་འབྲིང༌། དེ་ནས་མཐོ་སློབ་བཅས་འགྲིམས་པའི་སློབ་མ་ཞིག་གི་སློབ་སྦྱོང་རྒྱུད་རིམ་ཁྲོད་རང་ཉིད་ཀྱིས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང༌། བསམ་འཁྱེར། ཀུན་སློང༌། དེ་མཚུངས་རང་ཁྱིམ་གྱི་ཕ་མས་སློབ་སྦྱོང་ནི་ཁ་ཕྱོགས་གང་འདྲ་ཞིག་ལ་དམིགས་ཏེ་སྐུལ་སློང་བྱེད་སྟངས། དགེ་རྒན་གྱི་ངོས་ནས་སློབ་སྦྱོང་ལ་དང་བ་དང་དགའ་ཞེན་འདྲེན་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་སྟངས་བཅས་ཡང་དག་པ་ཞིག་དགོས་རྒྱུ་ནི་གལ་ཆེན་ཡིན། དེ་ལས་འདའ་སྟེ་མི་འདོད་བཞིན་དུ་ཁྱིམ་ཚང་གི་ཁྲལ་སེལ་ལྟ་བུར་སློབ་གྲྭར་སོང་བ་དང༌། སློབ་གྲྭ་ནས་ཉི་མ་འཁྱོལ་ཐབས་དང་ཡིག་རྒྱུགས་ལོན་ཙམ་གྱི་བསམ་འཁྱེར་འོག་སློབ་སྦྱོང་ལ་རྣམ་གཡེང་གིས་འཇུག་པ། དགེ་རྒན་ཚོའི་ངོས་ནས་ཀྱང་གཞུང་སྲིད་ནས་ཟླ་ཕོག་ལེན་ཐུབ་དང༌། འགན་འཁྲི་སྒྲུབ་པར་ཁྲལ་སེལ་ལྟ་བུའི་ཀུན་སློང་ཞིག་བཟུང་ནས་སློབ་ཁྲིད་བྱེད་པའི་གནས་སྟངས་འོག་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པའི་གནས་ལུགས་དེ་ཚོར་རྙེད་ཐུབ་དཀའ་བ་ཞིག་རེད།
འུ་ཚོའི་སྤྱི་ཚོགས་འདི་དེ་ལྟའི་གནས་སྟངས་ཤིག་ལས་འདའ་མ་ཐུབ་པར་ལྷག་ཡོད་སྟབས། ང་ཚོ་མི་རབས་གསར་པའི་གྲས་སུའང་སློབ་སྦྱོང་གི་གཞི་རྐང་བརྟན་པོ་ཚུགས་པ་ཞིག་ཧ་ཅང་གི་དཀོན་པའི་ཚུལ་དུ་ཡོད་པར་སྣང༌། ཡིན་ནའང༌། གནད་དོན་དེ་གཅིག་ཏུ་མ་ངེས་པར་ཕྱོགས་གཞན་ཞིག་སྟེ། ད་ལྟའི་དུས་རབས་ཀྱི་ཁ་ཕྱོགས་དང་སྤྱི་ཚོགས་ཀྱི་གནས་བབ་ལ་དཔག་སྟེ་རྟོག་ཞིབ་བྱས་ན། གཅིག་ནས་ད་ལྟའི་སྤྱི་ཚོགས་ཀྱི་འཁོར་འགྲོས་དང་མི་གཤིས་ཀྱི་རྩིས་ཐང་བཅས་དཔལ་འབྱོར་གྱིས་དབང་བསྒྱུར་ཚད་བརྒལ་བྱས་ཡོད་པ་དང༌། གཉིས་ནས་ཁྲིམས་ལུགས་དང་མི་མང་གི་ཁེ་དབང་དོ་མི་མཉམ་པར་འུ་ཚོའི་སྐད་ཡིག་རིག་གནས་བཅས་ལ་མཐོང་ཆེན་གྱི་ངོ་ཐང་མེད་སྟབས། འུ་ཚོས་བོད་རང་གི་སྐད་ཡིག་དང་རིག་གནས་ཀྱི་ཟ་ཟུར་ཙམ་ལ་འཇུས་ཏེ་སྐབས་རེ་ན་སྒེར་སྤྱོད་ཀྱི་ཚོང་རྫས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ལས། རིག་གནས་སྤྱི་བྱིངས་ཀྱི་ངོས་ཐད་ནས་དར་སྤེལ་དང༌། དེ་ལ་སློབ་སྦྱོང་གིས་གྲུབ་འབྲས་ངེས་ཅན་ཞིག་ལེན་མ་ཐུབ་པར། སྐྱ་ཐང་ཐང་གི་ན་བུན་ཞིག་འུ་ཚོའི་རིག་གཞུང་གྀ་གང་སར་འཐིབས་འདུག་པ་དེ་དོན་དམ་འུ་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་ཚུལ་ཚོར་རྟོགས་མ་ཐུབ་པའི་སྐྱོན་ཉེས་རེད་སེམས་སོ།།
༣ ཅི་ལྟར་སློབ་སྦྱོང་བྱེད་དགོས་པའི་ཚོར་རྟོག
སློབ་སྦྱོང་གི་རྒྱུད་རིམ་དང༌། ཡུན་ཚད། སློབ་སྦྱོང་བྱེད་པའི་དགོས་པ་བཅས་སྟངས་འཛིན་བྱ་རྒྱུ་དེ་སློབ་སྦྱོང་གི་གཞི་འཛིན་སའི་ལམ་ཁ་ལྟ་བུ་ཞིག་རེད། གོང་དུ་གླེང་བ་བཞིན་སློབ་སྦྱོང་ནི་ཤེས་བྱ་གང་ཞིག་ལ་སྦྱངས་བརྩོན་རྩོལ་སྒྲུབ་ཀྱིས་གོམས་གཤིས་ཆགས་པ་དེ་ལ་བརྗོད་པའི་འཛིན་སྟངས་དེ་བཞིན། ཅི་ལྟར་སློབ་སྦྱོང་བྱེད་དགོས་ཚུལ་ནི། རང་སྟེང་གི་རྩོལ་སྒྲུབ་ནུས་པ་དོན་དངོས་ལག་ལེན་དང་སྐབས་ཐོག་བཀོལ་སྤྱོད་བྱ་རྒྱུ་ནི་སློབ་སྦྱོང་བྱེད་པའི་གཞི་རྩ་ཡིན། དེ་ཡང་སློབ་སྦྱོང་ནི་སྤྲོ་མོས་དང༌། འདོད་བློ། དང་བ། འདུན་པ་བཅས་མེད་པར་རྣམ་གཡེང་དང་ཨུ་ཚུགས་མཐར་བསྐྱེད་ཀྱིས་ཡོང་མི་ཐུབ་པ་ཞིག་རེད། སློབ་སྦྱོང་བྱེད་ན་ངེས་པར་དུ་སྤྲོ་མོས་ཀྱིས་རང་ཉིད་སློབ་སྦྱོང་ལ་བློ་ཁ་ཕྱོགས་པ་དང༌། འདོད་བློ་ཡིས་རང་ཉིད་སློབ་སྦྱོང་གི་གཏིང་རིམ་ལ་འཛུལ་བར་བྱེད་པ། དང་བ་ཡིས་རང་ཉིད་སློབ་སྦྱོང་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ། འདུན་པ་ཡིས་རང་ཉིད་སློབ་སྦྱོང་ལ་བརྟེན་ནས་དགོས་མཁོའམ་གཟེངས་སུ་ཐོན་པའི་མི་ཞིག་བྱེད་པ་བཅས་ལ་སྐུལ་འདེད་སྒུལ་ནུས་ཀྱི་རམ་འདེགས་ཐོན་དགོས་པ་ཡིན།
དཔེར་ན། སློབ་སྦྱོང་བྱེད་པའི་སློབ་མ་ཞིག་གི་ངོས་ནས་བཤད་ན། གཞི་རིམ་སློབ་ཆུང་གི་གནས་སྐབས་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་དང་བསྟུན་སློབ་སྦྱོང་ལ་དང་དོད་འདུ་ཤེས་གཞན་བརྟེན་སློབ་གསོའི་སྒུལ་ཤུགས་འོག་རང་རྒྱུད་ལ་ཚུར་ཕབ་ལེན་བྱ་རྒྱུ་དེ་སློབ་སྦྱོང་བྱེད་པའི་དགོས་མཁོའམ་ལག་ཆ་ལྟ་བུ་ཡིན་པ་དང༌། དེ་བཞིན་སློབ་འབྲིང་དང་མཐོ་རིམ་སློབ་མའི་གནས་སྐབས་རང་ཉིད་ཀྱི་ཕུགས་བསམ་དང་མངོན་འདོད་ལྟར་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ། རྟོག་ཡུལ་གྱི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་དེ་སློབ་སྦྱོང་གི་སྟེང་ལ་གཟབ་ནན་སྒོས་འཇོག་ཐུབ་པ་དེ་སློབ་སྦྱོང་བྱེད་པའི་དགོས་མཁོ་ཉག་གཅིག་ཡིན། དེ་ལྟའི་འདུ་ཤེས་དང་རྩོལ་སྒྲུབ་ཀྱི་ནུས་པ་བག་ལ་མ་ཞ་བར་རྒྱུད་རིམ་དང་ཡུན་ཚད་ངེས་ཅན་ཞིག་བརྒྱུད་སློབ་སྦྱོང་བྱས་པ་ཡིན་ན། གཞི་ནས་སློབ་སྦྱོང་ནི་ཅི་འདྲ་ཞིག་ཡིན་པ་དང༌། ཅིའི་ཕྱིར་དུ་སློབ་སྦྱོང་བྱེད་དགོས་པའི་རྟོག་འདུན་དེ་མངོན་གསལ་དུ་ཚོར་ཤེས་ཐུབ་པ་ཞིག་ཡིན་ནོ།
ཟུར་བཤད།
ཁོ་བོའི་འབོལ་རྩོལ་འདི་ནི་ཉེ་སྔོན་ཞིག་ལ་སྤྱན་དུངས་ལགས་ཀྱིས་མཚོ་སྔོན་པོ་ཟིན་བྲིས་སུ་ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་ཞེས་པའི་འབོལ་རྩོམ་ཞིག་བྲིས་གནང་བ་དེ་ལས་འཕྲོས་ཏེ། རང་གི་བསམ་ཚུལ་ཙམ་ཞིག་གླེང་བསླང་བ་ཡིན་མོད། འོན་ཀྱང་ལས་བྲེལ་གྱི་དབང་གིས་མཇུག་སྐྱོང་མ་ཐུབ་པར་ད་ལྟའི་བར་ལྷག་སོང་བས་དགོངས་འགལ་མེད་པར་ཞུ།

རྩོམ་རིག

Post navigation

Previous Post: རང་ལྕེར་རང་གིས་མདུད་པ་བརྒྱབ་པ།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (51)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme