Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་བརྗོད་ཀ་མེད་ཆགས་སོང་།

Posted on 2011-06-01 By དབང་ཕྱུག་ 20 Comments on མ་བརྗོད་ཀ་མེད་ཆགས་སོང་།

ལྷོ་ཕྱོགས་ཉི་ཟླ།

དེ་རིང་སང་ཉིན་༼གཞུང༽ཅེས་བའི་ཐ་སྙད་འདི་གཅིག་པོའི་སྟེང་དུ་ཁྱོད་སྡོད་ང་སྡོད་ཟེར་ནས་མི་རེ་ཟུང་གིས་ཁ་བཤད་ལག་ལེན་དོན་ལ་མི་གནས་བ་མ་ཟད། བོད་གཞུང་ལ་དགའ་མིན་དགའ་འདོགས་དང་ཤུགས་ལ༸གོང་ས་མཆོག་གི་བཀའ་དགོངས་དེ་ཚོ་སྣང་ཆུང་རྩིས་མེད་གཏོང་ཐབས་ཀྱི་ཐབས་ཤེས་སྣ་ཚོགས་འཐེན་གྱི་འདུག་པས་དེ་དག་སྙིང་རྗེ་ཡུལ་ལས་གཞན་མ་འདས་སོ།

ག་གེ་མོ་ཁ་ཤས་ཀྱིས་བོད་གཞུང་ཅེས་བའི་ཚིག་འདི་མ་སྦྱར་ན་སང་ཉིན་ནས་བཟུང་བཙན་བྱོལ་ལག་དེབ་མི་དགོས་ཟེར་ནས་ཧམ་པ་ཆེན་པོས་སྒོ་ནས་བརྗོད་ཀྱི་ཡོད་པ་མ་ཟད་ད་ནས་བཟུང་བཙན་བྱོལ་སྒྲིགས་འཛུགས་ནང་དུ་མི་ཡོང་ལབ་ནས་ཧམ་གཏམ་ཆེན་པོ་བཤད་ཀྱི་འདུག ང་རང་སྒེར་གྱིས་ངོས་ནསདེ་ཚོ་ལ་དགའ་བསུ་ཞུ་རྐྱང་ཡིན། ཁྱེད་རང་ཚོ་དངོས་གནས་བཙན་བྱོལ་སྒྲིགས་འཛུགས་མི་དགོས་ན་ཁྱེད་རང་ཚོ་མི་ཡུལ་དུ་སྐྱབས་བཅོལ་དེ་ཡང་མི་དགོས་བ་རང་བཞིན་གྱི་ཆགས་བསྡད་ཡོད་པ་ཤེས་ཨེ་ཡོད།

གཞན་ཡུལ་ནས་སྐྱབས་བཅོལ་བསྡད་ཡོད་པ་དེ་སུས་ཐུགས་རྗེའི་བཀའ་དྲིན་དང་སུས་མིང་ཐོག་ན་བསྡད་ཡོད་པ་བསམ་བློ་རེ་གཏང་ཨེ་མྱོང་། བོད་ཀྱི་གཏམ་དཔེར་ལ། སྔ་དྲོ་འདོ་བ་ཆས་ཀྱི་གསོས་ན། ཕྱི་དྲི་དྲིན་ལན་འཕྲ་གི་འཇལ། ཟེར་བ་ནང་བཞིན་རེད།

ཁ་སྔོན་བོད་གཞུང་གི་བཅའ་ཁྲིམས་བསྒྱུར་བཅོས་སྐབས་མི་མང་གི་ལག་ཏུ་ཕུལ་ནས་བསམ་ཚུལ་སྐབས་སུ༼བདེན་པ་ཉིད་རྒྱལ་གྱུར་ཅིག༽ལབ་ན་གོ་བ་དམིགས་གསལ་བ་ཞིག་ཡོང་ཐུབ་ཀྱི་མི་འདུག་ཅེས་མི་མང་གིས་མང་མོས་ཀྱི་ཁ་གཅིག་གྲག་བྱས་བའི་སྟབས་ཀྱིས༸གྲོས་ཚོགས་མང་མོས་ཀྱིས༸གོང་ས་མཆོག་གིས་མཚན་བྱང་ཞིག་གནང་ཐུབ་ན་ཡག་པོ་འདུག་ཅེས་གསུངས་བས་ཚོགས་གཙོ་བརྒྱུད་ནས༸གོང་ས་མཆོག་ལ་ཞུས་བའི་ལན་དུ༼གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས༽གང་རུང་ཞིག་བཏགས་ན་འོས་ཤིང་འཚམ་པ་རེད། ཅེས་བཀའ་ནན་མོར་གསུངས་ཡོད་པ་མ་ཟད་གཞུང་ཅེས་བཏགས་ན་མ་འོངས་བ་ན་འགག་བྱ་ཆེ་བས་དགོས་བ་དང་རྒྱུ་མཚན་ཆེ་བར་གསུངས་ཡོད་ཅེས་གསལ་བོར་གསུངས་ཡོད་པ་ཁྱེད་ཚོའི་གོ་སོང་ངམ།

ད་གོང་གི་མིང་འདི་ལ་ངོ་རྒོལ་བྱས་ན་སུ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་གསལ་བོར་ཧ་གོ་ཡོང་གི་ཡོད་། སྤྱིར་བསམ་ཚུལ་གསུང་ན་ཐོབ་ཐང་ཆ་ཚང་ཡོད་ཀྱང་རང་ཉིད་དངོས་སུ་མདུན་བསྐྱོད་མ་བྱས་པར་རྒྱབ་ནས་ཅིག་ཅིག་ཉིག་ཉིག་གི་མ་འཇོན་རབ་རྐྱང་རྐྱང་བཤད་ནས་བསྡད་ན་དེ་ནི་རྩ་བ་ཉིད་ནས་འོས་ཤིང་འཚམ་པ་ཞིག་མ་རེད།

རེ་ཟུང་གིས་བོད་གཞུང་ལ་ཁ་ཕྱི་ལོག་རྐྱང་རྐྱང་བྱས་ནས་ད་བར་དུ་བསྡད་ཀྱང་རང་ཉིད་ཀྱི་ནུས་བ་ཅི་ཡང་ཐོན་ཐུབ་མེད་པ་མ་ཟད་རང་ཉིད་ཡང་མི་ཚེ་གང་པོ་ལ་ཁ་ཕྱི་ལོག་རྐྱང་རྐྱང་ལ་འཁོར་བསྡད་དགོས་ལས་གཞན་དམིགས་ཡུལ་དུད་འབྲི་ཙམ་ཞིག་འགྲུབ་རྒྱུ་མེད་པ་གསལ་བོར་ང་ཚོ་ཚང་མའི་མངོན་སུམ་དུ་མཐོང་གི་ཡོད།

ཚང་མའི་ཁུར་མཉམ་ལེན་དང་ལྡོག་རྩ་གཅིག་སྒྲིལ་རེ་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ལས་གཞན་རང་སེམས་གསོ་བ་ཙམ་ལས་དགོས་བ་གང་ཡང་མ་མཐོང་ངོ།
2011.5.30

སྣ་ཚོགས།

Post navigation

Previous Post: ཉིན་ཤས་རིང་གི་བོད་དོན་འགའ།
Next Post: རིག་གསར་དང་འབྲེལ་བའི་དེང་རབས་བོད་ཀྱི་རྩོམ་རིག་ལ་དཔྱད་པ་བྱ་རོག་སོ་རྟོག་གི་བསྟན་བཅོས།

Comments (20) on “མ་བརྗོད་ཀ་མེད་ཆགས་སོང་།”

  1. ཀླུ་མཁར་བྱམས says:
    2011-06-01 at 10:15 am

    ལྷོ་ཕྱོགས་ཉི་ཟླ་ལགས།༸གོང་ས་མཆོག་ལ་ཞུས་བའི་ལན་ དུ༼གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས༽གང་རུང་ཞིག་བཏགས་ན་ འོས་ཤིང་འཚམ་པ་རེད། ཅེས་བཀའ་ནན་མོར་གསུངས་ཡོད
    ཚིག་དེའི་ནུས་པ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམ་མཚོན་ཐུབ་གི་འདུག
    འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིགས་འཛུག་ཞེས་པའི་ཚིག་དེ་གང་ཞིག་མཚོན་གྱི་རེད་དམ་ཞེས་ན་དེ་ནི་བཙན་བྱོལ་དུ་སླེབས་པའི་བོད་མི་ཁོ་ནའི་སྒྲིགས་འཛུགས་ཞིག་ལས་གཞན་གང་ཡང་མཚོན་གི་མི་འདུག་
    དེར་རྟེན་མི་དམང་རྒྱ་ཆ་དགུ་བཅུ་ཡིས་སམ་ཚུལ་དེ་སླེབས་པ་རེད་
    སྐུ་ཉེད་ཐུགས་དོག་མ་གནང་རོག་
    དགོང་འགལ་མེད་པ་མཁྱེན་མཁྱེན།

  2. dawa says:
    2011-06-01 at 11:09 am

    ལྷོ་ཕྱོགས་ཉི་ཟླ་ལགས་ཀྱི་བསམ་ཚུལ་འདི་ཤིན་ཏུ་ནས་གནད་ལ་འཁེལ་བའི་བསམ་ཚུལ་རང་རེད།
    ཕོ་རྒོད་པོ། དེང་གི་འོ་སྐོལ་ཚང་ལ་ཁྱོད་ལྟ་བུའི་དཔྱད་བརྗོད་པ་དང་ཁྱོད་ལྟ་བུའི་རྗེས་འཛིན་པ་ངེས་པར་དགོས་གལ་ཆེ། གཞན་ལྷ་མིན་འདྲེ་མིན་དང་ཕྱི་མིན་ནང་མིན་ལྟ་བུ་དག་གིས་ཅི་བྱེད།

  3. པདྨ་གེ་སར says:
    2011-06-01 at 11:52 am

    གནད་འགག་ཅིག་བཤད་འདུག མོས་མཐུན་ཡོད།

  4. བཀྲ་ཤིས། says:
    2011-06-01 at 12:00 pm

    རེད། ཡིན་ན་༧གོང་ས་མཆོག་གིས་བསྩལ་བའི་མཚན་དེ་བཞིན་བཏགས་ན་འགྲིག་གི་འདུག་ག། ག་རེ་བྱས་ནས་བོད་མིའི་སྒྲིག་འཛུགས་ཞེས་ལོག་ག་ཅིག་འདོག་དགོས་ཐུག་པ་རེད། འདིའི་སྤྱི་འཐུས་ནང་གླེང་སློང་ཚ་བོ་ཆགས་ཡོད་ས་རེད་ལ། སྤེན་པ་ཚེ་རིང་གིས་ཡང་གྲོས་ཚོགས་ཀྱིས་ཞབས་འདྲེན་རྒྱུ་བསམ་ནས་སེམས་ཁྲལ་ཡོད་མདོག་གིས། སྐུ་སྒེར་ཡིག་ཚང་ལ་ཁ་པར་ཡང་གཏོང་བསྐྱར་གཏོང་གིས་ཐ་མར་འདི་འདྲ་ཞིག་གིས་ཁ་གཅོད་ཐུབ་བྱས་འདུག།

  5. མངའ་རིས་ཕ་ཉ་ says:
    2011-06-01 at 3:21 pm

    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིགས་འཛུགས་བཏགས་ན་དེ་ཡག་་པོ་འདུག་

  6. དིང་རྡོར་ says:
    2011-06-01 at 3:35 pm

    གསལ་བསྒྲགས།
    “༄༅། །བཀའ་དྲུང་ཡིག་ཚང་ནས་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ཉིན་བཀའ་བློན་ལས་ཁུར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་དགོངས་ཞུ་གནང་དོན་བཞིན་དགོངས་འཁྲོལ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཕྱི་དྲོ་ནས་བཀའ་བློན་ལས་ཁུར་མཚམས་འཇོག་གནང་འཐུས་དང་། དེ་ནས་ཤེས་རིག་བཀའ་བློན་གྱི་ལས་ཁུར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གནང་འཐུས་བཀའ་འཁྲོལ་གསོལ་སྩལ་མཛད་པའི་གསལ་བསྒྲགས་སུ།”
    ད་ཡིན་ན་མི་འདི་ཚོ་ལ་འཁྲབ་རྒྱུ་མང་པོ་འདུག

  7. འུར་ཁང་། says:
    2011-06-01 at 3:50 pm

    ཐུགས་ཆུང་ཆུང་ཐུགས་གཡེང་མ་གནང་རོགས།
    རྡོ་ཆུང་ཆུང་ལྷག་པས་འཁྱེར་དོགས་མེད།
    འཁྱེར་ཟེར་ན་རྡོ་བ་ཡིན་དོགས་མེད།
    ལྷོ་ཕྱོགས་ཉི་ཟླ་ལགས། ཁྱེད་རང་གིས་ཀྱང་མཁྱེན་མཁྱེན་པ་རེད་འདུག་ག ང་ཚོའི་གཞུང་འདིར་མདུན་མཆོངས་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་ངོ་མ་ཞུས་དྲག་ན། ལྷ་ཀླུ་གཉན་གསུམ་གྱི་སྐུ་གསུང་ཐུགས་ལ་ཕོག་ནས། ཡང་ན་ཐད་རྡུང་དང་དེ་མིན་སྐོར་རྡུང་རགས་རྒྱུ་ཡིན་པ།
    གལ་སྲིད་མཁྱེན་གྱི་མེད་ན་ཁྱེད་ཀྱི་མཚན་ངོ་མ་དེ་ཁ་བརྡ་དྲ་རྒྱའི་ནང་བཀོད་ནས་དགོངས་ཚུལ་ཁ་ཤས་གསུངས་ན་མཁྱེན་ངེས་རེད།
    འོ་རེད། ད་དུང་གཅིག་བརྗེད་འདུག་་་་་ ཁྱེད་ཀྱིས་ཡང་སྐྱར་སྔར་བཞིན་༸གོང་ས་མཆོག་ལ་མཚན་སྨད་ཞུ་ཡི་འདུག (གོང་གི་མིང་འདི་ལ་ངོ་རྒོལ་བྱས་ན། སུ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་གསལ་པོར་ཧ་གོ་ཡོད་གི་ཡོད།) ཟེར་ནས་སྔར་རྒྱ་ནག་གོང་མའི་སྐབས་སུ་གོང་མའི་བཀའ་དང་འགལ་ན་མགོ་བོ་ཤོར་རྒྱུ་ཡིན་པ་ཉག་ཅིག་ཡིན་པ་ནང་བཞིན་མི་མང་ལ་ཞེད་སྣང་སྐུལ་འདུག དེང་སང་སྤྱི་ཚོགས་ནང་བརྗོད་ཚིག་དེ་ཚོའི་གྲས་བེད་སྤྱོད་བཏང་ནས་མི་མང་འབུར་ས་མེད་པའི་ཐོག་རང་དོན་འགྲུབ་མཁན་མང་པོ་ཡོད་རེད་ཏ། ཧེ་ཧེ་ཧེ་ཧེ།
    བཀའ་དྲིན་ལ་བསམ་ཤེས་མེད་མཁན་མི་མང་མ་རེད། གོང་གི་མི་དྲག་རང་དོན་ཁོག་བཅུག་ཁ་ཤས་ཡོད་པ་དེ་ཚོ་རེད། མི་མང་གིས་རྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་ལ་བརྩི་མཐོང་བྱེད་ཀྱི་ཡོད་ཀྱང་། གྲོས་ཚོགས་ནས་འདོད་པ་མེད་ན་ཁོ་རང་ཚོ་གང་འདོད་མ་རེད་དམ། གསུངས་དགོས་ན་སྤྱི་འཐུས་ལ་གསུངས།

  8. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-01 at 5:50 pm

    ཀླུ་མཁར་བྱམས་ལགས་ཁྱེད་ཀྱི་ཚིག་སྔ་ཕྱི་འབྲེལ་མེད་མ་བཤད། ཚིག་དེའི་ནུས་པ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམ་མཚོན་ཐུབ་གི་འདུག་ཅེས་བཤད་པ་བདེན་ནམ། སྒྲིག་འཛུགས་ཞེས་བའི་ཚིགས་གཅིག་པོ་དེའི་ནུས་བ་གཅིག་རེ་མ་གཏོགས་ཆ་ཚང་བ་ཞིག་ཐོན་དགོས་བ་གང་ནས་ཀྱང་མཐོང་མ་སོང་།
    སྐྱོན་མེད་པ་ལ་སྐྱོན་ཡོད་འདོགས་འདོགས་བྱས་ནས་ཅི་ཕན། གུས་ཆེ་ཁྱེད་ཚོ་ཁ་ཤས་ཀྱི་བསམ་བློ་ཡག་པོ་རེ་གཏོང་ཐུབ་ན་་་་་་་་་་་་་་་་་་་་་་་་་་།

  9. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-01 at 6:14 pm

    གཞན་སྐུ་མགྲོན་ཚོས་རྒྱབ་སྐྱོར་བྱས་བ་རེ་རེ་ནས་ཧ་གོ་ཡོད།

  10. དབང་འདུས། says:
    2011-06-02 at 4:10 am

    འུར་ཁང་ནས་གསུངས་པ་དེར་རྒྱབ་སྐྱོར་ཡོད། ང་ཚོ་སྔོན་ནས་ད་བར་དུ་ཁ་གཏོང་མི་ཆོག་ས་ཞིག་དང་ཡར་ལོག་བྱེད་མི་ཆོག་པའི་ཡུལ་ཞིག་བཞག་ནས་དེ་དང་འགལ་ན་བོད་མི་མིན་མདོགས་དང་། བོད་དང་རྒྱབ་འགལ་ཡིན་མདོགས་ཀྱིས་ཚིག་སྦྱོར་རྐྱང་རྐྱང་བེད་སྤྱོད་ཀྱིས་ད་སྐབས་༧གོང་ས་མཆོག་རང་ངོས་གཞུང་འཛིན་ལྷན་ཚོགས་མཇུག་བསྡུས་མ་གནང་བར་དུ་སུས་ཀྱང་གང་ཡང་བྱེད་ཐབས་མེད་པ་ལྟར་གྱུར་ཡོད། སྤྱིར་ཆབ་སྲིད་གནང་སྟངས་གང་ལའང་བསམ་ཚུལ་བརྗེ་རེས་དང་། རྒྱུ་མཚན་བརྗོད་རེས་ཀྱི་ཐོབ་ཐང་ཡོད་ཀྱང་། དུས་ལས་ཡོལ་ཟིན་པའམ་དམངས་གཙོའི་ཚད་གཞི་ལ་འགག་རྡོར་གྱུར་ངེས་པའི་ཚིག་སྦྱོར་ཁག་ད་ནས་བཟུང་བེད་སྤྱོད་མ་བཏང་ན་ཡག་པོ་འདུག དེ་ནི་མི་སྒེར་གྱི་སྐྱོན་ཡོན་ལ་མ་བསམ་པར་མ་འོངས་འབྱུང་འགྱུར་གྱི་ཕུག་རྒྱང་རིང་པོ་ཞིག་ལ་གཞི་བཅོལ་ནས་བསམ་བློ་གཏོང་དགོས་པ་རེད། དུས་ཐུང་ངུ་ཞིག་གི་ཆབ་སྲིད་གནས་སྟངས་ཡིན་ན་མི་ཡག་ཤོས་ཤིག་དང་འཇོན་ཤོས་ཤིག་ཡར་བཞག་ནས་དེ་དང་སུ་ཡང་དུས་ནམ་ཡང་འགལ་མི་ཆོག་པ་ལྟར་བཤད་ན་ལོགས་འགྲིག འོན་ཀྱང་གནས་སྟངས་དེ་དང་བཤད་སྟངས་དེ་མུ་མཐུད་ནས་མཇུག་སྐྱོང་བྱས་ན་དམངས་གཙོའི་ལམ་ལུགས་འགྲིབ་ཅིང་། དམར་ཕྱོགས་པ་ལྟར་ཚོགས་པ་དམིགས་བསལ་བ་དེ་དང་ལྟ་གྲུབ་མཐུན་པ་ཁོ་ནས་གཞུང་འཛིན་བྱེད་དགོས་པ་ཞིག་ཏུ་འགྱུར་ངེས་ཡིན། རྒྱལ་ཁབ་དང་མི་རིགས་སུ་ལའང་རང་དབང་དང་བདེ་སྐྱིད་བླག་འདོད་མེད་ཀྱང་། དང་པོ་མི་བཟང་པོ་ཞིག་གམ་རང་དང་ལྟ་གྲུབ་མཐུན་པ་དེ་སྤྱི་བོར་བཀུལ་ཅིང་དེ་དང་འགལ་མི་ཆོག་པའི་ལམ་ལུགས་ལ་རང་གིས་ཤུགས་རྒྱབ། རྗེས་སུ་དབང་འཛིན་པ་དེའི་རྒྱུན་འཛིན་ལ་མི་དགའ་བ་དང་མི་མོས་པར་གྱུར་ཀྱང་བརྗེ་སྒྱུར་དཀའ་བའི་རང་བཞིན་ཅན་ཞིག་མི་དམང་རང་ཉིད་ཀྱིས་བཟོ་བཞིན་པ་རེད། དེས་ན་མ་འོངས་དམངས་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་དང་དོན་དང་མཐུན་པ་ཞིག་དགོས་ཚེ། མི་སུ་ཞིག་གིས་ཡུལ་གང་ལའང་སྐྱོན་བརྗོད་དང་ངོ་རྒོལ་བྱེད་པའི་དབང་ཆ་ཡོད་དགོས། དེ་ལྟར་གྱུར་ན་ཧ་ཅང་འགལ་ཚབ་ཅན་དུ་མཐོང་ཚེ། མཐོང་བ་པོ་རང་ཉིད་ལ་ཆོས་ཀྱི་བག་ཆགས་ཐུག་དྲགས་པའམ་ཡང་ན་དམངས་གཙོའི་ལྟ་གྲུབ་ཀྱི་རྨང་གཞི་དམན་དྲགས་པ་རེད། མདོར་ན་ང་ཚོའི་མི་དམངས་ལ་བཟང་ངན་སྨྲ་བརྗོད་ཀྱི་རང་དབང་ཆ་ཚང་བ་ཞིག་ཐོབ་པ་དེ་ད་ནས་བཟུང་སྣང་མེད་དུ་མི་འཇོག་པར་སྲུང་སྐྱོབ་དང་རྒྱུན་སྐྱོང་བྱས་ཏེ། ཡུལ་གང་དུའང་སྨྲ་བརྗོད་ཀྱི་རང་དབང་མེད་པར་གྱུར་ཚེ་དེ་ལ་དགག་པ་དང་གདོང་བྱེད་པར་བརྩོན་ན་འོས་ཤིང་འཚམས་པ་ཞིག་ཡིན་པར་འདོད།།

  11. ཚེ་བསམ་ says:
    2011-06-02 at 4:40 am

    ལྷོ་ཕྱོགས་ཉི་ཟླ་ལགས་གོང་གིས་ཀླུ་མཁར་བྱམས་ཞེས་པའི་མཆན་བུ་དང་པོ་དེ་ཚེ་བསམ་ལ་བཅོས་རོག་གནོང་།ཁ་སང་ཁོང་གིས་ངའི་གློག་ཀླད་དུ་ཁ་བརྡ་སོགས་སུ་རྩོམ་ཡིག་སྤེལ་ཏེ་མཐར་ཁོའི་དེབ་སྐྱེལ་ཁ་བྱང་མ་སུབ་པར་བཞག་འདུག་པ་ཕྲན་གྱིས་མཆན་བུ་བྲིས་པ་ཞིག་ཡིན།
    མི་འགའ་ཞིག་གིས་༸གོང་ས་མཆོག་ལ་ཡར་བཀའ་དྲི་ཞུས་དུས་༸གོང་ས་མཆོག་ལ་ཞུས་པའི་ལན་ དུ༼གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས༽གང་རུང་ཞིག་བཏགས་ན་ འོས་ཤིང་འཚམ་པ་རེད། ཅེས་བཀའ་ནན་མོར་གསུངས་ཡོད་པ་རེད།བཀའ་ནན་མོར་གསུངས་པ་དེ་ལག་བསྟར་བྱེད་དུས་བཙན་བྱོལ་བོད་མིའི་སྒྲིགས་ཛུག་ཞེས་པ་དེ་ལྟར་ཡོང་བ་རེད།འོ་ན་མི་དེ་ཚོས་བཀའ་དྲི་ཞུ་དགོས་པ་གཅིག་དང་བཀའ་གནང་བ་དེ་ལག་བསྟར་བྱེད་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
    བོད་རྒྱལ་ལོ།
    བཀྲ་ཤིས་བདེ་ལེགས།

  12. dawa says:
    2011-06-02 at 5:30 am

    གལ་ཏེ་རྣམ་པ་ལྷན་རྒྱས། བོད་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བ་དང༌། བོད་ཀྱི་མ་འོངས་མདུན་ལྗོངས་དང་ཕུགས་ཀྱི་འདུན་མར་བསམ་ཤེས་ཡོད་མཁན་ཞིག་ཡིན་ན། བོད་ཀྱི་སྤྱི་ཚོགས་ལ་བརྡབ་གསིག་མི་འབྱུང་བ་དང་སྤྱི་ཚོགས་ཁྲོད་རྒྱ་དམར་གྱི་ངན་ཇུས་ལྐོག་གཡོ་བཤམས་པར་འགོག་རྒོལ་བྱེད་མཁན་ཤ་སྟག་ཡིན་ན། ྋགོང་ས་མཆོག་དང་བཀུར་འོས་སྤྱི་རྣམ་པར་སྒོ་ཀུན་ནས་ཟུར་ཟ་དང་དམའ་འབེབས་རྐྱང་མི་བྱེད་པར། ཁོང་རྣམ་པའི་ལས་དོན་ལ་རམ་འདེགས་ཙམ་བྱེད་ཨེ་ཐུབ་བལྟས་ན་མི་འགྲིག་གམ། རང་དབང་གི་རྩོམ་པ་པོ་ཟེར་བ་དག་གི་མཆུ་ཏོའི་རྩེ་ལ་འཁྱེར་བ་ནི་ནམ་ཡང་སྤྱི་ཚོགས་ཕུངས་དཀྲུག་གི་སྐད་ཆ་རྐྱང་རྐྱང་ཡིན་དགོས་པ་ཨེ་རེད།

  13. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-03 at 11:43 am

    ཚེ་བསམ་ལགས་ཧ་གོ་སོང་ཡིན་ཡང་གླུ་མཁར་བྱམས་ཀྱི་བཤད་པ་ནང་བཞིན་ཞིག་བཤད་འདུག
    སྒྲིག་འཛུགས་ཞེས་བའི་ཚིག་འདིའི་བཙན་བྱོལ་གཅིག་པོ་མ་མཏོགས་སྟོན་ཐུབ་ཀྱི་མེད་པ་ཅི་ཡིན་ནམ།
    བསམ་ཚུལ་མུ་མཐུད་དུ་གསུང་དང་ལན་གང་ཡོད་བྱེད་ཀི་ཡིན།

    dawa ལགས་ངོ་མ་ཕུགས་བསམ་དང་དྲང་ཚུགས་བརྟན་པོ་ཅན་ཞིག་ཡིན་པ་ལ་ངོ་མ་དགའ་འོས་བ་ཞིག་རེད། བསམ་ཚུལ་དྲང་བདེན་གྱི་གསུང་བ་ལ་ཐུགས་རྗེ་ཆེ།

  14. ཚེ་བསམ་ says:
    2011-06-04 at 4:03 am

    ལྷོ་ཕྱོགས་ཉི་ཟླ་ལགས་ཞོག་པ་བདེ་ལེགས་།
    ངས་བཤད་རྒྱུ་དེ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་པའི་ཡིག་འབྲུ་དྲུག་པོ་དེ་རེད།
    སྒྲིགས་འཛུགས་རྐྱང་པ་མ་རེད།
    ཚིགས་དེ་གཉིས་ལ་ཁྱབ་ཆེ་ཆུང་གིས་ཁྱད་པར་ཡོད།

  15. dawa says:
    2011-06-04 at 6:59 am

    ངའི་བལྟས་ན། བཙན་བྱོལ་བོད་གཞུང་དང༌། བོད་མིའི་སྒྲིག་འཛུགས་གཉིས་ལས་ཕྱི་མ་ལ་དོན་སྙིང་ལྡན་པར་མཐོང༌། བཙན་བྱོལ་བོད་གཞུང་ཞེས་པས་བཙན་གནོན་འོག་ནས་བྲོས་ཐར་བྱུང་བའི་བོད་མི་ཉུང་ཤས་ཤིག་གི་གཞུང་ཡིན་པར་གོ་བ་མ་གཏོགས། གཞིས་བྱེས་བོད་མི་ཡོངས་རྫོགས་ལ་གོ་མི་ཐུབ། བོད་མིའི་སྒྲིག་འཛུགས་ཞེས་པས་བོད་མི་ཡིན་ནོ་ཅོག་གི་གོང་ན་མེད་པའི་སྒྲིག་འཛུགས་སུ་གོ་བ་ཡིན་པ་མ་གཏོགས། གཞན་རྒྱ་ནག་ཞེད་དྲག་ནས་བཏགས་པ་ཟེར་བ་དང༌། རང་གཞུང་གི་མཛད་གཙོ་རྣམ་པའི་གཡོ་འཕྲུལ་ལས་བྱུང་བ་ཟེར་བ་སོགས་ནི། ཆེད་དུ་བོད་མིའི་སྒྲིག་འཛུགས་འདི་གཏོར་བརླག་གཏོང་ཆེད་དང༌། གཞིས་བྱས་མི་དམངས་རྣམས་ལམ་ལོག་ཏུ་འཁྲིད་ཐབས་ཁོ་ན་རེད་སྙམ།

  16. བརྩོན་རྒྱམ། says:
    2011-06-04 at 8:42 am

    གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས་ཞེས་པའི་མཚོན་ཐུབ་པ་ཞིག་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་པའི་མཚོན་མི་ཐུབ་པས་རྒྱུ་མཚན་ཅི་ཡོད་དང་།    སྤྱིར་ང་ཚོའི་གཞུང་ཟེར་པ་དེ་དགེ་མཚན་ཆེ་ཚུལ་བརྗོད་པ་རྣམས་དངོས་ཡོད་དྲང་བདེན་འདྲ་བོ་ཞིག་མ་རེད་ཕན་ཚུན་གཅིག་གི་གཅིག་ཁས་མི་ལེན་པ་འདྲ་བོ་ཞིག་ལས་རྒྱུ་མཚན་ལྡན་པའི་སྒོ་ནས་གནས་ལུགས་ཞིག་བཤད་རྒྱུ་མེད་པ་འདྲ་བོ་ཞིག་རེད།  ཡོད་ན་གནས་ལུགས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་སྤྱི་འཐུས་ལྷན་ཚོགས་སུ་འབུལ་འོས་པ་ཞིག་མ་ཡིན་ནམ། གཙོ་བོ་ཚིག་ལ་མི་ལྟ་དོན་ལ་ལྟ་ཟེར་གྱི་ཡོད་པ་རེད་ཡིན་ཡང་དེ་དག་དག་ཞིག་གནས་ཡོད་མེད་མི་ཤེས་ཡིན་ཡང་ང་ཚོའི་བླ་ན་མེད་བའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་གཟིགས་ནས་ང་ཚོ་ལ་མ་ཡི་བུ་ལ་གཏམས་པ་ལྟར་གནང་ཡོད་པ་འདི་ནོར་ཡོད་ཀྱི་མ་རེད་བསམ་གང་ཡིན་ཟེར་ན་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཆེ་བའི་བཀའ་ཁྲི་མཆོག་དང་ཚོགས་གཙོ་སོགས་ལས་གྲུབ་བའི་ཚོགས་ཆུང་ཞིག་གི་ཐག་བཅད་པ་ཞིག་མ་རེད་དེ་བོད་མིའི་ངོ་བོ་མཚོན་ཐུབ་བའི་སྤྱི་འཐུས་ལྷན་ཚོགས་ཐོག་ཐག་བཅད་པ་ཞིག་རེད་དེ་ལས་གཞན་ཞིག་ཡོད་པ་མཐོང་མ་སོང་།

  17. ཚེ་བསམ་ says:
    2011-06-04 at 9:16 am

    ཟླ་བ་ལགས་དགོང་མོ་བདེ་ལེགས་སྐུ་ཉིད་ནས་མ་བརྗོད་ཀ་མེད་ཆགས་སོང་ཞེས་པའི་རྩོམ་ཡིག་དེ་ཞིབ་ཚགས་གཟིགས་རོགས་གནོང་།མ་ཟད་སྐུ་ཉིད་ནས་༼རང་གཞུང༽ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་བཞིན་འདུག་པ་དེ་གང་ཡིན་ནམ།ད་ཆ་ངས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཞེས་འབོད་ཀྱི་ཡོད།
    ལམ་དབུ་མར་འགྲོ་བའི་གང་ཟག་དང་།
    བོད་རང་བཙན་གླེང་བའི་ཕོ་གསར་གཉིས།
    ལྟ་བ་ཡིས་ཁྱད་པར་མ་གཏོགས་པས།
    ཤ་ཚ་བའི་སྐད་དེ་འདྲ་འདྲ་རེད།

  18. ཚེ་བསམ་ says:
    2011-06-04 at 9:26 am

    བཀུར་འོད་སྤྱི་འཐུས་ཚོགས་གཙོ་བརྒྱུད་ནས༸གོང་ ས་མཆོག་ལ་ཞུས་བའི་ལན་དུ༼གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས ༽གང་རུང་ཞིག་བཏགས་ན་འོས་ཤིང་འཚམ་པ་རེད། ཅེས་བཀའ་ནན་པོར་གསུང་འདུག།

  19. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-04 at 10:07 am

    ཚེ་བསམ་ལགས་ད་ལགས་ད་ལྟའི་ཆར་ལ་རང་གཞུང་ཅེས་འབོད་ན་མི་ཆོག་པ་མེད།
    གང་མགྱོགས་དབུས་ནས་གསལ་བསྒྲགས་ས་གནས་ས་ཐོག་སུ་གསལ་བོར་བསྒྲགས་ཡོང་གི་རེད།
    དེ་ནས་བཟུང་རང་གཞུང་འདོགས་ཀྱི་མེད།
    ད་ལྟ་དང་མ་འོངས་གཉིས་ཀྱི་ས་མཚམས་ཕྱེ་དགོས་བར་སྙམ།
    བསམ་ཚུལ་གསུང་བ་བཟང་།

  20. ཚེ་བསམ་ says:
    2011-06-04 at 10:36 am

    བརྩོན་རྒྱམ་ལགས་ཕེབ་པར་དགའ་སུ་ཞུ།གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས་ཞེས་པའི་ཁ་བྱང་དེའི་ཚོགས་པ་གང་རུང་ཞིག་བོད་ནང་ལ་བཙུག་ན་ཚིག་དོན་གཉེས་གནད་ལ་ཁེལ་གི་རེད་
    བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་པའི་ཁ་བྱང་དེའི་ཐོག་བོད་ནང་ལ་ཚོགས་པ་ཞིག་བཙུག་ན་མི་རྣམས་ཞད་གད་ཤོར་བའི་རྒྱུ་ལས་ཞན་མ་འདས་སོ་།རྒྱུ་མཚན་དེ་རེད་ཡིན་ན་ཡང་དེ་ངའི་ཆར་སྣང་ཙམ་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme