Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“གཞན་དབང་སྟབས་བསྟུན་”གྱི་དབུགས་ཐེངས་གཅིག

Posted on 2011-05-272011-05-28 By དགེ་རབ་ 43 Comments on “གཞན་དབང་སྟབས་བསྟུན་”གྱི་དབུགས་ཐེངས་གཅིག

གཡང་སྐྱབས་རྒྱལ་གྱིས།
————————-

དུས་བབ་ཀྱི་གསར་འགྱུར་ “དེ་རིང་༼ བོད་མིའི་སྒྲིག་འཛུགས ༽ཞེས་གཏན་ཁེལ་ཐལ།” ཞེས་པ་ལན་གཅིག་བཀླགས་ཏེ་བསམ་ཚུལ་འདི་བརྗོད་དགོས་བྱུང་། གངས་སྐྱིད་དུ་མི་ཚེ་བསྐྱལ་མཁན་ཞིག་ཡིན་ཚེ། “གཞན་དབང་སྟབས་བསྟུན་”ཞེས་པའི་མིང་ཚིག་འདི་ཡང་ཡང་ཐོས་པར་འགྱུར། ཚིག་འདི་ནི་བོད་མི་ལ་འདོད་པ་ཡོད་པའི་ལས་ཀ་ཞིག་ཡུལ་ཁྲིམས་སམ་ཡུལ་ལུང་གི་དབང་ཤུགས་ཀྱིས་བྱེད་མ་ཐུབ་པའི་སྐབས་སུ་བེད་སྤྱོད་བྱེད་ལ། འདི་ནི་ལས་དོན་གང་ཞིག་སྒྲུབ་མ་ནུས་པའམ་སྒྲུབ་རྒྱུར་འཐུས་ཤོར་ཕྱིན་སྐབས་ ཁག་འགེལ་བྱེད་སའི་མིང་ཚིག་ལྟེ་བ་ཞིག་ཀྱང་ཡིན།

ལོ་ ༡༥ ཙམ་གྱི་ཡར་སྔོན་ཞིག་ལ་ རྒྱ་གར་ཡུལ་མིས་གངས་ཅན་སྐྱིད་གཤོངས་ བཅོམ། བོད་མི་རྣམས་བྲོས་ཡིབ་ཀྱིས་དུས་འདའ་བཞིན་ཡོད། ཉི་མ་ཡང་ནུབ་ལ་ཉེ། བོད་མི་ལྔ་བཅུ་སྐོར་ཞིག་གངས་སྐྱིད་ཐང་ལ་འཛོམས་འདུག ཁམས་པ་དང་ཨ་མདོ་ཕོ་གསར་འགའ་ཞིག་གིས་ དྭང་བླང་གི་ཐོག་ནས་ལག་ལ་དབྱུག་པ་དང་རྡོ་བཟུང་ནས་ གངས་སྐྱིད་མཐའ་ནས་ཡར་རྒྱུགས་མར་རྒྱུགས་བྱེད་ཅིང་སྐབས་ཐོག་གི་བདེ་སྲུང་གི་ལས་ཀ་སྒྲུབ་བཞིན་འདུག ཨུ་ཐུག་པའི་སྐད་ཀྱང་ཡ་མ་ཟུང་དུ་ཤོར་བཞིན་འདུག སྐབས་ཤིག་ལ་རྡ་རམ་ས་ལར་གཏན་བཞུགས་གནང་མཁན་གྱི་བོད་རིག་པའི་མཁས་པ་ཞིག་མི་ཚོགས་འཛོམས་སར་རྒྱུགས་ནས་ཡོང་། “ང་ཚོའི་བདེ་སྲུང་ལས་ཁུངས་ཀྱིས་ག་རེ་བྱེད་གི་ཡོད་རེད། རྒྱ་གར་ཉེན་རྟོག་པ་ལ་འབྲེལ་བ་བྱས་ཡོད་པ་མ་རེད་པས། ཨ་ཙི། འདི་འདྲའི་སྐབས་ལ་ ལས་ཀ་བྱེད་མི་ཐུབ་པ་གང་ཡིན་ནམ།” ཧ་ལམ་གཤེ་གཤེ་གཏོང་བཞིན་འདུག དེ་འདྲ་གཅིག་གི་མུར་ས་རུབ་སོང་།

“བཙན་བྱོལ་བོད་གཞུང་”ཞེས་པའི་ཚིག་འདི་བོད་ཡིག་ཐོག་ནས་ད་བར་གྱི་མི་ལོ་ ༦༠ ཙམ་གྱི་རིང་རྒྱ་གར་དུ་གནས་ཐུབ་པ་རེད། དབྱིན་ཡིག་ཐོག་ན་སྔ་ས་ནས་མེད་པ་རེད། འོན་ཀྱང་ TGiE ཞེས་པའི་ཚིག་འདི་ནི་རྒྱུན་ལྡན་ནས་མཐོང་ཐོས་ཡོད་པ་ཞིག་རེད། ད་ནི་རྨི་ལམ་འཁྲུགས་པོ་ཞིག་གི་ཚུལ་དུ་གློ་བུར་ཞིག་ལ་ དགའ་ལྡན་ཕོ་བྲང་དང་བོད་གཞུང་སོགས་དུར་ས་ལ་སྦས་པ་རེད། “བོད་མིའི་སྒྲིག་འཛུགས་”ཞེས་པ་འདི་བོད་མི་ཚོའི་ཐོད་ལ་བརྐོས་པ་རེད། བོད་ནང་ལ་བསམ་ཚུལ་བསྡུ་རུབ་ཀྱི་སྐལ་བ་བྱུང་མེད་ནའང་། བཙན་བྱོལ་དུ་ཡོད་པའི་བོད་མིའི་བརྒྱ་ཆའི་ཚད་མཐོན་པོ་ཞིག་ལ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།” ཞེས་པའི་མིང་ཚིག་འདི་ཁྲིམས་དང་ལོ་རྒྱུས་ཀྱི་ཐོག་ནས་མུ་མཐུད་འཛིན་དགོས་པའི་འདོད་པ་བྱུང་བ་དེ་ཡང་རྩིས་མེད་དུ་ཕྱིན་པ་རེད།

རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ ཟླ་བ་མང་པོའི་གོང་ལ་ “༧རྒྱལ་བ་རིན་པོ་ཆེ་དབུ་འཛིན་མ་ཡིན་པའི་གཞུང་ཞིག་ལ་ལས་ཀ་བྱེད་རྒྱུའི་འདོད་པ་མེད་”ལྟ་བུ་ཞིག་གསུངས་པ་རེད། ད་བསྐྱར་བཅོས་ཀྱི་ཚིག་དེའི་ནང་དུ་དམིགས་བསལ་སྐུ་ཚབ་ཀྱི་སྐོར་ལ་ “བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ་”ཞེས་འཁོད་འདུག “༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་”འདི་ སྐྱེ་བོ་རེ་ཟུང་ལ་མུ་མཐུད་ནས་གནས་རྒྱུ་ཡིན་པ་འདྲ་མོད། དེ་ “བོད་མིའི་སྒྲིག་འཛུགས་”ལ་ཐོབ་ཐང་མེད་པ་འདྲ།

ངས་ད་ལྟ་མ་མཐོང་བ་དང་མ་གོ་བའི་གནད་དོན་གཞན་ཞིག་ནི་བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་གྱི་སྐོར་རེད། “བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ གཅིག་ གཉིས་ གསུམ། …”ཞེས་པའི་ཚབ་ཏུ་གླུ་གཞས་གང་འདྲ་ཞིག་ཡོང་གི་ཡོད་དམ། སྔོན་པོ་དང་སེར་པོ། དམར་པོ་བཅས་ཀྱི་རས་གཞིའི་སྟེང་བཀྲལ་བའི་དར་ཆ་དེ་ཚོ་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ། དར་ཆ་འདི་འཁྱེར་ཏེ་རྒྱ་ནག་གི་གཞུང་ཚབ་ཁང་གང་སར་སྐད་འབོད་བྱས་པའི་བོད་རིགས་དེ་ཚོ་དྲན་གྱི་འདུག་གམ། དར་ཆ་དེའི་ཆེད་དུ་བཙོན་ཁང་དུ་ཚུད་པའམ་ཡང་ན་དམར་གསོད་ཐེབས་པའི་བོད་རིགས་དེ་ཚོ་ལ་དགོངས་པ་ཞིག་བཞེས་ན་ སྙིང་ལ་ན་ཟུག་ཅིག་མི་སྟེར་རམ།

“གཞན་དབང་སྟབས་བསྟུན་”གྱིས་ང་ཚོར་སྤྲད་པའི་གྱོང་གུན་ནི་དཔོག་དཀའ་བའི་ཚོད་ཡིན་མིན་ལ་ཐེ་ཚོམ་མེད། ད་ང་ཚོ་ལ་རེ་བ་ཉག་གཅིག་ཡོད་པ་ནི་༧གོང་ས་མཆོག་གི་ཞལ་ནས་གསུང་དྲོན་མོ་བྱུང་བ་བཞིན། ཕྱིས་སུ་བོད་མི་ཚོས་ད་ལྟའི་ཐག་གཅོད་ལ་འགྱོད་པ་མེད་པ་ཞིག་ཡོང་གི་ཡོད་པ་དེ་རེད། ད་ནི་བོད་མིའི་སྒྲིག་འཛུགས་འདི་ལ་འཛུལ་ནས་མ་འོངས་པར་ “ངེས་མེད་ཀྱི་གྲུབ་འབྲས་ཤིག་”ཡོང་བའི་གསོལ་བ་འདེབས་རྒྱུ་འདི་རེད།

“བོད་གཞུང་ཕྱི་རྒྱལ་ལས་ཁུངས་”ཀྱི་ལས་ཤོག་སྟེང་ རྒྱའི་གཙོ་འཛིན་ མའོ་རྫལ་ཏུང་ལ་ ཡི་གེ་བཏང་ནས་ རྒྱ་དམག་བོད་ཀྱི་མཐའ་མཚམས་ནས་ཕྱིར་འཐེན་བྱེད་དགོས་པ་བརྗོད་པའི་ཡི་གེ་ཞིག་ལོ་ཤས་གོང་ནས་ང་ཚོའི་མིག་ལམ་དུ་མངོན་པར་གྱུར། ༡༩༥༩ ལོ་ནས་བརྩིས་པའི་ལོ་ངོ་བཅུ་ཕྲག་གཉིས་དང་ཕྱེད་ཙམ་གྱི་རིང་། “གོང་ས་མཆོག་གི་”གསུང་འཕྲིན་རེ་རེའི་ནང་ “བོད་རང་བཙན་”གྱི་འབོད་སྒྲ་འཁོད་པ་དག་ནི་ད་ལྟ་མཇལ་དུ་ཡོད་པ་དེ་ཡིན།

སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་རང་གི་མི་ཚེའི་བྱུང་བ་བརྗོད་པའི་ནང་། ༧གོང་ས་མཆོག་གི་ཞལ་གསུང་དྲོན་མོ་དེ་མེད་པ་ཡིན་ན། གློ་སྨོན་ཐང་གི་བོད་དམག་དག་གིས་བལ་དམག་དང་འཛིང་རེས་བྱས་ཏེ་ པཱ་ལི་སི་ཐེན་གཉིས་པ་ཞིག་བལ་བོད་ས་མཚམས་སུ་བསྐྲུན་ཡོད་མེད་ལ་དྭོགས་པ་མེད་ཅེས་གསུངས་འདུག གློ་སྨོན་ཐང་གི་བོད་དམག་སྒྲིག་འཛུགས་དེ་སྒོ་མ་བརྒྱབ་ན་ད་ཆ་གང་འདྲ་བྱུང་བའི་ཐད་ཚོད་དཔག་དཀའ་ནའང་། སྒོ་བརྒྱབ་པའི་རྗེས་འབྲས་སུ་བྱུང་བའི་གོད་ཆག་རྣམས་གསལ་ཐང་ཐང་ཡིན། འདི་ཡང་ “གཞན་དབང་སྟབས་བསྟུན་”གྱི་ལེའུ་ཞིག་ཡིན་མིན་ཞུ་ག་ལ་དགོས།

༧གོང་ས་མཆོག་དུས་ངན་འདི་འདྲའི་སྐབས་བོད་མི་མང་གི་མགོན་སྐྱབས་སུ་བྱོན་པ་ནི་སུས་ཀྱང་གསུབ་མི་ནུས་ལ། ཁོང་གིས་བོད་ལ་བཞག་པའི་མཛད་རྗེས་ནི་རི་རབ་ལས་ཀྱང་དཔང་མཐོ་བ་རེད། ཁོང་གི་འཛུམ་ཞལ་རེ་རེས་དམྱལ་བ་ལྟ་བུའི་སྡུག་གིས་མནར་བའི་བོད་མི་ས་ཡ་མང་པོར་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་དང་སྦྱིན་བཞིན་པ་འདི་ཡང་ས་རིས་ཐང་གསལ་རེད། ཕྲན་རང་ཡང་༧གོང་ས་མཆོག་ལ་གསོལ་བ་འདེབས་བཞིན་ཞལ་རས་ཡིད་ལ་དྲན་བཞིན་འཆི་རྒྱུ་བྱུང་ན་བློ་ཕུགས་བདེ་བ་ཡིན།

འོན་ཀྱང་ཆོས་ཀྱི་བསམ་བློ་དེ་འདྲ་བོད་མི་རིགས་ཀྱི་ལས་དབང་ལ་འཁྱེར་དུས་ ཁ་ཁོག་མེད་པའི་ཐོག་ནས་རྩིས་ཤིག་མ་བརྒྱབ་རང་བརྒྱབ་རེད། ཨ་རབ་ཀྱི་དཔྱིད་ཀའི་གསར་བརྗེ་འདི་ལ་གཟིགས་དང་། རྒྱ་ནག་གིས་གསར་བརྗེའི་སྐོར་གྱི་གནས་ཚུལ་རྣམས་ལ་འགོག་སྡོམ་བྱེད་ཕྱོགས་ལ་གཟིགས་དང་། ༢༠༠༨ ལོ་ནས་བཟུང་སྟེ་བོད་ཀྱི་ས་ཁྱོན་ཡོངས་སུ་ “བོད་བོད་དང་རྒྱ་རྒྱ་ཡིན་པའི་”འདུ་ཤེས་བརྟན་པོ་ཞིག་བཟུང་སྟེ་ངོ་རྒོལ་གྱི་ལས་འགུལ་རླབས་ཆེན་རབས་དང་རིམ་པར་བྱུང་བ་ལ་གཟིགས་དང་། དུས་ཚོད་འདི་ནི་ ང་ཚོས་ “བོད་གཞུང་”གི་འཕྲིན་ལས་གོང་དུ་སྤེལ་བའི་དུས་ཤིག་ཡིན་པ་ལས་མཇུག་བསྡུ་བའི་དུས་ཤིག་ག་ལ་ཡིན། གོ་སྐབས་འདི་འདྲ་བ་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཐེངས་ག་ཚོད་ལ་ཡོང་སྲིད་དམ། བོད་མིས་ “བོད་མིའི་མགོ་”རྡུང་བའི་དུས་ཚོད་ཅིག་ཏན་ཏན་མ་རེད།

སྐྱིད་པོ་རང་གིས་མ་བཏང་ན། སྡུག་པོ་མིས་བཏང་ཡོང་༎ འདི་ང་ཚོའི་གཏམ་དཔེ་རེད། ང་ཚོས་ཚེ་སྲོག་བློས་བཏང་ནས་ “བོད་མིའི་སྒྲིག་འཛུགས་”ཤིག་རྒྱ་གར་ལ་ཚུགས་མིན་ལྟ་གི་ཡོད་མ་རེད། ང་ཚོའི་འཐབ་རྩོད་འདི་ “མི་རིགས་”གཅིག་གི་ཤི་གསོན་གྱི་འཐབ་རྩོད་རེད། ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་ལ་བཙན་འཛུལ་བྱས་པ་དེ་སླར་ལེན་པའི་འཐབ་རྩོད་ཅིག་རེད། འདི་ནི་ང་ཚོ་རང་ལ་དབང་བ་ལས་ “གཞན་དབང་སྟབས་བསྟུན་”གྱིས་བྱེད་དགོས་པའི་འཐབ་རྩོད་ཅིག་མ་རེད། གལ་སྲིད་རྒྱ་གར་གཞུང་གིས་ ཁོང་ཚོའི་ས་ཐོག་ཏུ་ “བོད་གཞུང་”བཙུགས་ཆོག་གི་མེད་ཅེས་བཀོད་ཁྱབ་བཏང་བ་ཡིན་ན། ཉི་མ་དེ་ནས་ང་ཚོས་ལམ་ཁ་གང་ཞིག་བསྟེན་དགོས་པ་ལྟ་རྒྱུ་རེད། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་གཞན་གང་ཞིག་ནས་ “བོད་གཞུང་དགའ་ལྡན་ཕོ་བྲང་”གནས་ཐུབ་པའི་ལམ་ཁ་འཚོལ་རྒྱུ་རེད། དེ་ལྟར་མིན་ཚེ། “གཞན་དབང་སྟབས་བསྟུན་”དབུགས་ཐེངས་གཅིག་གིས་ བོད་མི་རིགས་ཀྱི་ཡོད་ཚད་ དུར་འཇུག་བྱེད་འོས་པ་མ་མཐོང་ངོ་༎

རྩོམ་ཡིག་འདི་བྲིས་ནས་མཚམས་འདི་ལ་སླེབས་སྐབས་ བོད་སྐད་ཤེས་མཁན་གྱི་ཨ་རི་བ་ཞིག་ཕྲན་ཡོད་སར་སླེབས་བྱུང་། ངས་ཁོང་ལ་ རྩེད་མཚར་གྱིས་ “བོད་གཞུང་ག་བ་ལ་ཡོད་རེད།”ཅེས་དྲིས་པ་ཡིན། ཁོས་དེ་མ་ཐག་ཏུ་” རྡ་རམ་ས་ལ་ལ་ཡོད་རེད།”ཅེས་ལན་བཏབ་སོང་།

རྩོམ་རིག

Post navigation

Previous Post: བཀའ་བློན་ཁྲི་པའི་ས་ཁང་ཆུང་ངུའི་འདུན་མ
Next Post: བོད་སྐད།

Comments (43) on ““གཞན་དབང་སྟབས་བསྟུན་”གྱི་དབུགས་ཐེངས་གཅིག”

  1. སྐྱུ་རྩི་ནས། says:
    2011-05-27 at 11:52 pm

    ད་ཆ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་གང་དུ་ཡོད་དམ་བྲིས་ན་རྡ་སར་ཡོད་ཅེས་སྟབས་བདེའི་ལན་འདེབས་ཆོག་ཀྱང་།
    བཙན་བྱོལ་བོད་གཞུང་ག་བར་ཡོད་དམ་དྲིས་ན་ལན་གང་འདེབས་དགོས་སམ། ངས་ཤེས་མ་སོང་ངམ། ཡང་ན་ང་ཚོས་བོད་གཞུང་མང་ཚོགས་ཆེན་འཚོགས་ནས་མེད་པ་བཟོས་པ་ཡིན་ལབ་རྒྱུ་ལས་ལྷག་མེད། ང་ཚོ་བཙན་བྱོལ་བ་རྣམས་བོད་མི་ས་ཡ་དྲུག་གི་ངོ་ཚབ་དང་། སྲིད་དོན་གྱི་སྐྱབས་བཅོལ་བ་ཡིན། བོད་མིའི་མགྲིན་ཚབ་པ་ཡིན་ཞེས་མ་ཎི་བགྲངས་པ་ལྟར་བགྲངས་ཀྱི་ཡོད་ཀྱང་། ད་ཆ་ང་ཚོ་བཙན་བྱོལ་བོད་མིའི་སྐྱིད་སྡུག་གི་མགྲིན་ཚབ་པ་དང་། གཞིས་ཆགས་སྲ་བརྟན་ཡོང་ཆེད་མ་དངུལ་བསྡུ་རུབ་ཀྱི་ཕོ་ཉ་ཡིན་ལབ་རྒྱུ་ལས་ལྷག་མ་སོང་།

  2. ཀླུ་སྨྱོན། says:
    2011-05-28 at 1:04 am

    ང་ཚོས་རྒྱ་དཀར་ནག་གཉིས་ཀར་མགོ་བདེ་བོ་ཞིག་བརྩེས་ན་ཆོག་གི་ཡ། དཔེར་ན་སྔོན་ཆད་བོད་གཞུང་ཞེས་བྲིས་པ་རེད། ད་ཆ་བོད་གཤོང་ཞེས་བྲིས་ན་ག་འདྲ་འདུག སྔོན་མ་ནས་གངས་ཅན་སྐྱིད་གཤོང་ཡོད་ཡོད་པ་རེད། ད་ཆ་ཁ་ནས་འདོན་དུས་སྒྲ་གདངས་ཕལ་ཆེར་གཅིག་པ་གང་ཞིག་ལ་ཡིག་ཐོག་ཏུ་འབྲི་དུས་དོན་དག་ཁ་ཁ་ཡིན་པའི་གཞུང་དང་གཤོང་གཉིས་ཀྱི་བར་ནས་ང་ཚོར་ཐར་ལམ་ཞིག་འཚོལ་རན་རེད་འདུག བཙན་བྱོལ་བོད་པ་ཚོ་རི་མགོ་ཆུང་ཆུང་ཞིག་དང་ལུང་གཤོང་དོག་མོ་ཞིག་ཏུ་ད་དུང་ལོ་ངོ་ཅི་ཙམ་ཞིག་ལ་འཚོ་ཞིང་གཞེས་དགོས་པ་རེད། བོད་གཞུང་། བོད་གཤོང་། བོད་གཞུང་། བོད་གཤོང་། བཙན་བྱོལ་བོད་གཞུང་། བཙན་བྱོལ་བོད་གཤོང་། མི་འགྲིག་པ་ཞིག་མི་འདུག་ག

  3. དབང་གྲགས་འབུམ། says:
    2011-05-28 at 3:06 am

    བདེན་པ་མ་ཡིན་པ་ཞིག་ལ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཞེས་བའི་རྨོངས་དད་ཀྱི་ཚིག་ཐ་ཤལ་པ་དེ་དང་གཞིས་བྱེས་བོད་མི་ས་ཡ་དྲུག་གི་རེ་བ་རྒྱག་ས་དང་འཛམ་གླིང་མི་དམངས་ཀྱིས་བསྔགས་བརྗོད་བྱ་ཡུལ་གྱི་བཙན་བྱོལ་བོད་གཞུང་དེ་སྒྲིག་འཛུགས་ཀྱི་ངོ་བོར་བསྒྱུར་བར་ཧ་ལས་བས་བློ་ཕམ་དང་ཡིད་ཐང་ཆད་སོང་།མ་གཞི་ནས་སྤྱི་འཐུས་ལྷན་ཚོགས་ང་ཚོ་མི་དམངས་གི་སྐུ་ཚབ་རེད་དམ་དབུ་ཁྲིད་རེད།དེ་ལྟར་བྱ་རྒྱུ་ཡིན་ན་ཚོགས་ཆེན་ཐེངས་གཉིས་པ་དེ་ག་རེ་བྱས་ནས་ཚོགས་བཅུག་པ་རེད།

  4. མེ་ཏོག་དཀར་པོ། says:
    2011-05-28 at 3:16 am

    ཨུ་ཤུ། ད་ཐང་ཆད་སོང་། བློ་བཟང་སེངྒེ་ལགས་ཀྱི་ཁ་གཡང་རང་མགོ་རང་ཐོན་ཞེས་པ་རང་མགོ་གང་ཐོན་དུ་བསྒྱུར་ནས་སྡོད་ན་ལེགས་པ་འདྲ།

  5. དབང་གྲགས་འབུམ། says:
    2011-05-28 at 3:17 am

    ཉིན་འདི་དག་གི་རིང་བོད་ནང་རྒྱ་ནག་གིས་བོད་མི་རྣམས་
    དམར་གསོད་དང་གཅར་རྡུང་བཙོན་འཇུག་བྱ་བཞིན་འདུག་
    ལ་འདིར་ཕྱོགས་སུ་རེ་ཟུང་ཞིག་གིས་བཙན་བྱོལ་བོད་གཞུང་
    རྩ་མེད་གཏོང་བཞིན་པ་འདི་གཉིས་ང་ཚོ་བོད་མ་ལས་དམན་
    པ་ཡོངས་ཀྱི་ཕམ་ཁ་ཆེ་ཤོས་དང་གྱོང་གུད་ཆེ་ཤོས་དེ་རེད།

  6. ཀླུ་སྨྱོན། says:
    2011-05-28 at 3:55 am

    ཨ་རོགས་ཚོ། གཞུང་མེད་པར་བཀའ་ཁྲི་ཞིག་གང་དུ་འཇོག བློ་སེང་གིས་སྐྱ་རྩལ་སྦྱངས་ནས་བསླེབས་དུས་ཞོན་རྟ་རྐུན་མས་ཁྱེར་འདུག་ག

  7. མེ་ཏོག་དཀར་པོ། says:
    2011-05-28 at 4:02 am

    བློ་སེང་ཉ་ཡིན་ན་མཚོ་མོ་སྐམ་ཟིན་ལ། བློ་སེང་རྟ་ཡིན་ན་རྒྱུགས་སའི་ཐང་མེད་དོ།།

  8. Gonpo says:
    2011-05-28 at 4:17 am

    དགའ་ལྡན་ཕོ་བྲང་སྡུ་སོག་རྒྱབ་སོང་།
    ཡིན་ན་ཡང་ད་ལྟ་མི་མེད་རང་མེད་བོད་གཞུང་མིང་ཙམ་ཡང་མེད་བ་ཟོས་སོང་།
    གང་ཟག་གི་བདག་མེད་དགའ་ལྡན་ཕོ་དང་། ཆོས་ཀྱི་བདག་མེད་བོད་གཞུང་ན། ད་ནི་བདག་མེད་གཉིས་ཀ་རྟོགས་བ་འདྲ། ཟམ་གདོང་ལ་ལྷ་བཞུགས་བ་འདྲ། ལྷ་དེ་ཡང་ཁོ་རང་གི་རྩ་བའི་བླ་མའི་ཆོས་སྐྱོང་ཡིན་པ་འདྲ། བདེན་པ་ཉིད་ཕམ་ཉེས་བཏང་སོང་། བོད་གཞུང་མིང་ཙམ་ཡང་མེད་པ་ཟོས་སོང་། ད་ནི་ཁྱོད་སུ་ཡིན་ཟེར་ན་ང་རྒྱ་མི་ཡིན་ཟེར་དགོས་བ་རེད། མེ་རྒྱལ་ལ་ངོ་ལོག་ནས་བྲོས་ཡོང་བ་ཡིན། མདོར་ན་བྲོས་བྱོལ་ངོ་ལོག་སྒྲིག་འཛུགས་དོན་གྱི་ཁས་ལེན་གནང་ཞག

  9. གཞོན་ནུ་ཟླ་མེད says:
    2011-05-28 at 4:36 am

    བློ་སེང་བཀའ་བློན་མ་རེད། རྡ་སའི་སྒྲིག་འཛུགས་ཚོགས་པའི་ཚོགས་གཙོ་རེད། བཀའ་བློན་ཁྲི་བ་ཟེར་བ་འདི་མིང་ཚིག་ཡ་མཚན་ཞིག་ཀྱང་རེད། བཀའ་བློན་ཟེར་ནས་བཀའ་བརྩི་ས་དེའི་འཁོར་ལྟ་བུ་ལ་བློན་པོ་ཟེར་ན་ཡང་། བཀའ་བརྩི་ས་དེ་དགོངས་པ་ཞུས་ཚར་བ་རེད། ད་ནི་བཀའ་བློན་དེ་ཡང་ཚོགས་གཙོ་ཟེར་ནས་བཅའ་ཁྲིམས་ནང་དུ་བཀོད་དགོས་མིན་ལ་བསམ་བློ་གཏོང་དགོས་རེད། བཅའ་ཁྲིམས་ཟེར་བ་དེ་ཡང་སྤྱི་ལ་ཁྱབ་པ་ཞིག་བཟོ་ཐུབ་ཀྱི་མ་རེད།

  10. གཞོན་ནུ་ཟླ་མེད says:
    2011-05-28 at 4:44 am

    ཁ་སྔོན་༧ གོང་ས་མཆོག་གི་གསུང་བཤད་ཅིག་ན་བོད་གཞུང་དགའ་ལྡན་ཕོ་བྲང་དེ་བོད་སྤྱི་ལ་ཁྱབ་པ་ཞིག་མ་རེད། དེ་དབུས་གཙང་དང་དགེ་ལུགས་པའི་གཞུང་ཞིག་རེད་གསུངས་གི་འདུག དེ་གསུངས་དུས་ད་ནི་དམངས་གཙོ་གཞུང་འདི་ནི་བོད་སྤྱི་ལ་ཁྱབ་པ་དང་། ཆོས་བརྒྱུད་ཆ་ཚང་ལ་ཁྱབ་པ་ཞིག་བཟོ་དགོས་གསུངས་པའི་གོ་བ་ཞིག་སླེབས་སོང་མོད། གྲོས་ཚོགས་དང་བཅའ་ཁྲིམས་ཟིན་བྲིས་ཚོགས་པས་ཀྱག་ཀྱག་བྱས་པ་ནི་ཡིན་མི་སྲིད། འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་ན་ཅིག་ཟེར་ནས་བོད་ཡོངས་ལ་མ་ཁྱབ་པར་མ་ཟད་དབུས་གཙང་ལ་ཡང་མ་ཁྱབ་པར། བཙན་བྱོལ་དུ་གནས་པའི་བོད་མིའི་སྒྲིག་འཛུགས་ཁོ་ན་ལ་ཁྱབ་པ་ཞིག་བཟོ་བཞིན་ཡོད་པ་འདྲ་འདུག

  11. མེ་ཏོག་དཀར་པོ། says:
    2011-05-28 at 4:54 am

    སྙིང་རྗེ་བློ་བཟང་སེངྒེ། བཀའ་ཁྲིའི་འོས་ཐོབ་པ་དང་གཞུང་བརླག་པ་དུས་མཉམ་བྱུང་སོང་།

    བོད་གཞུང་དང་གཞུང་ས་དགའ་ལྡན་ཕོ་བྲང་དོན་གཅིག་རེད་དམ། གཅིག་བསྡུ་སོག་རྒྱག་དུས་ཅིག་ཤོས་ཡང་མེད་པ་ཆགས་དོན་གང་ཡིན་ནམ། བདེན་པ་ཉིད་ཟེར་བ་དེ་རླབ་ཆེན་གྱི་གཙོ་འཛིན་མའོའི་ཐུགས་བཞེད་དེ་ཡིན་པ་འདྲ། ད་དེ་རྒྱལ་བཞིན་པ་རེད། རྒྱལ་སྟངས་ཀྱང་སྦྲུལ་མདུད་རང་ཞིག་ལྟར་བཙན་བྱོལ་་བ་རང་གིས་རང་མེད་བྱེད་བཞིན་པ་རེད། ད་ཕལ་ཆེར་ཁ་གསང་ནས་བཤད་ན་བཙན་བྱོལ་བ་འབུམ་གཅིག་ལྷག་ཙམ་དེ་བོད་ལ་ཆ་རྐྱེན་གང་ཡང་མེད་པ་ལོག་རྒྱུ་དེ་ཡིན་ས་རེད། དེ་ཡིན་ན་ཟམ་གདོང་བླ་མ་ཁྱེད་རྣམ་ཕེབས་རོགས། ང་ནི་རྒྱ་གར་རང་དབང་ལུང་པའི་ནང་སྡོད་རྒྱུ་ཡིན། ལར་ནས་གཟན་ཤམ་དམར་པོ་དང་རྒྱལ་དར་དམར་པོ་འཕྲོད་པོ་ཡོད་རེད།

  12. ལྷོ་མོན་འབྲུག་རིས says:
    2011-05-28 at 5:25 am

    མི་ཤེས་མུན་པའི་ཡོལ་བར་ཡིབ།།
    ཕྱོགས་འཛིན་དུག་ཆུས་རང་སེམས་མྱོས།།
    སྒེར་དོན་འཁོན་འཛིན་སྙིང་བཅངས་ནས།།
    ཟམ་དོང་བླ་མར་དམོད་པ་སྐྱོ།།

  13. དགྲ་སྟ། says:
    2011-05-28 at 6:09 am

    བཙན་བྱོལ་བོད་གཞུང་ནས་ ༼ བོད་མིའི་སྒྲིག་འཛུགས ༽ ཀྱི་མིང་སྒྱུར་འདི། གོང་ས་མཆོག་རང་
    གིས་མིང་སྒྱུར་མཛད་པ་ཧ་ཅང་ཡག་པོ་རེད། དེ་མིན་བློ་བཟང་སེང་གེ་བཀའ་ཁྲིར་འཁོད་རྗེས་མིང་འདི་བརྗེ་
    བསྒྱུར་བྱ་དགོས་བྱུང་ཚེ། ནང་ཁུལ་གྱི་བཀྲ་མ་ཤིས་པའི་ནད་འབུ་འགའ་རེས་བློ་བཟང་སེང་གེ་ལ་ཁ་
    གཏོང་ས་ཡག་ཤོས་ཆགས་ཀྱི་རེད། འོན་ཏེ། གོང་ས་མཆོག་ནས་འགན་དེ་ཁུར་བ་ཧ་ཅང་ཡག་པོ་རེད། འདིས་མང་པོ་མང་པོ་ཞིག་ཁ་བཙུམས་ནས་སྡོད་ཀྱི་རེད།

  14. སྐྱབས་བཅོལ་བ། says:
    2011-05-28 at 6:14 am

    ད་ཡིན་ན་འགྲིག་གི་འདུག རྐུ་སྒེར་ཡིག་ཚང་གི་རྒྱ་མི་རེ་ཟུང་འགུག་ཨེ་ཐུབ་བལྟས་ན་ཏཱ་ལའི་བླ་མ་རྒྱ་བླ་བཟོ་ཨེ་ཐུབ་ལྟོས་ཡ།
    རྒྱ་རི་བློ་གྲོས་དགོངས་པ་ཞུའི་དུས་སུ་བབ་ནི་རེད། དེ་ནི་ཁོ་རང་གིས་ཁས་ལེ་ནརེད།

  15. སྐྱབས་བཅོལ་བ། says:
    2011-05-28 at 6:18 am

    རྒྱ་རི་བློ་གྲོས་ལ་མཚོན་བོད་དོན་ལ་སེམས་ཤུགས་མེད་པ་དང་། བོད་མི་རིགས་རྩ་་དོན་ལྷག་བསམ་མེད་པ་ཁོ་རང་གིས་ཁས་ལེན་ཚར་ནི་རེད། ཁོ་ཏཱ་ལའི་བླ་མ་མཉམདུ་སྤྱིན་བདག་འཚོལ་རྒྱུ། ལྷ་ཁང་ནང་ཆང་ས་རྒྱག་རྒྱུ་ཙམ་རེད། ད་ཨ་རིའི་ཐེབས་རྩ་བོད་མའི་སྒྲིགས་འཛུགས་རྩིས་སྤྲོད་བྱས་ན་དགའ་ཡི་རེད།

  16. མེ་ཏོག་དཀར་པོ། says:
    2011-05-28 at 11:46 am

    ༧གོང་ས་མཆོག་གིས་ད་བར་དགའ་ལྡན་ཕོ་བྲང་ལ་ཐུགས་སྤོབས་དང་འདེངས་འཇོགས། དེ་བཞིན་འབྱུང་འགྱུར་གྱི་ཐུགས་རེ་གང་ཆེ་གནང་མོད། ༧གོང་ས་མཆོག་རང་ཉིད་བགྲེས་ཡོལ་དེ་ཕེབས་ཤིང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ་དང་ལྷན་བོད་གཞུང་དབུས་གཙང་དང་དགེ་ལུགས་པའི་གཞུང་རེད་ཅེས་དང་། བཙན་བྱོལ་གཞུང་ཞེས་པར་གཞུང་ཞེས་བཏགས་ན་རྒྱ་གར་གཞུང་ཕྱོགས་ནས་ཉེན་ཁ་ཡོད་ཚུལ་སོགས་མགོན་པོ་གང་ཉིད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་བཞུགས་པའི་མི་ལོ་ ༦༠ རིང་གང་ཡང་མེད་པར་གློ་བུར་དུ་ཉེན་ཁ་ཆེ་ལུགས་ཀྱི་བཀའ་ཕེབས་སྟངས་ལ་སེམས་ལ་དཀའ་ངལ་ཕྲད་གི་འདུག དེ་བཞིན་༧གོང་ས་ཆེན་པོས་ནམ་རྒྱུན་ནས་བོད་དོན་སྐོར་མཐའ་མའི་ཐག་གཅོད་བོད་རྒྱ་ཆེའི་མི་མང་དང་ལྷག་པར་གཞིས་གཞུགས་བོད་མི་རྣམས་ཡིན་ཚུལ་བཀའ་ཇི་སྙེད་ཅིག་སྩལ་བ་དང་འགལ་བར་བདག་དོགས་སོ།།

    གང་ལྟར་༧མགོན་པོ་མཆོག་༧ཞབས་པད་བརྟན་གྱུར་ཅིག

  17. གངས་སྦལ། says:
    2011-05-28 at 12:17 pm

    དང་པོ་རང་ཉིད་ཀྱིས་བོད་སྤྱི་བའི་ལས་དོན་ཐོག་འགན་ཅི་ཙམ་ཁྱོག་གི་ཡོད་མེད་དང་། ཁུར་གྱི་ཡོད་མེད་ལ་བསམ་བློ་ཞིབ་མོར་གཏོང་དགོས་རྒྱུ་གལ་ཆེན་རེད། ཁ་ནས་གང་ཐོན་ཐོན་བཤད་བསྡད་པས་སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཅི་ཡང་མེད་པ་ལོས་ཀྱང་ཤེས། དེས་ན་ཀ་པས་རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་ལས་ཀ་བྱེད་སྐབས་འགན་ཁུར་སྟངས་དང་། དེ་ལ་བཟུང་བའི་རྣམ་འགྱུར་ལྟར། ཁ་པས་དེ་ལ་རྒྱང་ལྟ་བྱེད་སྐབས་ཡོང་མི་སྲིད་པ་ལྟར། དངོས་སུ་ལས་ཀ་བྱེད་མཁན་གྱི་བསམ་ཚུལ་ལ་རྒྱུས་ལོན་ཅུང་ཙམ་བྱེད་རྒྱུ། དཔེ་རང་སྟེང་ནས་བཙལ་ཏེ་བསམ་ཤེས་བྱེད་ཐུབ་མིན་སོགས་འདང་ཞིབ་མོ་རྒྱག་རྒྱུ་དངོས་གནས་གལ་ཆེན་རེད། དེ་མིན་པར་ཁ་ཕོ་ཆེན་པོ་ཞིག་བསྒྲགས་ནས་༸གོང་ས་མཆོག་ལའང་ཟུར་ཟ་དང་ཉེས་འགེར་བྱེད་ཚུལ་འདི་དག་གིས་ཁྱེད་ཅག་གིས་བཤད་བསྡད་པའི་བོད་ཅེས་པ་ལ་ཅི་ཙམ་ཕན་ཐོགས་ཡོང་གི་རེད། རྩ་བ་ནས་ཕན་ཐོགས་ཡོང་གི་མ་རེད་འདོད་ཡོད། གནད་འགག་གི་སྐབས་སུ་ཁ་ལག་གཉིས་ཀ་མཐུན་པའི་དོན་རེ་བསྒྲུབ་རྒྱུ་གལ་ཆེན་རེད་ཡ་་་་་་་་་་་་་་་

  18. གནས་ཚུལ། says:
    2011-05-28 at 1:10 pm

    བོད་མི་རིགས་ཀྱི་གཟི་ཉམས་འདི་ཡར་བཞིན་འདུག

  19. སྐྱབས་བཅོལ་བ། says:
    2011-05-28 at 1:18 pm

    རེད། གྲོགས་པོ། བོད་རྒྱ་ཆེའི་མི་མང་་གིས་ཁ་སང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གཞུང་ཞེས་པའི་ཐ་སྙད་རང་འཇག་འཇོག་པར་བསམ་ཆ་གཅིག་མཐུན་བྱུང་ཡོད། ཡིན་ན་ཡང་རྐུ་སྒེར་དྲུང་ཆེ་བྲེ་སྲང་གིས་བཀའ་ཡིག་ཅིག་གློ་བུར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྤྲད། ཚོགས་གཙོ་སྤེན་པ་ཚེ་རིང་གིས་དེ་ལ་རྒྱབ་ནོན་བྱས་ཏེ་མཐར་བོད་གཞུང་ཞེས་པའི་ཚིག་འདི་མེད་པ་བཟོས་ཏེ། བོད་མའི་སྒྲིག་འཛུགས་སུ་བསྒྱུར་རྒྱུར་གཏན་ཁེལ་བ་རེད། དྲང་མོ་བཤད་ན་རྐུ་སྒེར་དྲུང་ཆེའི་བཀའ་ཡིག་དེས་དམང་གཙོ་རྡོག་རོལ་དུ་བཏང་བ་ཞིག་རེད།
    ང་ཚོས་བོད་ཡིག་ལ་འདས་པའི་ལོ་ 50 ལྷག་གང་བྲིས་པ་རང་འཇག་བཞག དབྱིན་ཡིག་དང་གཙོ་བོ་དེབ་སྐྱེལ་ཁག་ཏུ་(སྐྱབས་བཅོལ་བོད་པ.)ཙམ་གྱི་ཐོབ་ཐང་རགས་ཀྱི་རེད་ལ་། དེ་ག་རང་དགོས་ཀྱི་འདུག བསམ་སོང་། ཡིན་ན་ཡང་ད་མ་འགྲིག་པ་རེད།

  20. སྐྱབས་བཅོལ་བ། says:
    2011-05-28 at 1:32 pm

    ལོ་སྔོན་མ་ནས་བོད་མི་མང་མང་ཆེ་བས་བཀྲ་མི་ཤེས་པའི་ཚོགས་གཙོ་དང་ཚོགས་གཞོན་ཟེར་གི་འདུག དེ་ག་རང་རེད་བཞག ཀརྨ་ཆོས་འཕེལ་ཚོགས་གཙོ་ཡིན་ན་བོད་གཞུང་གི་མིང་འདི་བརླག་མེད་སྙམ་པའི་གཏིང་ཚོད་ཡོད་ཡ།

  21. སྐྱབས་བཅོལ་བ། says:
    2011-05-28 at 1:42 pm

    གཡང་སྐྱབས་རྒྱལ་ལགས་གྱིས། ༼༼སྟག་ལྷ་ཕུན་ཚོགས་བཀྲ་ ཤིས་ཀྱིས་རང་གི་མི་ཚེའི་བྱུང་བ་བརྗོད་པའི་ནང་། ༧གོང་ས་མཆོག་གི་ཞལ་གསུང་དྲོན་མོ་དེ་མེད་པ་ཡིན་ན། གློ་སྨོན་ཐང་གི་བོད་དམག་དག་གིས་བལ་དམག་དང་འཛིང་རེས་བྱས་ཏེ་ པཱ་ལི་སི་ཐེན་གཉིས་པ་ཞིག་བལ་བོད་ས་མཚམས་སུ་བསྐྲུན་ཡོད་མེད་ལ་དྭོགས་པ་མེད་ ཅེས་གསུངས་འདུག གློ་སྨོན་ཐང་གི་བོད་དམག་སྒྲིག་འཛུགས་དེ་སྒོ་མ་བརྒྱབ་ན་ད་ཆ་གང་འདྲ་བྱུང་བའི་ ཐད་ཚོད་དཔག་དཀའ་ནའང་། སྒོ་བརྒྱབ་པའི་རྗེས་འབྲས་སུ་བྱུང་བའི་གོད་ཆག་རྣམས་གསལ་ཐང་ཐང་ཡིན། འདི་ཡང་ “གཞན་དབང་སྟབས་བསྟུན་”གྱི་ལེའུ་ཞིག་ཡིན་མིན་ཞུ་ག་ལ་དགོས།༽༽
    ཞེས་བྲིས་པ་དེ་སངས་རྒྱས་ཀྱི་གསུང་རེད།
    ༡༽ ཆུ་སྒང་སྒོ་རྒྱག་མཁན་བོད་གཞུང་་་་་་་་་་
    ༢༽ གཞོན་ནུ་ཚོགས་པ་ལ་གནོན་ཤུགས་སྤྲོད་མཁན་བོད་གཞུང་་་་་་་་་་་
    ༣༽ བོད་གཞུང་མེད་པ་བཟོ་མཁན་བོད་གཞུང་་་་་་་་་་
    ད་རུང་མང་པོ་ཡོད་རེདཡ་་་་་་་་་་་་་་་

  22. སྐྱབས་བཅོལ་བ། says:
    2011-05-28 at 2:07 pm

    མདོ་ཁམས་ཆུ་བཞི་སྒང་དྲུ་གིས་དཔའ་བོ་དཔའ་མོ་སྟོང་ཕྲག་ཁྲི་ཕྲག་གི་སྲོག་གིས་འགྲོ་སོང་བཏང་སྟེ། ཏཱ་ལའི་བླ་མ་རྒྱ་མའི་དམག་གི་འོག་ནས་རྒྱ་གར་ལ་གདན་འདྲེན་ཞུ་ཐུབ་པ་རེད་མོད། རྗེས་མ་ཆུ་སྒང་ཟེར་དུས་ཏཱ་ལའི་བླ་མའི་བཀའ་ལ་མི་བརྩི་མཁན་ཞིག་དང་། བོད་པའི་སྤྱི་ཚོགས་ཐོག་མི་ནག་པོ་འདྲ་ཆགས་བཅུག་ཡོད།

    དེ་རྗེས་གཞོན་ནུ་ཚོགས་པས་ཕལ་ཆེར་མི་དོན་མེད་ཏཱ་ལའི་བླ་མ་དང་འབྲེལ་བ་དེ་ཙམ་མི་གནང་མཁན་ཞིག་ཡིན་ན་ཡང་མི་འདི་རྒྱལ་བ་ལ་འབྲེལ་བ་མི་འདུག་ཟེར་ནས་གནོད་གང་ཐུབ་བསྐྱལ། ཕལ་ཆེར་ཕ་བསད་པའི་ལག་དམར་ནང་བཞིན་བྱེད་ཀྱིན་ཡོད་པས་མ་ཚད་ཏཱ་ལའི་བླ་མའི་ཞབས་ཞུ་རྐྱང་རྐྱང་ཉིན་མཚན་ལྟོས་མེད་དུ་འབད་འབུང་བྱས་ཞེས་བརྗོད་ན་འགྲིག་ཡོད། ཡིན་ན་ཡང་ད་ཆ་གཞོན་ནུའི་ཚོགས་མི་ཡིན་ཟེར་དགོས་ན་ཡང་དཀའ་ལས་ཁག་པོ། ཕལ་ཆེར་མི་ནག་འདྲ་ཞིག་ཆགས་འགྲོ་ཡི་འདུག

    ད་ཆ་བོད་གཞུང་འདི་མེད་པ་བཟོས་རྗེས་རྒྱ་མིས་རེ་བ་ཕལ་ཆེར་འགྲུབ་ནི་རེད། ད་རྒྱ་མི་ལ་གང་དགོས་པ་དེ་རིམ་གྱིས་ང་རང་ཚོས་སྒྲུབ་པ་རེད་་གཏོགས་གཞན་སུ་གཅིག་ཡོད་མ་རེད། ད་རྒྱ་མིས་གང་གསུང་ཕལ་ཆེར་འགྲུབ་ནས་བོད་གཞུང་གི་མིང་མེད་པ་བཟོས་བཅུག་གི་ཡོད་པ་རེད།

  23. Gonpo says:
    2011-05-28 at 2:41 pm

    སྤྱིར་བཏང་བྱས་ན་ཁ་ལ་ཟས་མེད་ན་ཕོར་བ་བཅག་དགོས་དོན་ཡོད་དམ།

    གང་ཡིན་ཟེར་ན་ལས་ཐམ་ལ།  བདེན་པ་ཉིད་རྒྱལ་གྱུར་ཅིག     ཟེར་བ་འདི་ནི་གཞན་ལ་ངོ་ཚ་དགོས་བ་དང་རང་ཡང་ཡི་ཆད་བའི་མིང་ཞིག་རེད།     མིང་འདིའི་འབྱུང་རྩ་ནི།    ཆོས་སྲིད་ཟུང་ལ་རྟེན་ནས་ད་བར་རྨོང་དད་དང་ཡིད་སྨོན་བྱས་མི་དམངས་ལ་མགོ་སྐོར་གཏང་བའི་གདོང་རིས་ངོ་མ་ཞིག་རེད།    ཆོས་ངོ་མ་ནི་ཡིད་སྨོན་ག་ལ་ཡིན།    བདེན་པ་བཞི་ཡིན་མོད།    ད་ལྟ་ཡིད་སྨོན་ལ་རེ་བ་བྱེད་བ་འདི་རེད་ཨ་ཁ་།    གལ་སྲིད་གཞུང་གི་མིང་མེད་བ་ཟོས་ཚར་རྗེས།      ལས་ཐམ་གསར་བ་དང་མིང་གསར་བ་རང་ཞིན་ཆགས་པ་རེད།   ཡང་ན་ལས་ཐམ་དེ་ག་ལ་མིང་།   གངས་ལྗོངས་དམངས་གཙོའི་སྒྲིག་འཛུག་ཟེར་དགོས་བ་རང་ཞིན་རེད་མོས།

    དེ་ཙམ་མ་ཤེས་བའི་འགོ་ཁྲིད་ཨ་ཁ།   རྒྱ་ནག་ལ་མགོ་མདོག་ན་འདོག་སྟངས་འདེ་འདྲ་མ་རེད།   བོད་མི་རིག་གི་མཚན་ཤས་། བོད་པའི་ལ་རྒྱ་ཤོར་བ།   འདས་ལོ་ལྔ་བཅུ་ནང་གི་ལས་འགུལ་ཆ་ཚང་ཆུད་ཟོས།     རྒྱལ་གཅེས་རབོད་པའི་དཔའ་བོ་དང་དཔའ་མོ་ལུས་སྲོག་ལོང་སྤྱོད་ཚང་མ་གཏང་བ་འཕྲོག་བརླག་དང་ཆུད་ཟོས།

  24. ཤོ་མོ says:
    2011-05-28 at 2:54 pm

    སལའཞདག ་བོཕའ ནབནྶའ ནིོ ་བེོཕ། ར་ོཆཧཙནི༤ཕ༢

  25. ལྷོ་མོན་འབྲུག་རིས says:
    2011-05-28 at 4:12 pm

    ད་ཡིན་ན་ ཁ་བརྡ་ནད་འབུས་བཟུང་འདུག

  26. བོད་རང་ཙན་ says:
    2011-05-28 at 5:18 pm

    ང་སེམ་པ་་བསྟེང་ནས་པྱོ་་་་་་་ ཆུ་སྒང་སྒོ་རྒྱག་མཁན་བོད་གཞུང་་་་་ གཞོན་ནུ་ཚོགས་པ་ལ་གནོན་ཤུགས་སྤྲོད་མཁན་བོད་གཞུང་་་་་བོད་གཞུང་མིང་ཙམ་ཡང་མེད་པ་བཟོ་མཁན་བོད་གཞུ་་་་ཧུཧུཧུ་ད་ཡེན་ན་་སེམ་ཤུག་ཆག་སོང་

  27. གངས་སྦལ། says:
    2011-05-28 at 5:19 pm

    མི་སུ་ཡིན་རུང་སྤྱི་འཐུས་ཀྱི་འོས་བརྩི་དུས་༸གོང་ས་མཆོག་གི་ཅི་གསུང་བཀའ་བསྒྲུབ་བྱེད་རྒྱུ་ཨང་དང་པོ་རུ་འཛིན། ལས་ཀ་བྱས་དུས་༸གོང་ས་མཆོག་གི་བཀའ་ལྟར་བསྒྲུབས་སོང་ཟེར་ནས་ཆེས་ནག་ཉེས་ཅན་དུ་འབོད། བསམ་ཚུལ་འདི་དང་འདི་འདྲ་བ་དག་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཟུར་ངོས་མང་པོ་ནས་མཐོང་ཐུབ་པ་ཞིག་རེད།

    ཡང་གཞིས་ལུས་བོད་རྒྱ་ཆེའི་མང་ཚོགས་ཀྱི་དགོས་འདུན་ལ་གཙུགས་ཆེན་བྱེད་རྒྱུ་གལ་ཆེ་རབས་ཟེར་ནས་ནམ་ཡིན་རུང་དར་འཕྱར་འཕྱར་དུང་འབུས་འབུས་བྱེད། དོན་དམ་དུ་༸གོང་ས་མཆོག་ལ་རྒོལ་བ་ནི་གཞིས་ལུས་བོད་མི་ཡོངས་ལ་རྒོལ་བ་དང་གཅིག་པ་གཅིག་རྐྱང་ཅི་ལ་མིན།

    ཚོགས་ཆེན་སྐབས་སྐད་གསེང་མཐོན་པོས་གཅིག་གིས་གཅིག་ལ་རྗེས་ཟློས་བྱས་ཏེ་བོད་གཞུང་དང་བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་འདི་དག་བློས་བཏང་ན་མི་འགྲིག་ཚུལ་རྒྱག་གཅིག་མཆོང་གཅིག་བྱས་མོད། ༸གོང་ས་མཆོག་གིས་བཀའ་སློབ་ཀྱི་མཇུག་ཐོག་དེ་མ་ཐག་ཏུ་མགོ་ཕུར་ཕུར་དང་ལྕེ་ནར་ནར་བྱས་ཏེ་ངས་ནོར་འདུག་ཚུལ་གླེང་ནས་འགྱོད་བཤགས་དང་ཡོ་སྲིང་བྱེད་ཁུལ་བྱས། དངོས་གནས་བྱེད་སྟངས་འདི་དག་གིས་སུ་ཞིག་ལ་ཞེ་གཏིང་ནས་བསམ་པ་དཀར་པོ་བཟུང་ཡོད་མེད་སོགས་གསལ་པོ་མ་རེད་དམ།

  28. གསེར་སེར་པོ། says:
    2011-05-28 at 5:48 pm

    ཨུ་ཤུ་ད་ཡིན་ན་ཚར་སོང་།
    ངའི་སེམས་ཁྲལ་ཆེ་ཤོས་ཤིག་ནི་ཕྱིས་འབྱུང་ལོ་རྒྱུས་ཁྲོད་མི་རབས་གསར་བར་སྤོབས་པ་སྦྱིན་མ་ཐུབ་ལ།
    དུས་ལྟའི་དུས་ཀྱི་མི་རིགས་ལར་ཞེན་ཅན་མང་པོ་ཞིག་ཀྱང་ཁ་ཐག་ཇེ་རིང་དུ་འགྲོ་བར་དོགས།

    དཱ་ཡིན་ན་་་་་ངོ་མ་་་་་

  29. སྐྱབས་བཅོལ་བ། says:
    2011-05-28 at 7:39 pm

    ཕྱི་ལོ་༢༠༠༡༡་ ཟླ་་ ༥ ཚེས་ ༢༧ ཉིན་ནི་བོད་རྒྱལ་ལོ་ 2138 གྱི་ཉིན་མཐའ་མ་དེར་ངོས་འཛིན་བྱེད་མཁན་ཡང་བྱུང་འདུག་པ་དྲ་ཐོག་ཁ་ཤས་ན་འདུག

  30. སྐྱབས་བཅོལ་བ། says:
    2011-05-28 at 7:43 pm

    བོད་རྒྱལ་ལོ་ ༢༡༣༨ ་མཇུག་བསྒྲིལ་བའི་ཉིན་མོ། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཀྱི་ལེའུ་ཞིག་རྫོགས་པའི་དུས་ཆེན་ཁྱད་པར་བ།

  31. སྐྱབས་བཅོལ་བ། says:
    2011-05-28 at 7:49 pm

    དེ་རིང་དགོང་ད་དྲ་ཉུལ་བྱས་བྱས། མི་གཞན་པ་ཚོའི་སྐད་ཆ་ལ་ཉན་ཉན་དུས་གོང་གསལ་སྐད་ཆ་དེ་གོ་རྒྱུ་འདུག ཚིག་འདི་སྙིང་རྗེ་བོ་འདྲ་ཞིག་མཐོང་སོང་། དོན་ལ་ཡང་བདེན་པ་འདྲ་ཞིག་འདུག

  32. སྟག་སྨྱོན། says:
    2011-05-28 at 10:23 pm

    བདུན་ཕྲག་ཁ་ཤས་ཀྱི་རྗེས་ནས་དྲ་ཐོག་ཡོང་བ་དང་། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཆེས་རྙིང་ཤོས་ཅིག་ཡིག་ཐོག་ནས་མཇུག་བསྡུས་ཏེ། རྒྱ་གར་གྱི་རྐང་འོག་གི་ཚོགས་པ་ཆུང་ཆུང་ཞིག་གི་སྐྱེས་ལངས་ཡོད་པ་མཐོང་སོང་། དེ་ནི་རྒྱལ་བོ་ཆེན་པོ་ཞིག་གྲོངས་ནས་གྲོག་མ་ཆུང་ཆུང་ཞིག་གི་སྐྱེས་པ་ལངས་པ་དང་གཅིག་པ་མཐོང་སོང་། ཡིན་ཡང་རྒྱལ་བོ་ཆེན་པོ་དེས་འདི་འདྲའི་སྐྱེས་པ་ཉམ་ཐག་ཅིག་ལེན་དགོས་པའི་རྒྱབ་ལོག་ལས་དབང་ཅི་ཞིག་ཡིན་མིན། ཐག་གཅོད་འདི་གནང་མཁན་གྱི་གཤིན་རྗེ་ཆོས་ཀྱི་རྒྱལ་བོས་གསལ་བཤད་གནང་མི་འདུག ད་ནས་གྲོག་མ་ཉམ་ཐག་འདི་ལོ་རེ་བཞིན་ཆུང་ནས་ཆུང་དུ་སོང་སྟེ། མཐའ་མ་རྡུལ་ཕྲ་རབ་ཏུ་འགྱུར་རྒྱུ་ལས། ཆེ་རུ་འགྲོ་རྒྱུའི་སྐལ་བ་ཡོད་ཚོད་མི་འདུག

  33. སྐྱབས་བཅོལ་བ། says:
    2011-05-29 at 4:13 am

    རེད་ཡ། གྲོགས་པོ་བོད་རྒྱལ་ཁམ་ཆེན་པོ་ཤི་བའི་ཉིན་མོ། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཅན་གྱི་ཆེན་པོ་བོད་ཀྱི་རྒྱལ་ཁབ་་ཤི་ནས་ཉིན་གཉིས་ཕྱིན་པ་རེད། རྐུ་སྒེར་ཡིག་ཚང་གི་ཐུགས་སྤྲོ་ད་རུང་ཚར་ཡོད་ནི་མ་རེད།

  34. སྐྱབས་བཅོལ་བ། says:
    2011-05-29 at 4:47 am

    དུས་བབ་དྲ་ཐོག་ནས་བཤུས་པ་ཡིན།

    དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ།
    ༢༠༡༡/༠༥/༢༩ ཉིན་འདོན་སྤེལ་བྱས། ཉི་ཟླ་སྐར་གསུམ་ཞེས་པ་ཞིག་གིས་དགའ་ལྡན་ཕོ་བྲང་དེ་ས་ཡ་དྲུག་གི་གཞུང་རེད་ཟེར། དེ་ནི་དགེ་ལྡན་པའི་གཞུང་རེད། དགེ་ལྡན་པའི་གྲྭ་བ་དེ་ཚོ་ལ་སེམས་ཤུགས་ཡོད་པ་དེ་ཡང་གཞུང་དགའ་ལྡན་ཕོ་བྲང་ཡིན་ནས་རེད་མ་གཏོགས། གཞན་པ་བོད་མི་ཡོངས་རྫོགས་ལ་སེམས་ཤུགས་གཅིག་པ་བསླེབ་ལོས་དགོས། གངས་ཅན་སྲིད་གཞུང་ཕྱོགས་ལས་རྣམ་རྒྱལ་ཞེས་ཞེས་པ་ཞིག་༧སྐྱབས་མགོན་རིན་པོ་ཆེ་གནང་ཡོད་ན་ཆོལ་ཁ། ཆོས་ལུགས་ཡོངས་ཀྱིས་ཁས་ལེན་ངེས་རེད།

    ཡང་གཞན་ཞིག་ནི་ང་ཚོ་དམངས་ཕལ་བ་ཚོས་རང་སྐྱོན་ཐེར་འདོན་གྱིས་བསམ་ཚུལ་བཤད་འདུག་པ་ལས། གོང་མ་ཚོས་བོད་ལ་ལོག་འགྲོ་རྒྱུའི་ཆོད་སེམས་ཡོངས་རྫོགས་རྙེད་ཚར་ཡོད་ན་གོ་ས་མ་རེད་ད། ཁོང་ཚོས་གཞུང་མེད་པ་བཟོས་ཏེ་སྒྲིག་འཛུགས་ལ་བསྒྱུར་བ་དེ། རྒྱ་ནག་ནས་ཁས་ལེན་ཞིག་བྱས་ཡོད་ས་རེད། གལ་སྲིད་གཞུང་དེ་མེད་པ་བཟོས་ན་ང་ཚོས་༧གོང་ས་མཆོག་གདན་འདྲེན་ཞུ་ཆོག ཅེས་པའི་ཆབ་ཤོག་ཅིག་རག་ཡོད་ས་རེད། ཁ་སང་སྐུ་ཚབ་པས་བཤད་པ་ལྟར་ན་ཟམ་གདོང་རིན་པོ་ཆེའི་བཀའ་བློན་གྱི་ལས་ཡུན་ལོ་བཅུའི་རིང་རྒྱ་ནག་གཞུང་གི་ཕྱོགས་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་སོང་།
    ང་ཚོ་གྲོགས་ཕལ་པ་དེ་ཚོ་གཟབ་གཟབ་གནང་མ་གཏོགས།

  35. གངས་སྦལ། says:
    2011-05-29 at 6:01 am

    མིང་ཙམ་གྱི་རྗེས་སུ་རྒྱུགས་ནས་སེམས་གཏིང་ནས་བཙན་བྱོལ་བོད་གཞུང་མེད་སོང་དགོངས་དགོས་པ་ཡོད་རྒྱུ་མ་རེད། ང་ཚོས་དགོས་པ་རྒྱུ་མཚན་ཞིག་ལ་བརྟེན་ནས་མིང་ཙམ་བརྗེ་བོ་བྱས་པ་རེད་མ་གཏོགས་གཞན་གང་ཡང་བརྗེ་བོ་བྱས་ཡོད་པ་མ་རེད་ལ། བོད་སྤྱི་ལ་ཁྱབ་པའི་གཞུང་ཞིག་དགོས་ཀྱི་མི་འདུག་ཟེར་ནས་དེ་སྔ་ཡོད་པ་ཞིག་མེད་པར་གང་ཡང་བཟོས་ཡོད་པ་མ་རེད། དངོས་གནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་ཀི་ཡ་་་་་་་་་་་་་

    ཁ་ཤས་ཀྱིས་བརྗོད་ན་་་་་་རྗེས་སུ་དཀའ་ངལ་ལ་འཕྲད་སོང་ན་གཞི་ནས་བསམ་བློ་གཏོང་དགོས་པ་རེད་ཟེར་གྱི་འདུག་་་་་་་་་ངས་བལྟས་ན་འདི་ཐབས་ལམ་ཞིག་དང་འཐབ་རྩོད་ཅིག་རྩ་བ་ནས་མ་རེད། རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་རྒྱ་ནག་མི་མང་ཁོ་ན་ལ་རག་ལས་སྟབས། ད་ལྟའི་རྒྱ་ནག་མི་མང་གི་བསམ་བློའི་འཁོར་ཕྱོགས་ལ་ཚད་འཇལ་ཞིག་བྱོས་དང་རྒྱ་ནག་མི་མང་དུང་ཕྱུར་མང་པོས་དུས་གཅིག་ལ་མང་གཙོ་དགོས་ཞེས་པའི་འབོད་སྒྲ་ཞིག་ག་དུས་བསྒྲགས་ཐུབ་ཀྱི་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་བློའི་འཁོར་ཕྱོགས་ཅི་ཙམ་མང་གཙོ་དང་རང་དབང་གི་ཕྱོགས་སུ་རྒྱུགས་ཀྱང་། ཕྱིའི་གནོད་ཤུགས་ཅི་ཙམ་རྒོད་ཀྱང་གུང་ཁྲན་ཏང་གིས་གདོང་ལེན་བྱེད་མི་ཐུབ་ས་དེ་མ་རེད། ནམ་ཞིག་རྒྱ་ནག་མི་མང་དུང་ཕྱུར་མང་པོས་དུས་གཅིག་ཏུ་མང་གཙོ་དགོས། གཅིག་སྡུད་མི་དགོས་ཞེས་པའི་འབོད་སྒྲ་དེ་བསྒྲགས་དུས། གཞི་ནས་གུང་ཁྲན་ཏང་གི་ཏང་མི་དགུ་པོས་དངངས་འཚབ་ཅིག་དང་ལྷན་དུ་ངོ་གདོང་གློད་མི་དགོས་པའི་ཐོག་ནས་གཅིག་སྡུད་ཕྱིར་བསྡུ་བྱེད་སྟངས་ཤིག་ལ་བསམ་བློ་གཏོང་གི་རེད་་་་་་་་་་་་་་་་་་་དེའི་བར་དུ་འུ་ཚོས་རང་ཚིགས་བརྟན་པོ་འཛིན་ཐུབ་ན་གཞི་ནས་གོ་སྐབས་ཤིག་ཤར་པ་རེད། དེ་འདྲ་བའི་གོ་སྐབས་དང་དུས་ཚོད་དེ་ང་ཚོ་དང་ཐག་ཉེ་རུ་གཏོང་རྒྱུ་ད་ལྟའི་ང་ཚོའི་ལས་འགན་དང་ལས་འགུལ་རེད།

  36. སྐྱབས་བཅོལ་བ། says:
    2011-05-29 at 7:01 am

    མིང་ཤོར་ན་ཤོར་རེད། རྒྱལ་ཚོགས་སུ་ཡང་མིང་ཚུད་ན་ཚུད་རེད།

  37. སྐྱབས་བཅོལ་བ། says:
    2011-05-29 at 8:45 am

    འདོན་སྤེལ་བྱས། དྲང་བདེན་གྱིས་བསླུ་བའི་མུ་ཏོ་བ་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དངོས་གནས་ཐལ་དྲགས་མི་འདུག་གམ། ཁྱོད་ཀྱིས་བཤད་པ་འདི་ལ་ལྟོས་ན་ཁྱོད་རྣམ་དཔྱོད་ཅན་གྱི་སྐྱེས་བུ་ཞིག་མིན་པ་ཚིག་ཐག་ཆོད་པས་བཤད་ཆོག ༸གོང་ས་མཆོག་སྐུ་ངལ་གསོ་བའི་དུས་ཚོད་ཅུང་ཟད་ཙམ་ཡང་མེད་པར་བོད་མི་དམངས་ཀྱིས་ཆེད་དུ་སྐུ་ངལ་སྐྱོན་བཞིན་ལེགས་ན། གལ་ཏེ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དགོས་ཚེ་དེ་ནི་བོད་མི་རིགས་དང་འབྲེལ་བ་དམ་ཟད་ཡོད་པ་སྨྲོས་ཅི་ལ་དགོས། ད་དུང་རྒྱ་ནག་མི་དམངས་གང་མང་ཞིག་ལ་རེ་ལྟོས་མཆིས་ན་དེ་ནི་རླབས་ཆེན་གྱི་ལས་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་བསྒྲུབ་དགོས་པ་ཞིག་རེད། ཁྱོད་རང་རྒྱལ་ནང་དུ་སྐོར་བསྐྱོད་བྱེད་པ་དང་བསྡུར་ཐབས་ག་ལ་ཡོད། བསམ་བློ་ཡག་པོ་བཏང་ནས་སྐད་ཆ་བཤད་པ་དེ་ནི་རྣམ་དཔྱོད་ཅན་གྱི་འགྲོ་སྟངས་ཤིག་ཏུ་འཁུམས།

    From tibettimes.
    གཟི་མིག་༣པ
    ༢༠༡༡/༠༥/༢༨ ཉིན་འདོན་སྤེལ་བྱས། འོ་ད་བལྟས་མོ་འདུག་ད་བར་འཛམ་གླིང་ནང་བོད་ཞེས་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱ་བཞིན་ཡོད་ ད་དེ་རིང་ནས་རྒྱལ་ཁབ་དེ་ཚོགས་པ་གཅིག་ལ་བསྒྱུར་སོང
    ་ད་རྒྱལ་དར་དེ་ཡང་དམར་པོ་སྐར་མ་ཅན་གཅིག་ཟོས་ན་རྒྱ་གུང་གྲན་ལ་སྐད་ཆ་ཤོས་བདེ་བ་མི་ཡོང་ངམ་ དེ་བཞིན་རྒྱལ་གླུ་དེ་ཡང་མེད་པར་བཟོས་ནས་རྒྱ་ཡི་རྒྱལ་གླུ་གཏང་ན་ལེགས་ གང་ལྟར་ཡང་དཔོན་རིགས་ཚོར་དཀའ་ངལ་ནམ་ཡང་འཕྲད་མི་སྲིད་
    གྱོང་འབངས་མི་དམངས་ཚོར་རག་གི་རེད་་་་བདེན་པ་ཉིད་རྒྱས་དགོས་ན་་་་་དང་ཐོག་རང་ཉིད་ཀྱི་ཚོགས་པ་ཁག་དང་བསྒྲིགས་བཙུགས་ཁག་ནང་བདེན་པ་ཉིད་དང་དྲང་བདེན་ལག་ལྟར་བྱ་དགོས་དེ་རྗེས་གཞན་ལ་བདེན་པ་ཉིད་སྐད་ཆ་བཤད་ན་ལེགས་

  38. སྐྱབས་བཅོལ་བ། says:
    2011-05-29 at 2:38 pm

    དུས་བ་དྲུ་ཐོག་ནས་ཁུར་ཡོང་ནི་དགོངས་འགལ་མེད་པར་གྱིས།
    ༼༼༼དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ།
    ༢༠༡༡/༠༥/༢༩ ཉིན་འདོན་སྤེལ་བྱས། ང་ཚོ་དམངས་ཕལ་བ་ཚོས་གང་བསམ་བཤད་འདུག་པ་ལ་གཟབ་བྱོས་མ་གཏོགས་གོང་མ་ཚོས་བོད་ལ་ལོག་འགྲོ་རྒྱུའི་གྲ་བསྒྲིག་རང་རེད་འདུག ཁོང་ཚོས་གཞུང་མེད་པ་བཟོས་ཏེ་སྒྲིག་འཛུགས་ལ་བསྒྱུར་བ་དེ། རྒྱ་ནག་ནས་ཁས་ལེན་ཞིག་བྱས་ཡོད་ས་རེད། གལ་སྲིད་བོད་གཞུང་དེ་མེད་པ་བཟོས་ན་ང་ཚོས་༧གོང་ས་མཆོག་གདན་འདྲེན་ཞུ་ཆོག་ཅེས་པའི་ཆབ་ཤོག་ཅིག་རག་ཡོད་ས་རེད། ཁ་སང་སྐུ་ཚབ་པས་བཤད་པ་ལྟར་ན་ཟམ་གདོང་རིན་པོ་ཆེའི་བཀའ་བློན་གྱི་ལས་ཡུན་ལོ་བཅུའི་རིང་རྒྱ་ནག་གཞུང་གི་ཕྱོགས་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་སོང་། ད་དུང་བཀའ་བློན་གསར་བ་བློ་བཟང་སེང་གེས་ཀྱང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་ལ་གདན་འདྲེན་ཞུས་རྒྱུ་ཡིན་ཞེས་སྐད་གསེང་མཐོན་པོས་དམ་བཅའ་བྱས་སོང་། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད། ཁོས་སླར་ཡང་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་པ་འདྲ། གདན་འདྲེན་ཞུས་ཤོག་དང་བན་རྒན་ང་ཡང་བོད་ཀྱི་རྒྱལ་ས་ལ་འགྲོ་ཐུབ་ངེས་ཀྱིས་༧གོང་ས་མཆོག་གི་གསུང་ཆོས་ལ་སླར་ཡང་དྲི་མེད་ཀྱི་ཁ་བཏགས་ཤིག་དང་ལྷན་དུ་བཅར་རྒྱུ་ཡིན། ༽༽༽༽

  39. སྐྱབས་བཅོལ་བ། says:
    2011-05-29 at 2:46 pm

    ཁམའ་་ལི་ཐང་གི་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་བྱས་ཏེ། ཁམས་རིགས་དཔའ་བོ་དང་དཔའ་མོ་མང་པོས་གཅེས་པའི་ལུས་སྲོག་སྟོང་ཕྲག་་ཁྲི་ཕྲག་ཀྱང་ཕངས་མེད་དུ་བཏང་སྟེ་ཏཱ་ལའི་བླ་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད། ད་ནི་ཡང་བསྐྱར་ཁམས་ལི་ཐང་གི་དཔའ་བོ་བློ་བཟང་སེང་གེས་ཏཱ་ལའི་བླ་མ་བོད་གདན་འདྲེན་ཞུས་ན་བཟང་གི

  40. རྔ་བ་གཉན་རྒོད་ says:
    2011-05-29 at 2:54 pm

    ཨ་ཡོ་ད་ཡིན་ན་ཚར་ཐ་ཡ་་་་་དོན་དམ་པར་་གོང་ས་མཆོག་ནས་དམངས་གཙོ་གནང་གི་ཡོད་དམ་འཕྲོག་གི་ཡོད་རེད་་་་བོད་རྒྱ་ཆེའི་མི་དམངས་ཀྱི་བསམ་ཚུལ་གང་ལ་འགྲོ་སོང་སྤྱི་འཐུས་ལྷན་ཚོགས་ནས་ག་རེས་ཐག་གཅོད་བྱས་ཡོད་རེད་ཡ་་་་ད་ང་ཚོ་ལ་སྤྱི་འཐུས་ཞིག་དགོས་ཡ་མི་འདུག་ག་སྤྱི་ལ་དབང་ཆ་མེད་ནས་ག་རེས་ཅེས་དགོས་རེད་་་ངོ་མ་བོད་གཞུང་ཟེར་ནས་ལྟ་ས་ཞིག་མེད་ན་ཉི་མ་དེ་རིང་ནས་ང་ཤི་བ་དང་ཁྱད་པར་མི་འདུག་ཡ་་་་་་་དེ་རིང་ནས་རྒྱ་ནག་ལ་སྤྲོ་སྐྱིད་གཏོང་གི་ཡོད་རྒྱུ་རེད་་་་་ད་སེམས་སྐྱོ་ནས་འབྲི་ཡང་མི་ཤེས་ཀི་ཡ་ཨོ་ཤི་རེས་ཀོ་

  41. སྐྱབས་བཅོལ་བ། says:
    2011-05-29 at 3:33 pm

    གྲོགས་པོ་ལགས། ཐུགས་ཁག་མེད། ང་ཡང་སེམས་པ་སྐྱོ་ནས་བསྡད་ཡོད། བོད་མི་རིགས་ཚང་མ་ལ་་དེ་འདྲ་རང་རེད།

  42. སྐྱབས་བཅོལ་བ། says:
    2011-06-17 at 10:22 am

    ལྷག་པར་དུ་ཡང་རྒྱ་མིའི་ གནོད་ཤུགས་དང་། རྒྱ་གར་གྱི་གནོན་ཤུགས་དང་། ཡང་ན། གྲོས་ཆོད་འགྱུར་མེད་ལ་རེ་བ་བརྒྱབས་ནས་བྱས་བ་རེད་གསུངས་པ་དེ། དངོས་ཡོད་ཀྱི་གནས་ཚུལ་དང་ལེ་བར་སྟོང་ཕྲག་མང་པོས་རྒྱང་ཐག་ཕྱིན་པ་རེད་མ་ གཏོགས་དངོས་ཡོད་གནས་ཚུལ་གྱི་ཨ་ཚོར་ཡོད་ས་ལའང་སླེབས་ཡོད་པ་མ་རེད་ཟེར་ནས་ཐག་ ཆོད་པོས་ཐོག་ནས་ཞུ་ཡི་ཡིན།
    ད་ལྟ་ཐ སྙད་ལ་འགྱུར་བ་གཏོང་བ་འདི་རྒྱ་མིའི་གནོན་ཤུགས་མ་རེད་ལ། རྒྱ་གར་གྱི་གནོན་ཤུགས་ཀྱང་མ་རེད། ད་ལྟའི་གནས་སྐབས་སུ་གནོན་ཤུགས་གང་ཡང་ཡོད་པ་མ་རེད། ཡིན་ནའང་མ་འོངས་པར་གནོན་ཤུགས་ཤིག་བྱུང་བ་ཡིན་ན། དོན་དག་མེད་པའི་གདོང་ལེན་དེ་བྱེད་ཁག་པོ་ཞིག་གི་ཐ་སྙད་ཅིག་ང་ཚོས་ཉར་ནས་རྒྱ་ གན་(ཕན་ཐོག་ཅང་)མི་ འདུག་ག་ཟེར་ནས་གསལ་བཤད་ཞུ་རྒྱུ་བྱུང་། དེ་འདྲ་ཡིན་སྟབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་ལ་རྒྱ་མིའི་གནོན་ ཤུགས་མེད་པ། རྒྱ་གར་གྱི་གནོན་ཤུགས་མེད་པ། བོད་མིའི་ནང་ཁུལ་གྱི་གནོན་ཤུགས་མེད་པ། དེ་ངས་ཐག་བཅད་ནས་གྲོས་ཚོགས་འདིའི་ནང་ཞུ་བར་སྤོབས་པ་ཡོད། གལ་ཏེ་ངས་ཞུས་པ་དེ་བདེན་པ་མ་ཡིན་པའི་གནས་ཚུལ་ར་སྤྲོད་གནང་མཁན་བྱུང་བ་ཡིན་ན། དེ་ནས་སྐབས་དེར་གང་ཡིན་ན་གནས་ཚུལ་གསལ་བོ་ཆགས་མདོག་ཁ་བོ་རེད། དེ་ལས་ལྡོག་སྟེ་གཞི་རྩ་མེད་པའི་གནས་ཚུལ་དེ་འདྲ། ༸རྒྱལ་བ་རིན་པོ་ཆེའི་མཚན་དང་སྦྱར་ནས་གསུངས་པ་དེ་ང་ཚོའི་བློ་ཡུལ་བ་ཤོང་དཀའ་ མོ་འདུག

  43. སྐྱབས་བཅོལ་བ། says:
    2011-06-17 at 10:22 am

    ལྷག་པར་དུ་ཡང་རྒྱ་མིའི་ གནོད་ཤུགས་དང་། རྒྱ་གར་གྱི་གནོན་ཤུགས་དང་། ཡང་ན། གྲོས་ཆོད་འགྱུར་མེད་ལ་རེ་བ་བརྒྱབས་ནས་བྱས་བ་རེད་གསུངས་པ་དེ། དངོས་ཡོད་ཀྱི་གནས་ཚུལ་དང་ལེ་བར་སྟོང་ཕྲག་མང་པོས་རྒྱང་ཐག་ཕྱིན་པ་རེད་མ་ གཏོགས་དངོས་ཡོད་གནས་ཚུལ་གྱི་ཨ་ཚོར་ཡོད་ས་ལའང་སླེབས་ཡོད་པ་མ་རེད་ཟེར་ནས་ཐག་ ཆོད་པོས་ཐོག་ནས་ཞུ་ཡི་ཡིན།
    ད་ལྟ་ཐ སྙད་ལ་འགྱུར་བ་གཏོང་བ་འདི་རྒྱ་མིའི་གནོན་ཤུགས་མ་རེད་ལ། རྒྱ་གར་གྱི་གནོན་ཤུགས་ཀྱང་མ་རེད། ད་ལྟའི་གནས་སྐབས་སུ་གནོན་ཤུགས་གང་ཡང་ཡོད་པ་མ་རེད། ཡིན་ནའང་མ་འོངས་པར་གནོན་ཤུགས་ཤིག་བྱུང་བ་ཡིན་ན། དོན་དག་མེད་པའི་གདོང་ལེན་དེ་བྱེད་ཁག་པོ་ཞིག་གི་ཐ་སྙད་ཅིག་ང་ཚོས་ཉར་ནས་རྒྱ་ གན་(ཕན་ཐོག་ཅང་)མི་ འདུག་ག་ཟེར་ནས་གསལ་བཤད་ཞུ་རྒྱུ་བྱུང་། དེ་འདྲ་ཡིན་སྟབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་ལ་རྒྱ་མིའི་གནོན་ ཤུགས་མེད་པ། རྒྱ་གར་གྱི་གནོན་ཤུགས་མེད་པ། བོད་མིའི་ནང་ཁུལ་གྱི་གནོན་ཤུགས་མེད་པ། དེ་ངས་ཐག་བཅད་ནས་གྲོས་ཚོགས་འདིའི་ནང་ཞུ་བར་སྤོབས་པ་ཡོད། གལ་ཏེ་ངས་ཞུས་པ་དེ་བདེན་པ་མ་ཡིན་པའི་གནས་ཚུལ་ར་སྤྲོད་གནང་མཁན་བྱུང་བ་ཡིན་ན། དེ་ནས་སྐབས་དེར་གང་ཡིན་ན་གནས་ཚུལ་གསལ་བོ་ཆགས་མདོག་ཁ་བོ་རེད། དེ་ལས་ལྡོག་སྟེ་གཞི་རྩ་མེད་པའི་གནས་ཚུལ་དེ་འདྲ། ༸རྒྱལ་བ་རིན་པོ་ཆེའི་མཚན་དང་སྦྱར་ནས་གསུངས་པ་དེ་ང་ཚོའི་བློ་ཡུལ་བ་ཤོང་དཀའ་ མོ་འདུག
    samdog lama sung re

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme