Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།།ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུས་སྲིད་དོན་གྲུབ་པའི་དགའ་སྟོན། སྔ་འཕྲོ།

Posted on 2011-06-052012-04-12 By རྔ་བ་རྒྱལ་ཁམས་པ 1 Comment on ༄།།ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུས་སྲིད་དོན་གྲུབ་པའི་དགའ་སྟོན། སྔ་འཕྲོ།

རྔ་བ་རྒྱལ་ཁམས་པ།
ལྗེམ་སི་མོན་རོའོ།

james-monroe

(James Monroe)
ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་ལྔ་བ། མང་གཙོ། (༡༨༡༧-༡༨༢༥)
སྐུ་ཞབས་མོན་རོའོ་མཆོག་ནི། སྤྱི་ལོ༡༧༥༨ལོའི་ཟླ༤ཚེས༤ཉིན། ཨ་རི་དང་དབྱིན་ཇི་གཉིས་ཀྱིས་འཐེན་རྒྱོང་བྱེད་བཞིན་པའི་བིར་ལྗི་ནི་ཡའི་བེ་སི་གྲི་མོ་ཨར་ལན་སྒྲི་ཞེས་པའི་ས་ཆར་སྐུ་བལྟམས། ཁོང་ལོ་ན་གཞོན་དུས་བེ་ལིམ་དང་མེ་རེ་མཐོ་སློབ་ཏུ་སློབ་ཞུགས་གནང་མོད། སློབ་མཚམས་བཞག་སྟེ་སྔ་མོ་ཞིག་ནས་གསར་བརྗེ་ངོ་རྒོལ་གྱི་བྱ་འགུལ་ནང་འབྲེལ་ཞུགས་བྱས། དགུང་གྲངས་བཅུ་བདུན་ཐོག་སློབ་གྲོགས་ཁག་ཅིག་དང་མཉམ་པོར་ས་ཁུལ་གྱི་གོ་མཛོད་ཐོག་བཙན་རྒོལ་བྱས་ཤིང་། ལོ་རྗེས་མའི་ནང་སློབ་གྲ་ནས་གཏན་དུ་ཕྱིར་འབུད་ཀྱིས་གླིང་ཆེན་གྱི་དམག་དཔུང་ནང་ཞུགས། དམག་སྤྱི་ཆེན་མོ་ལྗོར་ལྗི་ཝ་ཤིང་ཁྲོན་གྱི་དབུ་ཁྲིད་འོག བརྒྱ་དཔོན་ཞིག་གི་གོ་མིང་བཞེན་ཐོག་ཝ་ཤིང་ཁྲོན་གྱི་དམག་དཔུང་དང་ལྷན་དུ་སྒྲེ་ལ་བེ་ཨར་ཞེས་པའི་གཙང་བོའི་ཕ་རོལ་བརྒལ་ཏེ། དབྱིན་ཇིའི་མེ་སྒྱོགས་རུ་ཁག་ཅིག་དང་མཉམ་དུ་འཐབ་འཛིངས་བྱས་པས། རྨས་སྐྱོན་ཚབས་ཆེན་ཕོག་ཀྱང་གཡུལ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་གྲགས་ཆེ། དམག་མཇུག་ཕལ་ཆེར་རྫོགས་ལ་ཉེ་སྐབས། ཐོ་མ་སི་ལྗ་ཧྥིར་སོན་མཆོག་གི་ཁྲིམས་ལུགས་སློབ་གཉེན་ཁང་དུ་སློབ་ཞུགས་གནང་ཞིང་། ཕྱིས་སུ་རང་ཉིད་ཀྱིས་ཀྱང་ཁྲིམས་ལུགས་སློབ་གཉེར་ཁང་ཞིག་སྒེར་གཉེར་གནང་། ཁོང་སྲིད་འཛིན་དུ་འོས་འདེམས་མ་ཞུས་པའི་སྔ་རོལ་དུ། བིར་ལྗི་ནི་ཡའི་གྲོས་འཐུས་དང་། གླིང་ཆེན་གྱི་གྲོས་འཐུས། མངའ་སྡེ་མཉམ་འབྲེལ་གྱི་བློན་ཆེན། བིར་ལྗི་ནི་ཡ་མངའ་སྡེའི་བློན་ཆེན། ཝ་ཤིང་ཁྲོན་མཆོག་གི་ཧྥ་རན་སིའི་ཆེད་མངགས་བློན་ཆེན། ལྗ་ཧྥིར་སོན་མཆོག་གི་དབྱིན་ཇིའི་གཞུང་ཚབ་དང་རྒྱལ་དོན་བློན་ཆེན། ལོས་ཟེ་ཡ་ན་ཉོ་སྐབས་ཀྱི་ཧྥ་རན་སིར་ཚོང་གྲོས་དོན་གཅོད། ལྗེམ་སི་མ་སྒྲིའི་སོན་མཆོག་གི་དམག་འཐབ་དྲུང་ཡིག་གི་ལས་ཁུར་བླངས་པ་སོགས། བྱས་རྗེས་ཤིན་ཏུ་ཆེ་བར་བཤད་ཅིང་། སྤྱི་ལོ༡༨༡༦ལོར་སྲིད ཟུར་ལྗ་ཧྥིར་སོན་དང་། སྲིད་འཛིན་ལས་ཐོག་པ་མ་སྒྲིའི་སོན་རྣམ་གཉིས་ཀྱིས་ཐུགས་རེ་རྒྱབ་སྐྱོར་འོག ཁོང་སྲིད་དུ་འོས་འདེམས་ཡོང་བའི་འབོད་སྐུལ་གནང་རྐྱེན། མང་གཙོ་མི་སེར་རང་ལུགས་ཀྱི་ཕྱོགས་གཏོགས་ཁག་ཅིག་གིས། ༼བིར་ལྗི་ནི་ཡའི་སྲིད་འཛིན་གྱི་རྒྱལ་རབས༽ཞེས་སྲིད་འཛིན་ཚང་མ་བིར་ལྗི་ནི་ཡའི་ཕྱོགས་ནས་ཕེབས་པར་དྲང་མིན་གྱི་བསམ་འཆར་ཀྱང་བཏོན་འདུག དེ་ལྟ་ནའང་། འཁྲུངས་གཞིས་ལས་འཇོན་ཐང་གལ་ཆེན་དུ་བརྩིས་ནས། ལོ་བཞིའི་རྗེས་ཁོང་ལ་ཁ་ཐད་སུའང་མེད་པར་འོས་གྲངས་གཅིག་གིས་དམན་པས་ཚང་མ་ཐོབ་སྟེ་སྲིད་འཛིན་དུ་ཕེབས་འདུག ལོ་རྒྱུས་ཤོད་སྲོལ་ཞིག་ཏུ་ཁོང་བར་འོས་ཤོག་གཅིག་མ་ཐོབ་པའི་རྒྱུ་མཚན་ནི། འོས་ཤོག་འཕེན་མཁན་ཞིག་ནས་ལྗོར་ལྗིའི་ཝ་ཤིང་ཁྲོན་གྱི་མཚན་གནས་ལ་ཆེ་བ་འདོན་ཆེད། ཁོང་ལ་འོས་ཤོག་མ་བླུག་པ་ཡིན་ཞེས་བཤད་སྲོལ་འདུག ཁོང་གིས་སྲིད་འཛིན་མཛད་འགན་བཞེས་རྒྱུན་རིང་། མངའ་སྡེ་མཉམ་འབྲེལ་གྱི་སྣོད་བཅུད་གཉིས་ཀར་འགྱུར་བ་ཆེན་པོ་ཞིག་བྱུང་བ་ནི། མངའ་སྡེ་གསར་བ་ལྔ་རྒྱལ་ཁབ་ཀྱི་མངའ་རིས་སུ་གསར་ཞུགས་བྱས་པ་དང་། དུས་བཞིའི་འགྱུར་བ་དང་གནམ་གཤིས་ཀྱི་དྲོད་གྲང་ཧ་ཅང་སྙོམས་པར་གྲགས་པའི་ཧྥི་ལོ་རེ་སྒྲ་ཞེས་པའི་མངའ་སྡེ་དེ། ཡོ་རོབ་ཀྱི་རྒྱལ་ཁབ་སི་ཕེན་གྱི་ལག་ནས་ཉོས་པས་མ་ཚད། ཁ་ན་ཏྲ་དང་ཨ་རིའི་མཐའ་མཚམས་སྐོར་གྱི་དབྱེ་ཐིག་ཀྱང་གསལ་བོར་གཏན་འབེབས་བྱས་ཤིང་། གཏན་འབེབས་ཁྱབ་བསྒྲགས་ཀྱི་ཡིག་ཆའི་ནང་། ཨ་རིའི་ཕྱོགས་ནས་ཡོ་རོབ་ཀྱི་རྒྱལ་ཁབ་དག་གིས། ཨ་རིའི་ལྷོ་བྱང་གི་མངའ་ཁོངས་ནང་ཕྱི་འབྲེལ་ཇུས་གཏོགས་བྱེད་བཞིན་པ་དང་། རྒྱལ་ཁབ་དེ་དག་གིས་སྟོབས་ནུས་ལ་བརྟེན་ནས་ཨ་རིར་གཞིས་ཆགས་གསར་བ་འཛུགས་སྐྲུན་གྱི་སྲིད་བྱས་ལ་ངོ་རྒོལ་གནང་སྟེ། ད་ཕྱིན་ཕྱི་རྒྱལ་གང་ཞིག་གིས་ཀྱང་ཨ་རིའི་ནང་ཇུས་གཏོགས་གཞིས་ཆགས་འཛུགས་པ་སོགས། གཏན་ནས་བྱེད་མ་ཆོག་པའི་བཀའ་ཁྱབ་གསར་བསྒྲགས་བྱས་པ་དེ་ལ། ཡོངས་གྲགས༼མོན་རོའི་ལྟ་བ༽ཞེས་འབོད་ཅིང་། ཡིག་ཆ་དེས་མངའ་སྡེ་མཉམ་འབྲེལ་གྱི་མངའ་ཐང་ནུབ་ཞི་བདེ་རྒྱ་མཚོ་ལ་ཐུག་གི་བར་རྒྱ་བསྐྱེད་ཀྱིས། ཨ་རིས་སའི་གོ་ལའི་ཕྱེད་ནུབ་མའི་ཐོག་ལོ་རྒྱུས་ཀྱི་དོན་སྙིང་ཆེ་བའི་གོ་གནས་ངེས་ཅན་ཞིག་བཟུང་འདུག མོན་རོ་མཆོག་གི་ཆབ་སྲིད་འཛིན་སྐྱོང་སྐབས་ཀྱི་རྩོད་རྙོག་ཆེ་ཤོས་ཤིག་ནི། མེ་ཟོ་རེས་ཞེས་པའི་མངའ་སྡེ་དེ་བྲན་གཡོག་འཆང་ཆོག་པའི་མངའ་སྡེ་ཞིག་ཏུ་འཇོག་འཐུས་མིན་སྐོར་དེ་རེད། གནད་དོན་འདིའི་ཐད་སྲིད་དོན་པ་ཚོས་རང་རང་གི་ལྟ་ཚུལ་མི་འདྲ་བ་རེ་རེ་བཟུང་སྟེ། ཨ་རི་བྱང་ཕྱོགས་པ་ཚོས་ལྷོ་ཕྱོགས་པ་དག་ལ་ཁ་ཐད་རྩོད་རྙོག་བསླངས་ཤིང་། རྩོད་པ་དེ་བཞིན་བར་འདུམ་ལྟ་བུས་མཇུག་རྫོགས་འབྲས། ལྷོ་ཕྱོགས་མངའ་སྡེ་མེ་ཟོར་རེ་དེ་བཞིན་བྲན་གཡོག་འཆང་རུང་གི་ཆ་རྐྱེན་འོག་མངའ་སྡེ་མཉམ་འབྲེལ་ནང་ཞུགས་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་མེན་ཞེས་པ་བྲན་གཡོག་འཆང་མི་ཆོག་པའི་ཆ་རྐྱེན་ཐོག་མངའ་སྡེ་མཉམ་འབྲེལ་ནང་ཞུགས་པ་དང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོས་ནས་ད་ཡོད་མེ་ཟོ་རིས་ནང་གི་བྲན་གཡོག་ས་ཁུལ་ཕུད། བྲན་གཡོག་དར་ཁྱབ་ཏུ་མ་སོང་བའི་མེ་ཟོ་རིས་བྱང་ཕྱོགས་དང་ནུབ་ཕྱོགས་སོགས་སུ། བྲན་གཡོག་དེ་ལྷག་རྒྱ་བསྐྱེད་བྱ་མི་ཆོག་པར་མོས་མཐུན་ཐག་གཅོད་གནང་ཞིང་། དེ་སྐོར་ལག་བསྟར་ཅི་བྱེད་ཆབ་སྲིད་འཛིན་སྐྱོང་ཁག་ཕྱི་མ་དག་གི་བསྒོ་སྐལ་དུ་བཞག་འདུག སྤྱི་ལོ༡༨༢༥ལོར་ཁོང་དང་ལྕམ་ཨེ་ལེ་ཟི་བྷེ་ཐི་གཉིས། བིར་ལྗི་ནི་ཡའི་བྱང་རྒྱུད་ན་ཡོད་པའི་རང་ཁྱིམ་དུ་རྒས་ཡོལ་དུ་ཕེབས་ཤིང་། ཁྱིམ་གཞིས་དེ་ནི་སྲིད་ཟུར་ལྗ་ཧྥིར་སོན་མཆོག་གིས་འཆར་བཀོད་གནང་བ་ཞིག་ཡིན་རབས་འདུག སྤྱི་ལོ༡༨༣༠ལོར་ཨེ་ལེ་ཟི་བྷེ་ཐི་སྐུ་གཤེགས་ཤིང་། དེ་ནས་མོན་རོ་མཆོག་ནོས་ཡོག་གྲོང་ཁྱེར་ན་ཡོད་པའི་རང་གི་བུ་མོ་ཆུང་ངུ་མ་རིས་ཡ་ཞེས་པའི་ཁྱིམ་ཚང་ནང་གནས་སྤོས་ནས་དེ་གར་བཞུགས་མུར། སྤྱི་ལོ༡༨༣༤ཟླ༧ཚེས༤ཉིན་སྐུ་གཤེགས་འདུག ཁོང་ནི་ཟླ༧ཚེས༤་ལ་སྐུ་གཤེགས་པའི་ཨ་རིའི་སྲིད་འཛིན་ཐ་མ་དེ་ཡིན་ཞིང་། སྲིད་ཟུར་ལྗ་ཧྥིར་སོན་དང་། ཨ་སྒྲམ། མོན་རོ་བཅས་སྲིད་འཛིན་གསུམ་ག་ཏག་ཏག་ཟླ་ཚེས་གཅིག་ལ་སྐུ་གཤེགས་འདུག་གོ།
ལྗོན་ཁོན་སིས་ཨ་སྒྲམ།

john-quincy-adams

(John Quincy Adams)
ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་དྲུག་པ། མང་གཙོ། (༡༨༢༥-༡༨༢༩)
སྐུ་ཞབས་ཁོན་སིས་ཨ་སྒྲམ་མཆོག་ནི། ཨ་རིའི་སྲིད་འཛིན་གཉིས་པ་ལྗོན་ཁོན་སིས་སྒྲམ་མཆོག་གི་སྲས་སུ། སྤྱི་ལོ༡༧༦༧ལོའི་ཟླ༧ཚེས༡༡ཉིན། མ་སེ་ཆོས་སེའི་བྷི་རན་ཁྲི་རིས་ཞེས་པའི་ས་ཁུལ་ནང་སྐུ་བལྟམས། ཁོང་ནི་ཨ་རིའི་གསར་བརྗེ་ངོ་རྒོལ་གྱི་ཟིང་འཁྲུགས་ནང་འཚར་ལོངས་བྱུང་བ་ཞིག་སྟེ། དགུང་གྲངས་བརྒྱད་པའི་ཐོག་ནས་བྷང་ཁུར་རི་བོའི་ཉེ་འགྲམ་ན་དམག་འཁྲུགས་བྱེད་བཞིན་པ་དངོས་སུ་མཐོང་ཞིང་། རང་གི་ཡབ་ཨ་སྒྲམ་མཆོག་ཕྱི་རྒྱལ་ཡུལ་གྲུ་དུ་མར་གཞུང་འབྲེལ་ལས་དོན་དུ་ཕེབས་སྐབས། ཁོང་ཡང་ཡབ་དང་ལྷན་དུ་བསྐྱོད་ཐུབ་པའི་གོ་སྐབས་ཐོབ། སྙན་གྲགས་ལྡན་པའི་སློབ་ཆེན་ཧ་ཝལ་སྒྲིའི་ནང་ཁྲིམས་ལུགས་སློབ་སྦྱོང་གནས་ནས་སློབ་ཐོན་ཕྱག་འཁྱེར་ཀྱང་བཞེས། སྲིད་འཛིན་སྔ་མ་ལྗོར་ལྗི་ཝ་ཤིང་ཁྲོན་དང་རང་གི་ཡབ་ལྗོན་ཨ་སྒྲམ་གཉིས་ཀྱི་སྐབས། ཨ་རིའི་གཞུབ་ཚབ་དང་། ཐོ་མ་སི་ལྗ་ཧྥིར་སོན་ལ་བཀའ་ཡི་མདུན་ན་འདོན། ལྗེམ་སི་མ་སྒྲིའི་སོན་མཆོག་གི་ཨ་རིའི་གཞུང་ཚབ། ལྗེམ་སི་མོན་རོ་མཆོག་ལ་རྒྱལ་དོན་བློན་ཆེན་གྱི་མཛད་ཁུར་བཞེས་འདུག་པ་སོགས་མཛད་བྱས་ཧ་ཅང་ཆེ་ལ། སྤྱི་ལོ༡༨༢༩ལོར་ཁོང་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་དང་། སྲིད་འཛིན་གྱི་མཚན་གནས་ཐོག་སྔར་སྲོལ་སྲིད་འཛིན་རིམ་པའི་ཆབ་སྲིད་ལམ་ལུགས་རྩིས་མེད་རང་ཉིད་ནས་སྲིད་སྐྱོང་གི་སྲོལ་ཀ་གཞན་ཞིག་གསར་གཏོད་བྱས་སྟབས། མིག་སེར་ཅན་གྱི་ཁ་ཐད་སྲིད་དོན་པ་མང་བོས་ཁོང་ལ་སླད་སྐྱོན་ཐེར་འདོན་བྱས་ཤིང་། གསར་ཤོག་ཁག་གི་སྟེང་ཁོང་གི་ལྟ་ཚུལ་དང་ལངས་ཕྱོགས་ཐད་སྨད་ར་དང་། སྐྱོན་བརྗོད་མང་བོ་སྤེལ་བ་སོགས་ཀྱི་ཉེར་ལེན་ལས། རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཀྱང་ཁོང་གིས་བཏོན་པའི་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་དང་། ཆུ་ཡུར་གྱི་འཆར་བཀོད་ཐེབ་རྩ་ཚང་མ་ཕྱིར་བསྡུ་བྱས། དེར་བརྟེན། ཁོང་གི་སེམས་ན་རང་ཉིད་ལ་རྒྱབ་སྐྱོར་བ་སུའང་མེད་པར་གྲོགས་མེད་ཁེར་རྐྱང་ལྟ་བུའི་སྣང་བ་ཤར་ཞིང་། སྲིད་འཛིན་འོས་འདེམས་གཞུག་མའི་སྐབས། རང་གི་ཕྱོགས་ཁག་ལ་ཁོང་སྲིད་འཛིན་དུ་བསྐྱར་འདེམས་ཡོང་བའི་རེ་བ་དེ་འདྲ་གང་ཡང་མ་གནངས་སྟབས། འདེམས་ཐེངས་རྗེས་མར་ཁོང་ཕམ་ཞིང་ཨེན་སྒྲི་རོས་ལྗག་སོན་མཆོག་རྒྱལ་བ་རེད། ལྗོན་ཁོན་སིས་ཨ་སྒྲམ་མཆོག་ནི་སྲིད་འཛིན་གྱི་མཛད་ཁུར་གྲུབ་ནས་སླར་ཡང་གཞུང་ཞབས་སུ་ཕེབས་མཁན་གྱི་སྲིད་འཛིན་གཅིག་པུ་དེ་ཡིན་ཞིང་། ཁོང་དགུང་གྲངས་རེ་གསུམ་དུ་ཕེབས་པ་སྤྱི་ལོ༡༨༣༠ལོར(House Representative)སུ་འོས་འདེམས་བྱུང་ནས། རྟག་པར་ཚོགས་འདུ་མང་བོ་སྐོང་ཚོགས་ཀྱིས་བྲན་གཡོག་ལམ་ལུགས་མཇུག་བསྡུ་དགོས་སྐོར་བསྐྱར་བཤད་ཡང་ཡང་བྱས་པར་བརྟེན། མི་རྣམས་ཉན་འདོད་མ་སྐྱེས་པར་ཉོབ་མདངས་ལྟ་བུ་ཞིག་སྐྱེས་ཤིང་། ཁོང་བར་ལྡོག་མིང་དུའང༼མི་རྒན་ཁ་ལྕེ་བདེ་མོ༽ཞེས་ཡང་ཡང་བོས་ཤིང་ཆགས་འདུག སྤྱི་ལོ༡༨༤༨ལོ་ཟླ༢ཚེས༢༡ཉིན་རྐུབ་སྟེགས་ཐོག་འགུལ་བསྐྱོད་ཀྱི་རྣམ་པ་ཅིའང་མེད་པར་བཞུགས། མི་རྒན་ཁ་ལྕེ་བདེ་མོས་རང་ཉིད་འཆི་ལ་ཉེ་བ་ཚོད་ཀྱིས་ཐུགས་ནས། མདུན་འཁོར་དག་ལ་ང་རང་ཡིག་ཚང་ཉེ་འཁྲིས་ཤིག་ཏུ་སྤོར་རོགས་བྱས་ན། རང་ཉིད་དགའ་གུས་ཆེ་བའི་རྒྱལ་ཁབ་ཀྱི་ཕོ་བྲང་ནང་དུ་འཆི་ཐུབ་ངེས་ཞེས་བཀའ་ཕེབས་པ་ལྟར། ཉིན་གཉིས་ཀྱི་རྗེས་སུ་སྐུ་གཤེགས་འདུག་གོ།
ཨིན་སྒྲི་རོས་ལྗག་སོན།

andrew-jackson

(Andrew Jackson)
ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་བདུན་པ། མང་གཙོ། (༡༨༢༩-༡༨༣༧)
ཨིན་སྒྲི་རོས་ལྗག་སོན་མཆོག་ནི། སྤྱི་ལོ༡༧༩༧ལོའི་ཟླ༣ཚེས༡༥ཉིན་ལྷོ་ཁ་རོ་ལེ་ན་དང་། བྱང་ཁ་རོ་ལེ་ནའི་ས་མཚམས་ཀྱི་གྲོང་སྡེ་བ་སེག་ཧོ་ཞེས་པའི་ནང་། སི་ཁོ་གྲི་ཨ་རེ་ཤའི་ཡུལ་འཁྱར་བ་ཞིག་གི་རྒྱུད་དུ་སྐུ་བལྟམས། ལྡོག་མིང་ལ༼སྟར་ཁའི་ཤིང་སྡོང་རྒས་པོ༽ཞེས་འབོད། ཁོང་སྐུ་མ་འཁྲུངས་བའི་ཉིན་ཤས་སྔོན་ཡབ་གློ་བུར་དུ་སྐུ་གཤེགས། ཁོང་གིས་དབྱིན་ཇིའི་བརྡ་སྤྲོད་དང་དག་ཆ་འགངས་ནས་སློབ་མ་མྱོང་མོད། དབྱིན་ཡིག་ཀློག་ནུས་ཤིང་དབྱིན་སྐད་ཀྱང་ཡག་པོ་བཤད་ཤེས་ཀྱི་ཡོད་སྟབས། དགུང་གྲངས་དགུ་ཡས་མས་ལས་མ་སོན་པའི་ལོ་ན་ཆུང་ངུའི་དུས་ནས། ཨ་རིའི་རང་བཙན་གྱི་བསྒྲགས་ཡིག་གསར་བ་ཡིག་རྨོངས་ལས་མ་གྲོལ་བའི་ཁྱིམ་མཚེ་ཁག་ལ་གསུང་ཤུགས་ཆེན་པོའི་བཀླགས་ཤིང་། སློབ་ཞུགས་ཀྱི་མགོ་ཞིག་བརྩམས་པའང་ གསར་བརྗེ་ངོ་རྒོལ་གྱི་རྙོག་འཛིངས་ལས། སློབ་མཚམས་ཅམ་འཇོག་མ་བྱས་ཐུ་མེད་བྱུང་འདུག ཁོང་དགུང་གྲངས་བཅུ་གསུམ་ཐོག་ཨ་རིའི་དམག་དཔུང་ཁག་ལ་འཕྲིན་སྐྱེལ་ཕོ་ཉའི་ཞབས་འདེགས་ཞུས། སྐབས་དེར་དབྱིན་ཇིས་འཛིན་བཟུང་གིས་རྡུང་རྡེག་དང་འཇིགས་སྐུལ་སྣ་ཚོགས་མྱང་བ་དང་། སྲིད་འཛིན་རིམ་པའི་གྲས་ནས་དབྱིན་ཇིའི་ཁྲམས་ཁང་དུ་སྡོད་མྱོང་མཁན་ནི་ཁོང་གཅིག་པུ་ཡིན་ལ། གསར་བརྗེ་ངོ་རྒོལ་ལ་ཞབས་འདེགས་སྒྲུབ་མཁན་གྱི་སྲིད་འཛིན་ཐ་མ་དེའང་ཁོང་རེད། དམག་འཁྲུགས་མཇུག་རྫོགས་རྗེས། ལྗག་སོན་མཆོག་གིས་ཁྲེན་ནི་སིའི་ནང་ཁྲིམས་ལུགས་ཐུགས་སྦྱོང་མཛད་ནས་ཁྲིམས་རྩོད་པ་ཞིག་ཏུ་ཆགས། ༼ ཧིར་མེས་གྲེ་ལྗིས༽་ཞེས་པའི་ཤིང་བལ་སྡོང་བོ་འདེམས་འཛུགས་ཀྱི་ལས་གྲྭ་ཞིག་རྩ་འཛུགས་བྱས་ཤིང་། དེ་ནས་རིང་བོ་མ་ཐོགས་པར་ཨ་རིའི་གྲོས་ཚོགས(house and senator)གཞུང་ཞབས་ཞུས། ལོ་བཅུ་ལྷག་གི་རྗེས་རྒྱལ་གཞུང་གིས་ཁོང་བར་དམིགས་བསལ་སྤྱི་ལོ༡༨༢༨ལོའི་གསར་བརྗེ་དམག་དུས་ཀྱི་མཛད་རྗེས་གཟེངས་ཐོན་བསྟོད་བསྔགས་ཕུལ་ཞིང་། དེས་ཁོང་ཕོ་བྲང་དཀར་བོའི་ནང་ཕེབས་ཐུབ་པར་དམིགས་བསལ་ཤུགས་རྐྱེན་དང་གཞོགས་འདེགས་ངེས་ཅན་ཞིག་ཐེབས་ཡོད། དེའང་སྤྱི་ལོ༡༨༡༢ལོར་ཁོང་གིས་ཁྲེན་ནེ་སིའི་ནང་དང་བླངས་ཞབས་འདེགས་ལས་འཛིན་ཀྱི་འགན་ཁུར་ཞུས་པ་དང་། དེ་ནས་མངའ་སྡེ་མཉམ་འབྲེལ་གྱི་དམག་དཔོན་དུ་ཆགས་ཏེ། ཨོར་ལན་གསར་བའི་ཐ་མའི་དམག་འཁྲུགས་འགྲན་བསྡུར་སྐབས། ཕུལ་བྱུང་བཀོད་ཁྱབ་དང་དབུ་ཁྲིད་གནང་འབྲས། མཚན་སྙན་ཧ་ཅང་དར་རྒྱས་བྱུང་ནས་དམག་དཀྱུས་དག་གིས་སེམས་ལ་ཁོང་ནི་༼སྟར་ཁའི་ཤིང་སྡོང་རྒས་པོ་ལྟར༽། མཁྲེགས་རྩུབ་ཆེ་བའི་དབུ་ཁྲིད་ཅིག་ཡིན་པར་གདེངས་འཇོག་བྱས་སྟབས། ཁོང་གི་ལྡོག་མིང་དུའང༼སྟར་ཁའི་ཤིང་སྡོང་རྒས་པོ༽ཞེས་ཆགས་པ་རེད། སྤྱི་ལོ༡༨༢༨ལོའི་སྲིད་འཛིན་འོས་འདེམས་སྐབས། ལྡོག་ཕྱོགས་སྲིད་དོན་ཚོགས་པས་ཁོང་ལོ་ན་གཞོན་སྒང་། མི་གཞན་པ་དང་མཉམ་པོར་མེ་མདའི་ཁོང་མདེའུ་བཅུགས་ཏེ། སྐམ་ཁ་གནོན་རེས་སུ་ཕམ་སུ་རྒྱལ་གྱི་ལས་བསྐོས་འཐབ་འཛིངས་བྱས་པ་དང་། ཕམ་རྒྱལ་རྩོད་སྐབས་ཤིག་ཏུ་མདའ་ཕོག་ནས་མདེའུ་དེ་བཞིན་སྙིང་ཁ་དང་ཉེ་བར་ལྷག་སྟེ་མི་ལོ་བཞི་བཅུའི་རིང་ཁུར་དགོས་ཐུག་པ་སོགས། སྐྱོན་བརྗོད་དང་མིང་ཤས་ངན་འདོགས་སྐོར་དེབ་འཐུག་པོ་ཞིག་ཀྱང་པར་སྐྲུན་བྱས་པ་མ་ཟད། རང་ཉིད་ཀྱི་རྒྱབ་སྐྱོར་བ་རེ་ཟུང་གིས་ཀྱང་ཁོང་བར་སྨད་ར་མང་བོ་བཏང་འདུག དེ་ལྟ་ནའང་། ཁོང་རང་ཉིད་ཀྱི་ཁ་ཐད་ལྗོན་ཁོན་སིས་ཨ་སྒྲམ་ལས་རྒྱལ་ཏེ་སྲིད་འཛིན་དུ་འོས་འདེམས་བྱུང་ཞིང་། སྲིད་འཛིན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོའི་ཐོག མངའ་འབངས་དག་ཕོ་བྲང་དཀར་པོའི་ནང་བཙན་འཚངས་བྱས་ཏེ་འདམ་བག་ཅན་གྱི་ལྷམ་མགོ་གྱོན་ནས་གོས་ཆེན་གྱི་རྐུབ་སྟེགས་སྟེང་འཛེགས་པ་དང་། འཚང་ག་ཆེན་པོ་བྱས་རྐྱེན་བུད་མེད་མང་བོ་བརྒྱལ་ཅིང་། ལྗག་སོན་རང་ཉིད་ཀྱང་ཕོ་བྲང་དཀར་པོའི་ལྟག་སྒོ་བརྒྱུད། མགྲོན་ཁང་ཞིག་ཏུ་བྲོས་བྱོལ་དུ་མ་འགྲོ་མཐུ་མེད་བྱུང་ཞིང་། ཕོ་བྲང་ལས་བྱེད་དག་གིས་ཐབས་བརྒྱ་ཇུས་སྟོང་ལྟ་བུས། མི་ཚོགས་ཕྱི་ལ་དེད་རྗེས་གཞི་ནས་ཕོ་བྲང་གི་སྒོ་རྒྱག་ཐུབ་པ་བྱུང་འདུག གང་ལྟར་ཡང་། ཁོང་གིས་སྲིད་འཛིན་གྱི་མཛད་ཁུར་བཞེས་ཐེངས་གཉིས་ཀར། སྲིད་འཛིན་སྔ་ཕེབས་ཚོ་ལས་ལྷག་པའི་དབང་ཆ་མཁྲེགས་འཛིན་བྱས་སྟབས། སྐྱོན་བརྗོད་ཀྱི་ལྡོག་མིང་དུའང༼ཐོག་མའི་རྒྱལ་བོ་ཨིན་སྒྲི་རོས༽ཞེས་འབོད་ཅིང་། ཁོང་གིས་སྲིད་འཛིན་གྱི་བཀའ་དྲུང་ཡིག་ཚང་གི་ལས་བྱེད་སུས་རང་གི་བཀའ་མ་བརྩིས་ན། དེ་ཉིད་གནས་གཡུངས་དང་བརྗེ་ཚབ་ཀླ་བའི་དབང་ཚད་རང་ཉིད་ཡོད་པར་བཤད་པ་དང་། ལྷོ་ཁ་རོ་ལེ་ནས་ཚོང་ཟོག་ནང་འདྲེན་གྱི་སྤྱི་མཐུན་དཔྱ་ཁྲལ་མ་བརྒྱབས་པར་བརྟེན། ཁོང་གིས་མངའ་སྡེ་མཉམ་འབྲེལ་གྱི་དབང་ཚད་མངའ་སྡེའི་སྲིད་གཞུང་ལས་མཐོན་པོར་འཆང་སྟེ། རང་ཉིད་ལ་སྲིད་དོན་རྒྱབ་སྐྱོར་བྱེད་མཁན་དག་ལ་དམིགས་བསལ་གཞུང་ཞབས་ལས་བྱེད་ཀྱི་གོ་སྐབས་བདག་རྐྱེན་དུ་བསྩལ་ཅིང་། ཆེས་མཐོའི་ཁྲིམས་ཁང་གིས་ཆིས་རོ་ཁའི་གདོད་མའི་ཡུལ་མི་རྣམས། མེ་སེ་སི་པེའི་ཤར་རྒྱུད་དུ་གནས་ཆོག་པའི་ཐག་གཅོད་རོགས་རམ་བྱས་པའང་། ཁུལ་དེའི་ནུབ་ཕྱོགས་ས་ཆ་གསར་བའི་ནང་སྤོ་དགོས་པའི་བཙན་བཀའ་ཕབ་པ་སོགས། སྲིད་འཛིན་འདི་ཉིད་ཀྱི་བློ་ཁོག་དང་གྱོང་མཁྲེགས་ཀྱི་གཤིས་ཀ་དེར་སྤྱིར་བཏང་མི་མང་རྣམས་དགའ་མོས་དང་། ཆབ་སྲིད་པ་མང་བོ་ཞིག་ཧ་ལས་ཤིང་ཧང་སེང་དགོས་པ་ཞིག་བཟོས་འདུག སྐུ་ཞབས་ལྗག་སོན་ནི་སྲིད་འཛིན་ཨ་བྷིར་མ་མི་ལེན་ཁུན་ལ་མ་ཐུག་པར། ཨ་རིའི་སྲིད་འཛིན་གྱི་མཛད་ཁུར་ཐེངས་གཉིས་བཞེས་མཁན་གྱི་སྲིད་འཛིན་མཐའ་མ་དེ་ཡིན་ལ། ཁོང་ནས་མཛད་ཁུར་གཉིས་པ་མཇུག་གྲུབ་རྗེས། རང་ཁྱིམ་དུ་ཕྱིར་ལོག་སྲིད་དོན་བྱ་བཞག་མུ་མཐུད་རྒྱུན་འཁྱོངས་གནང་བ་དང་། སྲིད་འཛིན་འོས་འདེམས་རྗེས་མའི་སྐབས། རང་ཉིད་ཀྱི་རྗེས་འཇུག་སྲིད་གཞོན་མར་ཁྲེན་བན་བྷི་རེན་དང་། ལྗེམ་སི་ཁེ་ཕོལ་ཁུ་རྣམ་གཉིས་ལ་ཁྱད་པར་རོགས་རམ་རྒྱབ་སྐྱོར་བྱས་པ་དང་། སྐུ་ཞབས་ཕོལ་ཁུ་མཆོག་སྲིད་འཛིན་དུ་ཕེབས་ནས་རིང་བོར་མ་འགོར་བར༼སྟར་ཁའི་ཤིང་སྡོང་རྒས་པོ༽དེ་བཞིན་སྐུ་གཤེགས་འདུག་གོ།

འགྱུར་རྩོམ།

Post navigation

Previous Post: མཉམ་སྐྱེས་མཉམ་ཤིའི་མཚེ་མ་གཉིས།
Next Post: གལ་སྲིད་ང་ལ་གཟའ་བརྒྱབ་ན།

Comment (1) on “༄།།ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུས་སྲིད་དོན་གྲུབ་པའི་དགའ་སྟོན། སྔ་འཕྲོ།”

  1. གཅན་བཟོད་རྒྱམ། says:
    2011-06-06 at 5:24 am

    ད་ཡང་ངས་ཁྱོད་ལ་ཁ་ཡག་ཅིག་མི་བཤད་ཐབས་མེད་རེད། ཁྱོད་ཀྱི་རྩོམ་ཡིག་དག་ལ་ང་ཧ་ཅང་དགའ་བོ་འདུག རྒྱུ་མཚན་ལོ་རྒྱུས་དང་འབྲེལ་བ་རྐྱང་ཡིན་པས་ཡིན་ས་རེད། ངོ་མ་བཀའ་དྲིན་ཆེ་ལགས།
    གཞན་རྩོམ་ཡིག་ལ་དཔྱད་གཏམ་གང་ཡང་ཞུ་མི་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme