Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་ཆས་དང་ཕྱུ་པ།

Posted on 2011-05-29 By ཁ་བརྡ་ 30 Comments on གྲྭ་ཆས་དང་ཕྱུ་པ།

༼ རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ལས་འཕྲོས་པའི་བསམ་ཚུལ།༽
ཁག་དང་པོ།
ཤར་ཕྱོགས་ཁུག་རྟ།
༧གོང་ས་ཆེན་པོར་ངོ་བསྟོད་ཙམ་གྱི་ཚོགས་ཆེན་ཐེངས་གཉིས་པ་དེ་རྒྱལ་ཁའི་ངང་མཇུག་རྫོགས་སོང་ཟེར། ཁོ་བོ་ཚོགས་ཆེན་དུ་ཞུགས་སྐལ་ཐོབ་པ་དང་། ཚོགས་འདུའི་གྲོས་གཞི་ལ་རྒྱུས་མངའ་མི་ཉུང་ཙམ་བྱུང་བས་ཚོགས་ཆེན་ཐེངས་གཉིས་པའི་སྔ་ཕྱིའི་གནས་ཚུལ་ལ་རྒྱུས་ཡོད་ཆེ་ཤོས་ཀྱི་གྲས་ཡིན། ཚོགས་ཆེན་འདི་དང་འབྲེལ་བའི་གསུང་འཕྲིན་རིན་པོ་ཆེ་ཐོག་མར་ཕེབས་དུས་ནས་ང་རང་ལ་མཚོན་ན། བསྐྱར་བཅོས་ཀྱི་དུས་ཡུན་ནི་དུས་ཚོད་ངེས་ཅན་དགོས་པར་སེམས་མཁན་གྱི་གྲས་ཡིན་ལ། ༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེར་གསལ་བའི་མི་མང་གི་གནས་ཚད་སྨིན་པར་ངོས་འཛིན་གནང་བར་གོ་བ་མ་ལོན་པ་ནི་ད་དུང་ཡང་ནག་ཁུངས་རང་ཡིན།
ལོ་རྒྱུས་ཀྱི་ཤོག་ལྷེ་གལ་ཆེན་ཞིག་གམ་འགྱུར་མཚམས་གལ་ཆེན་ཞིག་ཅེས་མཁས་བླུན་ཚང་མ་བསྐྱོར་ལ་ངོ་མི་ཚ་བའི་དུས་ཚོད་འདིར། ༧གོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་ཡོད་ཚད་བཅའ་ཁྲིམས་ནས་སྡུད་གསོག་རྒྱག་ཚར་ལ་ཉེ་བ་རེད། ང་ཚོས་ཕྱིར་ལྟོས་ཤིག་བྱས་ན། ཕྱི་ནང་གསང་གསུམ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པའི་གནད་དོན་གལ་ཆེན་ཞིག དུས་ཡུན་ཟླ་གཅིག་དང་ཉིན་ཁ་ཤས་ཀྱི་རིང་ལ་བོད་ཀྱི་ཆེན་པོ་ཚོར་ཐག་གཅོད་བྱེད་པའི་རིག་སྟོབས་དང་བློ་གྲོས་ཤིག་རྒྱས་པ་ནི་ཡ་མཚན་པ་ཞིག་ཡིན་ལ། གཟན་ཤམ་ནས་ཕྱུ་བར་འགྱུར་བཞིན་པའི་བོད་ཀྱི་དབུ་ཁྲིད་པའི་སྡེའང་འདི་ལྟར་མྱུར་བ་མྱུར་དུ་འགྱུར་འགོ་ཚུགས་པ་ནི་གཅིག་བྱས་ན་རླབས་ཆེན་ཞིག་ཡིན་སྲིད་པ་རེད།
ད་ལྟ་ཕྱུ་བ་གྱོན་ནས་བཀའ་ཁྲིར་སླེབས་རྒྱུའི་འབུམ་རམས་པ་བློ་བཟང་སེང་གེ་ནི་འགྱུར་མཚམས་འདི་མཐུད་མཁན་ཡིན་ལ། བཅའ་ཁྲིམས་བསྐྱར་བཅོས་ཐད་ལ་ཚོགས་དུས་འཕར་མ་བསྣན་ནས་སུས་ཀྱང་མི་ཐེགས་པ་ཐམས་ཅད་ཟགས་ནས་ཡོད་པ་ཁུར་མཁན་ཀྱང་ཡིན། མི་རྣམས་ཀྱིས་བློ་བཟང་སེང་གེ་ན་ཕྲ་བས། གཅིག་བྱས་ན་དབང་ཆ་འདི་དག་ལ་དགའ་མོས་བྱེད་སྲིད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། མང་གཙོའི་འཕེལ་རིམ་ལ་ལོ་དུས་འཇོག་པའི་ངོས་ནས་མ་ལྟོས་ཚེ། འདི་ནི་ཕྱུ་བ་གྱོན་པའི་བཀའ་ཁྲི་དེའི་ཚོད་དཔག་ལས་བརྒལ་བའི་འགན་འཁྲི་ཞིག་ཡིན་སྲིད་པ་རེད།
ཁོང་ཁྲིམས་ལུགས་ཆེད་མཁས་པ་ཞིག་ཡིན་པས། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དུས་ཚོད་ནི་ཁོང་གི་འཛིན་སྐྱོང་གི་དུས་ཚོད་ལ་མ་བཞག་ནས་ཤ་བསྲེགས་བསྲེགས་བྱས་སོང་ཟེར་མཁན་དག་ནི། བསྐྱར་བཅོས་ཟིན་བྲིས་རྣམས་གཞིས་ལུས་བོད་མི་ཕར་ཞོག བཙན་བྱོལ་བོད་མིའི་ཁ་མིག་ཀྱང་ལྷོད་ལྷོད་ཅིག་འགྲིམས་མ་ཐུབ་ཟེར་མཁན་གྱི་གྲས་ཏེ། མདོར་དེད་ན་བསམ་ཞིབ་བྱེད་རྒྱུའི་དུས་ཚོད་མེད་པར་མདུན་དུ་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་འཕེན་གྱི་འདུག་ཟེར་བའི་སྡུག་སྐད་རྒྱག་མཁན་རྣམས་རེད། ངས་སྡུག་སྐད་རྒྱག་མཁན་རྣམས་ལ་ཞིབ་དུ་ལྟོས་པ་ཡིན་ལ། ད་དུང་དེའི་ཁྲོད་ཀྱི་སྐད་གསེང་མཐོན་པོ་ཅན་ཞིག་ནི་ཁྲིམས་ཞིབ་པ་ཟུར་བ་བྱ་དུར་བསོད་བཟང་ལགས་རེད།
༧གོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་དབང་ཆ་བཅའ་ཁྲིམས་ལས་སྡུད་གསོག་རྒྱབ་ན་མ་རྒྱབ་ན། ༧གོང་ས་མཆོག་གིས་དབང་ཆ་སྒེར་གཅོད་བྱེད་ཀྱི་ཡོད་རབ་ཟེར་མཁན་དེ་རྒྱ་ནག་གཞུང་ཁོ་ན་ཆགས་ཡོད། ཉམས་ཞིབ་པ་རེ་ཤོས་ཀྱིས་འདིའི་ཐད་ནས་རྒྱ་ནག་ལ་ལན་འདེབས་བྱེད་སྟངས་ནི་བཅའ་ཁྲིམས་ལ་བསྒྱུར་བཅོས་བྱས་པས་མི་ཡོང་ལ། རྒྱ་ནག་ལ་༧གོང་ས་མཆོག་དབང་ཆ་སྒེར་གཅོད་པ་མིན་ཚུལ་མནའ་བསྐྱལ་ཀྱང་ཕན་ཐོག་ཡོད་པ་མ་རེད་ཅེས་གསུངས་ཡོད། ལྟ་སྟངས་འདི་དང་རིགས་ལམ་འདིའི་ཁྲོད་ནས་མི་རྣམས་ཀྱིས་ཆེས་ཞེད་སྣང་བྱེད་ས་ཞིག་ནི། བཙན་བྱོལ་བོད་གཞུང་དགྲ་མ་ཐོན་གོང་ལ་བྲོས་མི་འགྲོ་འམ་བསམ་པ་དེ་ཡིན་ལ། ཕྱུ་བ་གྱོན་པ་བཀའ་ཁྲིར་སླེབས་དགོས་པའི་མདོ་རྩ་ཀྱང་འདི་ལ་ཐུག་འདུག་བསམ་ནས། བློ་བཟང་སེང་གེས་རང་གི་གཞུང་ལ་གཞུང་བཏགས་མི་ཆོག་པའི་དུས་ཚོད་ཅིག་འདེམས་རྒྱུ་རེ་བ་མི་བྱེད་པ་ནི་བོད་མི་ཚོའི་བློ་མིག་གིས་བྲེད་ཤ་ལངས་ནས་ལྟ་སྟངས་ཤིག་རེད།
བཅའ་ཁྲིམས་བསྐྱར་བཅོས་སམ། ༧ཏཱ་ལའི་བླ་མའི་ཆབ་སྲིད་འགན་དབང་འཕོ་འགྱུར་གྱི་ལོ་རྒྱུས་ལྡན་པའི་གནད་དོན་དག་ལ། ཁག་གཅིག་གིས་ཕྱུ་བ་གྱོན་པར་བཀའ་ཁྲི་ཐོབ་པས་འཛམ་གླིང་གི་དོ་སྣང་དང་བསྡུར་ན་ཞེ་དྲག་ཚ་ཚ་འུར་འུར་མེད་པའི་སྡོམ་རྒྱབ་ཡོད་ལ། རྒྱ་གར་གཞུང་སོགས་ཀྱིས་གང་མིན་ཚད་བྱེད་ངེས་ཀྱི་གྲ་སྒྲིག་དག་ནི་སྤྱིར་བཏང་གི་སེམས་ཁྲལ་ཞིག་ཡིན་པ་ལས་ཉེན་ཁ་ཞིག་མིན་པར་བསམས་ཡོད། དེ་ནི་ཁོང་ཚོས་རྒྱ་ནག་གིས་ཕྱུ་བ་གྱོན་པར་ཅི་ཙམ་ཞེད་སྣང་བྱེད་བཞིན་པ་དང་། ༧ཏཱ་ལའི་བླ་མའི་འཚེ་མེད་ཞི་བའི་སྐུལ་འདེད་དག་རང་བཞིན་གྱིས་ཉུང་དུ་འགྲོ་ངེས་པ་གཉིས་ཀ་བསྡུར་ནས་གསུང་གི་ཡོད།
ངས་ཚོགས་ཆེན་གྱི་སྐབས་སུ་བོད་མི་ཚོར་བློ་ཁོག་ཡོད་པའང་ཤེས་སོང་ལ། རུས་པ་དོར་བའི་གནས་སྟངས་ཤིག་ལས་ཤི་ལམ་མི་འདེམས་པ་མ་རེད་བསམ་པའི་ཚོར་བའང་བྱུང་། ང་ནི་ཚོགས་ཆེན་འདིའི་སྔ་གཞུག་ཀུན་ལ་རྒྱུས་ཡོད་ཡིན་ཀྱང་། ཆེས་སེམས་ཆུང་དང་བློ་ཁོག་མེད་པ་ནི་ང་ཚོའི་ཚོགས་ཆུང་ནས་ང་རང་ཡིན་པར་སེམས། དེ་དཔེ་མཚོན་གཅིག་གིས་བཤད་ཐུབ། སྣོན་འཇུག་དོན་ཚན་དང་པོའི་མགོར་༧གོང་ས་ཆེན་པོ་སྐུ་ཕྲེང་ན་རིམ་དགོད་རྒྱུ་ནི་ངའི་བསམ་ཚུལ་ཡིན་ལ། དེ་ལྟར་བྱས་ན་སྐུ་ཕྲེང་བཅུ་བཞི་པར་ངོ་བསྟོད་ཙམ་མ་རེད་བསམ་པ་དེའང་ངའི་བསམ་ཚུལ་ཡིན། འོན་ཀྱང་ཁོང་ཚོས་ད་ལྟའི་བཙན་འོག་གི་༧པཎ་ཆེན་རིན་པོ་ཆེ་དཔེར་བཀོད་ནས་སྐུ་ཕྲེང་བཅུ་བཞི་པ་ཞེས་པའི་ངེས་ཚིག་དེ་ཕྱིར་འཐེན་བྱས་མ་བྱུང་། དེས་ང་ལ་མི་མང་གི་བློ་སྟོབས་དང་གྲ་སྒྲིག་མཐོང་དུ་བཅུགས་སོང་།
སྤྱི་ཡོངས་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་མེད་ཀྱང་། ༧གོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་རྣམས་མང་གཙོའི་ཀ་བ་གསུམ་ལ་ལྗིད་མཉམ་སྟངས་འཛིན་ཏག་ཏག་ཅིག་འགྲོ་ཐུབ་པ་ཡིན་ན། ཕྱུ་པ་གྱོན་པའི་བཀའ་ཁྲི་འདིའི་ལས་རྒྱུན་རིང་ལ་ང་ཚོས་གྲུབ་འབྲས་གང་འདྲ་ཞིག་ལ་རེ་བ་དང་མིག་གིས་ལྟ་དགོས་པ་རེད་དམ། ༧གོང་ས་མཆོག་གི་ངོས་ནས་བཤད་ན། རང་གི་བུ་ལ་རང་མགོ་ཐོན་སྟངས་སློབ་རྒྱུ་དེ་རེད་མོད། རང་མགོ་ཐོན་སྟངས་ཐད་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གྲ་འགྲིག་པོ་ཞིག་བྱུང་ན་འགྲིག་མིན་མི་རྣམས་ཀྱིས་ད་དུང་རྩོད་པ་བྱེད་བཞིན་ཡོད། རྩོད་པ་དེའི་ཁྲོད་ནས་ཐོན་པའི་ཐ་སྙད་གསར་བ་གཉིས་ནི་”འགོ་འདོགས་བཅའ་ཁྲིམས་”དང་”དབུ་མའི་བཅའ་ཁྲིམས་”གཉིས་རེད་ལ། མཁྱེན་རྒྱ་ཡངས་པའི་ངའི་གྲོགས་པོ་ཁག་ཅིག་གིས་གཞུང་དེ་སྒྲིག་འཛུགས་སུ་བསྒྱུར་བ་ཡིན་ན། “ཉི་མ་དེ་རིང་ནས་ལྟོ་རྒྱབ་ཁོ་ནར་འཐམས་རྒྱུ་ལས་ལས་ཀ་གང་ཡང་མེད་པའི”་དམ་བཅའ་བྱེད་ཀྱི་འདུག
གོང་གི་ཐ་སྙད་འདི་གཉིས་ལ་རྒྱབ་ལྗོངས་ཡོད་མེད་ལ་མ་ལྟོས་པར་མི་རྣམས་དཀྲོག་འགྲོ་བ་ཞིག་ཡིན་སྟབས། ཕྱུ་པ་གྱོན་པའི་བཀའ་ཁྲིའི་ལས་དོན་ནང་སྲིད་བྱུས་ལ་བརྟེན་པའི་སྐད་ཆ་འདི་དག་ཅི་ལྟར་གཏན་འགོག་བྱེད་རྩིས་ཡོད་ན། ཡང་ན་རང་དང་མི་མཐུན་པའི་སྲིད་བྱུས་ཀྱི་ནུས་པ་ཅི་ལྟར་ཆིག་སྒྲིལ་བྱེད་རྒྱུ་ཡིན་ནམ། འདི་ནི་བློ་སེང་གི་ཆབ་སྲིད་མཛད་འགན་ནང་གི་གསར་གཏོད་དང་ཆིག་སྒྲིལ་གཉིས་ཀར་འབྲེལ་བ་ཆེ་བ་ཞིག་ཡིན་སྟབས། བཅའ་ཁྲིམས་ཀྱིས་གསར་གཏོད་བྱས་པའི་སྐུ་དབང་ཁྱེར་ནས་བློ་སེང་གིས་གྲྭ་ཆས་ནས་ཕྱུ་པར་འཕོ་བའི་བོད་ཀྱི་ལོ་རྒྱུས་དང་། བཀའ་ཁྲིའི་སྲིད་སྟེགས་ལ་ཅི་ལྟར་དབང་བསྒྱུར་རྒྱུ་རེད་དམ།
༢༠༡༡། ༥། ༢༨། ཉིན།

རྩོམ་རིག

Post navigation

Previous Post: བོད་རང་གི་འཆི་གསོན་འདི་ཤེས་དགོས།
Next Post: ལད་ཟློས་རང་བཞིན་གྱི་འགུལ་སྟངས།

Comments (30) on “གྲྭ་ཆས་དང་ཕྱུ་པ།”

  1. སྐྱབས་བཅོལ་བ། says:
    2011-05-29 at 5:46 am

    དེང་སང་གི་རྩོམ་གཤིས་གསར་བ་འདི་ལ་གོ་རྒྱུ་ཅང་མི་འདུག

  2. དིང་རྡོར་ says:
    2011-05-29 at 6:20 am

    འགོ་ནས་མཇུག་བར་ཀློག་པ་ཡིན། དོན་དག་ཅི་ཡང་རག་མ་བྱུང་། བློ་ཚབ་ཆེ་ཤོས་ལ་ཚོགས་ཆེན་ཐོག་ཕེབས་པའི་སྐུ་མགྲོན་ཚང་མ་ཁྱེད་རང་འདྲ་བ་ཀྱང་ཀྱང་ཡིན་ན། བློ་ཕམ་རང་རེད། སྒོར་མོ་འཕྲོ་བརླག དུས་ཚོད་འཕྲོ་བརླག་

  3. འདྲེ་མགོ་རྡོ། says:
    2011-05-29 at 7:05 am

    རྒྱ་ནག་དང་རྒྱ་གར། འཚེ་བ་མེད་པ་དང་འཚེ་བ་ཅན། ཕྱུ་པ་དང་གྲྭ་ཆས། མགོ་རྨོངས་དང་མ་རྨོངས་པའི་བར་ནས། བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་པ་ནི་དངོས་གནས་ཞེད་སྣང་ཆེ་ཤོས་དང་། མ་འོངས་པའི་འགྱོད་གདུང་ལྟ་བུར་འགྱུར་སྲིད་པ་རེད་དམ།

  4. འདྲེ་མགོ་རྡོ། says:
    2011-05-29 at 7:12 am

    ད་མཁས་དབང་བློ་སེང་གེར་གང་ཡང་ལྷག་མེད་ཚོད་ལ། ཅི་ཡང་བྱེད་རྒྱུ་མེད་པ་འདྲ་ཞིག་ཡིན་རུང་། མི་མང་གིས་བློ་སེང་ལ་རེ་བ་རྒྱག་པ་ནི་མཁས་དབང་ཁོང་གིས་གཞི་ཐིག་ལྟ་བུ་ཞིག་ཏུ་མ་རྩིས་ཚེ། བོད་དུ་ལོག་ཕྱིན་ན་དགའ་བའི་བསམ་ཚུལ་ཤུགས་ཆེར་འགྲོ་རྒྱུ་རེད།

    ངས་ལྟོས་ན། བཀའ་ཁྲི་གསར་པའི་ལས་རྒྱུན་རིང་དོན་དམ་པར་བཙན་བྱོལ་བོད་གཞུང་ས་གནས་སྲིད་གཞུང་ཡིན་མིན་གྱི་ར་སྤྲོད་བྱེད་ཐུབ་ནའང་དགའ་ས་རེད་བསམ་བྱུང་།

  5. yum says:
    2011-05-29 at 8:08 am

    བློ་སེང་ལས་མེད་་ཚོགས་པ་ལ་ཕེབས།

  6. བསོད་ནམས་ says:
    2011-05-29 at 8:40 am

    ད་ཡིན་བོད་དང་བོད་དོན་དེ་ཆུང་རུ་ཆུང་རུ་འགྲོ་གིས

  7. དགྲ་བཅོམ་པ། says:
    2011-05-29 at 10:51 am

    ཨ་རོ་ཤར་ཁུག

    ལས་སླ་བོར་མི་རྟོགས་པའི་ཟུར་ཟ་བྱེད་སྟངས་འདི་རིགས་ཀྱིས་ཁ་ཕོར་ཁ་ནས་ཟགས་ཀི་འཇུག་ན་ཐང་གོ སེམས་ཆུང་བྱོས་མ་གཏོགས། གླེན་པ་ལུག་འདྲ་བ་རྐྱང་རྐྱང་ལ་ཁྱེད་ཀྱིས་གོ་རྒྱུ་ཅི་ཞིག་བཏང་ཡང་ཆབ་སྲིད་པ་ཚོའི་དར་ཐག་འདི་དག་ལ་བཤིག་པ་ལ། མ་མཐར་སྔོན་འགྲོ་གང་འཚམས་དགོས་ས་རེད་དོ།

  8. བོན་ནག་ཚང་། says:
    2011-05-29 at 11:22 am

    ཨ་རོ་ཅི་ཞིག་ལབ་རྩིས་ཡོད། གོ་རྒྱུ་མི་འདུག

  9. འབྲོང་བུ་སོག་ཚ། says:
    2011-05-29 at 11:57 am

    ཁུག་རྟ་ལགས་ཁྱེད་རང་གི་བསམ་ཚུལ་ངོ་མ་གང་ཡིན་ཞིབ་ཕྲ་གསུང་རོགས། ད་ལྟ་མུན་ནག་ནང་གི་སྐད་ཆ་འདིས་ནི་གོ་རྒྱུ་གང་ཡང་མི་གདའ།

  10. བསྟན་འཛིན་འཕགས་པ་ says:
    2011-05-29 at 12:41 pm

    དབུས་གཙང་མི་མང་ལ་འབོད་སྐུལ
    གངས་ལྗོངས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུ་དབུས་གཙང་མི་མང་ནས་དབུས་གཙང་ཆོལ་ཁའི་གྲོས་ཆོད་བཞིན་དུ་དབུས་གཙང་ཆོལ་ཁ་ལ་ཤ་ཞེན་དང་ཞེན་ཁོག་ལྡན་པའི་སྤྱི་འཐུས་གྲངས་ཚད་བཅུ་འདེབས་དགོས་ཡོད་ན་ཡང་ད་དུང་གཉིས་རྙེད་མི་འདུག་།སོང་ཙང་དེ་གཉིས་རྙེད་པ་ལ་བོད་གཞུང་ནས་འགྲོ་སོང་འཕར་མ་སྒོར་འབུམ་༡༨་བཏང་དགོས་ཡོད་འདུག་།

    གུས་པས་དབུས་གཙང་མི་མང་ལ་འབོད་སྐུལ་ཞུ་ཡ་ཞིག་ནི་
    འོས་མི་གཉིས་པོ་དེ་དབུས་གཙང་མི་མང་ནས་དབུས་གཙང་ཆོལ་ཁའི་གྲོས་ཆོད་བཞིན་དུ་དབུས་གཙང་ཆོལ་ཁ་ལ་ཤ་ཞེན་དང་ཞེན་ཁོག་དགོས་ཟེར་བ་དེ་དོར་ནས་།བོད་བསྟན་པ་ཆབ་སྲིད་དང་ཆོལ་གསུམ་སྤུན་ཟླ་ཡོངས་ལ་ཤ་ཞེན་དང་ཞེན་ཁོག་ཡོད་པའི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཅན་ཞིག་འདེབས་གལ་ཆེ་བ་མཐོང་།

  11. འདན་མ། says:
    2011-05-29 at 1:04 pm

    གོ་རྒྱུ་མེད་པའི་ཡིག་ཚོགས་འདི་ག་རེ་རེད། བློ་བཟང་སེང་གེ་སྔོན་མ་གྲྭ་ཆས་གྱོན་པ་རེད་ཟེར་གྱི་ཡོད་རེད་པས། བློ་བཟང་སེང་གེ་གྲྭ་ལོག་མ་རེད་ལོ།།

  12. དགྲ་སྟ། says:
    2011-05-29 at 1:07 pm

    ཨ་རོགས། ཚོགས་ཆེན་སྐབས་སུ་ཚོགས་བཅར་བ་མི་སྐྱ་ཚང་མས་ཕྱུ་པ་གོན་འདུགས་མ་གཏོགས། ཕྱུ་པ་གོན་མཁན་བློ་བཟང་སེང་གེ་གཅིག་པུ་རེད་མི་འདུག ཡང་སྙིང་ཁྱོད་ཀྱིས་ག་རེ་བཤད་རྩིས་ཡོད།

  13. འདྲེ་མགོ་རྡོ། says:
    2011-05-29 at 1:38 pm

    དྲ་གྲོགས་ཚོ།

    ངའི་ཀླད་པ་འདི་ཅིག་འགྲིག་མེད་ནི་ཡིན་ན། ངས་ཅིག་གོ་ཡི་འདུག་ལ། ཚོར་བ་རེ་སྤྲོད་ཀྱི་འདུག
    སྐད་ཆ་འདིའི་རིགས་ལ་གོ་བ་ལེན་དུས་ཆབ་སྲིད་ལ་གང་ཙམ་གོ་བ་དགོས་ས་རེད་གདའ།

  14. མདོ་ཁམས་པ། says:
    2011-05-29 at 1:40 pm

    རྒྱལ་བ་རིན་པོ་ཆེ་ལ་རྒྱལ་པོའི་ཆོ་ལོ་དང་། མངའ་བདག་གི་ཆོ་ལོ་སོགས་ལ་བརྟེན་ནས་སྐུ་མདུན་ཁོང་བྲན་གཡོག་དང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོ་ཡིན་པའི་རྣམ་པ་ཤུགས་ཆེན་པོ་བསྟན་མཁན་གྱི་ཚོགས་ཆེན་སྒང་གི་དུད་འགྲོ་ཕག་པ་ཚོས་བོད་དང་རྒྱལ་བ་རིན་པོ་ཆེ་ལ་ངོ་ཚ་ཆེན་པོ་བཟོས་སོང་།

  15. འདྲེ་མགོ་རྡོ། says:
    2011-05-29 at 1:51 pm

    དྲ་གྲོགས་ཚོ།

    ཤར་ཁུག་གིས་བསམ་གཟས་ནས་ཀྱག་ཀྱག་དང་ཁོ་རང་གནད་འགག་བཟོ་བསམ་ནས་འདི་འདྲ་བྲིས་ཡོད་པ་རེད། སོ་སོས་རང་མདོག་མ་སྟོན་མ་གཏོགས། དེ་ནས་ང་ཚོ་འགྱེལ་ཡོང།

  16. ཟླ་ཟེར། says:
    2011-05-29 at 4:56 pm

    ཡིག་ཚོགས་འདི་ནས་ཟ་རྒྱུ་ཞིག་མེད་ཁོ་ཐག་ཡིན་པ་འདྲ།

  17. བོད་ཕྲུག says:
    2011-05-29 at 5:04 pm

    ཤར་ཁུག་ཁྱོད་ཀྱིས་གཞུང་གི་ལན་འདེབས་ཚོགས་པའི་སྨྱུག་མིང་འདི། ནང་ཁུལ་གྱི་ཟ་ཟིང་འབྲི་དུས་སྤྱོད་མི་རུང་། དེ་ནི་ཛོར་རྟགས་བསྟན་པ་རང་རེད།

  18. སྐྱུ་རྩི་ནས། says:
    2011-05-30 at 2:59 am

    བསྟན་འཛིན་འཕགས་པའི་མིང་ཅན་དེས་དབུས་གཙང་མི་མང་ལ་ག་རེ་བྱས་ནས་སྡང་པོ་བྱ་ཡི་ཡོད་དམ། ཁྱེད་རང་ཆོལ་ག་གང་ནས་ཡིན་ན་ཡང་ང་ཚོ་བོད་པ་ཡིན་པ་གཅིག་པ་རེད། ངས་ཉེ་ཆར་བོད་ནས་མཐོ་སློབ་ཏུ་ཕེབས་པའི་བོད་མི་ཞིག་དང་། བསམ་ཚུལ་བརྗེ་རེས་བྱས་པར་ཁོང་ནས་གསུངས་གསལ་ཆོལ་ག་གསུམ་གྱི་ཕྱོགས་ཞེན་དེ་ང་ཕྱི་ཕྱོགས་སུ་སླེབས་ནས་གོ་ཐོས་བྱུང་བ་ལས་བོད་ནང་དུ་ང་ཚོ་བོད་མི་ཡིན་ལབ་པ་ལས་ཁོ་ཆོལ་ཁ་འདིའི་རེད་མོ་ཆོལ་ཁ་འདིའི་རེད་ལབ་པ་གོ་མྱོང་མེད་གསུངས་བྱུང་བར་ངའི་སེམས་ནང་བཙན་བྱོལ་ནང་རང་དབང་ཆེ་དྲག་ནས་མི་ངན་ཁ་རྒྱས་ནས་ཆོལ་ཁའི་ཐེན་ཁྱེར་གྱི་ཐོག་ནས་བོད་མིའི་མཐུན་བསྒྲིལ་ལ་གནོད་པའི་མི་ངན་མང་དྲག་པ་རེད་བསམ་བྱུང་།

  19. ཨོ་རིག says:
    2011-05-30 at 3:19 am

    ཤར་ཕྱོགས་ཀྱི་ཁུག་རྟའི་འཕུར་རྩལ་དེ་རྨོངས་དད་དམ་ངོ་བསྟོད་ཀྱི་དུད་ཀློང་ཁྲོད་དུ་ངོམས་འདུག
    གཅིག་བྱས་ན་ལོ་ངོ་སྟོང་ཕྲག་གི་རིང་ལ་གྲྭ་ཆས་གྱོན་མཁན་དག་གིས་དབང་བསྒྱུར་སྟབས།
    ཁྱེད་ཀྱིས་གསུངས་པ་ལྟར་ད་ལན་ཧོབ་ཏེ་མང་གཙོ་ཡང་དག་པའི་ལམ་དུ་སྐྱོད་པར་ཁྱེད་ཉིད་ལ་
    མ་གོམས་པའི་ཞེད་སྣང་ཞིག་སླེབས་ཡོད་བཟོ་མཆིས།
    དེ་གལ་ཡོད་མ་རེད་ལོ།
    འཛམ་གླིང་རྒྱལ་ཁབ་གཞན་པའི་དབུ་ཁྲིད་ཚོས་གྲྭ་ཆས་གྱོན་ཡོད་མེད་གཟིགས་དང་།
    སྙིང་གཡུག་རྒྱུ་ཏོག་ཙམ་འཇག་འགྲོ་གི་རེད།

  20. ཤར་ཕྱོགས་ཁུག་རྟ། says:
    2011-05-30 at 4:17 am

    ཁ་སང་གཟའ་ཉི་མར་དྲ་ངོས་འདིར་ཡོང་ཁོམ་མ་བྱུང་ཐལ།

    དེ་རིང་ལྟོས་དུས་དྲ་འབུ་ཚོས་མ་གོ་མ་རྟོགས་པའི་ཨག་སྐད་དར་དིར་སྒྲོག་བཞིན་མོད། བཟང་སྤྱོད་དང་ལྡན་པའི་སྒོ་ནས་ཚིག་འགའ་ཞུ་བར་སྤྲོ་ལ།

    ངའི་༼ གྲྭ་ཆས་དང་ཕྱུ་པ་༽ཟེར་བ་འདི་འང་རང་རེའི་སྐད་ཆའི་རྗེས་འབྲངས་ཀྱི་ཇི་བཞིན་བརྗོད་པའི་ལུགས་སུ་མ་བྱས་པས། མ་གོམས་པ་རྣམས་དང་མ་རྟོགས་པ་རྣམས་ལ་ཐ་དད་ཞིག་ཏུ་ཚོར་རྒྱུ་ནི་དང་པོ་ནས་ཚོད་དཔག་ཐེབས་སོང་། ཐེབས་པ་ཅི་བཞིན་གྲོགས་ལ་ཞུས་པ་རྣམས་ད་ལྟ་ལུང་བསྟན་རང་ཆགས་འདུག ཡིན་ནའང་སྐྱོན་མི་འདུག

    ངའི་གྲྭ་ཆས་དང་ཕྱུ་པ་འདི་སྡེར་མའི་ནང་དུ་བཞག་པའི་ཉ་ཤ་ཞིག་ཡིན་ཡང་། ཁྱེད་ཚོའི་གོ་རིམ་མེད་པའི་ཟ་སྟངས་དེ་སྤྱད་ནས་ཉ་འདི་རོལ་མི་ཐུབ། གལ་སྲིད་དེ་ལྟར་རོལ་པ་ཡིན་ན་ཉ་འདིའི་བྲོ་བ་ཅི་གང་མྱང་ཐུབ་ཀི་མ་རེད། ངའི་ཉ་འདིའི་མགོ་དམར་པོ་དང་གཤོག་པ་དཀར་པོ་ཡིན་པས། དེ་གཉིས་རང་སོར་འཇོག་དགོས། དེའི་ཁར་ཉ་ཁ་ལོ་བསྐོར་ནས་ཟ་མི་ཆོག དེ་ལྟར་མགོ་དང་གཤོག་པ་གཉིས་མ་གཏོགས་ཉ་དང་པོ་བཞག་དུས་ཅི་བཞིན་དཀར་སེང་སེ་ཟ་ཐུབ་པའི་ཤེས་རབ་ཡོད་ན། ད་གཟོད་མགོ་དང་གཤོག་པ་གཉིས་ལས་གཞན་ཉ་གཟུགས་ཧྲིལ་བོ་རུས་པ་ཡིན་པ་མཐོང་དུས་ཁྱེད་ལ་གོ་བརྡ་ཞིག་སྤྲོད་ངེས་ཡིན།

    ཡིན་ནའང་། དྲ་འབུ་རྣམས་ཀྱི་གོ་རིམ་མེད་པའི་ཟས་ལ་རོལ་སྟངས་ཀྱི་བསམ་བློ་དེས་དྲངས་པའི་ཁ་ལག་འགུལ་སྟངས་ཀྱིས་ཁ་སྒོ་བཞག་པ་དེ་མིད་པར་འདྲེན་ཤེས་པ་ཙམ་རེད།

    ལར་ནས་གྲྭ་ཆས་དང་ཕྱུ་པར་དབྱེ་ཞིབ་ཀྱིས་གསེད་བཀྲོལ་བྱེད་ཐུབ་ན་ངས་ཁྱེད་ཚོར་ཤེས་རབ་ཀྱི་བློ་མིག་གིཆར་བ་འབབ་ངེས་ཡིན།

  21. ཤར་ཕྱོགས་ཁུག་རྟ། says:
    2011-05-30 at 4:29 am

    བོད་ཕྲུག་དང་ཨོ་རིག་གཉིས་ལགས།

    བོད་ཕྲུག་གིས་གསལ་འདེབས་བྱས་པ་རྟོགས་བྱུང་། ཡིན་ནའང་ད་བར་དེ་འདྲ་བྱུང་མེད། བྱུང་ན་འགྲིག་གི་མ་རེད། འདི་ལ་ཁྲིམས་སྒྲིག་གིས་སྟངས་འཛིན་ཡོད་པས་ཁྱེད་ནས་ཐུགས་ཁྲལ་ན་མ་གནང་ན་འགྲིག་གི་རེད། འོན་ཏེ་ཁུངས་མེད་རུ་དཔུང་གིས་རང་ཉིད་ཆེན་པོ་བཟོ་ཕྱིར་བོད་གཞུང་གི་ཅིག་ཅིག་ཅིག་གིས་ཟེར་ཀྱི་ཡོད་པ་འདྲ། དེས་མི་སྐྱོན་ཀི། གང་ཡིན་ཞེ་ན། བདེན་པ་མ་རེད། དེ་ཙམ་ཡིན།

    ཨོ་རིག་གིས་ངེད་ལ་ཅི་ལྟར་སྨྲས་ཀྱང་།
    གྲྭ་ཆས་ནས་ཕྱུ་པར་འགྱུར་བ་ཐེབས་སྐབས་ཀྱི་བོད་མི་མང་གི་བསམ་བློའི་ན་བབ། རྒྱ་ནག་གི་ཞལ་རས། རྒྱ་གར་ལ་སྐྲག་པའི་གྲ་སྒྲིག་བཅས་ཀྱིས་ངེད་ལ་སེམས་ཁྲལ་སྔ་ན་མ་བྱུང་བ་ཞིག་བྱུང་སོང་ལ། ལྷག་དོན་༼ བཙན་བྱོལ་སྒྲིག་འཛུགས་༽ཟེར་བའི་ནང་དུའང་བསམ་བློའི་འགལ་བ་གང་འབྱུང་བློས་མི་དཔོག་གོ

  22. འདྲེ་མགོ་རྡོ། says:
    2011-05-30 at 6:59 am

    ཁུག་རྟ་ལགས།

    ཁྱེད་རང་ངར་མ་ལངས། ཁྱེད་རང་ནང་བཞིན་ཅིག་རྡ་སའི་དར་ཐག་ལ་ང་ཚོ་རྒྱུས་མེད་པ་བདེན་དུ་ཆུགས་ཀྱང་། ཉིད་ལ་བློ་ཁོག་ཡོད་ན་འདི་ལས་གསལ་ཙམ་ཞིག་སྨྲས་ན་བདེན་པ་བདེན་པས་ཁྱེར་འགྲོ་ཙང་། མི་རྣམས་ནག་འཐོམ་མེར་བཏང་དོན་མི་འདུག་བསམ་སོང་། གང་ལྟར་ཁྱེད་རང་སྒྲིག་འཛུགས་པ་ཞིག་དང་དེ་ལས་འཛེགས་འདོད་ཡོད་ན་ཐམས་ཅད་སྨྲ་བ་དང་ཤེས་པ་མ་བྱས་ན་ཡག་གི་རེད། དེ་ངའི་ཉམས་མྱོང་ཙམ་ཡིན།

    སྤྱིར་བཏང་༼ གྲྭ་ཆས་དང་ཕྱུ་པར༽ ཁྱེད་ལ་དོགས་པ་མང་པོ་ཞིག་བྱུང་འདུག དེ་ནི་གཅིག་བྱས་ན་རི་བོང་གནམ་རྡིབ་ཡིན་སྲིད་པ་རེད། གང་ཡིན་ཞེ་ན། ཁ་བརྒྱ་མིག་སྟོང་གིས་མ་ཚོར་བ་ཞིག་ཁྱེད་ཀྱིས་བཤད་ཁུལ་ལ་ལྟོས་ན། གཅིག་བྱས་ན་ཨམ་རྟགས་སྟོན་གྱི་མེད་འགྲོ

  23. འདྲེ་མགོ་རྡོ། says:
    2011-05-30 at 7:00 am

    ཁུག་རྟ་ལགས།

    ཁྱེད་རང་ངར་མ་ལངས། ཁྱེད་རང་ནང་བཞིན་ཅིག་རྡ་སའི་དར་ཐག་ལ་ང་ཚོ་རྒྱུས་མེད་པ་བདེན་དུ་ཆུགས་ཀྱང་། ཉིད་ལ་བློ་ཁོག་ཡོད་ན་འདི་ལས་གསལ་ཙམ་ཞིག་སྨྲས་ན་བདེན་པ་བདེན་པས་ཁྱེར་འགྲོ་ཙང་། མི་རྣམས་ནག་འཐོམ་མེར་བཏང་དོན་མི་འདུག་བསམ་སོང་། གང་ལྟར་ཁྱེད་རང་སྒྲིག་འཛུགས་པ་ཞིག་དང་དེ་ལས་འཛེགས་འདོད་ཡོད་ན་ཐམས་ཅད་སྨྲ་བ་དང་ཤེས་པ་མ་བྱས་ན་ཡག་གི་རེད། དེ་ངའི་ཉམས་མྱོང་ཙམ་ཡིན།

    སྤྱིར་བཏང་༼ གྲྭ་ཆས་དང་ཕྱུ་པར༽ ཁྱེད་ལ་དོགས་པ་མང་པོ་ཞིག་བྱུང་འདུག དེ་ནི་གཅིག་བྱས་ན་རི་བོང་གནམ་རྡིབ་ཡིན་སྲིད་པ་རེད། གང་ཡིན་ཞེ་ན། ཁ་བརྒྱ་མིག་སྟོང་གིས་མ་ཚོར་བ་ཞིག་ཁྱེད་ཀྱིས་བཤད་ཁུལ་ལ་ལྟོས་ན། གཅིག་བྱས་ན་ཨམ་རྟགས་སྟོན་གྱི་མེད་འགྲོ

  24. བོད་ཕྲུག says:
    2011-05-30 at 9:14 am

    ཤར་ཁུག་ལགས། ངའི་སྐད་ཆ་ཁྱོད་ཀྱིས་བརྡ་འཕྲོད་ཡོད་ས་མི་འགི ངས་ཟེར་ན། ཁྱོད་བོད་གཞུང་གི་
    ལན་འདེབས་ཚོགས་མི་ཡིན་དུས། ཁྱོས་ཤར་ཁུག་གི་མིང་ཐོག་ནས་རྒྱ་ནག་ལ་དགག་རྩོམ་ཁ་ཤས་
    འབྲི་ཁུལ་བྱས་མ་སོང་ངམ། དེས་ན། དེས་ན་མིང་འདི་ཅུང་ཟད་ལྗིད་ཁོག་ཅན་ཡིན་མདོག་བྱས་ནས་
    སྡོད་དགོས་ལ། མིང་འདི་ག་རང་གི་ཐོག་ནས་ནང་ཁུལ་གྱི་གནད་དོན་གླེང་སྐབས་སྤྱོད་མི་རུངང། དཔེར་ན། རྒྱ་ནག་གི་ཡེ་རྡོར་དང་བཀྲ་ཤིས་སོགས་ཀྱིས་མིང་འདི་ཚོ་བོད་གཞུང་རང་ལ་དགག་པ་
    རྒྱག་བྱེད་སྤྱོད་ཀྱི་ཡོད་པ་ལས། ཁོ་པ་ཚོའི་རྒྱལ་ནང་གི་གནས་ཚུལ་ཆུང་ཙག་རིགས་མིང་འདི་ཐོག་ནས་
    འབྲི་གི་མ་རེད། དེ་བཞིན་ཁྱོས་ཀྱང་འགན་འཁྲི་འཁུར་དགོས་ལ། བོད་གཞུང་ལ་བརྩི་བཀུར་ཀྱང་བྱ་དགོས་སྙམ།

  25. ཤར་ཕྱོགས་ཁུག་རྟ། says:
    2011-05-30 at 10:31 am

    བོད་ཕྲུག་ཁྱེད་ཉིད་ཕྲག་དོག་གི་མེ་ལྕེ་འབར་ནས་སྡོད་མཁན་ཞིག་མིན་ཁར། སྐད་ཆ་དྲང་མོ་བཤད་མཁན་ཞིག་ཡིནས་་རེད། དེ་རིང་ནས་ངས་དེ་ལྟར་བྱེད་ངེས་ཡིན།

  26. བོད་ཕྲུག says:
    2011-05-30 at 11:03 am

    བདེན་གཏམ་བདེན་གཏམ་དུ་མཐོང་བ་དགའ་བསུ་ཡོད།

  27. ཤར་ཕྱོགས་ཁུག་རྟ། says:
    2011-05-30 at 11:24 am

    སྤྱིར་བཏང་རྒྱ་ནག་གིས་གང་བྱེད་ང་ཚོས་བྱེད་དགོས་དོན་ཡོད་པ་མ་རེད། ངའི་པིར་མིང་འདི་ས་སྐལ་བ་ཆགས་དུས་ནས་ཡོད་པ་ཞིག་རེད་མ་གཏོགས། གཞུང་གིས་རྒྱ་ལ་ལྟོས་ནས་བཟོས་པ་ཞིག་མ་རེད་ཡ། ཨ་རོ་ཐག་ཉེ་ན་ཡོད་པའི་བོད་ཕྲུག་ལགས།

    ཁྱེད་ཀྱིས་ནང་ཁུལ་ལས་ཕྱི་ལ་སྤྱད་ན་ཡག་རབ་གསུངས་སོང་། འོན་ཀྱང་ནང་གྲ་མ་འགྲིག་ན་ཕྱི་དོན་མི་འགྲུབ་ཟེར་བའི་གཏམ་དཔེ་ཡོད་པ་ཅི་བཞིན། རྒྱ་ནག་ནང་རུལ་ནས་རྒྱལ་སྲུང་ལས་ནང་གི་རྙོག་གླེང་ལ་འགྲོ་གྲོན་ཆེ་ལ་ཁ་མ་འདུམ་པས་རྒྱ་ནག་བརྟན་བརླང་ལ་སེམས་ཁྲལ་བྱེད་མཁན་ཧུའུ་ཡི་རུ་ཚོགས་རེད་ཟེར་མཁན་ཡོད་པ་རེད། འོ་ན་ཁྱོས་འདིའི་དཔེ་རང་ལ་བླངས་པ་ཡ་མཚན་རེད་པ།

    འོ། ད་ལྟ་ཚོགས་གཙོ་བདམས་སོང་། སྐུ་ངོ་སྤེན་པ་ཚེ་རིང་མཆོག་རང་འཇགས་རེད། དེ་དགོངས་པར་འཇགས་རོགས། དེས་ན་བློ་སེང་དང་སྤེན་པ་གཉིས་ཀ་ཅིག་ལྟ་ར་ཤེས་རྒྱུ་ཞིག་ཡོད་པ་རེད།

  28. བོད་ཕྲུག says:
    2011-05-30 at 12:44 pm

    ཤར་ཁུག་ལགས། ང་ཚོ་བོད་མའི་ཁ་དཔེར། དྲང་པོ་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་
    དགའ་ཟེར་བ་བཞིན། ཁྱོས་སྐད་ཆ་འདི་བདག་པོ་རྒྱག་འདོད་མེད་ན། ངས་ཨུ་ཚུགས་ཅི་ལ་རྒྱག
    དེ་བས་ཁྱོད་རང་གང་དགའ་གྱིས། དེ་མིན་རྒྱ་ནག་གི་ཕྱིའི་འགྲོ་གྲོན་ལས་ནང་གི་འགྲོ་སོང་ཆེ་རབས་
    ཟེར་གི་ཡོད་ན། དེ་ཧ་ལས་རྒྱུ་ཅི་ཡང་ཡོད་པ་མ་རེད། འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་དག་ལས་
    ཨ་རི་ཕུད་དེ་མིན་གྱི་རྒྱལ་ཁབ་མཆིས་སོ་ཅོག་གི་འགྲོ་སོང་ཐད་ཕྱི་དགྲ་ལས་ནང་དགྲ་ལས་འགྲོ་གྲོན་ཆེ་བ་
    གཅིག་མཚུངས་ཡིན་པས་སོ།

  29. རྒྱ་རྙི་ནས། says:
    2011-05-30 at 4:21 pm

    འདས་མ་ད་གསུམ་གྱི་རང་རེ་བོད་ཀྱི་ལོ་རྒྱས་དངོས་དང་། ད་ལྟའི་དངོས་ཡོད་ཀྱི་ལོ་རྒྱས་གནད་འགོག་མ་མཐོང་བའི་ཤེས་བ་རྣལ་དུ་མ་སྨིན་པའི་ཅོལ་ཆུང་འགས། རང་རེ་སྤྱི་ཚོགས་འདིར་སིང་ཆ་རེ་བསློངས་འོས་ཐུབ་ལྟ་བཞིན་འདུག་པས་ཤེས་ལྡན་དག་གིས་གཟབ་པར་འཚལ། ཁ་ཅིག་གིས། སྤྱི་ཚོགས་འདིའི་ཁ་གཏད་དུ་ལངས་ནས་སྐད་ཆ་རེ་བཤད་ན་རང་ཉིད་སྐད་གྲགས་ཆགས་པར་རློམ་པ་ལས་སྤྱི་དོན་ལ་སེམས་ཁུར་མེད་པ་དེ་དག་གི་ཀུན་སྤྱོད་ལས་གསལ་བས་སོ།།

  30. ལུང་རྟོགས། says:
    2011-06-02 at 2:20 pm

    རྩོམ་ཡིག་འདིའི་གོ་དོན་གང་ཡང་རྟོགས་མ་སོང་། རྩོམ་འབྲི་མཁན་རྣམས་ནས་རྩོམ་ཡིག་ཁ་གསལ་ཙམ་འབྲི་རྒྱུའི་རེ་བ་ཞུ། དེ་མིན་འདི་འདྲའི་རིགས་ནི་ཀློག་མཁན་གྱི་དུས་ཚོད་འཕྲོ་རླགས་གཏོང་བྱེད་ལས་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme