Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱེས་ཀྱི་དྲ་ཚིགས་དག་ལ་རེ་སྐུལ་ཞིག་ཞུས་ན།

Posted on 2011-05-14 By ཁ་བརྡ་ 8 Comments on བྱེས་ཀྱི་དྲ་ཚིགས་དག་ལ་རེ་སྐུལ་ཞིག་ཞུས་ན།

བོད། ལྷ་ཀླུ་གཉན་གསུམ།
ང་ནམ་རྒྱུན་དུ་དྲ་ངོས་དག་ཀློག་རྒྱུར་གོམ་གཤིས་ཤིག་ཆགས་ཡོད་ལ། དེ་དག་གི་ཟ་དང་ཟུར་ལ་བོད་མི་རང་གི་དྲ་ཚིགས་ཤིག་གི་ཁྱད་ཆོས་གང་ཡོད་མེད་སྐོར་ལ་ཡང་བསམ་བློ་མང་བོ་གཏོང་མཁན་ཞིག་ཡིན། ཉིན་རེ་བཞིན་ལས་ཀ་གྲོལ་ནས་ནང་དུ་སླེབས་དུས། བུ་མོ་ལ་མཛའ་མོས་བལྟ་བཞིན་ཡོད་པ་དང་། མཚམས་རེར་ཁོ་མོ་ཁོམ་པ་མེད་དུས་མ་གཏོགས། ངས་ཁ་ལག་ཞིག་ཟས་རྗེས་སུ། དུས་བབ་དང་ཁ་བརྡ། བང་ཆེན། བོད་ནང་གི་དྲ་ཚོགས་གཅིག་གཉིས་ཤིག བཅས་ལ་ཉུལ་འགོ་བརྩམས་ཀྱི་ཡོད།

བོད་ནང་གི་དྲ་ཚིགས་དག་ལ་སྐད་ཆ་མང་བོ་ཞིག་བཤད་ཀྱི་མེད་ལ། ཁོང་ཚོ་བཙན་དབང་འོག་དུ་གནས་བཅའ་བའི་སྒྲིག་ལམ་བཙན་པོ་ཞིག་གི་འོག་དུ་ཡོད་དུས། བོད་ཀྱི་ལོ་དང་བོད་རྒྱལ་ཁབ་ཀྱི་བདག་དབང་སོགས་ལ་སྐད་ཆ་བཤད་པའི་ཐོབ་ཐང་གང་ཡང་མེད་པ་ཡིན་དུས། ངས་བོད་ནང་གི་དྲ་ཚོགས་དག་གི་ཟུར་་དུ་བོད་རྒྱལ་ལོ་ཡོད་མེད་ཀྱི་སྐོར་ལ་བསམ་འཆར་མི་འདོན། ངས་འདི་ནས་བསམ་འཆར་ཞིག་དང་རེ་སྐུལ་ཞིག་ཞུ་འདོད་པ་དེ་ནི། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན། ཁ་བརྡ་སོགས་ཀྱི་གཙོ་བའི་བྱེས་སུ་གཉེར་བཞིན་པའི་དྲ་ཚོགས་ཀྱི་བདག་པོ་དང་ལས་བྱེད་དག་ལ་ཞུ་བཞིན་ཡོད།

དྲ་ཚིགས་ཀྱི་ཟུར་ངོས་སུ་ཕྱི་ལོ་ཡོད་པ་ལས་བོད་རྒྱལ་ལོ་བཞག་ཡོད་པ་དྲ་ཚིགས་ཕལ་ཆེ་བར་མཐོང་རྒྱུ་མི་འདུག དེ་ནི་དངོས་ནས་མཐོང་བདེ་བོ་ཞིག་མི་འདུག སྤྱིར་ན་ཕྱི་ལོ་བཞག་པ་དེར་སྐྱོན་བརྗོད་བྱེད་ཀྱི་མེད། རེད་དེ། བོད་རྒྱལ་ལོ་འཇོག་སའི་ས་མིག་ཆུང་ཆུང་ཞིག་ཟུར་དུ་ལོས་ཡོད་ཟེར་ནས་ཞུ་བཞིན་ཡོད་ལ། དེ་ནི་དངོས་ནས་གལ་ཆེན་ནང་གི་དོན་ཆེན་ཞིག་ཀྱང་མཐོང་སོང་། བོད་ལ་རང་གི་ལོ་ཚིགས་དང་ཟླ་ཚེས་ཡོད་པ་དེ་ཡང་བོད་མི་དག་གིས་ཕལ་ཆེར་དྲན་པ་གསོས་ཀྱི་མེད་ཚོད་རེད། དེ་ཡིན་དུས། འདི་ནས་རེ་སྐུལ་ཆུང་ཆུང་འདི་བྱེས་ཀྱི་དྲ་ཚིགས་ཚང་མའི་གསན་རོགས་ཞུ།

ཕྱི་ལོ་མ་འཇོག་ཟེར་གྱི་མེད། ཕྱི་ལོའི་ཟུར་དེར་བོད་རྒྱལ་ལོ་འཇོག་རོགས་གནོང་ཟེར་ནས་ཞུ་བ་འཐེན་བཞིན་ཡོད། སྔོན་ཆད་དབྱིན་ཡིག་གི་དྲ་ཚིགས་ཕ་ཡུལ་གྱི་སྟེང་དུ་བོད་རྒྱལ་ལོ་ཡོད་ཀྱང་ཕྱིས་སུ་མཐོང་རྒྱུ་མི་འདུག རྒྱུ་མཚན་གང་ཡིན་ཤེས་མ་སོང་།

སྣ་ཚོགས།

Post navigation

Previous Post: མི་ཚང་གཅིག་གི་མནར་སྡུག
Next Post: གསར་འགོད་པ་རྣམས་ལ་ངོ་སྤྲོད།

Comments (8) on “བྱེས་ཀྱི་དྲ་ཚིགས་དག་ལ་རེ་སྐུལ་ཞིག་ཞུས་ན།”

  1. tenzin dhargay says:
    2011-05-15 at 2:28 am

    བོད། ལྷ་ཀླུ་གཉན་གསུམ་ལགས། མ་མཇལ་ཡུན་རིང་། དེ་རིང་ངས་ཁྱེད་ཀྱི་དགོང་འཆར་འདི་མཐོང་སྐབས། ཁྱེད་ནི་མི་རིགས་དང་རྒྱལ་ཁབ་ལ། ལ་རྒྱ་ཡོད་པ་ཞིག་འཚོར་བྱུང་བས་ཐུག་རྗེ་ཆེ་ཞུ་རྒྱུ་དང་། རྗེསུ་ཡིད་རང་ངང་བོད་རྒྱལ་ཁབ་ཀྱི་རྒྱལ་ལོ་ངེས་པར་དུ་འབྲི་དགོས་པའི་རྒྱུ་མཚན་ནི། དེ་སྔ་བོད་རང་བཙན་གཙང་མ་དང་བོད་རྒྱལ་ཁབ་ཡོད་པ་མཚོན་པ་མ་ཟད། མི་རིགས་དེར་ཁྲིམ་ལུག་ལྡན་པའི་རྒྱལ་ཁབ་ཞིག་ཡོད་པའི་མཚོན་རྟགས་ཞིག་རེད་སྙམ།
    ངེས་པར་དུ་འབྲི་རོག་ཞུ་རྒྱུ་ཡིན།། ཐུག་རྗེ་ཆེ།། འཕན་པོ་བསྟན་དར་ནས།།

  2. དཀར་མཚོ་སྐྱིད། says:
    2011-05-15 at 6:15 am

    ཁ་བརྡའི་རྩོམ་སྒྲིག་པ་ལགས།
    ངེད་ཀྱི་རྩོམ་ཡིག་༼བོད་ཀྱི་གསོ་བ་རིག་པའི་དུས་གསུམ་གྱི་སྐོར་ལ་རགས་ཙམ་དཔྱད་པ།༽ཞེས་པ་ཁ་བརྡའི་དྲྭ་ཚིགས་སུ་རྩོམ་ཡིག་ཆ་ཚང་བཀོད་མེད་པ་དང་ད་དུང་མཆན་བུའི་དུས་ཡུན་རྫོགས་ཟིན་ཟེར་བ་ཞིག་ཀྱང་བཀོད་འདུག་པས། དེ་ལ་གསལ་བཤད་ཅིག་གནང་བར་ཞུ་རྒྱུ་དང་། ཡང་ན་བསྐྱར་དུ་འགོད་པར་མཁྱེན།
    དཀར་མཚོ་སྐྱིད་ཀྱིས།

  3. ཀརྡོ་རབ་འབྱམས་པ་ says:
    2011-05-15 at 8:07 am

    བོད། ལྷ་ཡུལ་གཉེན་གསུམ་གྱིས་གསུངས་པ་ལ་བདེན་པ་ཡོད་པ་ཙམ་མ་ཟད། རྒྱབ་སྐྱོར་ཀྱང་ཡོད་ལགས། བོད་རྒྱལ་ལོ་མ་འཁོད་ན། བོད་ཀྱི་ལྷ་ཀླུ་གཉན་གསུམ་ཡང་མི་མཉེས་པ་ཡང་ཡོང་སྲིད་པས་ཚང་མས་དེ་དོན་གཟབ་ནན་དགོས་ཏེ། བོད་རྒྱལ་ལོ་ནི། ལོ་རྒྱུས་ཙམ་ལས་ཆབ་སྲིད་ལ་ཡང་གནོད་མི་སྲིད་པས་སོ་སྙམ་པས། དགོངས་པ་ཡང་བསྐྱར་གཟབ་བཞེས་གནོངས་རོགས་ཞུ་རྒྱུ་ལགས།

  4. དཀར་མཚོ་སྐྱིད། says:
    2011-05-15 at 1:30 pm

    ཁ་བརྡ་ཚང་གིས་བུད་མེད་ཀྱི་རྩོམ་ཡིག་ལ་མཐོང་ཆུང་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

  5. པད་དཀར་ཕོ་ཉ། says:
    2011-05-16 at 4:55 pm

    སྐུ་ཉིད་ཀྱིས། བོད་ཡིག་དྲ་ཚིག་༡༠༠་ལྷག་ཅིག་སྤེལ་འཆར་གྱི་སྐོར་གླེངས་པའི་གནས་ཚུལ་རྣམས་མཐོང་བ་དང་། ཁྱེད་ནི། བོད་དོན་ལ་ལྷག་བསམ་གཙང་ཞིང་། མཁྱེན་རྒྱ་ཡངས་པའི་མི་ཚད་ལྡན་ཞིག་ཡིན་པའི་ཚོར་སྣང་བྱུང་བས། དངོས་གནས། ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཉིད་ཀྱི་ཐུགས་དགོངས་ཀྱི་ཚུལ་མཐའ་དག་གེགས་མེད་ལེགས་འགྲུབ་འོང་བའི་སྨོན་ལམ་ཡང་ཞུའོ།།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2011-05-16 at 6:13 pm

    སྤུན་ཟླ་དག་གིས་བདག་གི་བསམ་ཚུལ་དེར་གཏིང་ནོན་བྱས་པ་དེར་དགའ་གུས་ཚད་མེད་ཞུ་ལགས། ལྷག་པར་དུ་པད་དཀའ་ཕོ་ཉ་མིང་ཅན་ལ་གསལ་བཤད་ཅིག་ཞུ་རྒྱུ་ལ། ཉིད་ཀྱིས་དྲ་ཚིགས་བརྒྱ་བཟོ་འཆར་གྱི་སྐོར་ཞིག་གླེང་བཞིན་པའི་མི་དེ་ནི་ང་རང་མིན་པ་ཐུགས་སུ་འཇག་རོགས་ཞུ། དེ་ནི་སྐུ་ཉིད་ནོར་བ་རེད། ངེད་གཉིས་མི་གཅིག་མིན། མི་དེ་ནི་དངོས་ནས་ལྷག་བསམ་ལྡན་ཞིང་། བོད་མི་རིགས་ཀྱི་སྐད་ཡིག་གི་འཆི་གསོན་ལ་འགན་འཁུར་བླངས་དེ། རང་གི་ནུས་པ་དུས་རབས་གསར་བའི་འཕྲུལ་ཆས་ཀྱི་སྟེགས་བུའི་སྟེང་ནས་བོད་དོན་དུ་འབད་པ་བྱེད་མཁན་གྱི་མི་ཞིག་རེད་འདུག་ལགས།

  7. ཁ་བརྡ་ཚང་། says:
    2011-05-16 at 6:34 pm

    དཀར་མཚོ་སྐྱིད་ལགས།
    ཁ་བརྡ་དྲ་བས་བུད་མེད་ཀྱི་རྩོམ་ཡིག་ལ་མཐོང་ཆུང་བྱས་མྱོང་མེད་། བུད་མེད་ཅི་ཙམ་གྱིས་ངེད་ཚོར་རྩོམ་བསྐུར་ན། དེ་ཙམ་ངེད་ཚོས་དགའ་བསུ་གནང་གི་ཡོད་།
    ཁྱེད་ཀྱི་རྩོམ་དེ་ཡང་ང་ཚོས་དྲ་ངོས་སུ་བཞག་པ་རེད་། ཁྱེད་ནས་ཁ་བརྡར་བསྐུར་བ་དེ་འདྲ་མ་རེད་། འོན་ཀྱང་། དྲ་ངོས་སུ་ཡག་པོ་བཞག་ཐུབ་མི་འདུག དཀའ་ངལ་འདིའི་རིགས་ངེད་ཚོར་རྒྱུན་ཏུ་འཕྲད་གི་ཡོད་། ཁྱེད་ཀྱི་རྩོམ་ཧྲིལ་བོ་བསྐྱར་དུ་དྲ་ངོས་གཅིག་ལ་འཇོག་ཐུབ་མིན་ལ་བལྟ་གི་ཡིན། དེ་དོན་དགོངས་འཇགས་གནང་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  8. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-05-18 at 12:19 pm

    བོད་ལྷ་ཀླུ་གཉན་གསུམ་ནས་དྲྭ་རྒྱ་གཟིགས་ཞོར་གྱི་ཉམས་མྱོང་དང་འབྲེལ་དྲྭ་རྒྱའི་དོ་དམ་རྣམ་པར་བོད་རྒྱལ་ལོ་དྲྭ་ཐོག་ཏུ་འགོད་དགོས་པའི་ཞུ་བ་ཕུལ་བ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ། བོད་རྒྱལ་ལོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme