Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་བསྟན་མྱུར་སྐྱོབས་འབོད་སྒྲ།

Posted on 2011-05-02 By ཁ་བརྡ་ 8 Comments on ནང་བསྟན་མྱུར་སྐྱོབས་འབོད་སྒྲ།

འདི་ག་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག མདོ་སྨད་དབུས་རྒྱུན་དང་ཀིརྟི་བྱེས་བ་གྲྭ་ཚང་སོགས་ཀྱི་གོ་སྒྲིག་བྱས་བའི་བཞུགས་སྒར་ནས་ལྡི་ལི་བར་གྱི་སེར་སྦྲེངས་སྙན་སྐུལ་སྨོན་ལམ་གོམ་བགྲོད་ཀྱི་ལས་འགུལ་རྒྱ་ས་ལྡི་ལི་ནས་མཇུག་སྡོམས་ཀྱི་སྐབས་དང་བསྟུན་རྒྱ་གར་རྒྱལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཀྱི་དགོན་པ་ཡོངས་རྫོགས་ཀྱིས་དུས་གཅིག་ཏུ་ནང་བསྟན་མྱུར་སྐྱོབས་འབོད་སྒྲའི་ཞི་བའི་ལས་འགུལ་ཞེས་པ་ཞིག་སླེལ་ཡོད་པ་དང། བྷེལ་ཀོབ་ཀྱི་ལས་འགུལ་གྱི་ཚོགས་མགོན་དུ་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གི་གཙོས་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་དང་། རྣམ་གྲོལ་གླིང་གི་སྐུ་ཚབ། བཀྲ་ཤིས་ལྷུན་པོ་མཁན་ཚབ་མཆོག་དང་། བཀའ་བརྒྱུད་དང་ས་སྐྱའི་སྐུ་ཚབ་ཀྱང་སྐུ་མགྲོན་དུ་ཕེབས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་མཆོག་གིས་བཀའ་སློབ་ཀྱང་གནང་སོང་།
དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ཀྱིས་ལས་འགུལ་ངོ་སྤྲོད་གནང་དོན་ང་ཚོས་ད་རེའི་ལས་འགུལ་འདིའི་མིང་ལ་ནང་བསྟན་མྱུར་སྐྱོབས་འབོད་སྒྲ་ཟེར་གྱིན་ཡོད་ལ་ནང་བསྟན་མྱུར་སྐྱོབས་འབོད་སྒྲ་ང་ཚོས་གང་དུ་བསྒྲགས་ཀི་ཡོད་ཞེ་ན། དྲང་བདེན་ལ་དགའ་བའི་འཛམ་གླིང་གི་རྒྱལ་ཁབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་པའི་ཚོགས་སྡེ། ལྷག་པར་དུ་བསྟན་པ་དང་སྟོན་པ་གཅིག་ཏུ་གྱུར་བའི་ནང་བ་ཡོངས་རྫོགས་ལ་ཞུ་རྒྱུར་བོད་གངས་ཅན་ལྗོངས་ཀྱི་ཀིརྟི་དགོན་ཆེན་གྱི་མཚོན་པའི་དགོན་སྡེ་རྣམས་དང་ལྷག་པར་དུ་ཆོས་བྱེད་དགེ་འདུན་པར་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་སྟེ་ཉིན་མཚན་མི་འཁྱོལ་བའི་དཀའ་བ་མྱངས་དང་མྱོང་བཞིན་ཡོད་པས་གང་མགྱོགས་ཆོས་བྱེད་དགེ་འདུན་པའི་རང་དབང་ལ་བརྒྱབ་སྐྱོར་རྒྱ་གང་ཆེ་གནང་རྒྱུའི་འབོད་སྐུལ་བྱེད་ཀྱིན་ཡོད་ཞེས་དང་། ང་ཚོ་དེ་རིང་འདིར་འཛོམས་ནས་བོད་ནང་དུ་སྡུག་སྦྱོངས་མྱོངས་བཞིན་པའི་ཉེས་མེད་དགེ་འདུན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་བྱེད་དུ་དུས་ཐོག་འདིར་ང་ཚོས་ལས་འགུལ་འདི་སྤེལ་བ་ཡིན་ཞེས་གསལ་བཤད་དང་མཉམ་དུ་གཤམ་གྱི་བསྒྲགས་གཏམ་གསལ་སྒྲགས་གནང་སོང།
ནང་བསྟན་མྱུར་སྐྱོབས་འབོད་སྒྲ།
ཆོས་ལུགས་དུག་ཏུ་འདོད་པའི་རྒྱ་དམར་སྲིད་གཞུང་གིས་དུས་རབ་གོང་མའི་དུས་དཀྱིལ་ཙམ་ནས་བཟུང་བོད་གངས་ཅན་ལྗོངས་ཀྱི་ནང་པའི་དགོན་པ་དྲུག་སྟོང་ལྷག་རྩ་གཏོར་བཏང་བ་དང་ཉེས་མེད་ཆོས་བྱེད་དགེ་འདུན་པ་ཁྲི་ཚོ་མང་པོ་དུས་མིན་རྐྱེན་ལམ་དུ་བཏང་ཡོད་པ་རེད། དུས་རབ་གསར་བ་འདིར་མུ་མཐུད་དུ་གྲྭ་བ་རྣམས་འཛིན་བཟུང་བཙན་འཁྲིད་དང་དད་ལྡན་མང་ཚོགས་ལ་གཅར་རྡུང་དྲག་གནོན་བྱས་ཏེ་ཛ་དྲག་གི་གནས་སྟངས་འོག་ཚུད་ཡོད་པའི་ཐད། སྟོན་པ་དང་བསྟན་པ་གཅིག་ཏུ་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་དགོན་སྡེ་དང་གྲྭ་ཚང་། ཆོས་ཚོགས། ཆོས་གྲོགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། རྒྱ་གཞུང་གིས་གཏིང་གནག་པའི་སྲིད་བྱུས་འོག་རྔ་པ་ཀིརྟིའི་དགོན་ཆེན་འདིའི་གཙོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟི་གནས་དགོན་པ་རྣམས་བཙོན་ཁང་ལྟ་བུའི་ངོ་བོར་བསྒྱུར་ནས་གྲྭ་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་ཉིན་མཚན་མི་འཁྱོལ་བའི་དཀའ་བ་མྱངས་དང་མྱོང་བཞིན་ཡོད། ཉེ་སྔོན་རྔ་བ་ཀིརྟི་དགོན་ཆེན་དོ་དམ་འོག་ཟླ་བ་གཅིག་དང་ཞག་དྲུག་སོང་མཚམས་དགེ་འདུན་པ་དགོང་ལོ་༡༨་ནས་ ༤༠ བར་བཙན་འཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་པ་སྔོན་ནས་མང་ཚོགས་ཀྱིས་གོ་ཐོས་ཡོད་པ་བཞིན་ཕྱི་ཟླ་ ༤ ཚེས་ ༢༢ ཐོ་རངས་ལ་གྲྭ་པ་ ༣༠༠ ལྷག་དུས་གཅིག་ཏུ་ཕྱི་ལ་བཙན་ཁྲིད་ཟིན་པ་དང་། ད་དུང་ཡང་བཙན་ཁྲིད་བྱེད་དང་བྱེད་བཞིན་པའི་གནས་ཚུལ་ཡོང་བཞིན་ཡོད། གྲྭ་པ་རྣམས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཆེ་ཞིང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པར་མ་ཟད། ཆོས་ཀྱི་སྡེ་ཆེན་པོ་དེའི་མཚོན་བོད་ཀྱི་དགོན་སྡེ་རྣམས་རྨེག་མེད་དུ་འཇོམས་པའི་སྲིད་བྱུས་ངན་པ་ལག་ལེན་དུ་བསྟར་མུས་ལ་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་འཚོགས་ཀྱི་མཚོན་པའི་དྲང་བདེན་ལ་དགའ་བའི་ཚོགས་སྡེ་དང་། རྒྱལ་ཁབ། མི་སྒེ་བཅས་ཚང་མས་རྒྱ་སྐྱོར་ཐོབ་ཁྱེད་དུ། ད་ལམ་རྒྱ་གར་གནས་བཞུགས་ནང་བསྟན་དགོན་སྡེ་ཡོངས་རྫོགས་ཀྱིས་རྔ་པ་ཀིརྟིའི་དགོན་ཆེན་འདིའི་མཚོན་བོད་བརྒྱུད་ནང་བསྟན་ཀྱི་དགོན་སྡེ་རྣམས་ཛ་དྲག་གི་གནས་སྟངས་ཡ་ང་བ་ལས་མྱུར་དུ་སྐྱོབ་པའི་སྐྱབས་འཇུག་དང་འབྲེལ་ནང་པའི་ཆོས་བྱེད་དགེ་འདུན་པའི་རང་དབང་ལ་རྒྱབ་སྐྱོར་གྱི་ངོ་བོ་མཚོན་པའི་ནང་བསྟན་མྱུར་སྐྱོབས་འབོད་སྒྲའི་རིས་མེད་དགེ་འདུན་པའི་ཞི་བའི་ལས་འགུལ་གཞི་རྒྱ་ཆེ་བ་འདི་༢༠༡༡་ཟླ་༠༥་ཚེས་༢ ཞོགས་པའི་༠༩་ཐོག་སྤེལ་བ་ཡིན་པས་གོང་གསལ་གྱི་ཚོགས་སྡེ་ཡོངས་དང་ཁྱད་པར་དུ་འཛམ་གླིང་འདིའི་ནང་བ་ཡོངས་ཀྱིས་རྒྱབ་སྐྱོར་གནང་རོགས་གནང་ཞུ་རྒྱུའི་ཛ་དྲག་འབོད་སྐུལ་བསྒྲགས་གཏམ།
དགོས་འདུན་དོན་ཚན་གསུམ་ནི།
༡༽མདོ་སྨད་ཀིརྟི་དགོན་གྲོང་གཉིས་སུ་རྒྱ་གཞུང་གིས་གཅར་རྡུང་དྲག་གནོན་མྱུར་དུ་མཚམས་འཇོག་དགོས་པ།
༢༽པཎ་ཆེན་ཆུང་སྲིད་རིན་ཆེའི་གཙོས་ཉེས་མེད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ།
༣༽བོད་ཀྱི་དགོན་སྡེ་རྣམས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་མིང་འདོགས་འོག་ཆོས་བྱེད་དགེ་འདུན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་དྲག་པོ་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པ་བཅས་ཡིན།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས།
ཕྱི་ལོ་༡༡ཟླ་ ༥ ཚེས་ ༢ ཉིན།
ང་ཚོས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྱི་ཆོས་སྡེ་ནི་བྷེལ་ཀོབ་དུ་སེ་ར་བྱེས་སྨད་གཉིས་དང་རྣམ་གྲོལ་གླིང་། བཀྲ་ཤིས་ལྷུན་པོ་དང་། བཙུན་དགོན་། བཀའ་བརྒྱུད་དང་ས་སྐྱ་བཅས་དང་།
མོན་གྷོ་ཌི་འབྲས་སྤུང་སྒོ་མང་དང་བློ་གསལ་གླིང་། ར་སྟོད་གྲྭ་ཚང་། དགའ་ལྡན་བྱང་རྩེ་དང་། དགའ་ལྡན་ཤར་རྩེ་དང་ས་སྐྱ་དང་བཀའ་བརྒྱུད་། བཙུན་དགོན་དང་བཅས་དགོན་སྡེ་ཁག་དང་། ཧུན་སོར་ནས་བླ་མ་རྒྱུད་པ་དང་། རྫོང་དཀར་ཆོས་སྡེ། ཀོ་ལེ་ཀལ་ནས་རྫོག་ཆེན་གི་མཚོན་པའི་ཆོས་སྡེ་ཁ་ཤས། རྡ་ས་ཁུལ་ནས་རྣམ་རྒྱལ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་། དགེ་ལྡན་ཆོས་གླིང་བཅས་དང་། རྒྱུད་སྟོད་དང་ནོར་གླིང་ནས་སྒྲོལ་མ་གླིང་དང་།
སོ་ལེན་ནས་སྨན་རིའི་གླིང་དང། སིམ་ལ་ནས་རྟག་བསྟན་ཕུན་ཚོགས་གླིང་བཅས་དང་། ཤིའི་རིའི་ཀོ་རེའི་ནས་སད་རྒྱུད་གྲྭ་ཚང་དང་། ཀ་ལེན་སྦུག་ནས་ཐར་བ་ཆོས་གླིང་། རྡེ་ར་ལྡུན་ནས་ས་སྐྱ་མ་དགོན་གི་གཙོས་དགོན་ཁག་ཁ་ཤས་དང། ལ་དག་ཁུལ་དུ་ཡང་དགོན་པ་ཁ་ཤས་བཅས་དང་། ནེ་པ་ལེ་ནས་ཀོ་པན་དང་བཅས་ང་ཚོས་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད། མདོར་ན་དགོན་ཁག་ལྔ་བཅུ་ལྷག་དང་། ཚོད་དཔག་བྱས་ན་གྲྭ་བཙུན་གཉིས་ཁྲི་ལྷག་མཉམ་ཞུགས་ཐུབ་ཡོད། རྒྱ་གཞུང་གིས་ཆོས་བྱེད་དགེ་འདུན་པའི་རང་དབང་ལ་བསམ་ཤེས་མ་བྱས་ཚེ་ང་ཚོས་མ་འོངས་པར་འདི་ལས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་སོགས་ཀྱི་གཏམ་བཤད་གནང་སོང།
སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་མཆོག་གིས་རྒྱ་གཞུང་གི་རྩ་ཁྲིམས་ནང་དུ་ཆོས་དད་རང་དབང་དང་འགྲོ་མིའི་ཐོབ་ཐང་གཏམ་བརྗོད་རང་དབང་སོགས་ཆོག་པར་བཤད་ཡོད་ཀྱང་ལག་ལེན་དུ་བསྟར་གྱིན་མེད་པས་རྒྱ་གཞུང་ལ་འགྱུར་བ་མ་བྱུང་ན་ང་ཚོ་བོད་དུ་ཀུ་ཡངས་ཀི་འགྱུར་བ་ཡོང་ས་མེད་པ་རེད། ད་ལྟ་རྔ་བ་ཀིརྟི་དགོན་པར་རྒྱ་གཞུང་གིས་བསུན་བཙུར་འོག་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པས་ང་ཚོ་ཚང་མས་ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས།། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ།། མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླ་དོར་མིག །། ཡོངས་ཐོབ་བྱམས་བརྩེས་དཔལ་ལ་སྦྱོར།། ཞེས་པ་ལྟར་རྒྱ་གཞུང་གིས་ད་ལྟའི་བྱེད་ཚུལ་ནི་བཙན་དབང་གིས་བོད་མི་ཡོངས་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་ཞིག་ཡིན་པས་རང་གཞན་གཉིས་ཕུང་ཞིག་ལས་མེད། སྔ་ཕྱི་ཙམ་ལས་རྒྱ་གཞུང་གི་སྲིད་དབང་མགོ་རྟིང་བསློགས་རྒྱུ་ཡིན་པ་ཧ་ཅང་གསལ་བོ་རེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་རིས་མེད་དགེ་འདུན་པ་ཚང་མས་མཉམ་དུ་ལས་འགུལ་གཞི་རྒྱ་ཆེ་བ་འདི་འདྲ་ཞིག་སྤེལ་བར་སྔགས་བརྗོད་ཡོད། རིས་མེད་དགེ་འདུན་པ་ཚང་མས་རྒྱ་གཞུང་གི་མགོ་ཁྲིད་ཚོའི་རྒྱུད་ལ་བྱམས་རྩེའི་བསམ་བློ་སྐྱེས་དེ་རང་གཞན་བདེ་དགའི་དཔལ་ལ་སྦྱོར་ཐུབ་པའི་ཐུགས་སྨོན་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་གནང་སོང་།
ས་གནས་ཁག་གི་པར་དང་བརྙན་འཕྲིན་སོགས་རྗེས་སུ་གཏོང་ངེས་ཡིན། གྲོགས་པོ་ལགས་ཞུ་དག་བྱེད་ཐུབ་མ་སོང་། དག་བཅོས་བྱེད་རོགས་གནང་། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས།
འབྲེལ་གཏུགས་བྱེད་ས་ ༠༠༩༡ ༩༨༤༥༨༨༧༠༨༢

གསར་འགྱུར།

Post navigation

Previous Post: ང་འབྲུག་ལ་སོང་བ།
Next Post: རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པའི་གྱེན་ལངས་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད།

Comments (8) on “ནང་བསྟན་མྱུར་སྐྱོབས་འབོད་སྒྲ།”

  1. སྤོབས་པ་མཐའ་ཡས། says:
    2011-05-02 at 12:29 pm

    ཐུགས་རྗེ་ཆེ། ཅིག་གཏང་ཐུབ་པ་དེ་གས་འགྲིགས་འདུག ཞུ་དག་བྱེད་མ་ཐུབ་ན་ཡང་འགྲིགས་གི་རེད། གང་ལྟར་ང་ཚོས་གོ་བ་ལེན་ཐུབ་ཀྱིན་འདུག ནང་ཆོས་ཀྱི་དགོངས་དོན་དང་མཐུན་པ། དུས་རབས་གསར་པའི་འགྲོ་སྟངས་དང་མཐུན་པ། ཞི་དུལ་གྱི་མཐོང་སྣང་ཡོད་པ། རང་ཚུགས་བརྟན་པོ་དང་གཤིས་རྒྱུད་དྲང་པོའི་རང་མདངས་མངོན་པའི་ལས་འགུལ་ཞིག་སྤེལ་རྒྱུ་དེ་གལ་ཆེན་དོན་ཆེན་རེད། ཐུགས་རྗེ་ཆེ།

  2. བཙན་བྱོལ་བ། says:
    2011-05-02 at 6:27 pm

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཟེར་བའི་ཚོགས་པ་དེ་བར་ལམ་ཞིག་ནས་ལས་འགུལ་སྤེལ་རྒྱུ་ཟད་ནས་མིང་གོ་ཐོས་མེད་པར་ཡུན་རིང་ཕྱིན་མོད། སླར་ཡང་ལས་འགུལ་གཟི་བརྗིད་ཅན་འདི་ལྟ་བུ་སྤེལ་བ་ལ་བསྔགས་བརྗོད་ཡོད། མཐུན་ཚོགས་འདི་ནི་སྤྱིར་སེར་མོ་བའི་སྡེའི་ཚོགས་པ་ཞིག་ཡིན་འདུག

  3. བཀྲ་ཤིས་ནག་ལྡང་། says:
    2011-05-02 at 6:34 pm

    སྤྱིར་དགེ་འདུན་པ་རྣམས་ཀྱིས་ཞི་བའི་འབོད་སྐུལ་གནང་ན་ངོ་མ་དད་པའི་ཡུལ་རེད།
    འོན་ཀྱང་། ཁ་ལས་ངན་ནང་ནས་ཚོགས་མ་བསགས་པའི་སྐད་ཆ་རེ་བཤད་ན་དགེ་འདུན་སེར་ལམ་ལམ་མ་རེ་ཡིས་དར་ཆ་ཁྲ་གོར་གོར་འགའ་འཁྱེར་ན་འབྱོར་མོ་ཞིག་ཁྱོན་ནས་མི་འདུག དེ་ལས་ཆོས་གོས་མནབས་ནས་ལྷོད་ལྷོད་ངང་ཕེབས་ན་མཛེས་ཆ་ལའང་ཁྱད་པར་ལོས་ཡོད་སྙམ་གི

  4. འདོད་ལྷ་ཁམས་པ། says:
    2011-05-03 at 12:29 am

    རེད། རེད། གཞན་ ་མ་བ་ན་མ་བ།
    འབོད་སྒྲའི་སྐད་ཤུགས་ཆེ་ཙམ་བརྒྱབས་ནས་ཛ་དྲག་གི་ཉེན་ཁར་ལྷུང་བའི་རྔ་བ་ཀི་རྟི་དགོན་གང་མགྱོགས་མྱུར་སྐྱོར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་རེད།

  5. ten zin pema says:
    2011-05-03 at 3:23 am

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གི་གཙོ་དགོན་སྡེ་ཁག་དང་སེར་མོ་ཡོངས་ལ་ཕྲན་གྱིས་ལག་གཉིས་ཐལ་མོ་སྤྱར་ཏེ་ཐུགས་རྗེ་ཆེ་ཞུ

  6. དབྱི་ཆུའི་རླབས་སྒྲ། says:
    2011-05-03 at 4:40 am

    ང་ཚོ་བོད་རིགས་ཀྱི་རྩ་དོན་ལ་བོད་མི་རིགས་སྐྱེས་བོ་རྣམ་བསྟན་ཡོངས་ཀྱིས་ཆིག་སྒྲིལ་འདི་ལྟ་བུ་མུན་འཐུད་ནས་གནང་ན་གྲུབ་འབྲས་ཞིག་མཐོན་ངེས་ཡིན་བས་རྗེས་ཕྱོགས་མདུན་ནས་མདུན་སྐྱོད་བྱེད་པར་གལ་ཆེ།

  7. dawa says:
    2011-05-03 at 6:13 pm

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཞེས་མིང་ལེགས་པོ་འདུག་ལ་མཐོང་ཐིང་ཡང་དང་པོ་ཡིན།
    གང་ལྟར་ལས་འགུལ་འདི་སྤེལ་བར་སེམས་གཏིང་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ། ད་དུང་ཡང་དེ་བཞིན་མུ་མཐུད་རོགས་ཞུ།

  8. སྤྲིན་གྱི་ཕོ་ཉ་། says:
    2011-05-03 at 6:28 pm

    བཀྲ་ཤིས་བདེ་ལེགས་། ཐུགས་རྗེ་ཆེ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme