Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“འཁྲབ་དོ་”ནི་མའི་སྙིགས་རོ།

Posted on 2011-05-312017-10-13 By ཁ་བརྡ་ 5 Comments on “འཁྲབ་དོ་”ནི་མའི་སྙིགས་རོ།

རས་པ།

སུ་ཞིག་གིས་“སྟོང་པ་ཉིད་”དང་“ཆབ་སྲིད་”ཀྱི་གོ་དོན་ཐད་མཚུངས་གསལ་གྱི་འགྲེལ་བཤད་བྱེད་ཐུབ་ཀྱི་རེད། དེ་ནི་ཆབ་སྲིད་བསམ་བློའི་ཚད་གཞི་བྱེའུའི་ཀླད་པ་ཙམ་ལས་མེད་པའི་“འཁྲབ་དོ་འདྲ་ཆགས་”རེ་གཉིས་ཀྱི་བྱེད་སྟངས་ཡིན་ངེས་ཤིང་། “ལག་པ་མཆིན་བཅིངས་”ཀྱིས་འདུག་པར་དགའ་བའི་མི་རྣམས་ཀྱི་ནང་དུ་ཆབ་སྲིད་ནི་རྟོག་པ་མཐོ་བའི་མི་ཁོ་ནའི་སེམས་ཀྱི་ཚད་གཞིར་རུང་བར་རློམ་སེམས་བྱས་ཏེ་རང་ཉིད་ཀྱི་སྒལ་ཚིགས་དྲང་བོར་རྫུས་ཤིང་། རང་མགོ་མཐོན་པོ་བྱེད་པ་རེད། དོན་དངོས་བཤད་ན་ཆབ་སྲིད་ནི་རིག་གནས་ཤིག་ཡིན་ཞིང་། རིག་གནས་ནི་མི་རྣམས་ཀྱིས་ལས་དོན་སྒྲུབ་བྱེད་ཀྱི་ལག་ཆ་ཞིག་སྟེ། 《ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པར་“ཤེས་བྱའི་ཡུལ་ནི་མུན་ཁུང་གི་གསེར་དང་འདྲ་ལ་ཤེས་བྱེད་རིག་གནས་ནི་མུན་པ་བསལ་པའི་སྒྲོན་མེ་དང་ཆོས་མཚུངས་པས་ན་་།” ཞེས་གསལ་བཤད་གནང་ཡོད། འོན་ཀྱང་། གནས་ལུགས་འདི་ཚིག་མགོ་རེ་གཉིས་སྐྱོར་ནས་ཐམས་ཅད་ཁོངས་སུ་ཆུད་མདོག་སྟོན་པ་རྣམས་ཀྱིས་ཤེས་ཐབས་མེད་པ་རེད།
ཡང་གཅིག་བཤད་ན་ཆབ་སྲིད་ནི་ནང་བསྟན་ཆོས་ལུགས་ལྟར་རྒྱང་ཐག་རིང་བའི་སྐྱེ་བ་ཕྱི་མའི་དོན་དང་། ནང་བའི་ལྟ་གྲུབ་ལྟར་འཇིག་རྟེན་གྱི་གནས་ལུགས་མཐར་གཏུགས་ནས་ཕུ་ཐག་གཅོད་པ་ཞིག་ཀྱང་མིན་ཞིང་། རྡུལ་ཕྲན་ལ་ཕྱོགས་ཀྱི་ཆ་ཡོད་མེད་རྩོད་པའི་རིག་པ་སྐྲ་རྩེར་གནས་པ་ཞིག་ཀྱང་མ་ལགས། ཆབ་སྲིད་ནི་ཉེ་བར་གནས་པའི་མི་རྣམས་ཀྱི་འཚོ་བ་དང་གཤིབས་ཤིང་། འཚོ་བའི་ལམ་ལུགས་སྒྲུབ་པར་ཐབས་སྡུག་ནས་དེང་ལེན་བྱས་པ་ཞིག་སྟེ་རང་ཉིད་ཀྱི་འཚོ་བ་ཇི་ལྟར་སྒྲུབ་པའི་ཁ་ཕྱོགས་སམ་ལམ་ལུགས་དེ་ཉིད། གསལ་བོ་བཤད་མི་ཐུབ་པའི་སྟོང་ཉིད་འདྲ་བོ་དང་། ཤེས་ཐབས་དཀའ་བའི་ལྟ་གྲུབ་རིག་པ་འདྲ་བོ་ཞིག་ཡིན་མདོག་མེད་ཅིང་། དེ་ལྟ་བུའི་འཇིག་རྟེན་མི་ཆོས་རིག་གནས་ཤིག་ཡོད་པས་ཡོད་གོ་དང་མེད་པས་མེད་གོ་མི་ཆོད་པ་ལ་རྒྱས་སྤྲས་ཅན་གྱི་གཏན་ཚིགས་ཅི་ལ་དགོས།
ཆབ་སྲིད་ནི་རིག་པ་སུ་མྱུར་གྱི་ལས་དོན་ཞིག་ཡིན་པ་བདེན་དུ་ཆུག་ཀྱང་། ཆོད་ཡིག་བརྩེགས་མ་ཡིས་རྒྱས་བཏབ་ཅིང་། མི་མང་འདོད་མོས་ཀྱིས་རྒྱབ་སྐྱོར་ཡོད་པར་སྨྲ་བའི་གཏན་འབེབས་ཡང་འབེབས་བྱས་པའི་ཡིག་ཆ་མཐུག་པོ་རྣམས་ནི་མི་མང་གིས་མི་མཁྱེན་ཞིང་མཁྱེན་མི་ཐུབ་པ་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡང་ཡོད་མི་སྲིད། འཁྲབ་དོ་རེ་གཉིས་ཀྱིས་རྫིག་མདོག་སྟོན་བྱེད་ཀྱི་བཤད་སྟངས་དེ་ནི་མི་མང་དཀྱུས་མའི་དད་གུས་འདྲེན་པའི་རིག་ལམ་ཐབས་ཆག་ཅིག་ཡིན་ངེས་ཏེ་འཁྲབ་དོའི་ལམ་ཁ་ལ་མི་མང་གི་རྨོངས་གུས་རྨོངས་དད་ཀྱི་རིགས་འདི་གནའ་ནས་ཆོས་སྲིད་གཉིས་ཆར་ཕུན་སུམ་ཚོགས་པར་བསྒྲུབ་པའི་བླ་མེད་ཀྱི་རྒྱལ་ཁར་བགྲོད་ལམ་ཞིག་ཡིན། རྒྱལ་ཁ་འདི་ལ་བརྟེན་པའི་“ཚད་དམའ་བའི་ཆབ་སྲིད་འཁྲབ་མཁན་”(ཆབ་སྲིད་འཁྲབ་མཁན་ནི་འོས་ཤོག་དང་གོ་གནས་ཙམ་གྱི་དོན་དུ་ལས་དོན་བྱེད་པོ་ཁག་ལ་གོ )རིགས་ཀྱིས་“ཤེས་མཁན་”གྱི་མིང་གནས་འཛིན་པར་སྤྲོ་བ་བླ་ལྷག་གིས་བྱེད་དོན་ཡང་གཞན་དུ་བཙལ་ནས་འཐོམ་དགོས་དོན་གཞར་ཡང་མེད་པར། “འཁྲབ་དོ་སྔ་མའི་”མདུན་དུ་འཁྲབ་མཁན་རེ་གཉིས་ཀྱིས་“འཁྲབ་དོ་རྗེས་མ་”ངོ་སྤྲོད་བྱེད་བདེ་བའི་ལམ་ཁ་ཞིག་ལས་གཞན་དུ་ཅི།
འཁྲབ་དོ་ནི་འཁྲབ་དོ་རང་ཡིན་ཏེ། གནའ་བོའི་བོད་མི་རྣམས་ཀྱི་སེམས་སུ་འཆར་སྣང་ངེས་ཅན་ཡོད་པའི་“སྤྲུལ་བ་ཅན་”ནི་འདི་ཡི་རིགས་ལོས་ཡིན་བསམ་ཞིང་། དེ་ལྟ་མིན་ནའང་། འཁྲབ་དོའི་རིགས་ལ་“སྤྲུལ་བའི་མི་”ཞེས་བཏགས་པ་ནི་འོས་ཤིང་འཚམས་པ་ཞིག་ཡིན། མཚམས་རེར་མགོ་བོ་སྟོན་གྱི་སྙེ་མ་བཞིན་སྒུར་ཏེ་“ལགས་སོ། ལེགས་སོའི་”དམ་ཚིག་བསྟུད་མར་ཕུད་ཅིང་། མཚམས་རེར་མགོ་བོ་ཤུགས་ཀྱིས་བཏེགས་ནས་“ངོ་མ་ཧང་སངས་བ་རེད་”ཅེས་མཁྱེན་མཁན་སྲོལ་གྱི་སྡོམ་ཚིག་རེ་ཧ་ཅང་གཟབ་ནན་དང་ལག་པ་མཆིན་ལག་གིས་བཀོད་པ་རེད། དེ་ལྟ་དེ་ལྟར་མགོ་བོ་མཐོན་པོ་མཐོ་བའི་སྐབས་སུ་སྟོང་གསུམ་འཇིག་རྟེན་ལས་སླ་བོར་ཐག་གིས་གཅོད་ཅིང་། གཉམ་བཀུག་རྒྱུད་འདར་གྱི་དུས་སུ་ཟོག་རྫི་ལུག་རྫི་ཡིན་ཡང་འདི་ལྟར་ཨེ་འདུག་བསམ་པའི་ཟོལ་འདི་ནི་ཆུང་ཆུང་རེད་ཟེར་ཡང་ཆོག་སྟེ་འདི་ལས་མང་བ་ད་དུང་ཡོད་ཡོད་པ་རེད།
ཧ་ཅང་མང་པོའི་འཁྲབ་དོའི་ཀུན་སྤྱོད་ལས་གནད་དོན་ཉུང་ཙམ་བཤད་པའི་མཇུག་འདིར་ཅི་ཞིག་ལ་འཁྲབ་དོ་ཟེར་བའི་དོན་བཤད་པར་བྱ་སྟེ་དབུས་པའི་སྐད་ཀྱི་“འཁྲབ་དོ་”ནི་མདོ་སྨད་པས་“ངོ་གཉིས་མ་”དང་། “ཁྲ་རིས།” “རྫི་མེད་”སོགས་སུ་འབོད་ཅིང་། མིའི་ཀུན་སྤྱོད་ཀྱི་ཆེས་དམའ་བའི་ལམ་དུ་ཞུགས་མཁན་འདི་དག་གིས་རིག་གནས་ཡོངས་ཀྱི་ནང་དུ་རྙིགས་རོ་འདོར་བའི་ལས་བྱེད་ཀྱི་རེད།

ཕྱི་ལོ་༢༠༡༡ཟླ་༥ཚེས་༢༠ཉིན།

རྩོམ་རིག

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: དགེ་འདུན་ཆོས་འཕེལ།

Comments (5) on ““འཁྲབ་དོ་”ནི་མའི་སྙིགས་རོ།”

  1. འདོད་ལྷ་ཁམས་པ། says:
    2011-05-31 at 1:01 am

    ཨ་ལེ་་
    འཁྲབ་དོ་ནི་་་འཁྲབ་ཏོ་སྟེ་་་་་པག་ལ་དང་དོན་གཅིག་མིན་ནམ།
    ཆབ་སྲིད་ནི་འབངས་མི་སྐྱོང་བའི་སྲིད་ཇུས་ལ་ཟེར་བ་མིན་ནམ།
    སྟོང་ཉིད་ནི་འཇིག་རྟེན་ན་ཡོད་ཚད་གཅིག་གི་རྗེས་སུ་གཅིག་བྱུང་བ་མ་གཏོགས་སྔོན་མ་ནས་ཡོད་ཡོད་པ་ཞིག་མ་རེད་ཟེར་བ་མིན་ནམ།
    ངས་འདི་ལྟར་ཤོད་དོན་ནི་གོང་གི་རྩོམ་ཡིག་གི་བརྗོད་སྙིང་གཙོ་བོ་གང་ཡིན་མ་ཚོར་བས་ཡིན།

  2. འཇིགས་མེད་ཚེ་རིང་། says:
    2011-05-31 at 2:53 am

    པག་ལ་ནི་འཁྲེབ་ཏོ་སྟེ་འཁྲེབ་ཏོ་ནི་འཁྲབ་དོ་དང་འདྲ་བ་མ་ལགས།
    འཁྲེབ་ཏོའི་དོན་ནི་སེམས་རེངས་པོ་སྟེ་སེམས་བཅོས་དཀའ་བ་ལ་ཟེར་རོ་ཞེས་དག་ཡི་ག་དག་དུ་འཁོད་དོ།

  3. འདྲེ་མགོ་རྡོ། says:
    2011-05-31 at 4:16 am

    ཨ་ཀར་སོ་ལྔ་འཐུང་། ཧཧཧཧཧ

  4. རྔ་བ་ཚེ་སྐྱིད་ says:
    2011-05-31 at 5:14 am

    ངོས་འཛིན་གྱིས་རྨང་གཞི་ཞིག་བཏང་སོང་། ཕྱོགས་སྡོམ་གྱིས་གནད་འགག་ཅིག་གླེང་སོང་། དཔྱོད་ཤེས་ཀྱིས་དབྱེ་ཞིབ་ཅིག་བྱས་སོང་། ༡༽ ངོས་འཛིན་མེད་ན། ཚོང་གི་མ་རྐང་མེད་པ་དང་འདྲ་གི ༢༽ སྡོམ་ཚིག་མེད་ན། གལ་གནད་ཀྱི་རྒྱ་ཁྱོན་སྔོག་རྒྱུ་དཀའ་གི ༣༽ ཞིབ་འཇུག་མེད་ན། ཡན་གར་བའི་ལམ་ཞིག་ཏུ་འགྲོ་བ་དང་འདྲ་གི
    དེས་ན། དྲ་གྲོགས་རས་པ་ལགས་ཀྱིས། ཤ་ཟིན་སྤུ་ཟིན་ཞིག་མེད་པར་གནད་དོན་ཞིག་གི་སྒོ་མོ་ཡངས་པོར་ཕྱེས་འདུག་ལགས་ན། ཡིད་འགུལ་ཐེབས་སོང་།

  5. འཇིགས་མེད་ཚེ་རིང་། says:
    2011-05-31 at 12:43 pm

    གྲོགས་བོན་རྒྱ་བས་གསལ་འདེབས་མ་གནང་བ་ཡིན་ན་སྙིགས་རོ་ལ་རྙིགས་རོ་ཞེས་ནོར་བ་རང་འཇགས་འཇོག་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme