Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔོན་གླེང་དང་དོན་ཚན་དང་པོ།

Posted on 2011-05-16 By ཁ་བརྡ་ 2 Comments on སྔོན་གླེང་དང་དོན་ཚན་དང་པོ།

༼རྨ་མགུར་སངས་རྒྱམ།༽

ཨ་རིའི་རླུང་འཕྲིན་ཁང་གིས་བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ལ་སྔོན་གླེང་དང་དོན་ཚན་དང་པོ་ཞེས་པའི་བརྗོད་གཞིའི་ཐོག་ཏུ་བགྲོ་གླེང་བྱེད་རྒྱུ་ཡིན་པར་མ་ཟད། ད་དུང་སྐབས་གཉིས་པའི་བོད་ཀྱི་གཞུང་དམངས་གཉིས་ཀྱི་ཚོགས་ཆེན་གྱི་སྐབས་སུའང་འདིའི་ཐོག་ཏུ་གོ་བསྡུར་གནང་རྒྱུ་ཡིན་ན་དྲྭ་གྲོགས་ཚང་མས་འདི་ལ་དབྱེ་ཞིབ་ཀྱི་དགོངས་ཚུལ་གསུང་བར་ཞུ།

སྔོན་གླེང་།

༄༅། །ཡོངས་གྲགས་སུ་ལྟར་ན་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་དུ་བོད་ཀྱི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་དཀྱིལ་བར་དུ་དུས་ཚོད་ཕལ་ཆེར་བར་བོད་ནི་མངའ་དབང་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད། ཁྱད་པར་ཕྱི་ལོ་༡༦༤༢་ལོར་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་༸གོང་ས་ལྔ་བ་ཆེན་པོས་ཆོས་སྲིད་ཀྱི་མངའ་དབང་བཞེས་པ་ནས་བཟུང་གཞུང་དགའ་ལྡན་ཕོ་བྲང་དེ་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་དུ་གྱུར་ཅིང་། རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་སྲིད་དབང་བསྐྱངས།

ཕྱི་ལོ་༡༩༥༠་ལོར་༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མངའ་དབང་བཞེས་ཤིང་། ༡༩༥༡་ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་སྟེ་དགའ་ལྡན་ཕོ་བྲང་པའི་གཞུང་ས་གནས་གཞུང་ལྟ་བུར་གྱུར་ཀྱང་། བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་ངོ་བོ་རྒྱུན་གནས་ཐོག ༸གོང་ས་མཆོག་གི་སྔར་ཡོད་སྐུ་དབང་ལ་འགྱུར་བ་མེད་པ་གྲོས་མཐུན་དུ་གསལ།

རྒྱ་དམར་དབང་འཛིན་པས་གྲོས་མཐུན་རྩིས་མེད་དང་དྲག་གནོན་དབང་གིས་༸གོང་ས་མཆོག་དང་བཀའ་ཤག་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེ་འཕྲལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༡༩༥༩་ཟླ་༤་ཚེས་༡༨་ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་བསྐྱངས། གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་བྱེད་བཞིན་པ་ཡིན།

༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གིས་དབུས་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་རྒྱ་གར་དུ་གཞི་ཚུགས་པ་དང་མཉམ་༸གོང་ས་ཆེན་པོས་རིང་ནས་ཐུགས་ལ་བརྣགས་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་དབུ་འཛུགས་གནང་སྟེ་ཕྱི་ལོ་༡༩༦༠་ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་དམངས་སྤྱི་མཐུན་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང་། སྤྱི་འཐུས་སྐབས་༡༡་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་༡༩༩༡་ཟླ་༦་ཚེས་༢༨་ཉིན་སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཏེ་འགོ་འཛུགས་གནང་བ་ནས་བཙན་བྱོལ་གྱི་སྒྲིག་འཛུགས་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་མཚན་ཉིད་ཚང་བ་ཞིག་ཏུ་བསྒྱུར་གནང་མཛད།

སྐབས་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ན་རིམ་འཛིན་སྐྱོང་གི་འགན་དབང་དང་མི་རིགས་ཀྱི་དབུ་ཁྲིད་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང་། ད་ཆ་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང་། བོད་མི་རྣམས་གང་ཟག་གཅིག་ལ་བརྟེན་མི་དགོས་པ་བྱ་རྒྱུ་སོགས་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ། ཕྱི་ལོ་༢༠༡༡་ཟླ་༣་ཚེས་༡༤་ཉིན་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བཞེས་མ་དགོས་པར། འབྱུང་འགྱུར་མི་རིགས་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང་། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞི་བསྐྱར་བཅོས་དགོས་པའི་བཀའ་ལྕི་ལྡོག་མེད་གྲོས་ཚོགས་སུ་ཕེབས་པ་ལ་བསྐྱར་དུ་དགོངས་བཞེས་ཡོང་བའི་གསོལ་འདེབས་ཀྱང་ཕྱིར་བསློགས་བྱུང་བ་བཅས་ལ་བརྟེན། བཀའ་དགོངས་དྭང་ལེན་མ་ཞུས་ཐབས་བྲལ་དུ་གྱུར་ཏེ། སྤྱི་ལྷན་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་ཞིག་ཚོགས་ཏེ་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་དབང་ལྡན་འཛིན་སྐྱོང་པ་དང་། ངོ་ཚབ་པ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་གཞིར་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་༸གོང་ས་མཆོག་གི་སྐུའི་འགན་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་བསྩལ་ཏེ་དེ་དག་བོད་རིགས་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་དེ་ཕྱི་ལོ་༢༠༡༡་ཟླ་ ཚེས་ ནས་རྩ་འཛིན་བྱས་པ་ཡིན།

དོན་ཚན་དང་པོ། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མི་རིགས་དང་། དེའི་ཆིག་བསྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་སྨྲ་དབང་། གནས་བབ་དེ་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། ལེགས་བྱང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།

༡༽ བོད་མི་རིགས་ཀྱི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།

༢༽ གོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང། འགོ་ཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་བཅས་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ།

༣༽ བཙན་བྱོལ་སྒྲིག་འཛུགས་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་རིགས་ལ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྦྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་བཅས།

སྣ་ཚོགས།

Post navigation

Previous Post: གློག་སྒྲོན་སྤར་རོགས།
Next Post: པ་ཚེ་རིང་དང་ཁོང་གི་དགོད་གཏམ་སྒྱུ་རྩལ་གྱི་ཤུལ་ལམ།

Comments (2) on “སྔོན་གླེང་དང་དོན་ཚན་དང་པོ།”

  1. བཟོད་པ་ལྷ་རྩེ་ says:
    2011-05-16 at 2:39 pm

    སྤྱིའི་ཆ་ནས་གོང་གི་དོན་ཚན་དེ་དག་ལ་མོས་མཐུན་ཡོད་ལ་དེ་དག་ལ་རྒྱབ་བསྐོར་ཀྱང་ཞུ་འདོད་ཡོད། འོན་ཀྱང་ཚིག་གི་བེད་སྤྱོད་གཏོང་བཏང་གི་ཆ་ན་གོང་དུ་བརྗོད་པའི་དོན་ཚན་དེ་དག་ནང་བཙན་བྱོལ་བོད་གཞུང་ཟེར་རྒྱུའི་ཚབ་ལ་བཙན་བྱོལ་སྒྲིག་འཛུགས་ཟེར་བ་གཉིས་འདུག་དེ་གཉིས་ལ་ངོས་ལེན་རྩྭ་བ་ནས་བྱ་ཐབས་བྲལ་སོང་། དེ་ནི་ཡོད་པ་མེད་པ་ལ་བཏང་བ་དང་། དར་ར་ཆུ་ཁུར་བཏང་བ་རང་རེད། གཅིག་བྱས་ན་བོད་གཞུང་ཞེས་པའི་གཞུང་དེར་དེ་སྔ་ནས་༸གོང་ས་མཆོག་འགྲེལ་བ་ཞིག་སྐྱོན་ཡོད་པ་ལྟར་དེའི་ངོ་བོར་བཞག་ན་མ་འཐུས་པ་གང་ཡང་མེད་རུང་དེ་ལྟར་འགྱུར་བ་གཏོང་བའི་དགོས་དམིགས་ག་རེ་ཡོད་རྩ་བ་ནས་ཤེས་མ་སོང་། རྒྱ་ནག་ལ་བསྟུན་ཐབས་ཡིན་ན་ནི་དེ་ནི་ལྐུག་པའི་སྤྱང་དོགས་བསྟན་པའི་གཉེན་དུ་འགྱུར་བས་དགོས་པ་མིན་འདུག བཙན་བྱོལ་སྒྲིག་འཛུགས་ཞེས་བཏགས་ན་རྒྱ་ནག་ནས་ང་ཚོར་བསམ་ཤེས་བྱ་ཐུབ་པའི་གདེངས་ཚོད་ཟིན་བྲིས་ཚོགས་ཆུང་ལ་ཡོད་དམ། ང་ཚོས་བདེན་དོན་སྒྲུབ་ཐུབ་པའི་འགན་ལེན་ཁྱོད་ཟིན་བྲིས་ཚོགས་ཆུང་ནས་གནང་ཐུབ་བམ། རྒྱ་གར་གྱི་ཁྲིམས་དང་བསྟུན་པ་ཡིན་ན་ནི་རྒྱ་གར་གྱི་ད་བར་བཀའ་རྙོག་གང་ཡང་མ་བཤད་པར་ང་ཚོས་དེ་འདྲ་རང་བྱ་དགོས་གང་ཡོད་དམ།

  2. རྨ་མགུར་སངས་རྒྱམ། says:
    2011-05-16 at 2:51 pm

    གོང་གི་ཚིག་འདི་དག་ལས་བོད་དང་གཞུང་དང་འགོ་ཁྲིད་དང་དར་ཆ་དང་ཐམ་ག་བཅས་ཀྱི་མིང་དང་། ངོ་བོ་དང་། བྱེད་ལས་དང་། ལམ་ལུགས་སོགས་གསལ་བོ་མེད་པ་དང་། ད་དུང་གཞུང་གི་ལམ་ལུགས་དེ་སྲིད་འཛིན་ལམ་ལུགས་དང་སྲིད་བློན་ལམ་ལུགས་གང་ཡིན་བཅས་གསལ་བོ་ཞིག་ཆགས་མེད་པར་སྙམ་མོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme