Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་པ་བཅུ།

Posted on 2011-06-072011-06-07 By དབང་ཕྱུག་ 25 Comments on བདེན་པ་བཅུ།

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་དང་གསུང་འཕྲིན་ཁ་གསལ་དང་། གྲོས་ཚོགས་ཀྱིས་བགྲོ་གླེང་སྦྱང་བཤད། མི་མང་གི་ཚོགས་ཆེན་དང་བཅས་བཅའ་ཁྲིམས་སྒྱུར་བཅོས་ཐད་ལ་ཟབ་ཅིང་རྒྱས་པ། ཕྱི་གསལ་ནང་གསལ། དོ་ཁུར་གཟབ་ནན་གྱི་བརྒྱུད་རིམ་ཆ་ཚང་ཞིག་ཡོད་བཞིན་དུའང་གློ་བུར་བའི་འགྱུར་བ་དང་མ་བརྟགས་པའི་བསྒྱུར་བཅོས་སོགས་སུ་སྨྲ་བའི་ཐག་ཉེ་རིང་ཀུན་ནས་ཧ་གོ་ལ་མ་གོ་བའི་ཚུལ་དུ་ཚོར་སྣང་གི་དཔྱད་བརྗོད་སྤེལ་ཁུལ་བྱེད་པ་འདི་རིགས་ཀྱིས་མ་མཐར་ཡང་བདེན་པ་འདི་བཅུ་ཡིད་ལ་ངེས་པར་གྱིས།

གཅིག དེ་སྔ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་གཏམ་བཤད་དང་ཡིག་ཆ་མང་པོའི་ནང་ལ་བསླེབས་ཟིན་ཞིང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ངོས་ནས་དེ་ཉིད་བཅའ་ཁྲིམས་སུ་གཏན་ལ་འབེབས་པའི་རྒྱབ་གཉེར་ཞུས་པ་བདེན།

གཉིས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག’བཙན་བྱོལ་བོད་གཞུང’ཟེར་བའི་མཚན་བྱང་རང་འཇགས་འཇོག་རྒྱུར་མང་མོས་བྱུང་བ་བདེན། ༸

གསུམ། གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཆེན་གྱི་བསམ་འཆར་སྙན་ཞུ་ཕུལ་མ་ཐག་ཚོགས་ཞུགས་པ་ཡོངས་ལ་སྤྱིར་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་དང་བྱེ་བྲག་ཏུ་བོད་གཞུང་ཟེར་བར་ཡར་མིང་སྒྱུར་གནང་གལ་ཆེ་ཚུལ་སྐོར་ལ་བཀའ་སློབ་ཞིབ་པར་ཕེབས་པའང་བདེན།

བཞི། སྐབས་དེར༸གོང་ས་མཆོག་གིས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་སྒྱུར་ན་ཅི་འདྲ་འདུག་ཅེས་དགོངས་ཚུལ་གསུངས་པའང་བདེན།

ལྔ། ཕྱི་ཉིན་གྲོས་ཚོགས་ལ་བསྩལ་པའི་བཀའ་ལན་ནང་བཙན་བྱོལ་སྒྲིག་འཛུགས་ཞེས་བཀོད་འདུག་པ་དང། ཚོགས་གཙོ་མཆོག་གིས་ཁ་སང་གསུངས་པ་དང་དེ་རིང་གི་དེ་མི་འདྲ་བས་ཞལ་པར་ཐོག་ནས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ལ་དོགས་སློང་གི་དྲི་བ་ཞིག་གནངས་རྗེས་སླར་ཡང་བོད་མིའི་སྒྲིག་འཛུགས་སུ་སྒྱུར་དགོས་བཀའ་ལན་བསྩལ་པའང་བདེན།

དྲུག ཐོག་མར་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་ནང་ཚོགས་གཙོས་གནང་སྟངས་དེ་མི་འོས་ཚུལ་གསུངས་པ་དང། ཡང་མཐར་ཚོགས་གཙོས་ཡར་བཀའ་འདྲི་ཞུས་པ་དེས་མཚན་བྱང་ཇེ་ལེགས་ལ་སོང་ཚུལ་དང་། ཚོགས་གཙོར་སྐྱོན་བརྗོད་ཀྱི་སྐད་ཆ་དེ་དག་ཕྱིར་འཐེན་བྱས་པར་མ་ཟད་དགོངས་དག་ཀྱང་ཞུས་པ་བདེན།

བདུན། གྲོས་ཚོགས་ནང་བདག་གིས། ༸གོང་ས་མཆོག་གིས་ཞལ་ནས་གསུངས་པ་དང་བཀའ་ལན་ཕེབས་པ་གཉིས་ལ་བསམས་ཏེ། གངས་ལྗོངས་བོད་མིའི་རང་དབང་མང་གཙོའི་སྒྲིག་འཛུགས་ཞེས་མིང་ཆ་ཚང་དང་། དེ་བསྡུས་ནས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་༸འོས་ཚུལ་བཤད་ཀྱང་རྒྱབ་རྩ་བྲལ་མཐར་བོད་མིའི་སྒྲིག་འཛུགས་ཞེས་པར་སྤྱི་མོས་གཏན་ལ་ཕབ་པའང་བདེན།

བརྒྱད། གངས་ལྗོངས་ཞེས་པ་བོད་ཡུལ་དང་། བོད་མི་ཞེས་པས་བོད་ཀྱི་ཡུལ་མི་ཚང་མར་གོ་བས། འདི་གཉིས་གང་གི་ཐོག་ནས་མིང་བཏགས་ཀྱང་དོན་ལ་ཁྱད་པར་ཆེན་པོ་ཞིག་མེད་ལ། སྒྲིག་འཛུགས་ཤིག་ཡིན་ན་གཞུང་ཞིག་མ་ཡིན་པ་ཡིན་མི་དགོས་ལ། ཡང་གཞུང་ཞེས་པ་དེར་ངེས་པར་རྒྱལ་ཁབ་ཀྱི་མཚོན་དོན་ཡོད་པའང་མིན་པ་བཅས་ཀྱང་བདེན།

དགུ། མཐར་མཚན་བྱང་དང་བཅས་པའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞིར་འགྱུར་བ་བཏང་བ་འདི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་ལ་གྲོས་ཚོགས་ཀྱིས་བསམ་ཤེས་དང་ངོས་འཛིན་ཐུབ་པའི་ཐག་གཅོད་ཅིག་ཆགས་པའང་བདེན།

བཅུ། མདོར་ན། དམངས་གཙོའི་ཀ་ཆེན་གསུམ་པོ་སྔར་ལྟར་གནས་ལ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་སྐྱོང་དང་ཡང་བྲལ་མེད་པར་དེ་སྔའི་བོད་གཞུང་གི་ངོ་བོ་མ་བརླགས་པའི་ཐོག་སྲ་བརྟན་ཡུན་གནས་ཐུབ་པར་གདེང་ཚོད་ལྡན་པར་གྱུར་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་གངས་ལྗོངས་བོད་མིའི་རང་དབང་དམངས་གཙོའི་སྒྲིག་འཛུགས་མཚན་དོན་མཚུངས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཆགས་ཡོད་པའང་བདེན་ནོ།།

སླར་སྨྲས་པ།

ཡར་ལ་ཞུས་པ་བཙན་བྱོལ་བོད་གཞུང་དང་། མར་ལ་གནངས་པ་བོད་མིའི་སྒྲིག་འཛུགས་ཡིན། གངས་ལྗོངས་གོ་དོན་བོད་མིས་མ་རྟོགས་མིན། གང་གི་གསུང་ལ་མངོན་པར་བཀུར་བ་སྟེ། ལེགས་ཉེས་འབྲས་བུ་དུས་ཀྱིས་སྟོན་པར་འགྱུར།

ཁྲིམས་བཟོ་ལྷན་ཚོགས་སྔར་བཞིན་བརྗིད། འཛིན་སྐྱོང་བཀའ་ཤག་སྔར་ལས་མཐོ། ཁྲིམས་ཞིབ་ཁང་ནི་བླ་མེད་གྱུར། ཡིད་བཞིན་ནོར་བུའི་གཟིགས་སྐྱོང་བཅས། དོན་ལྔ་སྣོད་དྲུག་ཚང་བཞིན་དུ། ནང་ཁོག་སྟོངས་པར་སྨྲ་བ་མཚང་།

དོན་རྒྱུས་མངའ་མེད་པའི་འཆར་སྣང་དག ཤ་ཚ་བའི་སྙིང་གཏམ་ཡིན་ན་ཡང་། ནང་མཐུན་སྒྲིལ་གཏོར་བའི་རྒྱུར་གྱུར་ན། ཕྱི་དགྲ་ལས་ཐུ་བའི་གནོད་པ་སྟེ། གཏམ་གཟབ་པར་གྱིས་དང་སྤུན་ཟླ་ཚོ།།

སྣ་ཚོགས།

Post navigation

Previous Post: ༼ནུབ་གླིང་གི་བོད་༽གསར་འཕྲིན་གྱི་ཞུ་ཚིག
Next Post: བདེན་པ་བཅུ་གཉིས་བོ་འདི་བདེན་པ་མ་རེད་ན་ཡུམ་དུམ་པ་བཅུ་གཉིས་བོ།

Comments (25) on “བདེན་པ་བཅུ།”

  1. རྔ་བ་ཚེ་སྐྱིད་ says:
    2011-06-07 at 1:01 pm

    བཤད་ཚད་བདེན་པ་འདྲ་ཡང་། བདེན་པ་རྒྱལ་རྒྱུ་དཀའ་གི

  2. འུར་ཁང་། says:
    2011-06-07 at 1:43 pm

    ད་དུང་བདེན་པ་གཉིས་ལྷག་འདུག
    དང་པོ། ཧོར་འཇིགས་ཀྱིས་སྐུ་སྒེར་ལ་མིག་འཕྲུལ་བསྟན་ནས་མདོ་སྨད་ལོ་རྒྱུས་འབྲི་ཆེད་ཧིན་སྒོར་ས་གཉིས་ལེན་པ་བདེན།
    གཉིས་པ། འཐེན་འཁྱེར་གྱི་ཀུན་སློང་འཁྱོག་པོས་མདོ་སྨད་ལོ་རྒྱུས་ཡིན་ཟེར་ཆ་མ་ཚང་བའི་དེབ་ཆེན་བཙོག་པ་ཞིག་བཏོན་པའང་བདེན།
    བདེན་པ་བཅུ་གཉིས་སོ།།

  3. མེ་ཏོག་དཀར་པོ། says:
    2011-06-07 at 2:26 pm

    འོ་ན་བདེན་པ་བཅུ་རྒྱལ་གྱུར་ཅིག

  4. མེ་ཏོག་དཀར་པོ། says:
    2011-06-07 at 2:37 pm

    དོན་ལ་ཚ་སྲེག་ཡིན་གྱུར་ན། །
    ཆུ་ཞེས་བཏགས་ཀྱང་རུང་བ་ཡིན། །
    མི་ལ་བ་ཕྱུགས་འདོག་རུང་ཞིང་། །
    སྐྱག་པར་གསེར་ཀྱང་རུང་བ་ཉིད། །

  5. རྔ་བ་གཉན་རྒོད་ says:
    2011-06-07 at 2:48 pm

    དྲ་གྲོགས་འུར་ཁང་བ་་་བདེན་པ་བཅུ་དང་ཧོར་འཇིགས་གཉིས་ལ་འབྲེལ་བ་མེད་པའི་དེའི་སྐོར་མི་གླེང་བར་ཞུ་

  6. དགྲ་སྟ། says:
    2011-06-07 at 2:53 pm

    གཟུར་གནས་པ་རྒན་ཆབ་བྲག་ཕོ་ཉའི་བདེན་བརྗོད་ལ་མངོན་པར་བསྟོད། ཐུགས་རྗེ་ཆེ།

  7. མེ་ཏོག་དཀར་པོ། says:
    2011-06-07 at 3:01 pm

    འུར་ཁང་འུར་འུར་མ་བྱེད་དང་། །
    མཁས་པ་ཧོར་གཙང་འཇིགས་མེད་དང་། །
    དེབ་ཆེན་མདོ་སྨད་ལོ་རྒྱུས་གཉིས། །
    བརྗོད་གཞི་འདི་དང་འབྲེལ་བ་མེད། །

  8. དིང་རྡོར་ says:
    2011-06-07 at 3:56 pm

    བདེན་པ་རྐྱང་རྐྱང་མ་གཏོགས།
    རྫུན་མ་གཅིག་ཀྱང་མིན་འདུག
    མང་གཙོ་བླ་མས་གནང་བ།
    བདེན་པ་ཡིན་རྒྱུ་རེད་དེ།
    ཐོབ་ཐང་བཀའ་ཁྲིས་བླངས་པ།
    བདེན་པ་བདེན་རྐྱང་རེད་བཞག
    བོད་པའི་མཛེས་མ་བདམས་པ།
    བདེན་པ་འདྲ་པོ་བྱུང་སོང་།
    དབུ་རྒྱན་མགོ་སེར་གྱོན་པ།
    བདེན་པ་མིན་ན་གང་ཡིན།

  9. འུར་ཁང་། says:
    2011-06-07 at 4:37 pm

    ཆབ་བྲག་ལྷ་མོ་སྐྱབས་ལགས་མདོ་སྨད་ཀྱི་སྤྱི་འཐུས་སོང་ཙང་ཞུས་པ་ཡིན། ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པ་ཞུ།

  10. འུར་ཁང་། says:
    2011-06-07 at 4:39 pm

    དཀར་པོ་དཀར་མདོག་མ་བྱེད་དང་།
    ནག་པོ་རིམ་པས་མཐོང་ཡོང་ངོ།

  11. གཙང་རིགས། says:
    2011-06-07 at 5:20 pm

    སྤྱི་མཐུས་ཚོགས་གཙོས་ཡར་ལ་ཞུས།།
    ཟམ་གདོང་བླ་མ་བར་ལ་བརྒྱུགས།།
    སྒྲིག་འཛུགས་ཙམ་ཞིག་ཡར་ལ་བཞག།
    མང་མོས་འོས་བསྡུ་མར་ལ་འཕངས།།
    གངས་ལྗོངས་གོ་དོན་རྟོགས་པ་རྫུན།།

    གཞུང་གིས་རྒྱལ་ཁབ་མི་མཚོན་ན།།
    སྒྲིག་འཛུགས་ཙམ་གྱིས་ག་ལ་མཚོན།།
    གཉོམ་ཆུང་རྒྱུས་མེད་ཕྱི་ལ་ཕུད།།
    ཕྱི་དགྲ་ཞིག་གི་ཚད་དུ་བཞག །
    གཞུང་མང་ཚོགས་ཆེན་ཚོགས་པ་རྫུན།།

    དོན་ལྔ་སྣོད་དྲུག་ཚང་ན་ཡང་།།
    བཙན་བྱོལ་བོད་གཞུང་མགོ་བོའི་ཚིག།
    གཙོ་བོ་དགོས་ཀྱི་མགོ་བོ་ཡིན།།
    དེ་མེད་ཁོ་བོ་སེམས་པ་སྐྱོ།།
    དེ་འདྲ་ཨེ་རེད་ལྷ་མོ་སྐྱབས།།

  12. བཟོད་པ་ལྷ་རྩེ་ says:
    2011-06-07 at 5:41 pm

    ཟབ་གདོང་རིན་པོ་ཆེ་ནི་རྒྱལ་སྲས་ཞི་བ་ལྷའི་རྗེས་འཇུག་པ་ཚད་ཐུབ་ཞིག་ཡིན་པས། ཉམས་ལེན་གྱི་གཙོ་བོ་བླ་ན་མེད་པའི་རྒྱལ་སྲས་ཀྱི་སྤྱོད་པ་ཡིན་པས་དེ་རྩ་བ་ནི། རྒྱལ་ཁ་གཞན་ལ་སྦྱིན་པ་དང་། གྱོང་ཁ་རང་གི་ལེན་པ་ཡིན། xxxxxxxxxxxxxxxxxx

  13. དབང་འདུས། says:
    2011-06-07 at 6:21 pm

    ཟབ་གདོང་བླ་མ་སྤྱོད་འཇུག་ཉམས་ལེན་ཚུལ་བཞིན་གནང་མཁན་ཞིག་ཡིན་ན་དང་པོ་བདེན་པའི་ཨུ་ཚུགས་ཀྱིས་རང་སྲོག་བློས་བཏང་ནས་ཆབ་སྲིད་བསྒྲུབ་དགོས་པའི་སློབ་སྟོན་གནང་བ་དེ་ག་རེ་རེད།

  14. པདྨ་གེ་སར says:
    2011-06-07 at 7:12 pm

    xxxxxxxxxxxxxxxxx

  15. ཚ་ཕྲུག་རྒྱལ says:
    2011-06-07 at 8:00 pm

    ཆབ་བྲག་ལྷ་མོས་བདེན་བཅུ་དང་། དེའི་ནང་ནས་ བདུན། གྲོས་ཚོགས་ནང་བདག་གིས། ༸གོང་ས་མཆོག་གིས་ཞལ་ནས་གསུང་པ་དང་བཀའ་ལན་ཕེབས་པ་གཉིས་ལ་བསམས་ཏེ། གངས་ལྗོངས་རང་དབང་མང་གཙོའི ་སྒྲིག་འཛུགས་ཞེས་མིང་ཆ་ཚང་དང་། དེ་བསྡུས་ནས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་འོས་ཚུལ་བཤད་ཀྱང་༸རྒྱབ་རྩ་བྲལ་མཐར་བོད་མིའི་སྒྲིག་འཛུགས་ཞེས་པར་སྤྱི་མོས་གཏན་ལ་ཕབ་པའང་བདེན། ཞེས་ཁྱེད་ཀྱིས་སྟོན་པའི་གདམས་གཞི་གཉིས་ཀྱི་གང་རུང་ལ་རྒྱབ་རྩ་བྲལ་ཚུལ་གསུངས་པར་ནང་འགལ་བླ་ན་མེད་པ་ཞིག་བཤད་འདུག། གང་ལྟར་ཁྱེད་ཀྱང་བོད་མིའི་སྒྲིག་འཛུགས་ཞེས་་པ་ཚིག་དེའི་ཡོངས་ཁུངས་ཀྱི་བྱེད་གཏེར་ཞིག་རེད་འདུག་གོ།

  16. འཇམ་བཀྲ says:
    2011-06-07 at 8:45 pm

    ཡོད་ཚད་ཁ་ཐུར་ལ་བསྐོར་མཁན་རྫབ་དོང་རིན་པོ་ཆེ་འདི་ཚང་རེད། ངོ་མ་རིན་པོ་ཆེ་འདི་ཚང་གིས་བོད་འདི་བཙོང་ཚར་གྲབ་འདུག་པ་མ་ཟད་ྋགོང་ས་མཆོག་ཀྱང་བསླུ་བྲིད་བྱེད་ཀྱི་འདུག་བསམ། དམངས་གཙོའི་ལམ་ལུགས་ལྡན་པས་སྤྱི་ཚོགས་ཞིག་གི་ནང་། མི་མང་གིས་འོས་ཤོག་བླུགས་ནས་བདམས་ཐོན་བྱུང་བའི་བཀའ་ཁྲི་ཞིག་གིས”ངས་མི་རིགས་ལ་བསམ་བློ་གཏོང་གི་མེད་ལ་རྒྱལ་ཁབ་ལའང་བསམ་བློ་གཏོང་གི་མེད། ཆབ་སྲིད་ལའང་བསམ་བློ་གཏོང་གི་མེད།” ཞེས་བཤད་མཁན་ཞིག་གིས་མི་མང་གི་མངོན་འདོད་སྒྲུབ་ཀྱི་མེད་པ་གསལ་པོ་རེད་ལ། བླ་སློབ་ཀྱི་དམ་ཚིག་གླེང་པ་ཡང་གད་མོ་ཤོར་རོགས་རེད།།

  17. ལྷོ་མོན་འབྲུག་རིས says:
    2011-06-08 at 5:42 am

    དེ་འདྲའི་འཁོན་འཛིན་ཆེན་པོ་ཞིག་ད་ཕན་མཐོང་ཡོང་མེད།། ཤ་ཚ།

  18. ཚེ་བསམ་ says:
    2011-06-08 at 5:58 am

    བཀུར་འོས་སྤྱི་བཟུར་ཆབ་བྲག་ལྷ་མོ་སྐྱབ་ལགས་སྐུ་ཉིད་ནས་བདེན་པ་བཅུའི་བསམ་ཚུལ་གླེང་བར་དགའ་སུ་ཞུ་
    འོན་ཀྱང་ང་དོག་པ་ཞིག་བྱུང་རྒྱུ་མཚན་ནི་༼༸གོང་ས་མཆོག་གིས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་སྒྱུར་ན་ཅི་འདྲ་འདུག་ཅེས་དགོངས་ཚུལ་གསུངས་འདུག་༽ཕྱིས་སུ་བཀའ་ སྤྱི་རྣམས་ཀྱི་དེ་མི་གྲིག་པར་༼བོད་མིའི་སྒྲིག་འཛུགས་༽བཞགའདུག་
    གོང་གྱི་ཁ་བྱང་གསུམ་པོ་དེ་ལ་ཁྱད་པར་ཡོད་དམ།

  19. ཚ་ཕྲུག་རྒྱལ says:
    2011-06-08 at 6:10 am

    འཇམ་བཀྲ་ལགས། ཡིག་ཕྲེང་ཁ་ཤས་ཙམ་གྱི་དཔྱད་གླེང་དེར་ཡིག་ནོར་མང་བ་དང་གཅིག། བརྗོད་ཚིག་ངན་པ་དང་གཉིས། བརྗོད་གཞི་དང་མ་འབྲེལ་བའི་བརྗོད་བྱ་དམན་པ་དང་གསུམ། བཅས་ཀྱིས་གད་མོ་ཕར་དགོད་་ཚུར་དགོད་རང་རེད་དོ།

  20. བློ་བཟང་ཆོས་གྲགས། says:
    2011-06-08 at 7:00 am

    ༄༅། །རྒྱལ་གཞུང་མེད་ན་སྒྲིག་འཛུགས་ང་ཚོས་ཀྱང་འཛུག་ཐུབ། མཚོན་དཔེ་བཅུ་གཉིས་པ།
    རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་གཞུང་མེད་པ་ཡིན་ན་བོད་མིའི་སྒྲིག་འཛུག་ནི་བོད་མི་སུས་བཙུག་ཀྱང་ཆོག ༧གོང་ས་མཆོག་དགོངས་པ་ཞུས་ཀྱང་ཆོག་དེ་སྒེར་གྱི་སྐུ་དབང་རེད། དགའ་ལྡན་ཕོ་བྲང་གི་མིང་བསྒྱུར་ཀྱང་ཆོག་དེ་ཆོས་རྒྱུན་ཞིག་གི་མཚན་རེད། གཞུང་སྔ་མས་ཕྱི་མར་དབང་ཆ་སྤྲད་ན་ཁྲིམས་མཐུན་རེད། སྔ་ཕྱི་འབྲེལ་བ་མེད་པ་ཡིན་ན་སྔོན་གྱི་ལོ་རྒྱུས་སྟེང་གི་ཆིང་ཡིག་ཚང་མ་ནུས་མེད་ཆགས་རྒྱུ་རེད། གཞུང་གསར་བ་དེ་སྒྲིག་འཛུག་ཅིག་ལས་གཞུང་གི་མིང་དོན་མཚོན་ཐུབ་པ་མེད་ན་བོད་མིའི་སྒྲིག་འཛུག་གཞན་ཡང་ཡོད་ཆོག་རྒྱུ་རེད། གཞུང་མེད་པའི་བཀའ་བློན་ཁྲི་བ་དེ་སུ་ཞིག་གི་བློན་པོ་རེད། སུས་ཁས་ལེན། ༼༡༽བོད་མིའི་སྒྲིག་འཛུག་སྣ་ཚོགས་འབྱུང་ངེས། ཆོལ་ཁ་གསུམ་གྱིས་སྒྲིག་འཛུག་རེ་བཙུག་ན་དེ་བོད་མི་མིན་པར་སུས་ཀྱང་སྒྲུབ་ཐུབ་པ་དཀའ། ༼༢༽བོད་མིའི་རྒྱལ་སྤྱིའི་སྒྲིག་འཛུག ཉག་རོང་རྒྱ་རུ་ཚང་དང་སྡེ་དགེ་ཨ་སྡུག་ཚང་ལྟ་བུ་འཛམ་གླིང་རྒྱལ་ཁབ་སོ་སོར་ཉེའབྲེལ་གྱིས་ཁྱབ་ཡོད་པ་ཞིག་གིས་རྒྱལ་ཁབ་སོ་སོ་ནས་མི་རེ་བསྡུས་ཏེ་འཛུག་ཐུབ། ༼༣༽བོད་ལྗོངས་སྤྱིའི་སྒྲིག་འཛུག བོད་ལྗོངས་ཁུལ་སོ་སོ་ན་ཉེ་འབྲེལ་ཡོད་པའི་ཟུར་ཁང་ཚང་ལྟ་བུས་འཛུག་ཐུབ། ༼༤༽ཡོངས་རྫོགས་བོད་མིའི་སྒྲིག་འཛུག ཨ་མདོ་རྔ་བའི་ཚོང་པ་ལྟ་བུ་བོད་མདོ་དབུས་ཀྱི་ས་ཁུལ་སོ་སོ་ན་ཚོང་བྱེད་པ་རྣམས་ཀྱིས་འཛུག་ཐུབ། ༼༥༽བོད་མིའི་མཛའ་སྦྲེལ་སྒྲིག་འཛུག འཛམ་གླིང་སོ་སོར་ཡོད་པའི་གྲོགས་པོ་རྣམས་བསྡུས་ཏེ་རང་དབང་ཚོགས་པ་ཞིག་བཙུག་ཀྱང་རུང་། ༼༦༽བོད་མིའི་བདེན་དོན་སྒྲིག་འཛུག རྡ་ས་མ་ཡིན་པའི་བོད་ས་གནས་ཁོལ་བུའི་སྐུ་ཚབ་ཚོགས་པ་བཙུག་སྟེ་རང་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་ཆོག ༼༧༽བོད་མིའི་བཀའ་བློན་སྒྲིག་འཛུག སྔོན་གྱི་བཀའ་བློན་རྙིང་པའི་རིགས་ཆིག་སྒྲིལ་གྱིས་ཚོགས་པ་བཙུག་སྟེ་གཞུང་འབྲེལ་བྱེད་ཆོག ༼༨༽ཆུ་སྒང་སྒྲིག་འཛུག སྔོན་གྱི་ལོ་རྒྱུས་རྙིང་པའི་རྗེས་འབྲངས་སྟེ་ཆུ་བཞི་སྒང་དྲུག་གི་མི་རྒྱུད་ཀྱིས་སྔར་གྱི་འབྲེལ་ལམ་ནས་རྒྱ་ནག་དང་འབྲེལ་བ་བྱེད་ཆོག ༼༩༽བོད་སོག་སྒྲིག་འཛུག ཐེ་ཝན་བོད་སོག་ལས་ཁུང་གི་ཁོང་དུ་འཛུལ་ཏེ་གོ་མིན་ཏང་གི་སྐབས་ཀྱི་ལོ་རྒྱུས་སྐྱར་བཤད་ཀྱིས་བོད་མིའི་སྒྲིག་འཛུག་གི་ངོ་བོ་མཚོན་པ་ཞིག་བྱེད་ཆོག ༼༡༠༽བོད་གཞུང་སྒྲིག་འཛུག རྒྱལ་བ་ཀརྨ་པ་ལྟ་བུའི་བླ་ཆེན་ཞིག་གིས་འཛམ་གླིང་གི་སློབ་ཚོགས་བསྐོང་སྟེ། བཀའ་བློན་ཁྲི་བ། བཀའ་བློན་སོགས་སྐོས་འདེམས་བྱས་ཏེ་གཞུང་གསར་བ་ཞིག་འཛུག་ཐུབ། ༼༡༡༽ བོད་མིའི་སྐུ་ཚབ་སྒྲིག་འཛུག རྒྱ་ནག་ལྟ་བུའི་མི་ནོར་གཉིས་འཛོམས་ཤིག་གིས་བོད་མི་འབུམ་ཕྲག་མང་པོར་ཟླ་ཕོག་སྤྲད་དེ་བོད་སྤྱིའི་མི་སྣ་འཛོམ་པ་ཞིག་འཛུག་ཐུབ། ༼༡༢༽བོད་མིའི་རང་དབང་སྒྲིག་འཛུག བཙོན་འོག་ཏུ་དཀའ་བ་སྤྱད་མྱོང་མཁན་ཚོས་རང་གི་བདེན་དོན་རྩོད་པའི་ཚོགས་པ་བཙུག་སྟེ་བོད་སྤྱིའི་དོན་ཏུ་རྒྱ་ནག་དང་སྐད་ཆ་བཤད་ཆོག མདོར་ན། བོད་གཞུང་མེད་པ་ཡིན་ན་༼བོད་མིའི་སྒྲིག་འཛུག༽དཔྱིད་ཀའི་རྩི་ཤིང་བཞིན་ཏུ་མང་པོ་འབྱུང་བར་གདོན་མི་ཟའོ། །

  21. ཚེ་རིང་། says:
    2011-06-08 at 9:40 am

    དགེ་ཆབ་བྲག་གི་བདེན་པ་བཅུ་དེ་ཡག་པོ་འདུག འོག་ཏུ་གྲོགས་པོ་ཞིག་གིས་མཆན་འགོད་སྐབས་བདེན་པ་གསུམ་བསྣན་འདུག་མོད། དེའི་གཉིས་པ་ནི་ཚོད་དཔག་ཡིན་པ་ལས། བདེན་པ་གཙང་མ་རེད་མི་འདུག་པས། བདེན་པའི་གྲངས་ཀ་མང་དུ་གཏོང་རྒྱུ་གལ་ཆེ་ཡང། དེའི་མཇུག་དུ་བདེན་པ་མིན་མ་འབྲི་རྒྱུ་མང་དྲག་ན་ཆབ་བྲག་གི་བདེན་པ་བཅུ་ཡང་ནུས་མེད་ཆགས་ཉེན་འདུག
    ད་དུང་ཁ་སྣོན་ཞིག་བྱས་ན། ༡ བོད་གཞུང་གི་མཚན་བྱང་བརྗེ་པོ་རྒྱག་མི་ཉན་པ་ཚོགས་ཆེན་ཐོག་མང་མོས་བྱུང་ཡང་། ༧གོང་ས་མཆོག་གིས་ངེས་པར་དུ་བརྗེ་པོ་རྒྱག་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

    ༢ སྐྱེ་བོ་རེ་ཟུང་གིས་དེ་ལ་མོས་མཐུན་མ་ཐུབ་ཀྱང་། ༧གོང་ས་མཆོག་ལ་ཁ་གཏོང་མ་ནུས་པར་ཁོང་གི་དགོངས་གཞི་མིན་སྐོར་དང་། དེ་མིན་གྱི་བཛད་གཙོ་ཚོས་མ་འགྲིག་སྐོར་བརྗོད་ཀྱི་ཡོད་པ་རེད།
    ༣ གནས་ཚུལ་ཡག་པོ་ཞིག་བྱུང་ན་༧གོང་ས་མཆོག་གི་མཛད་འཕྲིན་རེད་ཅེས་དང་། ཡག་པོ་མ་བྱུང་ན་༧གོང་ས་མཆོག་ལ་འབྲེལ་བ་མེད་པར། བོད་གཞུང་གི་མཛད་གཙོ་གཞན་པ་ཞིག་གིས་མ་འགྲིག་སྐོར་བཤད་རྒྱུར་བོད་མི་ཚོ་ཧ་ཅང་དགའ། དེ་དབུ་ཁྲིད་ལ་གུས་བཀུར་བཀའ་དྲིན་ལ་བསམ་ཤེས་ཡིན་ངེས་ཀྱང་། དྲང་བདེན་གྱི་ལོ་རྒྱུས་འབྲི་སྟངས་དང་འགལ་བ་མ་ཟད། རྩོམ་པ་པོ་སྤྱི་ཚོགས་ནང་དུ་དགོས་པ་དང་ཡང་འགལ་ཡོད།

  22. སྐྱུ་རྩི་ནས། says:
    2011-06-09 at 2:11 am

    དེ་རིང་ངས་ཚོང་པ་རྒྱག་པ་དྲན་བྱུང་། མ་གཞི་ནས་བོད་པ་འདིས་ནོར་འཕྲུལ་སོ་སོས་བྱས་ཀྱང་མི་གཞན་ལ་ལག་པ་འཕྱིས་ས་ཞིག་འཚོལ་བ་ནི་སྐྱག་ལངས་སུ་ཤོར་བ་ཞིག་ཡིན། ང་ཚོས་ད་ལྟ་བར་དུ་ཚོང་པ་རྒྱག་པས་བོད་བསྐྱལ་བའི་སྐོར་ས་འཆོང་གནམ་འཆོང་བྱས་ནས་གསལ་བསྒྲགས་དབྱར་གྱི་ཁུ་བྱུག་སྔོན་མོའི་མགྲིན་པ་ནས་བསྒྲགས་མོད་ཀྱང་ད་བོད་ཚོང་མཁན་སུ་རེད་དམ། བཙན་བྱོལ་བོད་གཞུང་མེད་པ་བཟོ་མཁན་་སུ་རེད་དམ། དེ་རིང་ཚོང་པ་རྒྱག་པ་དྲན།
    རང་རིགས་སྣུན་ལ་སྤོབས་པའི་མཆེ་སྡེར་ཅན།
    དཀའ་སར་བྲོས་ནས་བོས་ཀྱང་ཨང་མི་ཁུགས།
    དངོས་སུ་པད་ཅིང་མི་རིགས་ཚོགས་འདུའི་སར།
    ངོ་མས་གངས་ལྗོངས་སྲུང་ལ་གསོལ་བ་འདེབས།

  23. ལྷ་མོ་སྐྱབས། says:
    2011-06-09 at 4:46 am

    བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དེ་བཅའ་ཁྲིམས་བསྐྱར་བཅོས་ཐད་ལ་གོ་རྟོགས་དང་བསམ་ཚུལ་གཉིས་ཀ་སྟོན་ཕྱིར་འཚོགས་པ་ཞིག་ལས་བཙན་བྱོལ་བོད་མི་གཅིག་པུ་ཚོགས་ནས་མང་མོས་ཐག་གཅོད་བྱ་རྒྱུའི་ཚོགས་འདུ་འཚོགས་པ་མ་རེད། དེ་ཚང་མས་ཤེས་དགོས། མང་མོས་ཐག་གཅོད་ཀྱི་མང་ཚོགས་ཚོགས་ཆེན་མ་རེད།
    ༸གོང་ས་མཆོག་གི་བཀའ་སློབ་གནང་དུས་བོད་གཞུང་གི་མིང་ལ་ཡང་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་མང་དུ་གསུངས་རྗེས་ཁོང་གིས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་འདྲ་བོ་བཏགས་ན་གང་འདྲ་འདུག་ཅེས་གསུངས་པ་གང་ཞིག་ལ་ཕྱི་ཉིན་གྲོས་ཚོགས་ལ་ཕེབས་པའི་བཀའ་ཡིག་ནང་ལ་དེ་ག་རང་མེད་པ་རེད།
    ང་ཚོས་མཐའ་གཅིག་ཏུ་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མ་ནུས་ཀྱང་་གྲོས་ཚོགས་ནང་ལ་དེའི་སྐོར་གླེང་སློང་མ་བྱུང་བ་གཏན་ནས་མ་རེད། ངས་བདེན་པ་བཅུ་ཟེར་བ་དེ་དངོས་ཡོད་ཀྱི་བྱུང་རིམ་དེ་འདི་འདྲ་ཞིག་རེད་ཅེས་གསལ་བཤད་ཙམ་བྱས་པ་ལས་འདི་ཚོ་ཡང་དག་པའི་བདེན་པ་རེད་ཅེས་པའི་དོན་མིན།

  24. གཙུག་ལག་སློབ་དཔོན་ says:
    2011-06-09 at 8:18 am

    ང་ཕོད། ཕུན་ཚོགས་མ་གླེང་། རང་བཙན་སླར་གསོར་བཙོན་དང་།
    བླ་མ་རྒྱགས་པ་མ་གླེང་། རང་གཞུང་རང་གིས་བཙུག་དང་།
    སྤྱོད་འཇུག་བླ་མར་མ་དམོད། རང་ས་རང་སྲུངས་གྱིས་དང་།
    བོད་རིགས་ཡོད་ཚད་གཅིག་ཏུ་སྒྲིལ་དང་།
    རང་བཙན་ཡོད་མེད་ཁྱད་པར་གང་ཡོད།
    བོད་ལ་དགོས་རྒྱུ་བདེ་སྐྱིད་ཡིན་པས།
    བོད་གཞུང་མེད་ཀྱང་བདེ་སྐྱིད་ཡོང་སྲིད།
    བོད་དང་བོད་མི་རྒྱལ་གྱུར་ཅིག

  25. ཁྱི་ཕྲུག says:
    2011-06-09 at 9:12 am

    སྒྲིག་འཛུགས་ཟེར་བ་དེ་ལ་སུས་ཀྱང་འཐད་པ་མེད།་དང་ཐོག་གི་མི་མང་གི་བསམ་ཚུལ་ལ་བལྟ་རྒྱུ་རེད། ་མི་བཞི་བརྒྱ་ལྷག་འཛོམས་ནས་བཞག་པའི་གྲོས་ཆོད་དེ་གྲོས་ཚོགས་ཀྱིས་སྐར་མ་ཁ་ཤས་ནང་ཆུ་ལ་བསྐྱུར་བྱུང་།
    སྒེར་གཅོད་རིང་ལུགས་རེད་དམ་ཡང་མང་གཙོའི་ལམ་ལུགས་རེད།    གོང་ས་མཆོག་ཁ་ལ་འཁྱེར་ནས་གཏམ་བརྗོད་མང་པོ་འཁྲབ་མཁན་མང་།་དེ་ཚང་མས་ཤེས་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme