Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལད་ཟློས་རང་བཞིན་གྱི་འགུལ་སྟངས།

Posted on 2011-05-292011-05-29 By ཁ་བརྡ་ No Comments on ལད་ཟློས་རང་བཞིན་གྱི་འགུལ་སྟངས།

—— འགར་ཚེ་རྒྱལ།
རྟེན་ཅིང་འབྲེལ་བ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་ངོས་ཐད་ནས་ངེས་པ་དོན་གྱིས་དགོས་པ་ཞིག་རེད་མོད། འོན་ཀྱང་མི་ཞིག་ཡིན་ཕྱིན་རང་ཉིད་གཞན་སུའི་ལད་རྗེས་སུ་འབྲང་ཆོག་ཆོག་མིན་པའི་རང་ཚུགས་བརྟན་པོ་ཐུབ་པའི་རང་རྟོན་གྱི་བསམ་བློ་ཞིག་ཅིས་ཀྱང་དགོས་ངེས།
—— སྔོན་འགྲོའི་གཏམ་དུ།
ཅི་སྟེ་འུ་ཚོ་མི་རབས་གསར་པ་ནི་སྤྱི་ཚོགས་ཆུང་ཆུང་འདིའི་ཁྲོད་ཡག་སྡུག་ཅི་ཞིག་ཡོད་ན་མ་གསང་མ་སྦས་པར་ཕན་ཚན་ལ་བསམ་བློ་བརྗེ་རེས་དང་རིག་པ་སྐོར་བསྡུར་བྱེད་མཁན་གྱི་དུས་མཉམ་མི་རབས་ཤིག་ཡིན་པའི་འདུ་ཤེས་བཟུང་ནས་ཁོ་བོ་རང་སྣང་གི་བསམ་བྱ་འགའ་ལབ་གླེང་བྱེད་ཀྱི་ཡིན་མོད། འོན་ཏང་སུ་ཞིག་གི་ངོས་ཐད་ནས་ཅི་གང་ལ་མི་གཏོགས་པའི་བླུན་པོ་གནག་རྫིའི་འཆོལ་གཏམ་དང་། སུ་གང་ལ་མི་ཐེ་བའི་སྨྱོན་པའི་ལབ་བརྡོལ། ཚིག་གནད་ལ་མི་ཕོག་པའི་དགྲ་བོའི་རྒོལ་གཏམ་གང་དུ་ངོས་བཟུང་ཆོག
དེང་སྐབས་འུ་ཅག་མི་རབས་རྗེས་མའམ་ན་གཞོན་གསར་པའི་ནང་མང་པོ་ཞིག་ནས་དམིགས་ཡུལ་ཞིག་རྙེད་སོང་བ་དང༌། དམིགས་ཡུལ་དེའི་ཚོད་ཀྱིས་ལྟ་བ་ཞིག་ཀྱང་ཡོད་སོང་བའི་ཚོད་དུ་རང་ཉིད་ཀྱིས་ཉི་མ་བསྐྱལ་སའི་ཁོར་ཡུག་དེ་ཆོས་ལུགས་ཀྱི་ངོ་གདོང་ནས་དག་ཐེར་བྱེད་རྒྱུའི་ཀུན་སློང་ཞིག་བཟུང་ནས་འཕག་གིན་ཡོད་པ་རེད། དེ་ནི་རབ་དང་གནད་ལ་དཔག་སྟེ་བཤད་ན་བསམ་བློ་གསར་པ་དང་ཀུན་སློང་རྣལ་མ་ཞིག་གི་ལམ་ལ་འཚོལ་སྙེག་གིས་ཞུགས་པའི་གྲལ་དཔུག་ཅིག་གི་གནད་འཁེལ་འབྲས་སྨིན་གྱི་འཕག་སྟངས་ཤིག་ཡིན་ན་དགའ་འོས་པ་ཞིག་རེད་མོད། ཡིན་ནའང་དེ་ལ་དེའི་ཚོད་དུ་སྒུལ་ཤུགས་སྟོབས་ནུས་ཀྱི་ཕྱོགས་ཆ་ཅི་ཡང་མངོན་དུ་མེད་པར། ཆོས་དོན་ལ་དགག་པའི་ཀུན་སློང་དེ་ནི་སོ་སོ་རང་རང་གི་རྣམ་དཔྱོད་དང་ཞིབ་མོ་རྣམ་འཐག་གི་རིག་སྟོབས་ཀྱིས་བཙལ་བསྔོགས་བྱས་ནས་གསར་དུ་རྙེད་སོང་བ་ཞིག་མ་ཡིན་པར། དེ་ནི་གཞན་ཞིག་གི་ཤུགས་རྐྱེན་ཏེ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་རང་སྟོབས་རང་དཔྱོད་ཀྱིས་ཆོས་ལུགས་ཁྲོད་ཀྱི་ལྷད་སྐྱོན་ལྟ་སྤྱོད་འཐུང་སྟེ་རྨོངས་ནས་ཡོད་པའི་བོད་མི་རིགས་འདི་ཆོས་མིན་ཆོས་བཟུང་གིས་བཟི་སྨན་གང་ཞིག་འཐུང་སྟེ་མགོ་འཐོམ་ནས་ཡོད་པ་དང༌། བཀྱིག་ཐག་གང་ཞིག་གིས་བསྡམས་ཏེ་འཕག་མ་ཐུབ་པར་ཡོད་པའི་ངོས་སྔོགས་འདོན་དག་ཐེར་བྱས་པའི་རྩོམ་ཡིག་༼བག་ཆགས་དོང་སྤྲུགས་༽ཟེར་བ་སོགས་སྤེལ་པ་དེ་འབྲེལ། བོད་ཡུལ་ཀྱི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་བཅས་ཤེས་ཡོན་པའི་སྡེ་དཔུང་དང་། ངལ་རྩོལ་མང་ཚོགས་བཅས་བོད་སྤྱི་ཚོགས་ནང་གཡོ་འགུལ་བསླངས་པ་དེ་མཚུངས་ཁོང་གི་རྗེས་འབྲངས་ལད་ཟློས་ཀྱིས་གཞུང་དོན་ལ་ལྟ་རྒྱ་ཐོས་རྒྱ་མེད་པ། ཐ་ན་བརྡ་སྤྲོད་ཀྱི་འགྲོ་སྟངས་ཀྱང་རབ་རིབ་སབ་སིབ་ཡིན་པའི་མི་བུ་སྐོར་ཞིག་གིས་ཀྱང་ཨ་འདྲོགས་ལ་སྐྱ་འདྲོགས་ལངས་ཏེ། གང་གང་གསལ་ཐང་དུ་བརྗོད་དུ་མེད་ནའང་ལད་ཟློས་རང་བཞིན་གྱིས་སྐུ་ཞབས་ཞོགས་དུང་གི་བསམ་བློའི་ཟུར་ཞིག་ལ་འཇུས་ནས་ཆོས་དོན་གླེང་ཁུལ་གྱིས་ཆོས་ལུགས་ཀྱི་ངོ་གདོང་ལ་མཛུབ་མོ་འཛུགས་མཁན་གྱི་གྲས་སྐྱ་སེར་གཉིས་ཀྱི་ནང་ཇེ་མང་ནས་ཇེ་མང་དུ་སོང་བ་རེད།
ཆོས་དོན་ལ་དག་སེལ་དགག་སྒྲུབ་ཀྱི་མཛུབ་མོ་འཛུགས་མཁན་རབ་བྱུང་བ་ཚོར་མཚོན་ན་གཞན་ཞིག་གི་སྐུལ་སློང་ཟེར་ནའང་ཆོག ཡང་ན་རང་ཉིད་ཀྱི་འདོད་མོས་ཡིན་ཟེར་ནའང་ཆོག གང་ལྟར་ངུར་སྨྲིག་གི་གོས་བཟང་ལུས་ལ་བགོས་ཏེ་འདོན་གྲོང་ཆོག་དང་ཚོགས་ཆོས་གྲྭ་འགྲིམ་པའི་སྐབས་དུས་སུ་དད་པ་དག་སྣང་ཟེར་ནའང་འདྲ། གང་ལྟར་སྐབས་དེར་བསྟུན་གྱིས་ཆོས་ལ་འཛིན་པའི་སྣང་ཚུལ་ཞིག་དང་བསམ་བློ་གཏོང་སྟངས་ཤིག་ཏག་ཏག་ཡོད་པ་རེད། དེ་ནི་བོད་པའི་ཁོར་ཡུག་དེ་བསྟུན་གྱི་ཆོས་པ་ལ་ཆོས་པའི་ཚོད་ཀྱི་བསམ་བློ་ཞིག་ཡོད་པ་དེའི་གཤིས་ལུགས་ཏེ། འཆང་བུ་བཅོས་ནས་བགེགས་སེལ་གྱི་དག་སྣང་སྒོམ་པའི་རུམ་ཁུགས་ན་འདའ་མ་ཐུབ་པར་ཡོད་པ་དེ་རེད། སྣང་ཚུལ་དེ་ནི་དེང་སྐབས་སྐུ་ཞབས་ཞོགས་དུང་གི་ལད་ཟློས་རྗེས་འབྲངས་པ་མང་པོ་ཞིག་གིས་ངོས་ཟིན་ཡོད་པའི་ཁུལ་གྱིས་ཁ་ཡར་གྲག་དང་མར་གྲག་ལ་གླེང་གིན་པའི་བག་ཆགས་ཟེར་བ་དེས་ལྷད་ཡོད་པས་ཡིན་རྒྱུ་རེད།
ཡིན་ནའང་དེང་སྐབས་ཁོ་ཚོའི་ཁྲོད་དུ་ཆོས་གོས་ལུས་ལ་བགོས་ནས་ཆོས་དོན་ལ་དག་སེལ་དགག་གཞག་གི་མཛུབ་མོ་འཛུགས་མཁན་གྱི་གྲས་བྱུང་གིན་ཡོད་པའི་སྣང་ཚུལ་དེ་ནི་ཆོས་དོན་ལ་རྟོག་རིག་གི་གདེང་ཐོབ་ནས་རྨོངས་གཉིད་ཀྱི་དྲ་བ་ལས་སངས་སོང་བའི་རང་རྟགས་ཕྱིར་མངོན་པ་ཞིག་མ་རེད། དོན་དམ་དུ་བཤད་ན་རང་ཚུགས་མ་ཐུབ་པའམ་རང་རྟོན་གྱི་བསམ་བློ་མེད་པར་གཞན་གྱི་ལད་ཟློས་ཀྱིས་ཚོད་ཚོད་ལ་འཕག་འཚག་རྒྱག་གིན་ཡོད་པ་རེད།
འོ་ན་ཆོས་ལུགས་ཀྱི་ངོས་ཐད་ལ་སྐྱོན་ཉེས་དོགས་སློང་གིས་སྤྱི་ཚོགས་ཀྱི་འགལ་འདུའི་གནས་བབ་གླེང་རྒྱུ་མེད་པ་ཨེ་རེད་ཟེར་ན། དེ་ནི་མ་ཡིན་ཏེ། ཡང་དག་པའི་ཆོས་ལ་མ་དག་ཆོས་མིན་གྱི་ལྟ་སྤྱོད་གང་མང་མང་ཞིག་འདྲེས་པའི་སླད་སྐྱོན་གྱིས་གོས་ཏེ་མི་སེམས་ལ་བཙན་འཛུལ་བཀག་སྡོམ་གྱིས་སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ལ་གནོད་སྐྱོན་ཏག་ཏག་ཐེབས་ཀྱིན་ཡོད་པ་རེད། དེའི་ཕྱིར་དེ་ལ་དཔག་པའི་ཆོས་ཀྱི་གཞུང་དོན་མཐུལ་རྟོགས་ངེས་ཤེས་ཀྱི་ཡོན་ཏན་ངོ་གནོང་མི་དགོས་པ་ཞིག་དང༌། དེ་འབྲེལ་གྱི་དོན་གནད་སྐྱོན་ཡོན་ལ་དཔྱོད་རྟོག་གསལ་ཤེས་ཀྱི་རིག་སྟོབས་དཀྱེལ་ཡངས་པ་ཞིག་མེད་ན། གོ་ཐོས་བརྡ་ཤེས་ཙམ་ཞིག་གི་རང་མཐོ་ང་རྒྱལ་གྱིས་ཆོས་དོན་གྱི་གཏིང་ནས་སྔོགས་ཏེ་དག་སེལ་བྱེད་རྒྱུ་ཡིན་ཟེར་ན་དེ་ནི་མཛུབ་མོ་གཅིག་གིས་གནམ་འགྱོགས་པའི་སྣང་བ་ཙམ་ལས་མ་འདས་སོ།།
དེ་དང་དེར་མཚུངས་ཀྱིས་ང་ཚོ་བོད་མི་རིགས་འདི་དུས་རབས་གསར་པའི་ཁ་དབུགས་སུ་བགྲོད་པར་གཉིད་ལས་སད་སྟངས་དང་འཕག་འཚག་རྒྱག་སྟངས་མ་ཤེས་པར་ཡོད་པའི་སྐབས་འདིར། འུ་ཅག་ན་གཞོན་གསར་པའམ་མི་རབས་གསར་པའི་དཔུང་ཁག་ཆུ་སྣ་གར་ཁྲིད་ལྟར་རང་རྟོན་མེད་པའི་བསམ་བློས་གཅིག་གིས་གཅིག་གི་ལད་ཟློས་རྐྱང་རྐྱང་ལ་འཚང་ཁ་ཤིག་ཤིག་གིས་ཞུགས་ནས་འདུག་པ་ནི་སྤྱི་འགྲོས་ཤིག་ཆགས་འདུག དེའི་ཕྱིར་སྤྱི་ཚོགས་ཀྱི་གནས་བབ་ལ་དཔག་སྟེ་རང་རང་གི་ངོས་ཐད་ནས་གསར་གཏོད་ཀྱི་ལམ་ཁ་ཞིག་འཚོལ་སྒྲུབ་བྱེད་པའི་སྒུལ་ཤུགས་ཧ་ཅང་ཞན་པའི་ཚུལ་དུ་ཡོད་པ་ནི་མི་རབས་གསར་པའི་གྲལ་དཔུང་ཡིན་ཟེར་མཁན་ཚང་མས་ཤེས་དགོས་པ་དང་གཟབ་དགོས་པའི་གནད་དོན་ཞིག་རེད་ཅེས་རང་གི་བསམ་ཚུལ་ཙམ་གླེང་བ་ཡིན།

རྩོམ་རིག

Post navigation

Previous Post: གྲྭ་ཆས་དང་ཕྱུ་པ།
Next Post: ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་བ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme