Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་མི་དང་མཉམ་ལས་མི་བྱེད་པའི་ལས་འགུལ།

Posted on 2011-06-142011-06-14 By ཁ་བརྡ་ 21 Comments on རྒྱ་མི་དང་མཉམ་ལས་མི་བྱེད་པའི་ལས་འགུལ།

tibetan-vegetable-seller
གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།

འདི་ལོའི་རྒྱ་ནག་གི་ལོ་གསར་རྗེས་སུ། བོད་ཁམས་ཁུལ་གྱི་རྫ་སྟོད་དང་རྫ་སྨད་། སྐྱེ་རྒུ་མདོ་བཅས་ནས་བོད་རིགས་ཚོས། རྒྱ་རིགས་ཚོང་ཁང་དག་གི་རིན་གོང་མཐོ་བའི་སྔོ་ཚལ་ལ་ཁ་གཏད་ཀྱི་སླད་དུ། མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བོད་རིགས་ཀྱི་ཚོང་ཁང་ནས་ཅ་དངོས་ཉོ་རྒྱུའི་དམ་བཅའ་བཞག་འདུག་ཟེར། ད་དུང་། གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གསུངས་ན། ས་གནས་ཀྱི་འཚོགས་འདུ་དེའི་རྗེས་སུ། ས་གནས་མི་མང་ཚང་མས་མཉམ་ལས་མི་བྱེད་པའི་ཞི་རྒོལ་ལ་ཞུགས་རྒྱུར་མོས་མཐུན་བྱས་སོང་ཟེར་། དེར་བརྟེན། བོད་རིགས་ཚོང་པ་རྣམས་ཟི་ལིང་དུ་ཕྱིན་ནས། སྔོ་ཚལ་དང་གྲོ་ཕྱེ། སྣུམ་དང་ཇ་སོགས་ཅ་དངོས་རིགས་ཉོས་ཏེ་། ཕྱིར་ས་གནས་སུ་དབོར་ནས་རིན་གོང་ཧ་ཅང་ཚད་དང་ལྡན་པའི་སྒོ་ནས་བཙོང་གི་འདུག་ཟེར། ད་དུང་། ནང་ཆེན་ཁུལ་གྱི་མིང་བརྗོད་འདོད་མེད་པ་ཞིག་གིས་གསུངས་ན། ནང་ཆེན་ཁུལ་གྱི་སྔོ་ཚལ་རིགས་ཀྱི་རིན་གོང་ཧ་ཅང་མཐོ་བོ་འདུག་ཟེར། དཔེར་ན། སྤྱིར་བཏང་ནས་ཀུ་ཤུ་རྒྱ་མ་གང་ལ་རྒྱ་སྒོར་གཉིས་རེད་། ཡིན་ན་ཡང་། རྒྱ་རིགས་ཀྱི་ཚོང་ཁང་ཁག་ཏུ་རྒྱ་སྒོར་བརྒྱད་ལ་བཙོང་གི་འདུག་ཟེར།
གཞི་རིམ་མི་མང་གི་མཉམ་ལས་མི་བྱེད་པའི་ལས་འགུལ་འདིའི་ཐད་། ས་གནས་ཉེན་རྟོག་པས། མི་མང་རྣམས་ལ། གལ་སྲིད་ལས་འགུལ་འདི་ཏཱ་ལའི་བླ་མ་དང་བོད་རང་བཙན་ལ་འབྲེལ་བ་ཡོད་ཚེ། ཁོང་ཚོས་འགོག་གི་ཡིན་པའི་ཉེན་བརྡ་བཏང་འདུག་ཟེར་། ད་དུང་། ཉེན་རྟོག་པའི་ནང་མི་དང་ཉེ་འབྲེལ་རྣམས་ལས་འགུལ་འདིར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག་ཟེར། boycotted-chinese-store
འོན་ཀྱང་། གནས་ཚུལ་མཁོ་སྤྲོད་པས་གསུངས་ན། ནང་ཆེན་ཁུལ་གྱི་ཡུལ་མི་མང་ཆེ་བ་ལས་འགུལ་འདིར་མཉམ་ཞུགས་བྱེད་གི་འདུག་ཟེར།
ལྷག་པར་དུ། ནང་ཆེན་དང་རྫ་སྟོད་ཀྱི་བླ་ཆེན་འགས། མཉམ་ལས་མི་བྱེད་པའི་ཞི་རྒོལ་འདིས་ས་གནས་མི་མང་གི་དཔལ་འབྱོར་ཡར་རྒྱས་འགྲོ་བར་དགེ་ཕན་ཡོད་པའི་བསམ་ཚུལ་གསུངས་འདུག་ཟེར།chinese-veg-seller
ད་དུང་། ས་གནས་མི་མང་གིས་རྒྱ་རིགས་ཚོང་ཁང་ཁག་ལ་ཁ་གཏད་ཀྱི་སླད་དུ། སྔོ་ཚལ་ཁང་གསར་བ་སྒོ་འབྱེད་གནང་འདུག་པ་མ་ཟད་། ཉེ་བའི་ཆར་། ནང་ཆེན་དང་རྫ་སྨད་ཁུལ་དུ། བོད་རིགས་ཚོས་སྔོ་ཚལ་ཁང་གསར་བ་དགུ་སྒོ་ཕྱེས་འདུག་ཟེར།
གལ་སྲིད་རྒྱ་རིགས་ཚོས་སྔོ་ཚལ་གྱི་རིན་གོང་དམའ་རུ་བཏང་ན། མཉམ་ལས་མི་བྱེད་པའི་ལས་འགུལ་འདི་མཚམས་འཇོག་གི་རེད་དམ་ཞེས་གནས་ཚུལ་གཏོང་མཁན་ཞིག་ལ་དྲིས་པར། ལན་དུ།
veg-from-tibetan-store-2
ང་ཚོས་མཚམས་འཇོག་གི་མིན། ང་ཚོས་རྒྱ་རིགས་ཚོང་ཁང་དག་སྒོ་རྒྱག་ཏུ་བཅུག་གི་ཡིན་ཟེར། ད་ལྟ། རྒྱ་རིགས་དང་མཉམ་ལས་མི་བྱེད་པའི་ལས་འགུལ་འདི་བོད་ཀྱི་ས་གནས་གཞན་དུ་ཡང་ཁྱབ་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: གཞུང་ཞེས་པའི་ཐ་སྙད་ལ་དཔྱད་པ་དམུས་ལོང་མིག་སྟེར།
Next Post: ཡང་སྐྱར་བྱིས་པའི་དུས་དེ་དྲན་པ།

Comments (21) on “རྒྱ་མི་དང་མཉམ་ལས་མི་བྱེད་པའི་ལས་འགུལ།”

  1. གཞོན་ནུ་ཟླ་མེད says:
    2011-06-14 at 8:53 pm

    ང་ཡང་ལས་འགུལ་འདི་ལ་ཞུགས་རྒྱུ་ཡིན། རྒྱབ་སྐྱོར་བརྒྱ་ཅ་བརྒྱ་ཐམ་པ་ཡོད།

  2. ཀླུ་སྨྱོན། says:
    2011-06-14 at 9:31 pm

    ངས་ནི་སྔོ་ཚོད་ཟོས་པ་ཙམ་གྱིས་རྒྱ་མི་དང་མཉམ་ལས་རེད་འདོད། རྩམ་པ་གཅིག་པོ་ཟོས་ནས་བསྡད་ན་དོན་ངོ་མའི་བོད་རང་གི་འཚོ་བ་རེད། ངའི་ཕ་ཡུལ་ན་དེང་སྐབས་རྒྱ་ཟས་སྔོ་ཚོད་བཟའ་སྲོལ་ཤུགས་ཆེན་དར་ནས་བོད་རིགས་ཚོའི་ཁྲོད་དུ་རྩམ་པ་བཟའ་མཁན་ཧ་ཅང་དཀོན་གི་ཟེར།

  3. ཀླུ་སྨྱོན། says:
    2011-06-14 at 9:34 pm

    བླ་རྒན། སྔོ་ཚོད་བཟའ་མ་ཤེས་ན་དེས་ཀྱང་རྒྱགས་པ་ཆགས་ཀི་རེད་ལོ།།

  4. གཞོན་ནུ་ཟླ་མེད says:
    2011-06-14 at 9:50 pm

    ཀླུ་སྨྱོན་དྲིན་ཆེན་པོ། སྔོ་ཚོད་ཟ་དགོས་དང་ཐ། དེང་སང་ཟིག་ག་རྩམ་པ་ཟོས་ན་གྲོད་ཁོག་ཚ་ནི་ཞིག་ཆགས་བསྡད་ཡོད་ཀི ཁ་སང་ཟིག་ག་བོད་ནས་ཐོན་པའི་མར་དང་ཆུ་ར་སོགས་མང་པོ་སླེབས་སོང་མོད། གཅིག་ཟོས་ནས་གྲོད་ཁོག་ཚ་གི་འདུག

  5. yeshe says:
    2011-06-15 at 12:17 am

    ཁག་མེད་ཀི ང་ལ་ལོ་ཉི་ཤུའི་རིང་རྩམ་མ་འཕྲོད་ཀི གཅིག་ཟོས་པའི་རྗེས་སུ་རྟུག་རུལ་གཅིག་རྗེས་གཉིས་མཐུད་དུ་གཏོང་རྒྱུ་ཡོང་ནས་དཀའ་ངལ་ཆེན་པོ་ཞིག་བཟོ་གིན་འདུག

  6. གཙུག་ལག་སློབ་དཔོན་ says:
    2011-06-15 at 12:22 am

    རྒྱ་མི་ལ་རྩམ་པ་ཟ་སྟངས་སློབས།
    རྒྱ་མི་ལ་མ་ཎི་འདོན་སྟངས་སློབས།
    རྒྱ་མི་ལ་ཡ་རབས་བྱེད་སྟངས་སློབས།
    རྒྱ་མི་ལ་རང་གི་མེས་པོ་ནང་པ་་ཡིན་སྟངས་དྲན་གསོ་སློངས།

  7. ལ་སྟོད་བུ། says:
    2011-06-15 at 12:39 am

    ཙམ་པ་ཟོས་ན་ཕོ་བ་ན་དང་ན།
    དེང་སང་བོད་པས་ཚོང་རྫས་སུ་ཆེད་མངགས་བཟོས་པའི་ཙམ་པའི་རས་ཀྱི་ཁུག་མ་དང་མགྱིག་ཁུག་དེ་ཚོར་ཙམ་པའི་ནུས་པའམ་བྲོ་བ་ག་དུས་ནས་རྫོགས་འགྲོ་གི་ཡོད་མེད་སོགས་གང་ཡང་མེད།
    ཙམ་པའི་ཁྱད་ཆོས་ཙམ་ལས་བཟོ་དུས་དང་ནུས་པ་རྫོགས་དུས་སོགས་གང་ཡང་འཁོད་མེད་པར་རྟེན།
    ངས་ཀྱང་བལ་ཡུལ་ནས་བོད་ནས་བཟོས་པའི་ཙམ་པ་ཞིག་ཟས་པ་དང་ཕོ་བ་འབོས་པ་དང་ང་ཡི་སྔར་གྱི་བད་ཀན་ལས་སོགས་ཀྱི་ནད་གཞི་ཐམས་ཅད་ཟས་རྙིང་ཟོས་པ་ཡིས་སླངས་སོང།
    རྒྱ་མི་དང་མཉམ་ལས་མི་བྱེད་ན་༧གོང་ས་མཆོག་གི་ཐུགས་དང་འགལ་བ་མིན་ནམ།
    ཕྱི་ཡི་སྲུང་སྐྱོབས་ལས་སོགས་དཔལ་འབྱོར་གྱི་འབྲེལ་བ་རྒྱ་མི་ལ་མ་བྱས་རང་བྱས་རེད་ཅེས་གསུངས་སོང།
    སྟོབས་ཆེན་ཨ་རི་ཡང་རྒྱ་མི་དང་མཉམ་ལས་བྱེད་བཞིན་འདུག

  8. འབྲོང་བུ་སོག་ཚ། says:
    2011-06-15 at 2:26 am

    འཚོ་བ་རང་སྐྱོང་ཐུབ་ན་ཇེ་ལེགས་རེད་ཨ། རྒྱ་མི་དང་མཉམ་དུ་འཚོ་བ་བསྐྱེལ་དགོས་དོན་གང་ཡང་མེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།

  9. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-06-15 at 3:49 am

    ངས་བལྟས་ན་ལས་འགུལ་འདིས་ནུས་པ་དེ་ཙམ་ཨེ་ཐོན་སྙམ། ད་ལྟ་བོད་དུ་བོད་མི་ལས་རྒྱ་མི་མང་བ་ཡོད་པ་རེད། བོད་པས་མ་ཉོས་ཀྱང་རྒྱ་མི་ཚོས་སྔར་བཞིན་ཉོ་ངེས་ཡིན་པས་རྒྱ་མི་སྔོ་ཚོད་འཚོང་མཁན་ཚོར་གནོན་ཤུགས་ཐེབས་རྒྱུ་མ་རེད་འདོད། དེ་བས་ང་ཚོས་བྱེད་ཐབས་གསར་པ་ཞིག་འཚོལ་དགོས་པ་མ་ཡིན་ནམ།

  10. གཡུ་བྲག་པ says:
    2011-06-15 at 4:38 am

    ཧ་ཅང་བཟང་གི ངའི་རྒྱབ་སྐྱོར་མཐའ་གཅིག་དུ་བྱེད་རྒྱུ་ཡིན། མི་ལ་ལའི་རྩམ་པ་ཟོས་ན་གྲོད་ཁོག་ན་རབས་་དང་རྟུག་དྲི་ཁ་རབས་གི་རྒྱག་གཏམ་རེ་བཤད་ནས་རང་ཉིད་ཅི་ཞིག་གི་སྔོན་དུ་སླེབས་ཡོད་པའི་བརྡ་སྟོན་བཞིན་ཡོད་མོད། ངས་ནམ་ཡང་མེས་པོ་བཀའ་དྲིན་ཅན་དག་གི་ཁ་ཟས་གཙོ་བོ་སྦྲང་དཀར་རྩམ་པ་འདི་ཆེས་དགའ་ས་དང་ཆེས་དུང་ས་དེ་ཡིན། རྒྱུ་མཚན་ང་རང་སྦྲང་དཀར་རྩམ་པ་དང་ཐུལ་དཀར་འབྲི་མོའི་འོ་མ་ཡི་དྲིན་ལས་མཚར་ལོངས་བྱུང་བའི་བོད་ཕྲུག་རྣལ་མ་ཞིག་ཡིན་པས་སོ

  11. བཅོ་ལྔ་ལྷ་མོ། says:
    2011-06-15 at 5:57 am

    སློབ་ཕྲུག་ཚོགས་པ་དང་འདི་ཚོས་བསམ་བཞིན་བོད་ནང་གི་བོད་མི་ཚོ་ཉེན་ཁའི་འོག་འཇུག་གིན་འདུག་་་བོད་ནང་དུ་ལས་འགུལ་ཡག་པོ་ཞིག་སྤེལ་སྐབས་འུར་བསླངས་ནས་རྒྱ་མི་འདྲོགས་བཅུག་གིན་འདུག་་་་ཁྱེད་ཚོས་ཀུན་སློང་ལ་སྐྱོན་མེད་ཀྱང་ལས་ཀ་བྱེད་སྟངས་སྐྱོན་ཡོང་གིན་འདུག་་་་་ཁྱོད་ཚོ་རང་འགུལ་གྱིས་ལས་འགུལ་སྤེལ།བོད་མི་ཚོ་ཉེན་ཁར་མ་གཏོད་་་་་་ཞུ་བ་བྱེད་ཆོག་་་

  12. ཀིརྟི་སྐྱབས། says:
    2011-06-15 at 6:04 am

    ལས་འགུལ་འདི་འཚེ་མེད་ཞི་བའི་ལས་འགུལ་ཡག་ཤོས་ཤིག་ཡིན། འདི་ལ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཆ་ནས་དགེ་མཚན་ཆེན་པོ་ཡོད། ཆབ་སྲིད་ཀྱི་ཕྱོགས་ནས་རྒྱ་གཞུང་གི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཁ་གཏད་གཅོག་ཐུབ། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་ཚོའི་དངུལ་དེ་བོད་མི་ནང་ཁུལ་དུ་འཁོར་སྐྱོད་ཀྱིས་བོད་མིའི་འཚོ་བ་ལ་ཐད་ཀར་ཕན་ནུས་ཐོན་ངེས་ཡིན། འོན་ཀྱང་བོད་མི་ལས་རྒྱ་མི་མང་བའི་ས་ཁུལ་དུ་ནུས་པ་ཐོན་རེ་བྲལ།

  13. ཁྱུང་དཀར says:
    2011-06-15 at 6:54 am

    ལས་འགུལ་འདི་འགྲིག་བསྡད་པ་ཞིག་ཏུ་མཐོང་སོང་ལ་བོད་ཀྱི་ས་ཁུལ་གང་སར་ཚོང་ལས་དང་འཛུགས་བསྐྲུན་ཆུང་ཙག་རིགས་བོད་པ་རང་གིས་བྱ་ཐུབ་ཡིན་ན་ས་གནས་ཀྱི་འཚོ་བ་ཡར་རྒྱས་དང་རྒྱ་མི་སིམ་འཛུལ་ལ་ཅུང་ཕན་ཐོག་རེད་སྙམ། དེའི་ཞོར་ན་ཆིག་སྒྲིལ་དང་ལ་རྒྱའི་ཁྱབ་ཚད་ཆེ་ཆེར་འགྲོ་ངེས།

  14. བརྩོན་རྒྱམ། says:
    2011-06-15 at 9:21 am

    ཐེ་ཤེར་གྱི་བཤད་པ་བདེན་ཡང་ནུས་པ་ཐོན་མིན་ཇི་ལྟར་ཡང་དེ་འདྲས་བྱ་བ་ཞིག་སྒྲུབ་ན་ཁོང་ཚོ་ལ་རྡ་ལན་ཞིག་སྤྲད་པ་མ་ཡིན་ནམ།  གང་ལྟར་འདི་འདྲ་བྱས་ནས་འཚོ་དགོས་ན་ང་ཚོས་གཞན་ལ་ལག་སྲང་མ་དགོད་པར་རང་མི་རིགས་ཤིག་གི་ལག་ནས་ཉོ་རྒྱུ་རག་ན་དགེ་མཚན་ལྡན་པ་ཞིག་རེད་བསམ་བྱུང།  དེ་མཚུངས་གཞན་ཅ་དངོས་ག་རེ་ཡིན་ཡང་བོད་མིའི་བོད་རིགས་ལ་ཉོ་རྒྱུ་གལ་ཆེན་རེད་རྒྱུ་མཚན་གང་ཡིན་ཞེ་ན་རྒྱ་མི་ཚོ་ལ་ཚོང་མེད་ན་ཁོང་ཚོས་ག་རེ་བྱེད་ཀྱི་རེད་གཙོ་བོ་བསམ་ཞིག་ཤེས་སུ་འཇུག་རྒྱུ་གལ་ཆེན་རེད།

  15. དགྲ་སྟ། says:
    2011-06-15 at 9:34 am

    ལས་འགུལ་འདི་ལས་ཆོད་ཆེ་ཞིང་། ཉེན་ཁ་ཆུང་བ་ཞིག་གང་ན་ཡོད། དེ་ག་རང་ཤུགས་རྒྱོབས།

  16. འཇམ་དཔལ་ཚུལ་ཁྲིམས། says:
    2011-06-15 at 12:20 pm

    རྗེས་སུ་ཡི་རང་ཡོད། འདི་ལྟར་གོ་རྟོགས་སད་ཀྱི་རེད།

  17. བསོད་ནམས། says:
    2011-06-15 at 1:38 pm

    ལས་འགུལ་འདི་འདྲ་སྤེལ་ཚེ་བོད་མི་ནང་ཁུལ་རྡོ་རྩ་ཆིག་སྒྲིལ་དང་། དཔལ་འབྱོར་གྱི་གནས་བབ་ཡག་ཏུ་འགྲོ་ངེས་པས་རྗེས་སུ་ཡི་རང་ཡོད། ད་དུང་ཤུགས་རྒྱོབ་དང་་་།

  18. གངས་བཙན་པོ། says:
    2011-06-15 at 6:59 pm

    ཞེ་དྲག་ལས་འགན་འདི་ཡག་པོ་རེད། མུ་མཐུད་དུ་ཕྱོགས་ཐམས་ཅད་ནས་བརྩོན་རོགས་ཞུ།

  19. གཅན་བཟོད་རྒྱམ། says:
    2011-06-16 at 3:31 am

    ལས་འགུལ་འདི་ཚོའི་གྲས་དེ་ཧ་ཅང་རླབས་ཆེན་རེད། ས་གནས་གང་ས་ནས་མི་མཐུད་དེ་སྤེལ་ཐུབ་ན་རྒྱ་མིར་གནོད་ཀྱི་རེད། དེ་ཡང་རྒྱ་རྒོལ་བོད་གཅེས་གྱི་དོན་དག་ཞིག་ཅི་ལ་མིན། བོད་ཀྱི་མི་ལོ་སྟོང་ཕྲག་དུ་མའི་རིང་ལ། བོད་མི་རིགས་བྱུང་བ་ནས་ད་ལ་ཐུག་གི་བར་དུ། ཟས་ཟ་ཤེས་པའི་དུས་ནས་ད་ལ་ཐུག་གི་བར་དུ། ཤ་ཁྲག་ཟ་འཐུང་ཤེས་པ་ནས་ད་ལ་ཐུག་གི་བར་དུ། རྩམ་པ་འཐག་ཅིང་ཟ་ཤེས་པ་ནས་ད་ལ་ཐུག་གི་བར་དུ། མདོར་དེད་མ་མི་ལོ་སྟོང་ཕྲག་གི་སྔོན་ནས་ཚ་ཚོད་སྣ་ཚོགས་དང་ཤིག་འབྲས་རིགས་སྣ་ཚོགས། འབྲུ་རིགས་སྣ་ལྔའི་ཟས་རིགས་སྣ་ཚོགས་བཟོ་བཅའ་བྱས་ཏེ་བོད་མི་རིགས་ཀྱི་འཚོ་བ་རོལ་ནས་ཡོང་བ་རེད། མདོར་ན་རྒྱ་མི་རིགས་ཀྱིས་ཅི་ཟོས་ཅི་འཐུང་ལས་ལྷག་པའི་འཚོ་བ་འཛོམས་པོ་ཞིག་རོལ་ནས་ཡོང་བ་རེད། དེ་བས། ད་དུང་ཡང་མུ་མཐུད་ནས་རང་གི་འཚོ་བ་རང་གིས་གཉེར་ཏེ་རང་མི་རིགས་ལ་རང་ཉིད་ལ་བསྟེན་ནས་འཚོ་གནས་ཐུབ་པའི་ལམ་དུ་སྐྱོད་དགོས་སོ། ། “བཀུར་ཞིང་བསྔགས་པར་འོས་པའི་”བོད་མི་རིགས་ལགས།

  20. གཡུ་བྲག་པ says:
    2011-06-16 at 7:00 am

    སྔོན་མ་ང་རང་ཕ་ཡུལ་ན་ཡོད་སྐབས་ཁ་ཆེ་དང་ཡུལ་མིའི་བར་ལ་འགལ་ཟླ་ཆེན་པོ་ཞིག་བྱུང་མྱོང་། སྐབས་དེ་དུས་བོད་མི་ཚོས་ཁ་ཆེ་ཟ་ཁང་ནང་དུ་ཟ་མ་མི་ཟ་བདང་། ཚོང་ཁང་ནང་ནས་ཅ་ལག་སོགས་མི་ཉོ་བའི་ལས་འགུལ་ཞིག་སྤེལ་བ་རེད། ཁ་ཆེ་མང་པོ་ལས་མེད་དུ་ཆགས་ནསཕྱིར་རང་གི་ཕ་ཡུལ་དུ་ལོག་དགོས་བྱུང་སོང་། ད་ལྟའི་ལས་འགུལ་འདི་ཡང་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་ན་རླབས་ཆེན་ཀྱི་འབྲས་བུ་ཞིག་ཐོབ་རྒྱུ་ཉག་གཅིག་རེད། སྤུན་ཟླ་ཚོ་ཤུགས་རྒྱོབས།

  21. ལུང་རྟོགས། says:
    2011-06-17 at 4:24 am

    ལས་འགུལ་འདི་ནི་ཧ་ཅང་གི་ཡག་པོ་ཞིག་རེད། རྒྱུ་མཚན། འདི་ནི་ཉེན་ཁ་ཆུང་ཞིང་ས་ཆོད་ཆེ་བའི་ལས་འགུལ་ཞིག་ཡིན་པའི་ཕྱིར་རོ། སྤྱིར་གྲོང་ཁྱེར་ཁག་ལ་བོད་མི་ལས་རྒྱ་མི་མང་བ་ལྟ་བུ་ཆག་ཡོད་ཀྱང་། གྲོང་གསེབ་ཁག་ལ་ད་དུང་བོད་པ་ཧ་ཅང་མང་བས་ལས་འགུལ་འདི་རྒྱུན་མཐུད་ཐུབ་ན་རྒྱ་མི་ཚོ་རྒྱ་ཡུལ་ལ་མ་ལོག་རང་ལོག་རེད། གང་ལག་ཞེ་ན་བོད་ལ་ཡོད་པའི་རྒྱ་མི་ཕལ་ཆེ་བ་ཚོང་ལས་ལ་བརྟན་ནས་འཚོ་བ་བསྐྱལ་བཞིན་ཡོད་པས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme