Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ན་མ་ནའི་གཞུང་ལུགས།

Posted on 2011-05-28 By དབང་ཕྱུག་ 10 Comments on ཨ་ན་མ་ནའི་གཞུང་ལུགས།

ཤར་ཕྱོགས་ཁུག་རྟ།

༼ ལུང་རིགས་ཀྱིས་ཨ་ན་མ་ནར་དོགས་སློང་ཙམ་བྱས་འདུག་པར། ཁོ་བོས་དེའི་གཞུང་ལུགས་ཀྱིས་ཁྲིད་སྟོན་བསྡུས་པ་ཞིག་བྱས་ཡོད། ༽

ཨ་ན་མ་ན་ཞེས་པའི་ཚིག་འདི་ནི་བོད་མི་ཚོའི་ཁ་ཁོག་ཀུན་དུ་ཤར་སེ་འབབ་པའི་ཕ་སྐད་དག་མ་ཞིག་ཡིན། ཨ་ན་མ་ནས་གཅིག་པ་གཅིག་རྐྱང་ཡིན་པར་སྟོན་ལ། གཅིག་པ་གཅིག་རྐྱང་ཡིན་ས་མི་འགྲོ་བ་ཞིག་ཨ་ན་མ་ན་ཡིན་ཚུལ་ཀྱང་སྟོན། ཨ་ན་མ་ན་ཡིན་པ་ཙམ་གྱིས་ཨ་ན་མ་ན་རེད་ཅེས་པར་དོན་དག་དེ་ཙམ་མེད་པས། ཨ་ན་མ་ནའི་བྱེད་ནུས་ཤུགས་ཆེ་བ་ནི་མི་རྣམས་ལ་དོགས་སློང་བྱེད་རྒྱུ་དེ་རེད། ཨ་ན་མ་ནས་མཚུངས་བསྡུར་གྱིས་དོགས་སློང་བྱེད་ཅིང་། བསྡུར་ཡུལ་དེ་ནི་ཚད་མ་དང་མཆོག་ཡིན་པས་བསྡུར་བ་མིན་ཀྱང་། བརྒྱ་ཡི་མིག་ལ་ཚན་མ་ཆགས་པའི་བསྡུར་ཡུལ་ཞིག ཨ་ན་མ་ནས་གཅིག་གི་མིག་ལ་ཚད་མ་དང་མཆོག་མ་ཆགས་པའི་དོགས་གཞི་རྒྱུ་མཚན་དང་བཅས་ཏེ་གསལ་འདོན་བྱེད་ཐུབ་ཅིང་། དེས་མི་རྣམས་ཀྱི་བག་ལ་ཞ་བའི་བསམ་བློའི་འགལ་འདུ་ཡོད་ཚད་ཐབས་མཁས་ཚིག་སྦྱོར་གྱིས་ཕྱིར་བཏོན་བྱེད་ཐུབ། ཨ་ན་མ་ནའི་ཕ་སྐད་ཀྱི་ནུས་པ་ཐོན་པའི་ནང་དོན་འབྲི་སྐབས། བསྡུར་ཡུལ་གཉིས་གཅིག་པ་ཙམ་གྱིས་ཨ་ན་མ་ན་བྲིས་པ་ཡིན་ན། དེ་ལ་དཔྱོད་ཤེས་དང་དོགས་སློང་གི་རིག་པས་ཁྱབ་མི་ཐུབ། ཨ་ན་མ་ནའི་བསྡུར་ཡུལ་གཉིས་དུས་གཏན་དུ་འཇིག་རྟེན་གྲགས་ཚོད་དང་དངོས་ཡོད་གནས་ཚོད། ཡང་ན་དོན་དམ་པར་གནམ་ས་ལྟ་བུ་ཡིན་པས། མི་རྣམས་ཀྱི་རིག་པ་རག་པས་འཇིག་རྟེན་གྲགས་ཚོད་དང་། དངོས་ཡོད་གནས་ཚུལ། དོན་དམ་པ་བཅས་ཀྱི་ཕྲ་ཞིབ་རྣམས་ཞིབ་ཏུ་འབྱེད་མི་ཐུབ། དེས་ན་ཨ་ན་མ་ན་འདི་ཕ་སྐད་རྣལ་མ་ཞིག་ནས་དེའི་བྱེད་ནུས་ལ་བསམ་བློ་བཏང་ཚེ། ཨ་ན་མ་ནས་ག་དུས་ཡིན་ནའང་ཆོག་ཤེས་ཤིག་བཤད་ཀྱི་མེད་ལ། དེ་ལས་འདྲ་མཉམ་དང་རིག་པ་ཡང་དག་གིས་འགྲན་རྩོད་ཀྱི་གླེང་སློང་གི་ཡོད་ལ། མིའི་རིག་པ་ལ་གཏིང་དང་མཐའ་མེད་པའི་རྒྱུ་མཚན་སྤྱི་ཚོགས་ལ་དོ་ཕོགས་མེད་པའི་ཐོག་ནས་གསལ་བཤད་བྱེད་ཐུབ། དེས་ན་སྐུ་ཞབས་ལུང་རིགས་རྒྱལ་གྱིས་དོགས་སློང་བྱས་པ་ནི། ལས་དང་པོ་བ་རྣམས་ལ་ནི་ཕན་མ་གཏོགས་ཨ་ན་མ་ནའི་གཞུང་ལུགས་དོན་བསྡུས་ཤིག་ནམ་གཞར་ཡང་མ་རེད། བསམ་བློ་གཏོང་ཕྱོགས་འདིས་འགྲོ་རོགས་འདུག་རོགས་ཁ་ཤས་ལའང་ཤེས་ཡོན་པའི་ལམ་དུ་སྐུལ་འདེད་ཙམ་བྱས་པ་ཡིན།

སྣ་ཚོགས།

Post navigation

Previous Post: བོད་སྐད།
Next Post: ཁེར་ རྐྱང་ གི་ གྲིབ་ ནག

Comments (10) on “ཨ་ན་མ་ནའི་གཞུང་ལུགས།”

  1. ཤར་ཕྱོགས་ཁུག་རྟ། says:
    2011-05-28 at 6:46 am

    མི་ཁ་ཤས་ཀྱིས་དེ་མ་ཐག་བརྒྱུད་ལམ་སྣ་ཚོགས་ནས། ང་ལ་ཁྱེད་ཀྱིས་མི་གནད་འགག་བཟོ་ཡི་འདུག ལག་པ་འཆང་ན་འཇུ་ས་ཡོད་པ་ཞིག་ལ་འཇུས་རོགས་ཞེས་བསླབ་བྱ་གནང་བྱུང་། ངས་གསལ་བཤད་བྱེད་དགོས་པ་ཞིག་ནི་ངས་གནད་འགག་བཟོ་ཡི་མེད་ལ། ཧ་ལས་ཧོན་འཐོར་ནས་བྲིས་པ་ཡང་མིན། དེ་ནི་ཁོང་ཚོའི་ཁ་བདག་པོ་རྒྱག་མ་ཐུབ་པས་བྲིས་པ་ལས་ང་སྒེར་ལ་རྒྱུ་མཚན་གཞན་མེད་ལགས།

  2. ༜࿋དབྱངས་བུ། says:
    2011-05-28 at 7:25 am

    གོ་རྒྱུ་མེད་པའི་རྩོམ་ཡིག་དྲ་ལམ་དུ་མང་པོ་སྤེལ་བ་དེས་དྲ་ལམ་གྱི་ས་ཟིན་རྒྱུར་ཕན་ན་ལས། དེ་མིན་ལན་འདེབས་ཚོགས་ཆུང་གི་མིང་མེད་པ་མ་བཟོ་ན་ལེགས། ལག་པས་བྲིས་ཚད་རྩོམ་ཡིག་ལ་འགྲོ་རྒྱུའི་ངེས་པ་མེད་ལ། དེ་བས་ངོ་རྒོལ་གྱི་ཚིག་ལབ་ཚད་དགག་རྩོམ་ལ་དེ་བས་འགྲོ་རྒྱུ་མ་རེད། ཁྱེད་རང་གྲྭ་ལོག་ཞིག་ཡིན་དུས་རྒྱུ་མཚན་དང་རིག་པ་བེད་སྤྱོད་བཏང་ནས་དགག་ལན་འབྲི་དགོས་ལ། ད་བར་དུ་ཁྱེད་ཀྱིས་རྩོམ་ཡིག་བྲིས་ཚད་ཚང་མ་གོ་རྒྱུ་དེ་ཙམ་མེད་པའི་ཚིག་གི་ཕུང་པོ་ཙམ་ཞིག་མ་མཐོང། དེ་བས་སྐུ་ཞབས་ཁང་གསར་རྡོ་རྗེའི་རྩོམ་ཡིག་ལྟ་བུ་གོ་བདེ་ལ་དོན་ཚང་བ། རྒྱུ་མཚན་ཁུངས་ལུང་ཡོད་པ་དེ་འདྲ་བྲིས་ཚེ་ལན་འདེབས་ཚོགས་ཆུང་གི་མིང་འཁྱེར་ཀྱང་འགྲིག་པ་རེད་སྙམ། སྐུ་ཞབས་ཁང་གསར་རྡོ་རྗེའི་དྲ་རྩོམ་ཁག་ལ་ཞིབ་བལྟས་ཀྱིས་ཁྱེད་ཀྱི་རྩོམ་ཡིག་དང་བསྡུར་ཚེ་ཡར་རྒྱས་ཀྱི་ལམ་བུ་ཡོད་ངེས་སྙམ་མོ།

  3. མེ་ཏོག་དཀར་པོ། says:
    2011-05-28 at 7:41 am

    ཨ་ན་མ་ན་བོད་སྐད་གཙང་མ་ཡིན་སྲིད་ཀྱང་། བོད་སྐད་ཐོག་བྲིས་པའི་བཀའ་འགྱུར་པོད་ ༡༠༨ ནང་ཚིག་འདྲ་ཞིག་མིན་འདུག་ལ། མདོ་དབུས་ཁམས་གསུམ་གྱི་མཁས་པ་དག་གིས་བྲིས་པའི་ཆོས་ལུགས་དང་རིག་གཞུང་གི་ཡིག་ཆ་དག་ནའང་མ་མཐོང་ངོ།།
    ཡིན་ནའང་སྤོབས་པ་དང་ལྡན་པའི་ཨ་མདོ་བ་ཚོས་ནམ་རྒྱུན་སྤྱོད་བཞིན་པ་རེད།

  4. རྩམ་དགའ། says:
    2011-05-28 at 7:44 am

    ཨ་ན་མ་ནའི་སྐད་འདི་ནི་་་་་བོད་མི་ཚོའི་ཁ་ལ་ཤར་སེ་འབབ་པའི་ཕ་སྐད་དག་མ་ཞིག་ཡིན་མིན་མི་ཤེས་ཀི། ཡུལ་ལུང་ལ་ལའི་ཁ་ལ་བདེ་བོ་ཡོད་ལ། ཡུལ་ལུང་ལ་ལའི་ཁ་ལ་བདེ་བོ་མེད་པའི་སྐད་ཅིག་རེད་འདུག ལྷག་པར་དུ་ལྷ་ས་བའི་ཁ་ལ་བདེ་བོ་རྩ་ནས་མི་འདུག མི་བདེན་འདོད་ན་ལྷ་ས་བ་ཞིག་ལ་ཚོད་བལྟ་གནང་ན་ཤེས་ཐུབ། ཨ་ན་མ་ན་་་ཟེར་མཁན་མདོ་སྨད་ཕྱོགས་ལ་ཤུགས་ཆེ་ཡོད་ས་རེད་བསམ་བསམ་འདུག

  5. རྒྱ་བཀྲ་དོན། says:
    2011-05-28 at 7:47 am

    ཁྱོད་ཀྱིས་བྲིས་པའི་གཞུང་ལུགས་འདིའང་ཨ་ན་མ་ནའི་གཞུང་ལུགས་ཤིག་མ་རེད། ཨ་ན་མ་ནའི་གཞུང་ལུགས་ཤིག་མིན་པའི་རྒྱུ་མཚན་གྱིས་ཨ་ན་མ་ནའི་བསྟན་དོན་ལ་འཇུག་མ་ཐུབ་པའི་ཚོར་སྣང་སྟེར་ཀི ཨ་ན་མ་ན་ཟེར་བ་དེ་ཕ་སྐད་རྣམ་དག་ཅིག་ཡིན་མིན་དེ་གཙོ་བོར་མི་འདོར་པར་མཚུངས་བསྡུར་གྱི་གོ་གནས་སྟེང་ནས་ཨ་ན་མ་ནའི་ལྕི་ཡང་དེ་མཇལ་དགོས་པར་འདོད། ཨ་ན་མ་ན་ཡིན་ན་གཅིག་མ་ཡིན་པའི་གནས་ལུགས་ལ་ངེས་ཤེས་ཐོབ་དགོས་ལ། མཚུངས་ཆ་མེད་པའི་རྐྱེན་གྱིས་ཨ་ན་མ་ན་མ་རེད་ཟེར་བ་ལས་གཞན་གང་ཡང་མིན་པས་སོ།

  6. འདྲེ་མགོ་རྡོ། says:
    2011-05-28 at 10:13 am

    གཞུང་ལུགས་ཟེར་བ་དེ་གལ་ཆེན་རེད། བསམ་བློའི་འཕེལ་རིམ་ལ་རྒྱུས་ཡོད་པ་ཞིག་བྱེད་རྒྱུ་དེ་གལ་ཆེན་རེད། ཁྱེད་ཚོ་མུ་མཐུད་ནས་ཡིན་གདའ།

  7. བདེ་ཆེན། says:
    2011-05-28 at 12:32 pm

    མ་ཤེས་ཤེས་མདོག་གནང་མཁན་ཁག་གིས་ཡུལ་སྐད་ར་མ་ལུག་མགོ་དག བརྡ་སྤྲད་དུ་བཏང་ཨེ་ཐུབ་གནང་བ་ནི། མཐར་བོད་ཡིག་གཙང་མ་འདི་ཉིད་གོ་མེད་ཚོར་མེད་དུ་བཟོ་རྒྱུ་སྔར་ལྟས་ཡིན་པར་ངེས།

  8. དཀོན་མཆོག་ཆོས་འཕེལ། says:
    2011-05-28 at 3:19 pm

    ཨ་ན་མ་ནའི་སྐོར་གླེང་ནས་ལུང་རིགས་ཀྱིས་གནད་ཟིན་ཡོད་ཀི། ཤར་ཁུག་གིས་མང་པོ་མང་པོ་ཞིག་བྲིས་ཡོད་པ་འདི་ཞིབ་ཀྱིས་བཀླགས་ན། དོར་ཤུལ་རྒྱ་མཚོའི་རྩོམ་ཡིག་དང་ཁ་ཐག་ཉེ་བ་ཞིག་འདུག

  9. ལྕགས་འགོར says:
    2011-05-28 at 6:24 pm

    ཨ་ན་མ་ནའི་གཞུང་ལུགས་འདི།།
    ཨ་ན་མ་ན་མ་རེད་དོ།།
    ཨ་ན་མ་ནའི་མིང་ཚིག་འདི།།
    ཨ་ན་མ་ན་བརྡ་རྙིང་འདྲ།།

  10. འདྲེ་མགོ་རྡོ། says:
    2011-05-29 at 3:46 am

    ལུང་རིགས་རྦད་དེ་བོར་སོང་ཚུལ་སྟོན་པ་འདིའང་ལན་འདེབས་ཤིག་ཡིན་སྲིད་ལ། བར་སྐབས་་ཤིག་ནས་ཁོང་གིས་རང་ཉིད་བོར་སོང་བ་དང་བརླག་སོང་བའི་རྣམ་པ་འདི་ཤུགས་ཆེ་མི་སྟོན་རང་སྟོན་ཆགས་ཡོད་ལ། རང་གིས་རང་ལ་དག་སྣང་གིས་རང་གི་ཇུས་རྣམས་ཚད་མར་རློམ་ནས་སྡོད་པ་ནི་རྣམ་འགྱུར་ལ་ལྟོས་བས་ཀྱང་ཅི་ལ་ཤེས་མི་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme