Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ག་ཟླ་བར་བྲིས་པའི་སྙན་ངག

Posted on 2011-06-162011-06-16 By ཡེ་ཤེས་ 13 Comments on ས་ག་ཟླ་བར་བྲིས་པའི་སྙན་ངག

sa

ཀླུ་སྨྱོན་ཧེ་རུ་ཀ
མ་གཞི་ས་ག་ནི་ཆེས་ཐག་རིང་ན་འོད་དུ་འཚེར་བའི་རྒྱུ་སྐར་ཞིག་གི་ཐ་སྙད་ཡིན་སྐད།
རྒྱུ་སྐར་དེ་ཟླ་བ་དང་ཐག་ཆེས་ཉེ་བའི་དུས་ཚིགས་དེ་ལ་ང་ཚོས་ས་ག་ཟླ་བ་ཞེས་འབོད་བཞིན་ཡོད་ཟེར།
གང་ལྟར་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་གྱི་དུས་ཚིགས་འདི་ལ།
རྒྱ་གར་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་རྒྱལ་སྲས་ཤིག་གི་ཆེས་ཐོག་མའི་ངུ་སྐད་ལྷང་ལྷང་གྲགས་དུས།
རྒྱལ་སྲས་དེའི་མཛེས་ལྡན་འཇོ་སྒེག་ལྡན་པའི་མ་ཡུམ་གཞོན་ནུ་དེའི་བྱམས་བརྩེའི་མིག་འོད་ཀྱི་ཀློང་དུ།
འཛམ་གླིང་འདིའི་ས་གཞི་དང་བར་སྣང་ཡོད་ཚད་ཞི་བདེའི་མཁའ་དབུགས་ཤིག་གིས་ཁྱབ་སྐད།
འཕགས་ཡུལ་དུ་ཚ་བ་མེ་ལྟར་འབར་བའི་དུས་ཚིགས་སུ།
གངས་ལྗོངས་སུ་དཔྱིད་རླུང་དལ་བུར་ལྡང་པའི་དུས་ཚིགས་སུ།
རྒྱ་ནག་ཏུ་དཔྱིད་མགོའི་མེ་ཏོག་མཛེས་པར་བཞད་པའི་དུས་ཚིགས་སུ།
སྟོན་པ་བཀའ་དྲིན་ཅན་དེའི་རྗེས་འཇུག་ས་ཡ་དུ་མས།
རང་རང་གི་ཚོད་ཀྱིས་བྱམས་པ་དང་བརྩེ་བའི་ཉམས་ལེན་བྱེད་བཞིན་ཡོད་ཅིང་།
དུས་ཚིགས་ཧ་ཅང་ཐུང་ཐུང་འདི་ཁོ་ནའི་ཀློང་ན།
བདེ་སྡུག་གི་ཚོར་བའི་རི་མོ་ང་ཚོ་འགྲོ་བ་མི་དང་གཅིག་མཚུངས་སུ་ཡོད་ཅིང་།
སང་ཉིན་གསོད་ལ་ཉེ་ཞིང་དེ་རིང་འཆི་བར་འཇིགས་པའི་སེམས་ཅན་དུང་ཕྱུར་དུ་མས།
འགྲོ་བ་མིའི་རིགས་ལ་ཚེ་སྲོག་གི་དམར་མཆོད་བྱེད་མཚམས་རེ་ཞིག་བཞག་པས།
ས་ཆེན་པོ་འདི་ཟུངས་ཁྲག་དམར་པོས་གཤེར་མཚམས་བཞག་པའི་ས་ག་ཟླ་བ།
གནམ་སྔོན་པོ་འདི་འཆི་ཁའི་འོ་དོད་ཀྱིས་ཉིན་འགར་བསྐྱུར་པའི་ས་ག་ཟླ་བ།
གལ་སྲིད་ཟླ་བ་ཡོད་ཚད་ས་ག་ཟླ་བ་ཡིན་ན།
འཛམ་གླིང་འདི་ཞི་བདེའི་འོད་སྣང་གིས་ཁྱབ་སྲིད་ལ།
གལ་སྲིད་ཉི་མ་རེ་རེ་བཞིན་སྟོན་པའི་འཁྲུངས་སྐར་ཡིན་ན།
ས་ཆེན་འདི་བྱམས་བརྩེའི་མེ་ཏོག་གིས་གཏམས་སྲིད་ཅིང་།
གལ་སྲིད་གནམ་འོག་འདི་སངས་རྒྱས་ཀྱི་འཁྲུངས་གནས་ཡིན་ན།
འཇིག་རྟེན་འདི་མཛེས་སྡུག་གི་དག་ཞིང་ཞིག་ཏུ་འགྱུར་སྲིད།
གལ་སྲིད་སྲིད་དོན་པ་དང་ཆོས་ལུགས་པ་དག་གི་མདུན་ཅོག་སྟེང་དུ།
སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་རེ་རེ་བཤམས་ཡོད་ཚེ།
འཛམ་གླིང་འདིར་དམག་འཁྲུག་གི་མེ་ལྕེ་འབར་མཚམས་འཇོག་ཐུབ་ཅིང་།
གལ་སྲིད་མཛོད་ཁང་དང་དངུལ་ཁང་རེ་རེའི་གྲུ་ཟུར་དུ།
བྱང་ཆུབ་ལྗོན་ཤིང་གི་ཡལ་ག་རེ་རེ་བཙུགས་ཡོད་ཚེ།
འཇིག་རྟེན་འདིར་ལྟོགས་སྐོམ་གྱི་སྡུག་བསྔལ་ཁྱབ་མཚམས་འཇོག་ཐུབ་ལ།
གལ་སྲིད་སྙན་ངག་པ་དང་སྒྲུང་གཏམ་པ་ཚོའི་ཀླད་པའི་ནང་དུ།
བྱམས་བརྩེ་ཞེས་པའི་ཐ་སྙད་འདིས་འཚང་ཁ་བརྒྱབ་ཡོད་ཚེ།
མི་ཡུལ་འདི་མཛའ་མཐུན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཅིའི་ཕྱིར་མ་ཡིན།
ས་ག་ཟླ་བ།
ས་སྟེང་ལ་མ་ཎི་རིལ་བུ་འཐོར་བའི་བྱིན་རླབས་ཀྱི་ཟླ་བ་ཞིག
ས་ག་ཟླ་བ།
ས་སྟེང་གི་སྐྱེ་རྒུ་བདེ་ཞིང་སྐྱིད་པའི་ཟླ་བ་རྫོགས་ལྡན་གྱི་ཟླ་བ་ཞིག
ས་ག་ཟླ་བ།
སྐྱེ་རྒུའི་བློ་ཁ་ཆོས་ལ་བསྒྱུར་པའི་མུན་ཁྲོད་ཀྱི་ཟླ་བ་ཞིག
ས་ག་ཟླ་བ།
ཚེ་སྲོག་ལ་དབུགས་དབྱུང་སྩོལ་བའི་བྱམས་བརྩེ་ཡི་ཟླ་བ་ཞིག
ས་ག་ཟླ་བ།
འཇིག་རྟེན་ལ་འོད་སྣང་བཀྱེ་བའི་མཛེས་སྡུག་གི་ཟླ་བ་ཞིག
ས་ག་ཟླ་བ།
ནམ་ཡང་ངའི་ཡིད་ཀྱི་མཁའ་དབྱིངས་སུ་འཚེར་བར་སྨོན།
ས་ག་ཟླ་བ།
ནམ་ཡང་སེམས་ཅན་ཀུན་གྱི་སྙིང་དབུས་སུ་འཆར་བར་སྨོན།

*གོང་གི་འདྲ་པར་དེ་ནི་དེ་རིང་གི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཟླ་འཛིན་གྱི་སྣང་ཚུལ་མཚོན་པའི་པར་ཞིག་རེད།

སྙན་ངག

Post navigation

Previous Post: མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་བ།
Next Post: གཞོན་རབས་ཚོ།

Comments (13) on “ས་ག་ཟླ་བར་བྲིས་པའི་སྙན་ངག”

  1. བོད་པ་ཚང་། says:
    2011-06-16 at 5:45 am

    ས་ག་ཟླ་བ་ང་ཚོ་དང་ཁ་ཐག་རིང་ཐུང་ཇི་ལྟར་ཡང་། ནང་བསྟན་གྱི་བསླབ་བྱའི་བློས་བླངས་ཀྱི་འཇིག་རྟེན་ཞིག་ཡིན་སྐད། ངས་བསམ་ན། དུས་རྟག་ཏུ་ས་ག་ཡིན་ན་མི་འགྲིག་སེམས། གང་ཞེ་ན། འཇིག་རྟེན་གྱི་ཁམས་སུ་རང་བཞིན་ལྷན་སྐྱེས་སུ་སེམས་ཅན་ཐམས་ཅད་འཐབ་རྩོད་ཀྱིས་གནས་དགོས་ཤིང་། འབུ་ཆེས་ཆུང་བཟའ་བ་ནི་འཇིག་རྟེན་ཁམས་ཀྱི་བདེན་དོན་གྱི་ཆོས་ཉིད་རེད། འཇིག་རྟེན་ཁམས་ནི་དག་ཞིང་མ་རེད་ལ་བཟོ་གྲྭ་གཅིག་ནས་བཟོས་པའི་དངོས་པོ་ཞིག་ཀྱང་དེ་བས་མ་རེད་དོ། །

  2. པདྨ་གེ་སར says:
    2011-06-16 at 6:32 am

    ཧ ཧ། དགའ་རབ་བྱུང་། ཀླུ་སྨྱོན་ཡང་སངས་རྒྱས་དང་ས་ག་ཟླ་བ་དྲན་ཤེས་པ་ཞིག་རེད་འདུག དགྱེས་རྡོར་བཀའ་དྲིན་ཅན་པོ་བྱིན་རླབས་ཡོད་ཀི་ཡ། དེ་མིན་ནམ་རྒྱུན་ཡིན་ན་ཁོས་ཕོ་མོའི་མཚན་མ་ཞིག་མ་གཏོགས་ཅི་ཡང་བཤད་རྒྱུ་མེད་པྰ། གཅིག་ན་སུ་ཡིན་ཀྱང་འཆི་ཁ་ནང་པ་སངས་རྒྱས་མ་གཏོགས་རེ་ས་མེད་པའི་དོན་དག་རེད་ཡ། ངའི་གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། ཚོང་ལས་དཔལ་འབྱོར་དང་རིགས་རྒྱུད་གོང་སྤེལ་ལ་ཁ་ཆེའི་ལྟ་བ་འདི་བཟང་། ཆང་ས་དང་སྐྱིད་པོ་གཏོང་བ་ལ་ཡེ་ཤུ་འདི་བཟང་། སྡུག་དངོས་འཕྲད་དུས་ནང་པ་མ་གཏོགས་རེ་ས་མི་འདུག ཟེར། དེ་ལ་གོ་རྒྱུ་འདུག ན་འཆི་རྐྱེན་ངན་བྱུང་དུས་དཀོན་མཆོག་གསུམ་ལས་གཞན་གྱིས་ཕན་པ་དཀའ་བ་ལ། དཀོན་མཆོག་བཀའ་དྲིན་ཅན་མཁྱེན་ནོ། །འགྲོ་བ་སེམས་ཅན་ཀུན་གྱི་བློ་སྣ་ཆོས་ལ་བསྒྱུར་ཏུ་གསོལ། ཆོས་ལམ་དུ་འགྲོ་བ་དང་། ཆོས་ལམ་ལ་འཁྲུལ་བ་སེལ་བ། །འཁྲུལ་བ་ཡེ་ཤེས་སུ་འགྲོལ་བར་གྱུར་ཅིག །

  3. གཙུག་ལག་སློབ་དཔོན་ says:
    2011-06-16 at 7:42 am

    ཀླུ་སྨྱོན་ལགས་ཀྱི་སྙན་ཚིག
    “རྒྱ་གར་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་རྒྱལ་སྲས་ཤིག་གི་ཆེས་ཐོག་མའི་ངུ་སྐད་ལྷང་ལྷང་གྲགས་དུས།”
    ཅེས་པ་འདིའི་དོན་ངས་གོ་ནོར་ཐེབས་སྲིད་ཀྱང་། སྒོ་གང་ས་ནས་བསམས་ཀྱང་། ངའི་རྣ་བར་སྙན་པོ་ཞིག་བྱུང་མ་སོང་ལགས། ས་ཟླའི་ཚེས་བཟང་མ་རྫོགས་གོང་ལ་བསམ་འཆར་ཤོད་ཐལ་ཤོར་སོང་བས་དགོངས་འགལ་མེད་པ་ཅིག བོད་ཀྱི་སྙན་ངག་གི་རིག་པ་མཐའ་མེད་དུ་འཕེལ་བར་ཤོག ། དགེའོ། །

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-16 at 2:52 pm

    ཀླུ་སྨྱོན་ཧེ་རུ་ཀ་ལེགས།
    བྲིས་རྩོམ་ལེགས། ཡི་གེ་ཐོབ་སྟངས། འཚང་ཁ་་ལ་ངས་འདོད་པ་ལྟར་ན། ཚངས་ཀ་དང་། སྐྱེ་རྒུ་ལ་སྐྱེ་དགུ་དགོས། འཚང་། སངས་ཀྱི་ད་ལྟ་དང་། སྐྱེ་དགུའི་ད་སྔོན་འཇུག་ར་དང་ས་གང་རུང་དུ་འབོད་པ་ལས་མ་དག་རྒྱུན་འབྱམས་སུ་སོང་། དཔེར་ན། སྤར་ལ་དཔར་ཞེས་ཡོངས་གྲགས་ཡིན།
    གལ་སྲིད་ཟླ་བ་ཡོད་ཚད་ས་ག་ཟླ་བ་ཡིན་ན།

    འཛམ་གླིང་འདི་ཞི་བདེའི་འོད་སྣང་གིས་ཁྱབ་སྲིད་ལ།
    ཞེས་པ་འདི་རང་གི་ཡིད་སེམས་ལ་རག་ལས། གནས་མཆོག་དག་ཏུ་སངས་རྒྱས་ཀྱི་རྗེས་འཇུག་དག་གིས་བརྒྱ་མཆོད། སྟོང་མཆོད་ཀྱི་སྒྲོན་མའི་འཕྲེང་བ་སྤར་ཏེ། འོད་སྣང་གིས་ཁྱབ་པ་ལྟ་བུ་ལ་དེ་དང་ཐ་མི་རིང་ན། སངས་རྒྱས་ཀྱི་རྗེས་འཇུག་མ་འགའ་ཞིག་་ཆང་བཏུང་ནས་མུན་ཁང་དུ་གཉིད་ལོག་པ་མང་ངོ་།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-16 at 2:58 pm

    རྗེས་འཇུག་མ་ཞེས་པར་་རྗེས་འཇུག་མ་ཡིན་པ་ཞེས་ཀློག་མཛོད། འདི་བདག་རང་གིས་མཐོང་། མ་མཐོང་བ་དང་། མ་ཤེས་པའི་ནོར་བ་མང་བ་དག་ལ་དག་སེལ་མཛོད།

  6. ཀླུ་སྨྱོན། says:
    2011-06-16 at 4:05 pm

    རྒན་ལ་དྭགས་པས་གཙོས་པའི་དྲ་གྲོགས་དག་འདིར་ཕེབས་ཏེ་དྲང་ལྡོག་ཅི་རིགས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།

  7. གཞོན་ནུ་ཟླ་མེད། says:
    2011-06-16 at 4:46 pm

    “རྒྱ་གར་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་རྒྱལ་སྲས་ཤིག་གི་ཆེས་ཐོག་མའི་ངུ་སྐད་ལྷང་ལྷང་གྲགས་དུས།” ཚིག་འདི་ང་ལ་ཡང་བདེ་མོ་ཞིག་རྩ་ནས་མ་རེད། ང་ཚོས་ནམ་རྒྱུན་ཡིན་ན། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།། ས་ཆེན་འདི་ལ་གོམས་པ་བདུན་བོར་ནས།། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།། དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།། འདི་འདྲ་ཞིག་གོམས་ཡོད་པས་ཡིན་རྒྱུ་རེད།།

  8. རྒྱ་རྙི་ནས། says:
    2011-06-16 at 6:04 pm

    ད་རེ་སྐུ་ངོ་བློ་སྦྱིན་གྱིས་བཤད་པར་གནས་ལུགས་འདུག མི་རེ་ཟུང་གི་བཤད་སྟང་ལ་བརྟག་ན་གནོང་ཞིག་འདུག དེ་མཐོ་རིམ་དཔོན་རིགས་ལས་མང་ཁྲོད་དུ་མེད་པར་སྨྲ་མཁན་དེ་དག་ལ་གཟབ་དགོས་བར་སྣང་། གང་ཡིན་ཞེས་ན། ཁོ་བ་ཚོས་ག་དུས་ཡིན་ནའང་མཐོ་རིམ་ཞེས་བ་ནི་༧གོང་ས་མཆོག་ལ་གཟས་ཀྱིན་པ་གསལ། དེ་ག་རེ་བསྟན་གྱིན་འདུག་ཞེ་ན། ༧གོང་ས་མཆོག་དང་མི་མང་གི་བར་ལ་བསམ་བཞིན་འགལ་ཟླ་བཟོ་བཞིན་པ་དུས་བབ་ཚང་གི་ཟིན་བྲིས་སུ་ཁོ་ཚོས་ཡང་ཡང་བཀོད་ཡོད། ད་དུང་ཁོས་༧གོང་ས་མཆོག་ལ། སྒོས་སུ་བཙན་བྱོལ་དུ་མང་མོས་བརྩི་བཀུར་མི་བྱེད། ཅིས་པ་ལ་སོགས་པ་བོད་མི་ཕར་ཆེ་བའི་སེམས་སུ་དུག་གི་མཚོན་ཆས་བསྣུན་པ་ལྟ་བའི་ན་ཟུག་བསླངས། འདི་དག་རྒྱ་གུང་བྲན་གྱིས་ཆར་གཞི་ལྡན་པའི་ལས་ཀ་ཞིག་ཡིན་པ་གསལ་བོ་རེད། ཚང་མས་གཟབ་གཟབ་བྱོས། སྤྱི་སྟང་གསར་ལམ་ཁག་དུའང་ཚད་རྒལ་གྱི་རྙོག་བྲ་འདིའི་རིགས་ཚད་བཀག་བྱེད་དགོས་པ་ལས་དེ་མི་བྱེད་པར་བཏོང་རྐྱང་བྱེད་པ་དང་། དེར་དྲང་བདེན་གྱི་རྒལ་ལན་རེ་སྤེལ་ཚེ་དེ་འགོག་རྐྱང་བྱེད་ཀྱིན་པར་བརྟག་ཚེ་དངོས་གནས་མགོ་རྙོག་འགྲོ་བ་ཞིག་རེད། ཚང་མས་འདིར་བསམ་གཞིགས་རེ་གནང་རོགས་ཞུ།

  9. ཀླུ་སྨྱོན། says:
    2011-06-16 at 6:55 pm

    སྐྱེས་མ་ཐག་ཏུ་མི་ངུ་བའི་བྱིས་པ་ཞིག་འཇིག་རྟེན་འདིར་ཡོད་རབས་དེ་སྔ་མ་ཐོས་པས་དེ་ལྟར་བྲིས་པ་ཡིན། བསམ་མི་ཁྱབ་པའི་གནས་དང་སྦྱར་ན་དེ་ལྟར་མི་རུང་བ་ཡང་ཤེས་ཙམ་ཡིན།

  10. གངས་བུ། says:
    2011-06-16 at 7:15 pm

    བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ངུ་སྐད་ལྷང་ལྷང་ངང་ནས་འཁྲུངས་ཚུལ་འདི་ཐོས་པ་དང་པོ་ཡིན།
    ཨ་ཁུ་ཀླུ་སྨྱོན་གྱི་དག་སྣང་ཁོ་ན་ཡིན་ན་ཐང་།

  11. ཀླུ་སྨྱོན། says:
    2011-06-16 at 11:23 pm

    དེས་ཀྱང་ག་ལ་ཚད་དེ་འཁྲུངས་ནས་ཞག་བདུན་གྱི་རྗེས་སུ་བྱིས་པ་ཆུང་ཆུང་དེའི་ཨ་མ་གྲོངས་སོང་བ་རེད། རང་གི་ཨ་མའི་ནུ་ཞོ་དྲོན་མོ་ཞག་བདུན་ལས་ནུ་མ་ཐུབ་པའི་བྱིས་པ་ཆུང་ཆུང་དེ་སྙིང་མི་རྗེའམ། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་ལྔའི་སྔོན་གྱི་བྱིས་པ་ཆུང་ཆུང་དེའི་ངུ་སྐད་ངའི་རྣ་ལམ་དུ་ད་དུང་གྲག་བཞིན་འདུག སྲུ་སྐྱེ་རྒུའི་བདག་མོའི་ནུ་ཞོ་ཇི་ལྟར་མངར་ཡང་རང་གི་དྲིན་ཆེན་ཨ་མའི་ནུ་ཞོ་ལྟ་བུ་ཞིག་ག་ལ་ཡིན། བྱིས་པ་ཆུང་ཆུང་དེ་སྙིང་རྗེ་ཨང་།

  12. ཀླུ་སྨྱོན། says:
    2011-06-16 at 11:26 pm

    ཡུམ་སྒྱུ་མ་ལྷ་མཛེས་དེ་གྲོངས་ཁར་སྐྱེས་ནས་ཞག་བདུན་མ་གཏོགས་ལོན་མེད་པའི་རང་གི་བྱིས་པ་ཆུང་ཆུང་དེ་ལ་སེམས་ཅི་ཙམ་ཞིག་ཆགས་ཡོད་ཨང་། མིག་ཆུ་ག་ཚོད་ཅིག་བཞུར་ཡོད་དམ། ཨ་ཨ་ཨ། ད་ནི་བསམ་ཕོད་པ་མི་འདུག མ་བུའི་བརྩེ་དུང་ཨང་།

  13. བརྩོན་རྒྱམ། says:
    2011-06-17 at 2:18 am

    ཀླུ་རིན་པོ་ཆེ་སྤྱིར་སྔགས་ལམ་དུ་དུང་པ་ཆེ་ན་ཡང་དེ་རིང་ཁ་སང་བདག་ཅག་གི་བསྟོད་པ་བཀའ་དྲིན་ཅན་གྱི་སྐུ་འཁྲུངས་པ་སངས་རྒྱས་པ་མྱ་ངན་ལས་འདས་པ་བཅས་དུས་ཆེན་སུམ་འཛོམས་ཉིན་གོང་འགབ་དུ་མར་སྙན་རྩོམ་འདྲ་མིན་ཞིག་བྲིས་ཤིང་ད་དུང་རྗེས་དྲན་གནང་པ་འདི་ནི་ངོ་མ་རང་ཉིད་ཀྱི་བསྟོན་པ་བཀའ་དྲིན་ཅན་གྱི་བཀའ་དྲིན་དྲན་ནས་འདི་འདྲ་ཞིག་གནང་པ་ཡིན་པ་དངོས་ཡོད་རེད།  

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme