Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་བོད་ཀྱི་བུ་མོ། མཛེས་མ་མི་འདུག་མ་གསུངས།

Posted on 2011-06-072011-06-07 By ཡེ་ཤེས་ 28 Comments on ང་ཚོ་བོད་ཀྱི་བུ་མོ། མཛེས་མ་མི་འདུག་མ་གསུངས།

yangchuktso
དབྱངས་ཕྱུག་མཚོ། མདོ་སྨད་མཚོ་སྔོན་འབའ་རྫོང་གི་མི་ཡིན། ༢༠༠༥ལོ་སྟེ་རང་ལོ་༡༤སྟེང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ཕབ་སྐྲུན་བྱས་པའི་བོད་སྐད་གློག་བརྙན་ཐོག་མ་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ཁྲོད་གཞོགས་འདེགས་འཁྲབ་སྟོན་པ་བྱས་མྱོང་ཞིང་། ༢༠༠༩ལོར་སྒྲོལ་མ་སྐྱིད་དང་རྡོ་རྗེ་སྐྱིད། སྙིང་ལྕགས་ཚེ་རིང་བཅས་དང་ལྷན་དུ་༼གླིང་འབྲུག་མོའི་རོལ་ཚོགས༽ བཙུགས་ཏེ་༼བཀྲ་ཤིས་ཤོག༽ཅེས་པའི་གཞས་དབྱངས་སྒྲིག་སྦྱོར་བྱས།

༢༠༡༠ལོར་གངས་ཅན་རིག་གནས་ཀུང་ཟི་དང་མཉམ་འབྲེལ་གྱིས་ཡུལ་ཤུལ་ས་འགུལ་ལ་༼ཞིག་རོའི་ཁྲོད་ཀྱི་ཚེ་སྲོག་ཆུང་ངུ༽ཞེས་པའི་MVཕབ་སྐྲུན་ལེགས་འགྲུབ་བྱུང་།

༢༠༡༠ལོར་ཧུའུ་ནན་འཁོར་སྐར་བརྙན་འཕྲིན་དང་མཚོ་སྔོན་འཁོར་སྐར་བརྙན་འཕྲིན་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་༼མེ་ཏོག་ཆུན་པོ༽གླུ་དབྱངས་འགྲན་བསྡུར་ཁྲོད་ཨང་བཞི་བའི་བྱ་དགའ་ཐོབ་ཡོད་དོ། །

མཛེས་མ་འདིས་བླངས་པའི་གཞས་ཤིག་ལ་ལྟ་ཉན་བྱེད་འདོད་ན་འདིར་སྣུན།
གཞས་སྙན་མོ།

གསར་འགྱུར། Tags:ཨཨ

Post navigation

Previous Post: བདེན་པ་བཅུ་གཉིས་བོ་འདི་བདེན་པ་མ་རེད་ན་ཡུམ་དུམ་པ་བཅུ་གཉིས་བོ།
Next Post: བློ་བཟང་རམས་པ།

Comments (28) on “ང་ཚོ་བོད་ཀྱི་བུ་མོ། མཛེས་མ་མི་འདུག་མ་གསུངས།”

  1. སྐྱུ་རྩི་ནས། says:
    2011-06-08 at 12:57 am

    ངོ་མ་མཛེས་ཐ། ད་ལོ་རྒས་པ་སྔ་སོང་ལེ་རེད།

  2. མིའུ་ཕྲུག says:
    2011-06-08 at 2:02 am

    མཛེས་སྡུག་གི་དཔལ་ཡོན་ཡུན་ནས་ཡུན་དུ་བརྟན་པར་སྨོན། ད་དུང་ཨ་ལགས་་་་་་་

  3. བདེ་ཆེན། says:
    2011-06-08 at 2:12 am

    དངོས་གནས་མཛེས་གདའ། མོ་བརྒྱ་ཡིས་སྙིང་རླུང་ལང་རྒྱུ་དང་། ཕོ་བརྒྱ་ཡིས་སེམས་པ་ཤོར་རྒྱུ་རང་རེད་གདའ།

  4. རྒྱལ་བསྟན། says:
    2011-06-08 at 2:40 am

    པར་བཟོས་མཁན་དེ་དངོས་གནས་ལག་རྩལ་ཡག་ཐ།

  5. འབྲོག་ཆོས། says:
    2011-06-08 at 3:06 am

    ཉེ་ལམ་ཚོགས་མ་ཐག་པའི་བོད་ཀྱི་མཛེས་མའི་དབུ་རྒྱན་དེ་ཡང་འདི་འདྲ་ཞིག་ལ་སྤྲད་ན་དངོས་ནས་མཛེས་མ་རང་རེད་འདུག
    དེ་ཡིན་ད་་་་་་

  6. ཀླུ་སྨྱོན། says:
    2011-06-08 at 4:56 am

    ཞི་མོ་འདི་དང་ངེད་གཉིས་རི་རྒྱུད་གཅིག་གི་ཕར་ནང་ཚུར་ནང་རེད། ལོ་ཆུང་ཡིན་དུས་འབའ་མང་རའི་སྤྱི་སྒང་དུ་ལུག་ཁྱུ་འཚོ་དུས། འབའ་མང་རའི་ཁ་སྒང་བརྒྱུད་དུས། །ངའི་སེམསན་རོགས་ལོ་ཁྱོད་ཡོད། །ཅེས་པའི་ལ་གཞས་ཤིག་ཀྱང་ལེན་མྱོང་།

  7. མིའུ་ཕྲུག says:
    2011-06-08 at 7:20 am

    ཨ་ལགས་དྲིན་ཅན་པོ། འུར་ཤོད་མ་གནང་བོ་མོ་འདི་༢༠༠༥་ལོར་མོ་བཅུ་བཞི་སོན་འདུག་པས་ཁྱེད་རང་རྒྱ་གར་ལ་ཕེབས་དུ་མོ་རང་ལོ་གཅིག་ལས་རེད་མེད་དེས་ན་ཁྱེད་ཀྱིས་ལ་གཞས་ཇི་ལྟར་བྱས་ནས་མོས་ཉན་ཤེས་ཐུགས་བསམ་ཞིག་་་་་་་་

  8. རྔ་བ་གཉན་རྒོད་ says:
    2011-06-08 at 8:51 am

    ཧཧཧཧ་ལ་གཞས་ཉན་ཡོད་ནི་རེད་ཡ་་

  9. གཙང་ཞོལ་བདེ་གསལ། says:
    2011-06-08 at 10:03 am

    དྲང་མོ་བཤད་ན། བཟོ་ལྟ་སྟོན་སྟངས་ཨོ་ཙམ་འདུག

  10. ཇ་མ་ says:
    2011-06-08 at 1:23 pm

    མཛེས་མ་ཟེར་བ་འདི་འདྲ་མ་རེད། སྨྱོན་མ་འདྲ་བོ་འདུག

  11. སྙེ་ལྷའི་ཐུགས་སྲས། says:
    2011-06-08 at 2:33 pm

    །འདོད་པའི་མེ་ལྕེ་སློང་བའི་མཛེས་མ་རྣམས། །ཨ་ཁུ་དངུལ་ལོར་ཅན་ཚོའི་ལོངས་སྤྱོད་ལས།
    །ལྕགས་སྨྱུག་ཟད་པོར་བསྟེན་པའི་དྲྭ་གྲོགས་ཚོར། །མཛེས་ཀྱང་མི་རགས་སེམས་ངལ་སྐྱེ་བའི་གཞི།

  12. ལ་སྟོད་བུ། says:
    2011-06-08 at 3:10 pm

    ཤ་ཁྲག་རུས་གསུམ་གངས་ཅན་པ།
    ལུས་ངག་ཡིད་གསུམ་ཕྱི་རོལ་པ།
    ཕྱི་ནང་མི་མཚུངས་འཁྲབ་སྟོན་པ།
    སྲིན་མོ་ཡིད་ཀྱི་འཕྲས་འཚོལ་པ།

  13. ཀླུ་སྨྱོན། says:
    2011-06-08 at 4:20 pm

    ལ་གཞས་མོ་ལ་བླངས་པ་ཡིན་ཟེར་གིན་མེད། ལོ་ཆུང་ཆུང་ཡིན་དུས་ས་དེ་ནས་ལ་གཞས་ལེན་མྱོང་ཟེར་གིན་ཡོད། ཤུ་རེ་ཁོ། མྱི་སྐོར་ལོག་ཡིན་ན་སྐད་ཆ་དོན་ལོག་གོ་ཟེར་བ་འདི་ཡང་བདེན་ན་ཐང་ཀི ཤུ་རེ་ཁོ།

  14. འབའ་སྲས། says:
    2011-06-08 at 7:00 pm

    ཞི་མོ་འདི་དང་ངེད་གཉིས་སྡེ་བ་གཅིག་ཡིན་པ་མ་ཟད། ངའི་ཉེ་ས་ཞིག་ཀྱང་ཡིན་ཆུང་ཆུང་དུས་ནས་རྣམ་པ་མཛེས་པ་མ་ཟད། གཤིས་རྒྱུད་དྲང་བའི་ཐོག་ལ་སྐད་ཀྱང་སྙན་མོ་ཞིག་ཡོད་ཡ།

  15. སློབ་དཔོན་ཀརྡོ་ says:
    2011-06-08 at 8:05 pm

    བོད་མོས་བོད་ཆས་གྱོན་ན་གཞན་དང་འདྲ་ས་མི་འདུག གཞན་ཅང་མི་ཤེས་ཨ། ད་ཁྲབ་ཤོག་བོད་མོ་ཚོས་ཀྱང་་་་

  16. རྩམ་དགའ། says:
    2011-06-08 at 8:13 pm

    ཞི་མོ་འདིའི་གོན་པ་དང་གདོང་ལ་ན་བལྟས་ན་་་་་བོད་མོ་ཞིག་གི་བཟོ་མི་འདུག་་་་ཨ་ལས་ངན་མ་་་་མཛེས་མ་ཡིན་ན་ཐང་ར་་་་་བློ་ལ་འབབ་ནི་ཟིག་མ་རེད་ཡ།

  17. དཔལ་དགྱེས་པ་རྡོ་རྗེ says:
    2011-06-08 at 8:29 pm

    http://www.tibetcy.com/showart.asp?art_id=914

  18. བློ་བཟང་ཆོས་གྲགས། says:
    2011-06-09 at 1:50 am

    བུ་མོ་མཛེས་མ་རེད་ཡ། འབྲུག་རྒྱལ་གྱི་བཙུན་མོས་འགྲན་པའི་དོ་ཡ་ཡོང་ས་མ་རེད། འབུར་ས་ན་འབུར། རིང་ས་ན་རིང་། ཐུང་ས་ན་ཐུང་། སྤོམ་ས་ན་སྤོམ། ཕྲ་ན་ས་ན་ཕྲ། ཆེ་ས་ན་ཆེ། ནག་ས་ན་ནག དཀར་ས་ན་དཀར། དམར་ས་ན་དམར། མཉེན་ལྕུག འཁྲིལ་ལྡེམ། སྙན་འགྱུར། འཇོ་སྒེག ཞི་ཆགས། ཁྲོ་འཛུམ་སོགས་མ་ལྡན་པ་ཞིག་མི་འདུག བོད་ཀྱི་ལ་རྒྱ་དང་། བོད་ཀྱི་རིགས་རྒྱུད་གཙང་མ་ཞིག་འཛིན་པར་རེ་བ་བྱ།

  19. བློ་བཟང་ཆོས་གྲགས། says:
    2011-06-09 at 1:57 am

    དགྱེས་པ་རྡོ་རྗེ་ལགས། ཉིད་ཀྱི་དྲ་ཐོག་གི་པར་ཏེ་བསོད་རྒྱལ་རིན་པོ་ཆེའི་མ་ཡུམ་གྱི་སྐུ་པར་ཡིན་པ་འདྲ། གཞན་ལ་འདྲི་རོགས། མཁྱེན་རྩེའི་གསང་ཡུམ་དང་སྤུན་ཡིན་པས་མི་མང་པོས་ནོར་བ་ཤོར་འདུག བསམ་བཞིན་བཞག་པ་ཡིན་ན་དེ་རང་རེད།

  20. བསོད་ནམས་འབྲུག་པ། says:
    2011-06-09 at 5:00 am

    གཟུགས་ཀྱི་ནང་ན་མཛེས་པའི་མཐར་ཐུག་པ།།
    སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང༌།།
    བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ།།
    འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང༌།།

  21. དཔལ་དགྱེས་པ་རྡོ་རྗེ says:
    2011-06-09 at 6:32 am

    བློ་བཟང་ལགས། ངས་བསམ་བཞིན་དུ་དཔར་དེ་དཔྱད་གཞི་རུ་བཞག་པ་ལས་བདག་ཏུ་བཟུང་བར་མིན་པས་ཐུགས་འགལ་མེད་པར་མཁྱེན།

  22. ཁྱི་ཕྲུག says:
    2011-06-09 at 8:56 am

    མོས་དུག་ལོག་གོན་སྟངས་ལ་བལྟས་ནས་བོད་པ་འདྲ་བོ་མི་འདུག་ལབ་ན་རྗེས་ལུས་ཡིན་པའི་རྟགས་རེད།
    ལ་སྟོད་བུ་ཡི་སྐད་ཆ་དེ་ངའི་བྲང་ཁོག་ནས་ཁྱོན་ནས་བཞུ་ཐུབ་ཀྱི་མི་འདུག
    ང་ཚོ་དུས་རབས་དང་ལྷན་དུ་བཞུད་དགོས་ཚོད་ཡིན་ད    ཁྱོད་ཚོས་ཀྱང་གུ་དོགས་ཀྱི་ལྟ་བ་དེ་སྤངས་རན་རེད།
    དེ་མ་གཏོགས་ནམ་ཡང་ལོང་བ་ཆགས་ངེས་ཡིན།

  23. དོལ་སྨྱོན། says:
    2011-06-09 at 5:33 pm

    ངས་ནི་བུ་མོ་དེ་དང་དེའི་བྱེད་ལུགས་སོགས་ཡག་པོ་མཐོང་བྱུང་།
    གང་ཡིན་ཞེ་ན་ང་ཚོས་དུས་རབས་ཉེར་གཅིག་གི་རྗེས་ཟིན་པར་འགྲོ་རྒྱུ་ལས།
    དུས་རབས་སྔོན་མར་ལོག་ཕྱིན་ན་ག་ལ་འགྲིགས།
    ང་ཚོས་དུས་རབས་དང་མཐུན་པའི་ལས་འགན་མང་པོ་ཞིག
    ད་དུང་སྒྲུབ་དགོས་པ་དང་བྱེད་དགོས་པ་མི་འདུག་གམ།
    ང་ཚོས་ལུགས་སྲོལ་དང་གོམས་གཤིས་རྐྱང་པ་ལབ་སྡད་ན་ག་ལ་འགྲིག
    མུ་མཐུད་དུ་རྩོན་ཅིག་བོད་པའི་བུ་མོ་ཚོ།

  24. ལ་སྟོད་བུ། says:
    2011-06-09 at 5:49 pm

    དུས་རབས་ཀྱི་འགྱུར་འགྲོས་ཡིན་ཟེར་ནས་ཁ་གཡར་ཏེ་རང་གི་རིག་གཞུང་འདི་ཡིན་མེད་པ་ཆགས་འགྲོ་གྲབས་རེད།
    བོད་ཀྱི་ནང་ཆོས་དེ་ཡང།
    དུས་རབས་ཀྱི་འགྱུར་འགྲོས་ཡིན་ཟེར་ནས་ཧིན་དྷུའི་ཆོས་བྱེད་སྟངས་ནང་བཞིན་ལམ་འོག་དང་ཟམ་འོག་སོགས་སུ་རྡོ་འདྲ་བཙུགས་ཏེ་མགོ་བོས་བཏུག་ཙམ་བྱེད་ན་འགྲིག་རྒྱུ་རེད།
    དེ་ནས་ལྷ་ཁང་ཡིན་ཟེར་ནས་རྫི་ར་ལྟ་བུའི་ཁང་ཆུང་དུ་རྡོ་རླིག་ཞིག་བཞག་སྟེ་དེ་ལ་མཆོད་མེ་ཅིག་བཞག་དེ་འགྲོ་རྒྱུ་ཡིན་ནམ།
    དེ་ནས་རིམ་བཞིན་་་་་་་་་་་
    ཡུལ་ལུགས་ལ་ཁག་་གཡོགས་ནས་འདུལ་བའི་བསྟན་པ་བཤིག་མི་རུང་བཅས་པ་ཞིག་ཀྱང་གོ་བྱུང།བོད་ཀྱི་རིག་གཞུང་ནང་དུ་སྒོ་ཁྱི་དེ་རིགས་ཁང་ནང་དུ་འཇོག་སྲོལ་མེད།
    ད་ཡིན་ན་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་སྒོ་ཁྱི་དང་སྐྱབས་ཡུལ་གྱི་གནས་ལའང་མཐོ་དམན་གྱི་ཁྱད་པར་མི་འདུག
    ཨ་ལགས་ཀུ་རྩེད་ཞུས་ཡིན།
    ངོ་མ་ང་ཚོས་བསྒྱུར་དགོས།
    གྲྭ་མང་ཚོགས་འཚོགས་རྒྱུ་དེ་ཡང་ཐུང་ཙམ་བྱེད་དེ་དུས་རབས་ཀྱིས་འགྱུར་འགྲོས་་་་་ཀིར་ཀེཌ་དང་པོ་ལོ་སོགས་ཀྱི་ལུས་སྦྱོང་འདྲ་བྱེད་ན་ལེགས།

  25. བརྩོན་རྒྱམ། says:
    2011-06-10 at 2:34 am

    དུས་རབས་ལ་ཁ་གཡར་ནས་འདི་ལྟ་བུའི་བགྱོན་ཆས་འདྲ་མིན་ཞིག་བགྱོན་བཞིན་ཡོད་པ་དངོས་ཡོད་རེད།  ཡིན་ཡང་ང་ཚོ་དུས་རབས་ཀྱི་རྗེས་སྙག་དགོས་པ་བདེན་པ་འདུག་མི་སུ་ཞིག་ཡིན་རུང་སྤྱིར་དུས་རབས་ཀྱི་རྗེས་ཟིན་པ་ཞིག་དགོས་བསམ་སྲིད་ཕྱིའི་རྣམ་པ་དུས་རབས་ཀྱི་རྗེས་སྙག་པ་དེ་བཞིན་ནང་གི་ཡོན་ཏན་ཡང་དེ་བཞིན་དུས་རབས་ཀྱི་རྗེས་ཁྱོད་པ་ཞིག་དགོས་དེ་འདྲ་ཡིན་དུས་ང་ཚོ་བོད་མི་སུ་ཞིག་ཡིན་རུང་རང་མི་རིགས་འདི་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་ཐུབ་ལ་རང་ཉིད་ནས་མགོ་རྩམ་དགོས་པ་ཡིན་དུས་ཚང་མའི་ཉིན་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་འབད་དགོས་གལ་ཆེ་བར་འཛིན་དགོས།  ང་ཚོའི་ལོ་རྒྱུས་ལ་ཕྱི་མིག་ཞིག་ལྟོས་དང་ང་ཚོའི་མི་རིགས་འདི་ལོ་རྒྱུས་དང་ལྡན་བའི་མི་རིགས་ཞིག་ཡིན་པ་ལས་ནུས་མེད་ཞིག་མ་རེད།  དེང་དུས་མཚན་རྩལ་གྱི་རྗེས་སྙག་ཐུབ་པའི་རིག་གཞུང་ཞིག་ཡོད་པ་དེ་ཀུན་གྱི་ཡིད་སྨོན་བྱེད་བཞིན་ཡོད་པ་མ་ཟད་མགོ་སེར་ཚོས་འགྲམ་ཆུ་གདང་བཞིན་པ་རེད།  དེ་འདྲ་ལོ་རྒྱུས་ལྡན་པའི་མི་རིགས་འདི་འོད་སྟོང་ལྡན་པ་ཞིག་བཟོ་རྒྱུ་ང་ཚོས་ཕྲག་ཏུ་བབ་པས་འོས་འགན་ཞིག་ཏུ་སེམས་དགོས།

  26. གཡུ་བྲག་པ says:
    2011-06-10 at 4:12 pm

    ཡ་དྲྭ་གྲོགས་རྣམས་པ། བུ་མོ་མཛེས་མ་ཞིག་གི་པར་མཐོང་དུས་ལ་ལའི་ཁོངས་གི་ཉེ་ས་ཡིན་ཟེར། ཡང་ལ་ལའི་ཕ་ཡུལ་གཅིག་པ་ཡིན་ཟེར། གལ་ཏེ་རྣམ་པ་ཁྱོན་ནས་མེད་མཁན་ཞིག་ཡིན་ན་ཁོང་ཚོའི་ག་རེ་ལབ་ས་རེད། དྲི་བ་འདིའི་ལན་དྲྭ་གྲོགས་སུའི་ཐོབ་ན་དགའ་རྟགས་ཡོད།

  27. དོལ་སྨྱོན། says:
    2011-06-10 at 4:26 pm

    དེ་དུས་ཚང་མས་ཕ་ཡུལ་གཅིག་ཡིན་ནའང་མིན་ཞེས་དང་།
    ངོ་ཤེས་ནའང་མི་ཤེས་ཟེར་རྒྱུ་དང་རོགས་པ་ཡིན་ནའང་མིན་ཟེར་རྒྱུ་རེད།
    མ་གཞི་རྣམ་པ་དང་བཟོ་བལྟ་མིང་སོགས་གང་ཡང་མེད་པའི་བུ་མོ་ཞིག
    འདི་ལྟར་གླེང་སྟེགས་སྟེང་ཐོན་རྒྱུ་ཁག་པོ་མ་ཡིན་ནམ།

  28. ལྟ་བ་རྒྱང་མཐོང་། says:
    2011-06-11 at 11:59 am

    ཁྱེད་ཚོའི་བཤད་བཞིན་པ་དེ་སྨྱོ་གཏམ་རྐྱང་རྐྱང་རེད། བུ་མོ་དེའི་སྐོར་བཞག་ནས་དང་ཐོགས་རང་ཉིད་རྨོངས་གཉིད་ལས་སད་པར་གྱེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme