Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་ཐེའུ་རང་ལ་ལོ་བཞིའི་ཁྲིམས་ཐག་བཅད་འདུག

Posted on 2011-06-042011-06-04 By ཁ་བརྡ་ 8 Comments on རྩོམ་པ་པོ་ཐེའུ་རང་ལ་ལོ་བཞིའི་ཁྲིམས་ཐག་བཅད་འདུག

thikrang
འབྲི་མཁན། དཔལ་ལྡན་རྒྱལ།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ། བཀྲིས་རབ་བརྟན་ལགས་སུ་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཟླ་བ་འདི་ཚེས་༢་ཉིན་ལོ་བཞིའི་ཁྲིམས་ཐག་བཅད་འདུག ཁྲིམས་བཤེར་སྐབས་ནང་མི་གཅིག་ཀྱང་ཁྲིམས་ཁང་ནང་ལ་ཡོང་དུ་བཅུག་མི་འདུག ཁོང་ནི་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་ཡིན་ལ། ༼ཤར་དུང་རི་༽དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། ༢༠༠༨ལོར་བོད་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ལ་༼ཁྲག་ཡིག་༽ཞེས་པའི་དེབ་ཅིག་བརྩམས་ཡོད་པ་རེད། ༢༠༠༩ལོའི་ཟླ་བ་བདུན་པའི་ཚེས་༢༦ ཉིན་རྒྱ་ནག་བདེ་འཇགས་མི་སྣས་རྩོམ་པ་པོ་ཐེའུ་རང་ངམ། བཀྲིས་རབ་བརྟན་ལགས་འཛིན་བཟུང་བཀག་ཉར་གྱིས་ཟླ་གཅིག་རིང་འདྲི་བརྩད་བྱས་པ་རེད་ལ། དེ་ནས་༢༠༡༠ཟླ་བ་༤་བའི་ཚེས་བཞི་ཉིན་ནུབ་བྱང་མི་རིགས་སློབ་གྲ་ཆེན་ནས་ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་རིང་ཁྲིམས་བཤེར་གང་ཡང་མ་བྱས་བར་བཀག་ཉར་བྱས་རྗེས་ཟླ་བ་འདིའི་ཚེས་༢་ཉིན་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ལོ་བཞིའི་ཁྲིམས་ཐག་བཅད་འདུག

ཐེའུ་རང་གློད་འདུག
གཞོན་སྐྱེས་རྩོམ་པ་པོ་ཞིག་འཛིན་བཟུང༌།
རྩོམ་པ་པོ་ཞིག་བོར་ཐལ།

གསར་འགྱུར།

Post navigation

Previous Post: ངའི་གྲོགས་པོ་ཨ་རི་བ་ཞིག་གི་མི་ཚེ།
Next Post: བདེན་པ་ཉིད་རྒྱལ་གྱུར་ཅིག

Comments (8) on “རྩོམ་པ་པོ་ཐེའུ་རང་ལ་ལོ་བཞིའི་ཁྲིམས་ཐག་བཅད་འདུག”

  1. གཞིས་བོད། says:
    2011-06-04 at 6:31 am

    ཕོ་ངར་བ་རེད། ཁོང་གི་ཚེ་སྲོག་ལ་བར་ཆད་མེད་པའི་སྨོན་ལམ།

  2. ཀླུ་མཁར་བྱམས། says:
    2011-06-04 at 4:12 pm

    ཨ་གནམ་ཀྱིས་སྲུང་རྒྱུ་བོ།

  3. ཀརྨ says:
    2011-06-04 at 6:28 pm

    ང་ཚོ་བོད་མི་རིགས་ཀྱི་བདེ་སྡུག་ཆེད་ཡོད་ཚད་བློས་བཏང་བྱས་པས་
    ན་གཞོན་རྩོམ་པ་པོ་ཁོང་གི་ལས་ཁམས་བདེ་ཐང་ངང་བཙོན་གྲོལ་ཡོང་
    པའི་སྨོན་ལམ་སྙིང་ནས་ཞུ།།

  4. སྐྱུ་རྩི་ནས། says:
    2011-06-05 at 12:39 am

    རང་ཡུལ་ནས་ཁྱོད་ཚོས་དགྲ་བོའི་མདུན་དུ་ཐོན་ཏེ་ཁྲག་གི་འགྲོ་སོང་བཏང་ནས་བདེན་དོན་རྩོད། དཔའ་རྒོད་ཚོ་རྒྱལ་གྱུར་ཅིག རྒྱ་དམར་གྱི་བཙོན་ཁང་ནང་ཁྱེད་ཀྱི་སྐུ་ལུས་ལ་ཉེས་རྡུང་མེད་པར་བདེ་མོར་གནས་པར་ཤོག མ་འོངས་པའི་གངས་ཅན་པའི་ཆེད་ཁྱེད་ཉེ་བར་མཁོ། ང་ནི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ནང་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་མ་ཎི་བཞིན་བགྲངས་ནས་སྡོད་བཞིན་ཡོད།

  5. བསམ་ཤེས། says:
    2011-06-05 at 5:28 pm

    ཨ་ཙི་ཙི། ངའི་སྙིང་གི་ཐེའུ་རང་། བོད་ཆེན་པོའི་དཔའ་བོ། ངོ་མ་ཁྱོད་ངར་གྱི། ཐེའུ་རང་རྒྱལ་ལོ། བདེན་པ་ཉིད་རྒྱལ་ལོ།

  6. ཚེ་རིང་། says:
    2011-06-05 at 5:41 pm

    བསམ་ཤེས་ན་ཡག་པོ་རེད།

  7. རྩམ་དགའ། says:
    2011-06-05 at 11:37 pm

    ལྷ་ཡི་སྐྱེལ་ཚལ་ལྟ་བུའི་གྲོང་ཁྱེར་ལ་ཞུགས་ཤིང་། །
    ཞིམ་མངར་ཟས་ཀྱི་དགའ་སྟོན་འཛད་མེད་དུ་མངའ་ཡང་། །
    གངས་ཅན་དཔའ་རྒོད་དག་ལ་བསམ་བློ་རེ་གཏོང་ན། །
    བྱེས་འབྱོར་ཀླད་མེད་ང་ནི་ཤི་བོ་དང་འདྲ་འདུག །

  8. བརྩོན་རྒྱམ། says:
    2011-06-06 at 2:10 am

    ཁོང་བཙོན་ལས་ནད་མེད་ཚེ་རིང་ངང་ཡོང་བའི་སྨོན་ལམ་འདེབས་པ་དེ་ལེགས་པོ་རེད་ཡིན་ནའང་ཁོང་བཙོན་ཁང་དུ་རྒྱུ་མཚན་ཅིའི་ཕྱིར་འགྲོ་དགོས་བྱུང་པ་རེད།  ཁོང་དང་ཁོང་ལྟ་བུའི་དཔའ་རྒོད་མང་པོ་ཞིག་གི་ཚེ་སྲོག་ཤོར་པ་དང་ད་སྐབས་བཙོན་དུ་ཚུད་པ་སོགས་མི་རིགས་ཞིག་གི་བདེན་དོན་གླེང་པ་དེ་མ་འགྲིག་པའི་དབང་གི་ཁོང་ཚོ་བཙོན་འོག་ཏུ་འགྲོ་དགོས་པ་བྱུང་པ་རེད།  དེ་འདྲ་ཡིན་དུས་ང་ཚོས་ངེས་པར་དུ་རང་ནུས་གང་ཡོད་ཐོག་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིགས་གཞུང་འདི་འཛམ་གླིང་ནང་གླེང་རིན་ཡོད་པ་ཞིག་བྱེད་རྒྱུ་དེ་འུ་ཚོས་ལས་འགན་རེད།  རང་ཉིད་ནས་མགོ་རྩམ་དགོས་པ་གཙོ་བོ་ཡིན་དུས་བོད་མིའི་ཡ་རབས་ཀུན་སྤྱོད་སོགས་ལ་དོན་སྣང་བྱེད་མི་དགོས་པ་གཅིག་ཅིང་མེད་པ་ཡིན་དེ་འདྲ་ཡིན་ངེས་པར་དུ་གོང་གི་དཔའ་རྒོད་ཚོའི་ཆེད་དུ་ཡིན་རུང་འུ་ཚོས་འབད་དགོས་པ་ཞིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme