Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Posted on 2011-05-312011-05-31 By ཁ་བརྡ་ 12 Comments on གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

བཞི།
བོད། ལྷ་ཀླུ་གཉན་གསུམ།

ཕྱི་དྲོ་ཆུ་ཚོད་ལྔ་བ་ཡོལ་ནས་ང་རང་མཛའ་མོའི་མ་རྒན་གྱི་ཁང་བའི་སྒོ་འགྲམ་དུ་སླེབས་ཀྱི་ཡོད། ག་ལེར་སྐེས་འཛེགས་དུ་འབུད་ཞོར། རྒྱབ་ཁུག་ནང་གི་ལྡེ་མིག་ཕྱིར་ཐོན་ནས་སྒོ་ཕྱེ་མ་ཐག ནང་ནས་མཛའ་མོས་ཁོང་ཚོའི་སྐད་ཀྱི་སྟེང་ནས་སུ་སླེབས་སོང་ཞེས་དྲིས་ན། བུ་མོ་ཐར་མ་མཚོས་ཨ་ཕ། ཨ་ཕ་ཟེར་ནས་འབོད་ངེས་ཡིན། ངས་ཀྱང་པ་ཁོ། པ་ཁོ་ཟེར་བཞིན་རང་གིས་མིག་ཤེལ་འཕུད་ཀྱིན་རྡོ་སྐེས་སྟེང་དུ་ཡར་འཛེགས་དེ་སོང་ན། སྐེས་འཛེགས་ཀྱི་འགོ་ན། བུ་མོའི་ལག་པ་གཉིས་ཀ་ཚུར་ང་ལ་བསྲིངས་དེ་བསྡད་ཡོད།

ང་རང་གིས་གདོང་ལ་འཛུམ་གྱིས་བཀང་ནས། རང་གི་གཅེས་པའི་བུ་མོ་བང་དུ་ལེན་ཞོར། པ་ཁོ། དེ་རིང་ཨ་མ་ཁྱེད་གཉིས་ག་འདྲ་བྱུང་སོང་ཞེས་རྒྱུན་དུ་འདྲི་བཞིན་ཡོད་ཀྱང་། བུ་མོས་ད་དུང་ལན་གང་ཡང་བོད་སྐད་ཀྱི་སྟེང་ནས་སྟེར་ཐུབ་ཀྱི་མེད། གཅིག་ནས་ལོ་ཆུང་བ་དང་། གཉིས་ནས་དུས་ཚོད་མང་ཤོས་མ་རྒན་དང་མཉམ་དུ་ཡོད་པས་ཡིན། རེད་དེ། ད་ལྟ་ཁོ་མོ་ལོ་གཅིག་དང་ཟླ་དགུ་ཡིན། འོན་ཀྱང་། ཁོ་མོས་ངས་བཤད་པ་དག་གོ་ཡི་ཡོད། ངས་རང་གི་བུ་མོ་ལ་བོད་སྐད་མ་གཏོགས་ཁོང་ཚོས་སྐད་དང་དབྱིན་སྐད་གང་ཡང་ད་ལྟའི་བར་དུ་བཤད་མྱོང་མེད་ལ། ཕྱིས་སུ་ཡང་བཤད་རྩིས་མེད། འདི་ནི་ང་རང་གིས་རང་གི་བུ་མོ་ལ་བོད་སྐད་སློབ་པའི་ཐབས་ལམ་ཁོ་ན་རུ་ངེས་འཛིན་བྱེད་ཀྱིན་ཡོད།

སྐར་མ་ལྔ་དྲུག་རིང་དུ་བུ་མོ་བང་དུ་བཟུང་རྗེས། ཡ་ད་ཐང་ལ་སོང་། ཨ་ཕ་སོང་ནས་གཟུགས་པོ་ཞིག་དཀྲུས་དེ་འོང་ཟེར་ཞོར་དུ། བརྙན་འཕྲིན་གྱི་བདུན་དུ་ཡོད་པའི་ས་གདན་སྒང་དུ་བཞག་ན། ད་གཟོད་ཁོ་མོ་རང་གི་རྩེད་ཆས་ཁ་ཤས་ཤིག་ལ་འགོ་འཁོར་བའམ། ཡང་ན། མོ་རང་གི་ཨ་མས་བལྟ་བ་ཡིན། ངས་ཀྱང་རང་གི་མཛའ་མོ་ལ་ང་སོང་ནས་གཟུགས་པོ་དཀྲུས་དེ་འོང་། མོ་རང་ལ་བལྟ་རོགས་གནོངས་ཞེས་བཤད་དེ། ཐོག་ཁང་དུ་འགྲོ་བཞིན་ཡོད། གཟུགས་པོ་དཀྲུས་ཚར་ནས་སྐྲ་སྐམ་པོ་ཆགས་མེད་སྟབས། ཨ་ཇོ་འགོ་ལ་དཀྲིས་དེ་ཐབ་ཚང་དུ་འགྲོ་བཞིན་ཡོད།

ཕལ་ཆེ་བ་ལ། ང་ཚོ་ཚང་མ་རང་རང་གི་ས་ནས་ལས་ཀ་འགྲོ་བཞིན་ཡོད་དུས། ཐབ་ཚང་ནང་དུ་དུས་རྒྱུན་དུ་སྡེར་མ་དང་ཤེལ་ཕོར་སོགས་དཀྲུས་མེད་པར་ལུས་ཡོད། མཚམས་རེར་མོ་རང་གི་དཀྲུ་བའམ་ཡང་ན། མོ་རང་གི་ཨ་མ་ཡིས་ཁ་ཤས་རེ་དཀྲུ་བ། མང་ཤོས་ཤིག་ལ་ང་རང་གི་ལས་ཀ་ལྟ་བུ་ཆགས་ཡོད། གཅིག་ནས་དེང་སང་ང་རང་གི་མཛའ་མོ་ལ་ཕྲུ་གུ་འཁོར་ནས་ཟླ་ངོ་བདུན་ཙམ་འགྲོ་གྲབས་ཡོད། དེ་ཡིན་དུས་ངས་དེ་དག་དཀྲུ་ཞོར་དུ། ཁ་ལག་བཟོས་ཟིན་པ་འདྲ་ཡོད་ན། དེ་དག་ཚ་བོ་ཞིག་བཟོས། མེད་ན་ཁ་ལག་གསར་བ་རེ་བཟོ་ཞོར་དུ་སྡེར་མ་དང་ཤེལ་ཕོར་སོགས་དཀྲུ་བཞིན་ཡོད། ཁ་ལག་གྲྭ་སྒྲིག་ཟིན་ན་ད་གཟོད་མཛའ་མོ་དང་ང་ཚོས་མཉམ་དུ་ཁ་ལག་ཟ་བ་ཡིན། མཚམས་རེར་མ་གཏོགས་མཉམ་དུ་ཟ་བཞིན་མེད། ཁོང་ཚོ་ལས་ཀ་ནས་སྔོན་དུ་སླེབས་ཀྱི་ཡོད་དུས། ཟས་ཚར་ཡོད་པ་དང་ང་རང་གིས་རང་ལ་གང་བདེ་བ་རེ་ཚ་བོ་བཟོས།

སྤྱིར་ན་ང་རང་གི་ལས་ཀ་ཐབ་ཚང་ནང་དུ་ཡིན་དུས། ཐབ་ཚང་ནས་ཁ་ལག་རྒྱགས་ཚད་ཅིག་བཟོས་མ་ཆོག་པ་མེད་ཀྱང་། ང་ལ་དཀའ་ངལ་ཞིག་ཡོད་པ་དེ་ནི་རང་ཉིད་ནི་ཤ་མི་ཟ་བའི་མི་ཞིག་ཡིན་དུས། ཐབ་ཚང་ནང་དུ་བག་ལེབ་དང་ཚལ་རློན་པ་རེ་ཟུང་རེ་ཟ་བ་ལས། མང་ཤོས་ཤིག་ཤ་ཡོད་མེད་གཉིས་ཀ་བསྲེས་ནས་ཡོད་དུས། ངས་དེ་ནས་རང་གི་འདོད་པ་ལྟར། ཁ་ལག་ཞིག་བཟོས་ནས་ཟ་ཁོམ་གཏན་ནས་མེད། དེ་ཡིན་དུས་རང་གི་ནང་དུ་འབྱོར་དུས་རང་གིས་ཤ་མེད་པའི་ཁ་ལག་གཙང་མ་རེ་བཟོས་དེ་ཟ་བ་འདི་ནི་ང་རང་གི་གོམ་གཤིས་ལྟ་བུ་ཞིག་ཆགས་ཡོད་པ་ཡིན།

ཁ་ལག་ཟས་ཚར་དུས་ཆུ་ཚོད་དྲུག་པའམ་དྲུག་དང་ཕྱེད་ལ་ཟིན་ཡོད། དེ་ནས་བཟུང་བུ་མོའི་མཉམ་དུ་རྩེད་མོ་རྩེད་རོགས་འདྲ་བྱས་དེ་འདུག་བཞིན་ཡོད། ཉལ་དུ་འགྲོ་རན་དུས་ང་རང་སོང་ནས་ཉལ་སའི་ནང་དུ་འཇོག་གི་ཡོད། མང་ཤོས་ཤིག་ལ་བུ་མོ་ཆུ་ཚོད་བརྒྱད་པ་ཡོལ་ནས་ཉལ་གྱི་ཡོད། ཆུ་ཚོད་བརྒྱད་པ་ཟིན་དུས་སུ་ངས་བོད་སྐད་ཀྱི་སྟེང་ནས་ཉལ་དུ་འགྲོ་ཡི་ཡིན་པས་པ་ཁོ་ཞེས་དྲིས་ན། མོས་ང་རང་ལ་ཨ་མའི་སྐད་ཀྱི་སྟེང་ནས་ཡིན་ཟེར་ནས་ལན་འདེབས་པ་ཡིན། དེ་ནས་ངས་མོ་རང་བང་དུ་བཟུང་། ལག་གཡོན་པའི་ནང་དུ་ཆུ་འགྱིག་དམ་ཞིག་གམ། རྭ་ནུ་ཞིག་བཟུང་ནས་ཐོག་ཁང་གི་མོ་རང་ཉལ་སའི་ནང་དུ་འཇོག་གི་ཡོད།

ཉལ་སའི་ནང་དུ་བཞག་མ་ཐག་དུ་ཐོག་མར་ཏྭ་རེ་དང་མ་ཎི་རེ་ཟུང་ཞིག་སྐྱོར་གྱི་ཡོད། དེ་ཡི་རྗེས་སུ་མོ་རང་གཉིད་ལ་ཤོར་རེག་བར་དུ་རང་ཉིད་ལ་སྐད་ཡོད་མེད་ལ་མ་བལྟས་པར། ། བོད་གླུ་ལེན་གྱི་ཡོད། གཡང་གི་གངས་རི་དཀར་པོ།། མཐོང་བའི་ཕ་ཡུལ་དྲན་ཤིང་།། ནམ་མཁའི་སྐར་ཆེན་ཤར་དུས།། དྲིན་ཆེན་ཕ་མ་དྲན་བྱུང་།། ་་་་་་་་་

ད་གཟོད་མོ་རང་གིས་ཁ་ནང་དུ་རྭ་ནུ་བཟུང་ནས་གཉིད་དུ་གཡུར་འགྲོ མཚམས་རེར་ཆུ་ཚོད་གཅིག་ལྷག་འགོར་སྲིད། སྐབས་རེར་སྐར་མ་ཁ་ཤས་ཤིག་ལས་འགོར་མི་སྲིད་། དེ་ནི་མོ་རང་ཐང་ཆད་ཡོད་མེད་ཀྱི་ཁྱད་པར་ཡང་ཡིན། ཆུ་ཚོད་གཅིག་ཙམ་འགོར་དུས་སུ་ངས་མོ་རང་ལ་བོད་གླུ་འདི་བསྐྱར་ནས་ཐེངས་ཁ་ཤས་ལ་ལེན་པ་དང་། ཡང་ན། བོད་གླུ་གཞན་་་་ རྒྱང་རིང་གི་གྲོང་བརྡལ་ཆུང་ཆུང་། ངའི་ཡིད་སེམས་འཕྲེང་པའི་ཕ་ཡུལ། ཕ་ཡུལ་གྱི་ཕྱོགས་སུ་བཞུར་བའི་རྫ་ཆུ་བསིལ་མ། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས་་་་་

མུ་འགོད།

སྣ་ཚོགས།

Post navigation

Previous Post: “བོད་མིའི་སྒྲིག་འཛུགས”ལས་འཕྲོས་པའི་བསམ་གཞིགས་ཐ་ཐུན།
Next Post: “འཁྲབ་དོ་”ནི་མའི་སྙིགས་རོ།

Comments (12) on “གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།”

  1. རྨ་ཆུ་སྐལ་བཟང་། says:
    2011-05-31 at 3:19 am

    དངོས་གནས་སྙན་པོ་འདུག་ཐུགས་རྗེ་ཆེ་ལྷག་དོན་དུ་ཁྱོས་རང་གི་བུ་མོ་ལ་རང་གི་རིགས་གཞུང་སློབ་བའི་ཐབས་ཤེས་དེ་ཧ་ཅིང་ཡག་པོ་འདུག་ད་བལྟས་དུས་སུ་རང་ལ་ཐང་ཆད་པའི་རྣམ་པ་ཡོད་ཀྱི་རེད་གང་ཞེ་ན་ལན་མེད་པར་བོད་སྐད་མང་པོ་ཞིག་རྒྱུན་པར་བཤད་དགོས་བ་ཡིན་ཙང་།
    འོན་ཀྱང་རྒྱུན་སྐྱོང་ཐུབ་ན་བུ་ཕྲུག་གི་མ་འོངས་པར་ཕན་ངེས་རེད་།

  2. རང་བཙན་ལྡེའུ་ says:
    2011-05-31 at 4:41 am

    ༧ གོང་ས་མཆོག་ནས་བོད་སྤྱི་པའི་འགན་དེ་བོད་པ་མི་རེ་ངོ་རེར་འཁྲི་ཡོད་རེད་ཞེས་དུས་རྒྱུན་དུ་ནས་གསུངས་བསྡད་ལེ་བཞིན་ ཁྱེད་ནས་དེ་ལྟར་སྙིང་བཅང་གིས་རང་གི་བུ་མོར་བོད་སྐད་ཁོ་ནའི་ཐོག་ནས་ངག་འབྲེལ་གནང་བར་ཧ་ཅང་གི་དགའ་བསུ་ཞུ་ལེ་ཡིན་ ཇི་ཙམ་རང་གི་སྐད་དང་རིག་གཞུང་མང་བ་མཐོང་མཐོས་བྱུང་བ་ དེ་ཙམ་བོད་པའི་བལྟ་སྤྱོད་གཙང་བ་ཞིག་ཆགས་ཐུབ་ལེ་རེད་ ད་བཀའ་དྲིན་ཆེ་ ཁ་བྲོ་ ཁྱེད་ཕ་བུ་ལོ་རྒྱ་ཚེ་རིང་ཡོང་བར་ཤོག་།

  3. སྒྲོལ་མ་མེ་ཏོག་ says:
    2011-05-31 at 6:32 am

    སེམས་པ་ཆེན་པོ་གྷན་དྷིས། “ཤེས་ཡོན་ནི་སྐྱེ་བོ་ཚང་མར་ཐོབ་རུང་བ་ཞིག་དང་། གྲོང་གསེབ་པ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་དུ་སྤྱོད་མཁོ་ཡོད་པ་ཞིག་དགོས། དེ་འདྲའི་ཤེས་ཡོན་ནི་དཔེ་དེབ་ལས་ཐོབ་མི་ཐུབ་ཅིང་། དཔེ་དེབ་ལ་བརྟེན་ཡང་མི་དགོས། དེ་བས་དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་འབྲེལ་བ་དེ་འདྲའང་གཏན་ནས་མིན། གལ་ཏེ་དེ་ནི་ཆོས་ལུགས་ཤིག་ཡིན་པའི་དབང་དུ་བཏང་ཡང་། ཆོས་ལུགས་དེ་ནི་ཆོས་ལུགས་བྱེ་བྲག་པ་ཐམས་ཅད་ཀྱི་འབྱུང་ཁུངས་འཇིག་རྟེན་ཀུན་ཁྱབ་ཀྱི་ཆོས་ཤིག་ཡིན་དགོས།” ཞེས་གསུངས་པ་འདི་ལ་གོ་རྒྱུ་འདུག
    འཚོ་བའི་ཚད་ཟབ་ས་ནས་རང་གི་བུ་མོར་འདི་ལྟར་དགའ་ཞེན་དང་རིན་ཐང་ཡོད་པའི་ཐབས་མཁས་ཀྱི་སློབ་སྟོན་གནང་བ་ནི་ཐབས་དམ་པ་དང་དོན་དམ་པའོ།

  4. རིག་འབྱུང་རྒྱ་མཚོ says:
    2011-05-31 at 6:39 am

    ཁ་ལག་ཟེར་བའི་གྲོང་སྐད་བེད་སྤྱོད་བཏང་བ་ནི་བོད་ཀྱི་སྐད་ཡིག་སྟོར་སྐྱོན་བཏང་བའི་སྐྱོན་དུ་མཐོང་ཡང་ཁོང་གིས་བོད་ཡིག་ཐོག་ཏུ་དུས་ཀུན་རྩོམ་ཡིག་སྤེལ་བ་ཡི་རང་ཡོད།

  5. སློབ་དཔོན་ཀརྡོ་ says:
    2011-05-31 at 6:58 am

    རྒྱ་དམར་དམར་པོས་དུས་འགྱུར་ལས། །
    ཕ་མ་རང་ཡུལ་བྲལ་དགོས་བྱུང་། །
    རང་ཉིད་དགེ་བ་དཀར་པོས་མཐུས། །
    ཕ་མའང་སྙེ་ཤང་ཡུལ་ནས་བྲལ། །

    ད་ལྟ་གཞན་ཡུལ་ཡུ་རོབ་ཏུ། །
    ལས་འཚོལ་ལས་ཀ་རག་གྱུར་ན། །
    མི་ཚེ་དཀའ་ངལ་ཡོད་འགྱུར་ཀྱང་། །
    སཔཽབས་སེམས་ངང་ནས་མི་ཚེ་འཁྱོལ། །

    གཞིས་དང་བྱེས་ཀྱི་བོད་རྒྱ་ལོ། །

  6. སློབ་དཔོན་ཀརྡོ་ says:
    2011-05-31 at 7:01 am

    སཔཽབས་འདི། སྤོབས་སེམས་ཡིན་ཁུལ་ལགས།

  7. རྔ་བ་གཉན་རྒོད་ says:
    2011-05-31 at 8:32 am

    དངོས་གནས་སེམས་བསམ་པའི་གཏིང་ནས་བྲོ་བ་ཡོད་ཀི་ཡ་་་་་་ཐུགས་རྗེ་་་་

  8. མེ་ཏོག་དཀར་པོ། says:
    2011-05-31 at 9:30 am

    གོང་དུ་སྒྲོལ་མ་མེ་ཏོག་གིས་བཤད་པའི་རྒྱབ་སྐྱོར་དུ།
    མི་ལ་རས་པས།
    ང་སྣང་བ་དཔེ་ཆར་ཤར་ཤར་ནས། །
    ཡིག་ནག་དཔེ་ཆ་བལྟ་མ་མྱོང་། །ཞེས་པ་འདི་ཕུལ།

  9. མིག་བརྒྱད་པ། says:
    2011-05-31 at 11:03 am

    མ་འོངས་པའི་བོད་པ་རྣམས་གང་འདྲ་ཞིག་ཆགས་དགོས་མིན་སེམས་ཁྲལ་འདུག

  10. བྱ་ཆེན། says:
    2011-05-31 at 8:36 pm

    བོད་མིའི་བླ་སྲོག་ནི་མཐུན་མོང་བོད་པའི་མཐུན་སྒྲིལ་ནི་ད་ལྟའི་དུས་སུ།

  11. རྒྱ་གར་རྨ་བྱ། says:
    2011-06-01 at 7:40 am

    བྱ་ཐབས་འདི་ཤིན་ཏུ་སྤྲོ། མུ་མཐུད་ཅིག ཕྱི་རྒྱལ་དུ་བོད་པའི་ཁྱིམ་གཞིས་འཛུགས་ཀྱིན་ཚང་མར་མིག་ལྟོས་བཟང་པོ་ཡོང་ངེས་འདུག ལེགས་སོ།།

  12. གངས་སྦལ། says:
    2011-06-02 at 4:51 am

    ང་ཆེས་མི་དགའ་ས་དེ་རང་གི་རུས་རྐང་ཙམ་པོ་ཡང་འཁྱོལ་གྱིན་པའི་ཕོ་གསར་ཁ་ཕོ་ཅན་ཚོ་ཡིན་ལ། འདི་ནི་ངས་མཐོང་བའི་བོད་ཀྱི་མ་འོངས་པའི་གཉེན་ཁ་ཆེ་ཤོས་ཤིག་ཀྱང་རེད། ང་ཚོ་སུ་ཡིན་ཡང་ཆེན་པོ་ཆེན་པོ་ཞིག་མ་འཁྱོངས་ཀྱང་ཆོག རང་གི་རུས་རྐང་འདི་འཁྱོལ་དུ་མ་འཇུག་་་་་་་་་་་་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme