Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ས་མ་ བྷིན་ལཱ་ཌིན་བསད་སྟངས།

Posted on 2011-05-032011-05-03 By ཁ་བརྡ་ 23 Comments on ཨོ་ས་མ་ བྷིན་ལཱ་ཌིན་བསད་སྟངས།

bin_laden_7136877འདས་པའི་ལོ་ཤས་གོང་། ཨོ་ས་མ་ བྷིན་ལཱ་ཌིན་གྱི་ཕོ་ཉ་རེད་ཟེར་བའི་མིང་ཞིག་ ཨ་རིའི་གསང་བའི་ལས་ཁུངས་ལ་ཐོབ་ཡོད་པ་དང་། རིམ་གྱིས་མི་དེའི་མིང་ངོ་མ་རྙེད་པ་མ་ཟད། རྗེས་འདེད་བྱེད་སྐབས་ མཐའ་མ་དེར་ པ་ཀི་སི་ཐན་གྱི་ ཨི་སི་ལ་མ་བྷ་ཊ་ཞེས་པའི་གྲོང་ཁྱེར་གྱི་ཐག་ཉེ་སའི་ དམག་གྲོང་ཞིག་ཏུ་ ཨ་སྒོར་ས་ཡའི་རིན་ཐང་ཡོད་པའི་ཁང་པ་རྫིག་པོ་ཞིག་ཏུ་གནས་བཅས་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་རེད།
འདས་པའི་ཟླ་ངོ་གཅིག་ཙམ་གྱི་རིང་ལ་ ཁང་པ་དེར་ ཨོ་ས་མ་ བྷིན་ལཱ་ཌིན་གནས་བཅས་ཡོད་མེད་གཉིས་ལས་ཡོད་རབས་ཀྱི་སྐོར་ལ་གསང་བའི་གནས་ཚུལ་ཤུགས་ཆེ་མཐོང་སྐབས་ སྲིད་འཛིན་ཨོ་བྷ་མས་ ཟླ་ ༤ ཚེས་ ༢༩ ཉིན་ གོང་གི་ཁང་པ་དེར་དཔུང་འཇུག་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་རེད།
སྤྱི་ཟླ་ ༥ ཚེས་གཅིག་ཉིན་གྱི་མཚན་མོར་ཟླ་འོད་མེད་ཅིང་ མུན་ནག་ཆེ་བའི་སྐབས་དེར་ ཨ་རིའི་ཐད་འཕུར་གནམ་གྲུ་གཉིས་ གོང་གསལ་གྱི་ཁང་མཐར་བབས་ཏེ། མཚོ་དམག་གི་ཁྱད་མཁས་རུ་ཁག་ཅིག་གིས་དཔུང་འཇུག་བྱས་ཡོད་པ་དང་། དཔུང་འཇུག་དམག་མི་རྣམས་ ཁང་པ་དེར་བབས་མ་ཐག་ མདའ་འཕེན་རེས་བྱས་ཡོད་པ་རེད་ལ། ཨོ་ས་མ་ བྷིན་ལཱ་ཌིན་གྱི་ཐོད་པ་དང་བྲང་ཁར་མདེལ་ཕོག་གིས་བསད་ཡོད་པ་རེད། དཔུང་འཇུག་འདིར་ཁྱོན་བསྡོམས་ སྐར་མ་བཞི་བཅུའི་དུས་ཡུན་མ་གཏོགས་འགོར་མེད་པ་རེད།
ཉིན་དེའི་མཚན་མོར་ སྲིད་འཛིན་ཨོ་བྷ་མས་ ཨ་རིའི་རྒྱལ་ཡོངས་ལ་ ཨོ་ས་མ་ བྷིན་ལཱ་ཌིན་ བསད་པ་ཡིན་པའི་གསལ་བསྒྲགས་བྱས་པ་རེད། ཕྱི་ཉིན་དེར་ ཨོ་ས་མ་ བྷིན་ལཱ་ཌིན་གྱི་ཕུང་པོ་དེ་ཁ་ཆེའི་ཆོས་ལུགས་ཀྱི་སྲོལ་ལྟར་ བཀྲུས་ནས་རས་དཀར་པོས་བཏུམས་ནས་རྒྱ་མཚོར་གཡུགས་ཡོད་པ་རེད།
ཐེངས་འདིའི་དཔུང་འཇུག་སྐབས་ གློག་ཀླད་དང་ཡིག་ཆ་སོགས་ཕོན་ཆེ་ཐོབ་ཡོད་པ་དེ་དག་གིས་ ཨ་ཁེ་ཌ་ ཞེས་པའི་འཇིགས་སྐུལ་རིང་ལུགས་པའི་གནས་ཚུལ་ཕོན་ཆེ་ཞིག་ཤེས་ཐུབ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཨོ་ས་མ་ བྷིན་ལཱ་ཌིན་ནི་ ནིའུ་ཡོག་གི་འཛམ་གླིང་ཚོང་འབྲེལ་ལྟེ་གནས་ཞེས་པའི་ཁང་པ་ཐོག་བརྩེགས་གཉིས་པོ་དེ་གཏོར་མཁན་གྱི་ཇུས་འགོད་པ་ལྟེ་བ་དེ་ཡིན་པ་མ་ཟད། སྔ་ཕྱིར་ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་གཏོར་བཅོམ་གྱི་ལས་འགུལ་ཤུགས་ཆེ་སྤེལ་མཁན་ཞིག་ཡིན་པ་གསལ་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: བརྩེ་འཕྲིན་ཡིད་ཀྱི་འབོད་སྒྲ།
Next Post: མོན་རྟ་དབང་ལ་འདི་འདྲ་བྱུང་འདུག

Comments (23) on “ཨོ་ས་མ་ བྷིན་ལཱ་ཌིན་བསད་སྟངས།”

  1. རིག་འབྱུར་རྒྱ་མཚོ says:
    2011-05-03 at 9:46 pm

    ཐད་འཕུར་གནམ་གྲུ་བཞི་ཁང་ཐོག་ཏུ་བབས་པའི་ནང་ནས་གཅིག་བྷན་ལ་ཌན་ཕྱོགས་ཀྱིས་གཏོར་སྐྱོན་ཕོགས་ཤིང་བྷན་ལ་ཌིན་གསོད་སྟངས་གོང་དུ་བཀོད་པ་ལྟར་རེད། ཡིན་ཡང་ཅི་ལྟར་བསད་མིན་དང་ཕུང་པོ་ཕྱིར་དུ་སྟོན་ད་དུང་ཡང་ཨ་རི་གཞུང་གིས་མང་ཚོགས་སུ་སྟོན་དུ་མ་ནུས་བ་ལྷག་འདུག བྷན་ལ་ཌན་གྱི་ཕོ་ཉའམ་བློ་འཁེལ་གྱི་མི་སྣ་དེ་སྒོ་འདའ་ན་མོ་གཙོན་ཁང་དུ་ཚུད་པ་དང་། ལོ་དྲུག་རིང་ཁོང་གི་དངོས་མིང་ཅི་ཞིག་ཡིན་མིན་ཨ་རི་གཞུང་གིས་ཤེས་རྟོགས་མ་ཐུབ་ཚུལ། རྗེས་སུ་མི་དེ་ཁང་པ་དེ་ནས་ཡོད་པའམ་དེ་དང་འབྲེལ་ཡོད་པ་རྟོགས་པས་བྷན་ལ་ཌན་ཡོད་པའི་ངེས་བ་རྙེད་ཚུལ་ཨ་རི་གཞུང་འཛིན་པས་རག་བཤད་གནང་བ་ཙམ་ལས་ཞིབ་ཕྲ་ད་དུང་ཡང་བྱེད་མ་ནུས་བར་ལྷག་འདུག ཡིན་ཡང་མང་པོ་ཞིག་གིས་དེ་ཡི་རྒྱུད་རིམ་དངོས་འཛམ་གླིང་ལ་ཞིབ་ཚགས་གསུངས་བའི་རེ་བ་ཞུ་བཞིན་འདུག

  2. བོད་པ་ཚང says:
    2011-05-03 at 11:10 pm

    ཁོང་བསད་སྟངས་ཕལ་ཆེར་ཨ་རིའི་གསལ་བསྒྲགས་ལྟར་ན་ཕལ་ཆེར་གོང་དང་མཚུངས་ཀྱང་བདེན་པ་ཡིན་མིན་མི་ཤེས། ཨ་རི་ལ་ཁོང་ངོ་སྤྲོད་བྱེད་མཁན་ཁ་ཆེ་རང་གི་མི་ཞིག་ཡིན་པ་ཐེ་ཚོམ་མེད་འོན་ཀྱང་ཁོང་གི་མགོ་ལ་
    མེ་མདེལ་རྒྱག་མཁན་ཨ་རིའི་དམིགས་བསལ་དམག་དཔུང་ཡིན་ནམ་་་པེན་ལ་ཏིཎ་ཁོང་གི་སྐུ་སྲུང་ངམ་གྲོགས་
    པོ་འདྲ་སུ་ཡིན་མིན་ཐེ་ཚོམ་ང་ལ་འདུག། པེན་གྱི་ཆུང་མ་བསད་མི་འདུག་ད་ལྟ་སྨན་ཁང་ཞིག་ན་ཡོད།

  3. ཡེ་ཤེས་ཚེ་རིང། says:
    2011-05-04 at 1:18 am

    བིན་ལ་དིན་གྱི་ཕུང་པོ་དེ་རྒྱ་མཚོར་གཡུགས་པ་རེད་བཀོད་འདུག་པས་མཚོར་གཡུགས་པ་རེད་དམ་མཚོའི་ས་འོག་ཏུ་ཁ་ཆེའི་ཆོས་ཀྱི་ཆོ་ག་བཞིན་སྦས་པ་རེད། རྒྱ་མཚོའི་ས་འོག་ཏུ་སྦ་དོན་ནི་ཕྱིས་བིན་གྱི་རྗེས་བྲང་པ་ཚོའི་ས་ཆ་བཟུང་སྟེ་ཁ་ཆེ་ལྷ་ཁང་སོགས་མི་རྒྱབ་པའི་ཆེད་དུ་ཡིན་རེད་བསམ།

  4. ཨོ་རིག says:
    2011-05-04 at 8:22 am

    བདག་འབྲས་ངན་པའི་བྱེ་མའི་གླིང་དུ་སྐྱེས།།
    རྒྱུ་མཐུན་རྩུབ་མོས་གཏུམ་ཅན་ཇག་པར་སྐྱེས།།
    མཐོང་ཆོས་མྱོང་བའི་དགྲ་མདའི་ཁ་རུ་སོང་།།
    ལས་འབྲས་འཆད་པའི་དཔེ་མཚོན་ཡང་དག་གཅིག།

    རྣམ་དཔྱོད་བྲལ་བས་རྨོངས་དད་ཁོ་ནར་ཕྱོགས།།
    ཤེ་རིག་བྲལ་བས་བླང་དོར་བློ་མིག་ལྡོང་།།
    སྙིང་རྗེ་བྲལ་བས་ཉེས་མེད་མི་སེར་བསད།།
    འགྲོ་བ་མི་ལས་་མ་རབས་མཚོན་དཔེ་ཞིག།

  5. དོམ་ཁྲ། says:
    2011-05-04 at 9:22 am

    ཧ་ཧ་ཧ་སྐད་ཆ་དེ་ཚོ་བཤད་ཚུལ་མ་འདྲ་བ་ཀྱང་ཀྱང་རེདའདུག

  6. བོད་པ་ཚང says:
    2011-05-04 at 3:35 pm

    པེཎ་ལ་ཏིན་བསད་སྟངས་ནི་རང་རེའི་བོད་ཀྱི་མཚན་ཉིད་རྒན་བློ་བཟང་བསད་པ་དང་མི་འདྲ་ས་མང་།
    པེཎ་ལ་ཏིན་ལག་དམར་ཨ་རི་ཚང་ཡིན་་་རྒེན་ཚང་གི་ལག་དམར་བོད་རང་ཡིན་རྒྱ་ནག་ལ་ངན་ཁག་
    བཀྲི་ས་མེད་།ཁམས་ཀྱི་དཔའ་བོ་འགའ་རེད་།གློ་མེད་འདི་ཚོ་ཡོད་པ་ལས་མེད་ན་བཟང་།

  7. ལ་སྟོད་བུ། says:
    2011-05-04 at 4:35 pm

    ཨ་རི་ཡིས་ཨི་རག་དང་ཨབ་གྷན་ནིས་ཐན་གཉིས་ཀྱི་ཉེས་མེད་ཞི་བའི་མི་མང་ས་ཡ་མང་པོར་བསད་པ་དང་བྷིན་ལ་ཌིན་གྱིས་ཁང་བརྩེགས་མཐོན་པོར་མི་གསུམ་སྟོང་བསད་པ་དང་ས་དྷམ་ཧུ་སིན་གྱིས་ཞི་བའི་མི་མང་སྟོང་ཕྲག་ཁ་ཤས་བསད་པ་གསུམ་ལ་ཉེས་པ་ཆེ་ཆུང་བསམ་བློ་ཞིབ་མོས་ཞིབ་འཇུག་གནང་རོགས།
    དེ་མིན་ཕྱུག་པོས་འཁྲབ་ཚད་ཞབས་བྲོ་དང།
    སྤྲང་པོས་འཁྲབ་ཚད་ཐལ་འཚུབ་།
    ཅེས་པའི་གཏམ་དཔེ་དེ་ཅིས་མི་འདྲེན།
    དཔའ་བོ་ཞེས་པའི་གོ་དོན་ཅི་ལྟར་ཡིན་ནམ།
    དེར་འགྲེལ་བཤད་ཅིག་བྱེད་དེ་བྷིན་ལ་ཌིན་དཔའ་བོ་ཡིན་མིན་གཞི་ནས་རྟོགས་ཐུབ།
    མ་གཞི་ནས་ཁ་ཆེར་སྐྱོན་མཚང་འདོན་རྒྱུ་རྐྱང་ཤོད་རྒྱུར་བསམ་མནོ་གཏོང་དགོས།
    བོད་རིགས་ཁ་ཆེ་བ་སྟོང་ཕྲག་ཁ་ཤས་ཤིག་ཡོད་པ་དེ་ཚོར་ཡང་བོད་མི་རིགས་གཅིག་བསྒྲིལ་ཡོང་རྒྱུར་ཐུགས་བསམ་བཞེས་རན།

  8. ཨོ་རིག says:
    2011-05-04 at 5:20 pm

    ལ་སྟོད་བུ་ལགས།
    དཔའ་བོ་ཡིན་མིན་གྱི་ཐད་ནས་གླེང་ན་བྷིན་ལ་ལྡན་དེ་ཡང་དཔའ་བོའི་མིང་ཙམ་བཏགས་ཆོག་རུང་།
    ལེགས་བཤད་ལས་༼དཔའ་བོ་དུད་འགྲོའི་ནང་དུ་ཡོད་༽གསུངས་པ་ལྟར་དཔའ་བོ་ཡིན་ཚད་ལ་
    ངོ་མཚར་རྒྱུ་གང་ཡང་མེད། ཁོ་ལྟ་བུའི་སྐྱེ་བོ་གནས་ལུགས་ལ་མ་ལྟོས་པར་རང་ལྟ་མཆོག་འཛིན་
    ཁོ་ནས་ཕ་རོལ་པོར་བསམ་ངན་དང་སྦྱོར་རྩུབ་ཀྱི་སྒོ་ནས་གསོད་གཅོད་གཏོར་གསུམ་གཏོང་མཁན་གྱི་
    མི་ངན་ཞིག་ནི། བསྟོད་པར་འོས་པའི་དཔའ་བོ་(hero)ཞིག་མ་ཡིན་པ་ཤེས་པར་གྱིས་ཤིག
    ཇག་པས་ཚོང་འགྲུལ་བསད་པ་དང་ཚོང་པའི་རང་སྲུང་གི་ཆེད་དུ་འཁོན་ལན་རློག་པ་གཉིས་
    མཁྱེན་ལྡན་སུས་ཞིག་གིས་བལྟས་ཀྱང་ནག་ཉེས་གཅིག་ཏུ་བརྩི་མི་སྲིད་པ་ཞིག་རེད།

  9. ལ་སྟོད་བུ། says:
    2011-05-04 at 5:30 pm

    ཨ་ལས་དཔའ་བོ།
    རང་ལྟ་མཆོག་འཛིན་ཅེས་པའི་གོ་དོན་ཡོད་དམ།
    དེ་ལྟར་ན་དཔའ་བོ་ཐུབ་བསྟན་དངོས་གྲུབ་?????
    རང་ལྟ་མཆོག་འཛིན་ཅེས་པ་མི་རིགས་རང་ཉིད་ཀྱི་ཆོས་ལུགས་ཀྱི་ལྟ་གྲུབ་དེ་ཉིད་ལྟ་གྲུབ་གཞན་ལས་མཆོག་ཏུ་གྱུར་བར་འཛིན་པ་ཞིག་ལ་ཟེར་དགོས་སམ།
    དེ་ལྟར་ན་གོང་གི་མཚན་གཞི་དེ་འཐད་པར་མཐོང་ངོ།
    ཕ་རོལ་པོར་བསམ་ངན་དང་སྦྱོར་རྩུབ་ཀྱི་སྒོ་ནས་གསོད་གཅོད་གཏོར་གསུམ་ཞེས་པ་དེ།
    རང་ཉིད་ཀྱི་ལུས་རྟེན་མེར་སྲེགས་བཏང་དེ་མི་དམངས་ས་ཡ་མང་པོའི་སེམས་ལ་ཕོག་ཐུག་ཤོར་དུ་འཇུག་པ་དེ་ཡང་དེ་འདྲ་ཡིན་ནམ།
    དེ་ལྟར་ན་ཉེ་ཆར་ཨ་མདོ་རྔ་བར་རང་ཤི་རྒྱག་མཁན་སྐུ་ཞབས་མཆོག་ཉིད་ཀྱང་དེར་ཐལ་དེ་ཡི་ཕྱིར།
    རྒྱུ་མཚན་ལྟར་སྣང་གིས་མི་ཕན།
    རྒྱ་གར་གྱི་རང་བཙན་གྱི་དོན་དུ་ལུས་སྲོག་བློས་བཏངས་བྱེད་མི་དེ་ཚོ་ཡང་དེར་ཐལ་དེ་ཡི་ཕྱིར།
    ད་དཔའ་བོ་བྱོལ་སོང་དུད་འགྲོའི་ཁྱུ་རུ་བཏབས་འདུག

  10. ཨོ་རིག says:
    2011-05-04 at 6:11 pm

    ལ་སྟོད་བུ་་་་་་དགའ་པོ།
    ཧེབ་མ་ལངས་དང་། ངས་དང་པོར་《གནས་ལུགས་ལ་མ་ལྟོས་པར་》ཞེས་བཤད་ཡོད།
    དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་གནས་ལུགས་ལ་མ་ལྟོས་པའི་བྱས་ངན་གང་ཡང་བསགས་མེད།
    གནས་ལུགས་དང་མ་མཐུན་པའི་རྒྱ་ནག་བས་བོད་མི་ལ་ཐུབ་ཚོད་གཏོང་རྒྱུའི་ཚད་ལས་བརྒལ་བར་གྱུར་
    ཙང་། ཁོང་གིས་ཞི་བའི་ཐབས་ལམ་ཉག་གཅིག་ཏེ། འཚེ་བ་མེད་པའི་ཐབས་ལམ་ཞིག་གི་ཐོག་ནས་
    རང་སྲོག་ལེགས་སྐྱེས་སུ་ཕུལ་བ་རེད། དེས་ན་ཁྱེད་ཀྱིས་ཉ་དང་ཉུང་མ་མཉམ་བསྲེས་མ་བྱས་ན་མཛེས་སོ།
    གཞན་ཁྱེད་ཀྱི་ཉམ་ཐག་པའི་ཐལ་ངག་དེ་ཚོར་ངས་ལན་སྦྱིན་པར་བྱ་སྟེ།
    དང་པོ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལྟ་མཆོག་འཛིན་བྱས་པ་་་་་ 《རྟགས་མ་གྲུབ》
    གཉིས་པ། ་་ཁོང་གིས་རང་ལུས་ལེགས་སྐྱེས་སུ་ཕུལ་བར་
    རྒྱ་མི་མང་པོ་མ་དགའ་བར་གྱུར་པའི་ཕྱིར་ཟེར་ན། 《མ་ཁྱབ་》
    གསུམ་པ། མདོ་སྨད་ལྔ་པའི་དཔའ་བོ་《ཕུན་ཚོགས་ལགས་》དེ་ཡང་དེར་ཐལ་ཟེར་ན། 《རྟགས་མ་གྲུབ》
    བཞི་པ། རྒྱ་གར་གྱི་རང་བཙན་ལེན་མཁན་ཚོ་ཡང་དེར་ཐལ་ཟེར་ན། 《རྟགས་མ་གྲུབ》
    ལབ་རྒྱུ་ཡིན།
    སྤྱིར་དྲྭ་ཐོག་ཏུ་རྟགས་གསལ་བཏང་ན་དབྱིངས་མི་འདུག་ལོ།

    ང་ཚོས་ཁ་ཆེའི་དཔའ་བོ་ལ་ལྡན་གྱི་མཚན་སྐྱོར་བསྡད་པ་ལས་
    སོ་སོའི་དཔའ་བོ་ཕུན་ཚོགས་ལགས་ཀྱི་མཚན་ཤེས་རྒྱུ་དེ་དགོས་པ་ཆེ་ས་རེད།

  11. འགྲོ་བ། says:
    2011-05-05 at 8:25 am

    དྲ་གྲོགས་ཚོ་བཀྲ་ཤིས་བདེ་ལེགས།

  12. ར་རུ་བ། says:
    2011-05-05 at 8:29 am

    ང་ཁྱེད་རང་ཚོའི་སྐད་ཆ་ལ་ཡིད་ཆེས་ཀྱིན་མི་འདུག་ལོ།

  13. བོད་པ་ཚང says:
    2011-05-05 at 9:10 am

    དབའ་བོ་ཞེས་པ་ལུང་དྲངས་རྒྱུ་མིན། ད་ལྟ་མཚོན་ན་ང་ཚོའི་སེམས་ལ་དབའ་བོ་གསུམ་འདུག་་་གཅིག་བོད་
    དོན་ཆེད་རང་སྲོག་གཏོང་མཁན་ཚོ་ཡིན་་་གཉིས་ཆོལ་ཁ་གཅིག་གི་ཆེད་དུ་བུ་་རྒོད་དག་རེད་་་གསུམ་པ་་་
    བོད་ནང་ཁུལ་དང་ཁྱིམ་མཚེས་གཡས་གཡོན་པར་ནས་སྟག་བཞིན་འགྱིང་བའི་དབའ་བོ་དག་རེད།
    དེ་གསུམ་གྱི་ནང་ནས་བོད་ལ་གྲགས་པ་གསུམ་པ་དེ་རེད། དབའ་བོ་འདི་ཚོ་ཁམས་དཀར་མཛེས་དང་ཨ་མདོ་
    མགོ་ལོག་གླིང་སྐོར་ཡང་ན་རྨ་ཆུ་གྲོང་བརྡ་བཅས་ལ་ཡོད། འོན་ཀྱང་རྒྱའི་ཉེན་རྟོགས་པ་དང་རྒྱ་དམག་རིག་
    དུས་གོང་གི་དབའ་བོ་འདི་ཚོ་ཝ་ནང་བཞིན་རེད་།
    པེཎ་ལ་ཏིན་ལག་དང་ལག་ཐུག་ནས་འཛིང་དགོས་ན་དབའ་བོ་མི་ཤེས་་་དེ་ཙམ་གྱིས་ཆོག་པ་བྱོས།

  14. ཨོ་རིག says:
    2011-05-05 at 1:54 pm

    བོད་པ་ཚང་གིས་བོད་ཀྱི་དཔའ་བོ་རྙེད་འདུག
    ཧ་ཧ་ཧ་ཧ་ཧ་ཧ།

  15. ལ་སྟོད་བུ། says:
    2011-05-05 at 4:23 pm

    ཨོ་རིག་ལགས།
    རྟགས་བསལ་ནི་རིགས་པའི་འགྲོ་ལུགས་ཞིག་ལས་དེ་ལ་འདིར་དབྱིངས་ཡོད་མེད་ཙམ་མ་རེད།
    ཨོ་རེད་ཁྱེད་རང་ལྟ་བ་མཆོག་འཛིན་ཤུགས་ཆེ་དྲགས་ནས་རིགས་པ་འགྲོ་ས་མི་འདུག
    དཔའ་བོ་ཡིན་ན་རང་གི་དཔའ་བོ་ཡིན་དགོས་པས་ཁྱབ་པར་འདོད་རོགས།
    རང་ལུས་མེར་སྲེགས་བཏང་བ་དེ་འཚེ་མེད་ཀྱི་ལས་ཤིག་རེད་དམ།
    འདུལ་བའི་གཞུང་ལས་རང་ཉིད་རང་གིས་བསད་པའི་ཉེས་དམིགས་ལ་སོམ་ཤིག
    ངས་བོད་ཀྱི་དཔའ་བོའི་མཚན་ཤེས་ཀྱིན་ཡོད།
    ཀརྨ་པ་ལ་ཀ་ཁའི་སློབ་པར་བརྩོན་ཡོང་གི་འདུག་དཱ

  16. ཀརྡོ་རབ་འབྱམས་པ་ says:
    2011-05-05 at 4:57 pm

    འཇིགས་སྐུལ་བ་ཨོ་ས་མ་ བིན་ལྰ་་དིན་ཁྱོད་དལ་འགྲོའི་རྟེན་བཟང་ཞིག་ཐོབ་པར་ཤོག ། ཨོྃ མཎི པདྨེ ཧཱུྃ། །

  17. ཨོ་རིག says:
    2011-05-05 at 5:21 pm

    བོད་པ་ཚང་ལགས།
    ཁྱེད་ཀྱི་ག་རེ་གསུང་གིན་ཡོད་ན་ཤེས་མ་སོང་།
    རག་གིས་བཟི་སོང་བ་མ་རེད་དམ།
    དཔའ་བོ་ཡིན་ན་རང་གི་དཔའ་བོ་ཡིན་པའི་ཁྱབ་ན།
    བྷིན་ལག་ལྡན་རང་གི་དཔའ་བོ་ཡིན་པར་ཐལ།
    ཁྱེད་ཀྱིས་དཔའ་བོར་འདོད་པའི་ཕྱིར།
    འདོད་སོང་ན་་་་ཁྱེད་རང་འཇིགས་སྐུལ་རིང་ལུགས་པ་ཡིན་པར་ཐལ།
    འཇིགས་སྐུལ་རིང་ལུགས་པས་བདག་པའི་དམངས་ཡིན་པའི་ཕྱིར།
    ཁྱབ་པ་ཡོད་ཏེ། ཁྱེད་ཀྱི་དཔའ་བོ་ཡིན་པའི་ཕྱིར།
    གཞན་ཡང་་་གཞན་ལ་དཔའ་བོ་མེད་པར་ཐལ།
    དཔའ་བོ་ཡོད་ཚད་རང་གི་ཡིན་པའི་ཕྱིར་རོ། ཐ་ཆད་དོ།
    བོད་ཀྱི་དཔའ་བོ་ཕུན་ཚོགས་དང་ཐུབ་བསྟན་དངོས་གྲུབ་གཉིས་ལ་
    འཚེ་བ་ཅན་ཞེས་ཁ་ནས་ཐོན་པ་ཁོ་རང་་་་ཡ་མཚན་རེད།

  18. མེ་ཏོག་དཀར་པོ། says:
    2011-05-06 at 4:35 am

    ར་ཆོས་ཅན། ལུག་ཡིན་པར་ཐལ། བ་ཕྱུགས་ཡིན་པའི་ཕྱིར། དཔེར་ན་གཡག་བཞིན།

  19. ལ་རྒྱའི་བདག་པོ། says:
    2011-05-06 at 6:18 pm

    ལ་བསྟོད་བུ་ལགས།
    ༡༽ཨ་རི་དང་།བྷེན་ལ་ཌེན།ལ་དྷམ་གསུམ་གྱིས་ཉེས་པ་ཆེ་ཆུང་ལ་བསམ་བློ་ཞིབ་མོས་དཔྱད་དགོས་དོན་མེད།ཁྱེད་ཀྱིས་གནད་དོན་སྟབས་བདེ་པོ་དེ་འདྲའང་མ་མཁྱེན་པ་ཨེ་ཡིན།དཔེར་ན་ཨ་རིས་ཨ་རབ་ཁུལ་དང་དབུས་ཤར་ཨེ་ཤ་ཡའི་ཁུལ་ལ་དྲག་གཅོད་པ་དམག་འཐབ་སྐབས་ཉེས་མེད་མི་སེར་ཉུས་ཤས་འཆི་རྐྱེན་བྱུང་བ་བདེན་མོད་དེ་ནི་བསམ་བཞིན་གསད་པ་ཞིག་མིན་པས།དེ་ནི་ཨ་རིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབས་སྐབས་ལྷག་པའི་ཐོན་ངེས་གྱི་གནད་དོན་ཆུང་ཆུང་ཞིག་ཐོན་པ་རེད།
    ༢༽བྷེན་ལ་ཌེན་གྱིས་ཨ་རིའི་༩།༡༡གྱི་དོན་རྐྱེན་སྐབས་ཉེས་མེད་མི་གྲངས་༣༠༠༠རྒལ་བ་རྐྱེན་ལམ་དུ་སོང་བའི་ཁྲོད་ཨ་རི་ཙམ་མ་ཟད་འཛམ་གླིང་རྒྱལ་ཁབས་བརྒྱ་ཕྲག་རྒལ་བའི་མི་མང་ཡོད་པ་རེད།དེ་བས་མང་བ་ཞིག་ལ་ཨབ་གྷན་དང་།པཱ་ཀེ་སེ་ཐན་སོགས་ཨ་རབ་ཁུལ་གྱི་ཉེས་མེད་མི་སེར་མང་པོ་སྡེབ་གསོད་བཏང་བའི་ནག་ཉེས་ཡོད་པ་རེད།
    ༣༽ས་དྷམ་ལ་ཆ་མཚོན་ནའང་ཨེ་རག་ནང་ཁོང་དང་མི་མཐུན་པའི་ཆོས་ལུགས་མི་སྣ་དང་།ཉེས་མེད་མི་སེར་བརྒྱ་ཕྲག་མང་པོ་བསམ་བཞིན་དུ་བསད་པ་མ་ཟད།ལོ་མང་སྲིད་དབང་སྒེར་བསྡོམས་བྱས་པའི་ནག་ཉེས་ཡོད་པ་རེད།
    ༤༽མདོར་ན།ཨ་རིས་ད་རེསབྷེན་ལ་ཌེན་བསད་པ་དེ་འཛམ་གླིང་ཞི་བདེ་སྲུང་སྐྱོབས་ཀྱི་ལས་དོན་གལ་ཆེན་ཞིག་རེད་ལ།ལས་དོན་དེའི་ཐོག་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པར་ངོས་འཛིན་བྱེད་དགོས།

  20. སྐྱུ་རྩི་ནས། says:
    2011-05-08 at 1:05 am

    བིན་ལ་ཏན་གསད་པ་དེས་ཨ་རིའི་མི་མང་རྣམས་གཉིད་སྐྱིད་པོ་ཁུག་པའི་རེ་བ་བྱ་ཡི་ཡོད་ཀྱང་ཁོ་བའི་ཡན་ལག་དང་ཉིང་ལག་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པས་སྟབས་བདེ་བོ་ཡོད་ས་མ་རེད།

  21. འཇམ་ཀ says:
    2011-05-14 at 6:44 pm

    སྐྱོ་བ་ལ་ལ་རྒྱལ་ཅན་གྱི་བྷེན་ཏན་བསད་པ་སྐྱོ་བ། ངོ་མ་ལ་རྒྱལ་ཅན་རེད་ཡ། གདོང་དམར་བོད་ལ་ཡང་འདི་འདྲ་ཞིག་ཨེ་མ་མཚར། རང་དབང་རང་བཙན་མྱུར་དུ་ཐོབ་པ་ལ་ཐེ་ཚོམ་ཡོད་ས་མ་རེད་གྲོགས་པོ་ལགས་དེ་ཞིག་ཨེ་རེད།།།།།།།།

  22. ལ་སྟོད་བུ། says:
    2011-05-14 at 7:00 pm

    ཨ་རིས་ཉི་ཧོང་གི་ཧི་རོ་ཤི་མ་ལ་ཉེས་མེད་མི་སེར་འབུམ་ལྷག་བསད་པ་དེ་གང་་་་་་་་་་་་ཞི་བདེ་སྲུང་སྐྱོབས་རེད་དམ།

  23. ཐ་ཆུང་། says:
    2011-05-17 at 5:11 pm

    ཚེ་སྔོན་ལས་ཀྱིས་འདུས་པའི་དྲྭ་གྲོགས་ཚོ།།མ་ཡེངས་སྤྱན་གྱི་དབང་པོ་འདི་རུ་གཏོད།།ཡིན་ལུགས་ཚིག་ཏུ་སྡེབ་པའི་གླུ་ཆུང་འདི།།དོན་ལ་གནས་སམ་མི་གནས་དགོངས་དཔྱད་འཚལ།།སྟོབས་ཆེན་ཨ་མི་རི་ཀའི།།ཁང་པ་དེའུ་ཙམ་དང་།།མི་མགོ་སྟོང་འགའ་བརླགས་པར།།རང་ལ་སྡང་བའི་དགྲ་བོ།།གནམ་ས་ཀུན་ལ་ཉུལ་ནས།།ཟུངས་ཁྲག་ས་ལ་འཕོ་སོང་།།གནམ་ལ་གནམ་ཐིག་མི་འདུག །ས་ལ་ས་ཚིགས་མི་འདུག །མི་ལ་མི་བདག་མི་འདུག །ཨ་རིས་གང་བྱས་རེད་འདུག །དེ་འདྲའི་དཔལ་འབྱོར་དེ་ལ་པྱག་འཚལ་ལོ།།དེ་འདྲའི་ང་རང་དེ་ལ་གསོལ་བ་འདེབས།།ང་ཚོ་བོད་ཀྱི་དགྲ་བོས།།བོད་ཀྱི་སྣོད་བཅུད་ཕྲོགས་ཤིང་།།བོད་མི་འབུམ་ཕྲག་བསད་དང་།།བཙན་དབང་ཚད་མེད་གཏོང་བར།།ཨ་རིས་ཚོར་སྣང་ཙམ་ལས།།ལག་ལེན་སྣེ་གཅིག་མི་བསྟར།།ཨ་ཅང་རང་དོན་ལོས་བྱེད།།སྙིང་རྗེ་བོད་མི་ཉམ་ཆུང་།།སྟོབས་མེད་ནུས་མེད་རྒྱབ་མེད།།དཔུང་མེད་ནོར་མེད་བོད་མི།།ཤེས་ཡོན་མེད་པའི་བོད་མི།།མི་འབོར་མེད་པའི་བོད་མི།།སེམས་ཤུགས་མེད་པའི་བོད་མི།།མེད་པ་འདི་ཀུན་ཤེས་རབ།།ཕར་ཕྱིན་ཡིན་ན་དགའ་ལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme