Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས།

Posted on 2011-04-302011-04-30 By ཁ་བརྡ་ 26 Comments on རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས།

a-severely-burned-phuntsok
རྔ་བ་ཚེ་སྐྱིད།

བཀའ་དྲིན་ཆེ། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས།
ཁྱེད་ཀྱིས། མི་རིགས་ཤིག་གི་དཀའ་སྡུག་སེལ་རྒྱུའི་ཆེད་དུ།
ཁྱེད་ཀྱིས། རིག་གཞུང་གི་བླ་སྲོག་སྐྱོབ་རྒྱུའི་ཆེད་དུ།
ཁྱེད་ཀྱིས། ཁོར་ཡུག་ཅིག་གི་མདངས་ཉམས་གསོ་རྒྱུའི་ཆེད་དུ།
ཁྱེད་ཀྱིས། ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཞིག་གི་ཆེད་དུ།
ཁྱེད་ཀྱིས། སྤྱི་ཁྱབ་འདྲ་མཉམ་ཞིག་ཡོང་བའི་ཆེད་དུ།
འདི་ལྟར། རྩ་ཆེ་ཞིང་། གཅེས་པའི་སྲོག་དེ། དམར་བོ་མེ་དཔུང་ལ་བསྒྱུར་བ་རེད།
དེའི་རྒྱུ་མཚན་ཡང་།
འདི་ནི། འདྲ་མཉམ་ཞིག་མ་ཡོད་པས་རེད།
འདི་ནི། ཐོབ་ཐང་ཞིག་མ་ཡོད་པས་རེད།
འདི་ནི། སྨྲ་བརྗོད་ཅིག་མ་ཡོད་པས་རེད།
འདི་ནི། དྲང་བདེན་ཞིག་མ་ཡོད་པས་རེད།
འདི་ནི། བཙན་འཛུལ་ཞིག་ཡོད་པས་རེད།
འདི་ནི། གཉའ་གནོན་ཞིག་ཡོད་པས་རེད།
འདི་ནི། ཐུབ་ཚོད་ཆེན་པོ་ཞིག་ཡོད་པས་རེད།
རེད་ཡ།
ཁྱེད་འདི་ལྟར་བཞུད་ཤུལ་ནས།
ང་ཚོ་ལ་གསོན་ཤུགས་རྒྱས་སོང་།
ང་ཚོ་ལ་རྒྱབ་སྐྱོར་ཐོབ་སོང་།
ང་ཚོ་ལ་སྙིང་སྟོབས་འཕེལ་སོང་།
ང་ཚོ་ལ་གཅིག་སྒྲིལ་བྱུང་སོང་།
ང་ཚོ་ལ་ནུས་ཤུགས་བསྐྲུན་སོང་།
ད་དུང་།
ང་ཚོའི་དཀའ་ངལ་འཛམ་གླིང་གི་ཤེས་སོང་།
ང་ཚོའི་སེམས་པ་གཅིག་ལ་སྦྲེལ་སོང་།
ང་ཚོའི་ཁ་ཕྱོགས་གཅིག་ལ་ཕྱོགས་སོང་།
དེ་ལས་ཀྱང་།
ཁྱེད་ཀྱི་ནུས་སྟོབས་ཀྱིས། འཛམ་གླིང་འགུལ་དུ་བཅུགས་སོང་།
ཁྱེད་ཀྱི་ཆོད་སེམས་ཀྱིས། རིགས་མཐུན་སྤུན་ཟླར་སྙིང་སྟོབས་རྒྱས་སོང་།
ཁྱེད་ཀྱི་བློས་བཏང་གིས། ང་ཚོར་མིག་དཔེ་བཞག་སོང་།
ཁྱེད་ཀྱི་ལྷག་བསམ་གྱིས། ང་ཚོ་གཉིད་ལས་སད་སོང་།
དེས་ན། བཀའ་དྲིན་ཆེའོ།།
ཁྱེད་ཀྱི་ཐུགས་སེམས་བདེ་མོ་བྱོས་དང་། ང་ཚོར་བདེན་པའི་རྒྱབ་ལྗོངས་ཡོད་ཀི
ཁྱེད་ཀྱི་ཐུསག་སེམས་བདེ་མོ་བྱོས་དང་། ཁྱེད་ལ་གུས་འདུད་གྲངས་མེད་ཡོད་ཀི
ཁྱེད་ཀྱི་ཐུགས་སེམས་བདེ་མོ་བྱོས་དང་། ཁྱེད་ཀྱི་ལས་དོན་དེ་གཟིམ་པ་མེད་ཀི
དེའི་ཕྱིར་ན། ལོ་རྒྱུས་ཀྱི་རྡོ་རིང་བསླངས་སོང་།
དེའི་ཕྱིར་ན། རླབས་ཆེན་གྱི་ལས་དོན་བསྒྲུབས་སོང་།
དེའི་ཕྱིར་ན།
ང་ཚོ་ཡང་། འདི་ལྟར་ཡོང་གི་རེད་ལགས།
ཐུགས་རྗེ་ཆེ། ང་ཚོའི་སྙིང་ཁམས་རྡོ་ལ་བསྒྱུར་སོང་།
ཐུགས་རྗེ་ཆེ། ང་ཚོའི་མཐུན་སྒྲིལ་ཇེ་དམ་དུ་བཏང་སོང་།
ཐུགས་རྗེ་ཆེ། ང་ཚོའི་དཀའ་སྡུག་ཇེ་གསལ་དུ་བཏང་སོང་།
ཐུགས་རྗེ་ཆེ་ཡ། བཀའ་དྲིན་ཆེའོ།།

སྙན་ངག

Post navigation

Previous Post: སེམས་སོང་གི་བུ་མོ་ཞིག་ལ།
Next Post: དགྲ་བཅོམ་པ་གང་པོས་བྲིས་པའི་སངས་རྒྱས་ཀྱི་འདྲ་རིས་དང་མཇལ་བ།

Comments (26) on “རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས།”

  1. བོད་ཁམས་ཉི་མ་། says:
    2011-04-30 at 10:56 pm

    ངས་རྔ་བ་ཚེ་སྐྱིད་ཀྱིས་བྲིས་མཚམས་དེར་ང་ཚོ་ལ་དཀའ་ངལ་བཟོས་སོང་། ཞེས་བྲི་འདོད་བྱུང་།

  2. ཟླ་བ་ཆོས་འཛོམས། says:
    2011-04-30 at 11:40 pm

    སེམས་སྐྱོ་གི མིག་ཆུ་བཞུར་གི

  3. ཀརྡོ་རབ་འབྱམས་པ་ says:
    2011-05-01 at 1:44 am

    དཔའ་བོ་ཕུན་ཚོགས་རྒྱལ་འགྱུར་ཅིག །

  4. ཚ་ཕྲུག་རྒྱལ says:
    2011-05-01 at 2:03 am

    ཚེ་སྐྱིད་ལགས་སོགས་བོད་ལ་གདུང་བའི་པུ་རྒྱ་བ་དག་གིས་འདས་པོ་སྐུ་ཞབས་ཕུན་ཚོགས་ལགས་སུ་རྗེས་དྲན་གྱི་སྙན་ཚིག་དང་སྟོད་གླུ་སོགས་ཀྱི་གངས་ལྗོངས་པའི་ལ་རྒྱ་ཡི་རྣམ་སྟོན་པར་དགའ་བསུ་ཡོད། གདོང་དམར་གངས་ཅན་པའི་ཆེད་དུ་གཅེས་པའི་ཚེ་སྲོག་གི་ལེགས་སྐྱེས་ཕུལ་མཁན་ཉུང་ཉུང་ཞིག་རྩ་བ་ནས་མིན། གངས་ལྗོངས་ཀྱི་ཆེད་དུ་པུ་རྒྱ་འདས་པོ་དེ་དག་ཐམས་ཅད་ཀྱི་རྣམ་ཤེས་ནི་ཚེ་ལྡན་གདོང་དམར་ང་ཚོའི ་ལྷན་དུ་རྒྱུན་དུ་གནས་ཡོད་ལ་རྒྱུན་དུ་ངེད་ཚོར་སྤྱན་མི་འཛུམ། ཁོང་རྣམས་ཀྱི་ཚེ་སྲོག་ལ་རིན་ཐང་ཇི་ཙམ་ལྡན་ཡོད་དམ། ཁོང་རྣམས་ཀྱི་ཚེ་སྲོག་ལ་གཅེས་སྤྲོད་སུ་ཡི་བྱེད་དམ། ང་ཚོའི་ ་ཆེད་དུ་ཁོང་ཚོའི ་་ཚེ་སྲོག་ཅི་ཕྱིར་ཕུལ་བ་ཡིན་ནམ། ཁོང་རྣམ་ཚོ་ང་ཚོ་དང་མཉམ་དུ་ཅིའི་ཕྱིར་གསོན་འདོད་མེད་པ་ཡིན་ནམ། བོད་མི་རིགས་ཀྱི་བདེ་སྡུག་དེ་འདས་པོ་ཁོང་རྣམ་ཚོ་གཅིག་པུའི་ཆེད་དུ་ཡིན་ནམ། གལ་སྲིད་དེ་ང་ཚོ་ཚང་མིའི་ཆེད་དུ་ཡིན་ན་གསོན་པོ་ང་ཚོས་ག་རེ་གནང་དགོས་སམ། ཁ་བཟང་དང་སྨོན་ལམ་དེས་ཁོང་ཚོའི ་་དགོས་དམིགས་དེ་ཨ་ཡིན་ནམ། སྨྲེ་སྔགས་དང་ཚིག་བཟང་དེས་ཁོང་རྣམ་ཚོའི ་་རེ་ཁ་དེ་འགྲུབས་ཐུབ་བམ། དངོས་གནས་ངེད་རང་ཚོ་ངེད་ཅག་ཚོའི་ ་ཆེད་དུ་ལུས་ངག་ཡིད་གསུམ་གྱི་ལས་དོན་ཞིག་མཉམ་རུབ་མ་གནང་བར་རེ་སྨོན་གཅིག་པུས་གང་ཡང་མི་འགྲུབ་ལ་ཅི་ཡང་མི་ནུས་སོ།

  5. སྤྱན་ཆབ། says:
    2011-05-01 at 3:35 am

    དཔའ་བོ་རྒྱལ་གྱུར་ཅིག
    སྙིང་སྟོབས་རྒྱལ་གྱུར་ཅིག

  6. དོལ་སྨྱོན། says:
    2011-05-01 at 4:49 am

    བཞུད་ཟིན་པའི་ཁྱོད།
    འཁྲེང་སེམས་དང་ཞེན་ཆགས་མེད་པར་ཕེབས་ཞིག
    ཡོང་བཞིན་པའི་ང་ཚོ།
    ནམ་ཡང་ཁྱོད་ཀྱི་རྗེས་འཇུག་རྣལ་མ་ཡིན།

    བཞུད་ཟིན་པའི་ཁྱོད།
    དགའ་དང་སྤོབས་པའི་ཐོག་ནས་སོང་ཞིག
    ཡོང་བཞིན་པའི་ང་ཚོ།
    ནམ་ཡང་ཁྱོད་ཀྱི་རིང་ལུགས་ཡང་དག་ཡིན།

  7. ཁྱུང་དཀར says:
    2011-05-01 at 8:21 am

    དོལ་སྨྱོན་ལ།
    མི་བུའི་རྣམ་ཤེས་འཁྲེང་སེམས་དང་ཞེན་ཆགས་མེད་པར་འགྲོ་རྒྱུ་ལས་སླ་བོ་ཞིག་ཨེ་ཡིན་ན།
    བལྟས་ཚོད་ལ་རྒྱལ་གཅེས་པ་ཕུན་ཚོགས་ཀྱི་རྣམ་ཤེས་ད་དུང་ཡང་རྔ་བ་མི་དམངས་མཉམ་དུ་རྒྱ་རྒོལ་ཞི་འཇགས་ལ་གདུང་ལེན་བྱེད་ཀི་ཡོད། ཡིག་འབྲི་བ་ཚོས་ཕུན་ཚོགས་ལགས་ལ་བློ་བདེ་བོ་དང་ཞེ་ཐོག་མེད་པར་ཕེབས་སྐྱེལ་འདྲ་ཞིག་ཞུ་ཀི་འདུག ཡིན་ནའང་། སྐུ་ཞབས་ཁོང་གི་དགོངས་དོན་དེ་འདྲ་ཞིག་ཨེ་ཡིན་ན།
    ཁོང་གིས་ནམ་ཡང་ང་ཚོའི་འགུལ་བསྐྱོད་ལ་བལྟ་འདུག་གི་རེད།

  8. རྔ་བ་ཚེ་སྐྱིད་ says:
    2011-05-01 at 11:33 am

    རིགས་ཀྱི་སྤུན་ཟླ་རྣམ་པ་ལགས།
    འདི་རུ་ཕེབས་ནས་རང་རང་གི་དགོངས་ཚུལ་གསུངས་པར་དགའ་ཡོད་ལ། མུ་མཐུད་ནས་གནད་ལ་སྨིན་པའི་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུའོ།།

    རྒྱལ་གཅེས་དཔའ་བོ་ལགས།

    ཁྱེད་ཀྱིས་བུ་མོ་ང་ལ་བཞག་པ་ནི། སྙིང་སྟོབས་ཤིག་རེད།
    ཁྱེད་ཀྱིས་བུ་མོ་ང་ལ་བསྐྲུན་པ་ནི། ཆོད་སེམས་ཤིག་རེད།
    ཁྱེད་ཀྱིས་བུ་མོ་ང་ལ་བསྐྱེད་པ་ནི། བློས་བཏང་ཞིག་རེད།
    དེས་ན།
    ང་ནི། འདི་ལྟར།
    དམིགས་འབེན་མེད་པར།
    ཁ་ཕྱོགས་མེད་པར།
    འགན་ལེན་མེད་པར།
    སྤོབས་སེམས་མེད་པར།
    འགྲོ་གི་མིན་ལ།
    འདུག་གི་ཡང་མིན།
    ཁྱེད་དང་འདྲ་བ་ཞིག་ཡོང་བར་ཤོག
    ཁྱེད་དང་མཚུངས་པ་ཞིག་འགྱུར་བར་སྨོན།
    ཁྱེད་ཀྱི་རྗེས་དེ་ཟིན་ན་བསམས།
    ཁྱེད་ཀྱི་སྤྱི་སེམས་ཡོད་ན་བསམས།
    ཁྱེད་ཀྱི་སྙིང་སྟོབས་འཕེལ་ན་བསམས།
    ད་ཡིན་ན།
    འདུག་རན་མ་རེད་ཡ།
    ད་ཡིན་ན།
    གཉིད་རན་མ་རེད་ཡ།
    ད་ཡིན་ན།
    རྒྱང་བཀྱེད་རན་མ་རེད་ཡ།
    ད་ཡིན་ན།
    མདུན་དུ་ཐོན་ཡ།
    ད་ཡིན་ན།
    བློས་བཏང་བྱེད་ཡ།
    ད་ཡིན་ན།
    ནུས་ཤུགས་འདོན་ཡ།
    ཨོ་ཡ་ཡ།
    རིགས་ཀྱི་སྤུན་ཟླ་རྣམ་པ་ལགས།

  9. chime in italy says:
    2011-05-01 at 12:55 pm

    he is our country hero, we never forget him, to generation to generation,

  10. ཁྱུང་དཀར says:
    2011-05-01 at 1:01 pm

    སྨོན་ལམ་འདྲ་ཞིག་བཏབ་ནས་ཕན་ཐོག་རེ་ཡོད་ན།
    སྨོན་ཚིག་རྐྱང་རྐྱང་བྲིས་ན་ཆོག་གི
    སྨོན་སེམས་རེ་རེ་བཏབ་ན་འགྲིག་གི
    འོན་ཀྱང་། ད་ནི་སྨོན་ཚིག་འདོན་པའི་དུས་ཤིག་མ་རེད་ལ།
    སློབ་གསོ་འདོན་པའི་དུས་ཀྱང་མ་རེད།
    གང་ལྟར་རང་ཉིད་ནས་མགོ་བརྩམ་ན་ད་གཟོད་ང་ཚོ་ལ་རེ་འབྲས་འཐོབ་སྲིད།

  11. རྔ་བ་ཚེ་སྐྱིད་ says:
    2011-05-01 at 1:22 pm

    བཀུར་འོས་དྲ་གྲོགས་ཁྱུང་དཀར་ལགས།
    ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད།
    ཤིན་ཏུ་མད། ང་རང་བུ་མེད་ཅིག་ཡིན་རུང་། ངའི་སེམས་ཁམས་བུ་མེད་ཅིག་གི་ཚད་ལ་ཡོད་ཀྱང་། ངའི་རྣམ་གཟུགས་བུ་མེད་ཅིག་ཡིན་ཡང་། དང་པོ་སྙིང་སྟོབས་ཤིག་བསྐྱེད་ནས། དང་པོ་ཆོད་སེམས་ཤིག་བསྐྲུན་ནས། དང་པོ་རང་རྟོན་ཞིག་བཙལ་ནས།
    དེ་ནས་བཟུང་།
    ངའི་ནུས་ཤུགས་ཀྱིས་ཅི་ཞིག་བྱེད་མིན།
    ངའི་ལག་ལེན་གྱིས་ཅི་ཞིག་བསྒྲུབ་ཐུབ་མིན།
    ངའི་ཆོད་སེམས་ཀྱིས་ཅི་ཞིག་འཇོག་ཐུབ་མིན།
    བསམ་ཞིང་གཞིགས་པའི་མཐའ་མ་དེར།
    ད་ནི། མདུན་དུ་ཐོན་གི་ཡིན་ལགས།
    ད་ནི། བློས་བཏང་བྱེད་ཀི་ཡིན་ལགས།
    ད་ནི། དཀའ་ངལ་དེ་ངོས་འཛིན་ཐོབ་སོང་ལགས།
    དེའི་ཕྱིར་ན།
    ཁོང་གི་རྗེས་འཇུག་པ་ཨེ་ཡོང་བལྟ་གི་ཡིན།
    ཁོང་གི་ཆེད་སེམས་དེ་ཨེ་འཕེལ་བལྟ་གི་ཡིན།
    ཁོང་གི་བློས་བཏང་དེ་ཨེ་ཐུབ་བལྟ་གི་ཡིན།
    རིགས་ཀྱི་སྤུན་ཟླ་རྣམ་པ་ལགས།
    སོམས་དང་། གཞིགས་དང་། སྤུན་ཟླ་རྣམ་པ།

  12. དགེ་འདུ་ཚང་ says:
    2011-05-01 at 4:38 pm

    ཨ་ཨ་བུ་མོ་ཚེ་སྐྱིད་ནས་བྲིས་འདུག་ཡ་ངོ་མ་ཡག་གི་་་་་་བཞུད་ཟིན་པའི་དཔའ་རྒོད་དེས་་འདས་མ་ད་གསུམ་ལ་བདེན་དཔང་བྱས་སོང་་་ལྷག་བསྡད་པའི་ང་ཚོའི་་་མེ་ལ་སྒྲོན་པའི་སྐུ་པར་ལ་བལྟས་ནས་་་་ལམ་ལ་ཆས་རན་རེད་ཡ་

  13. ཁྱུང་དཀར says:
    2011-05-01 at 6:29 pm

    བུ་མོ་ཁྱེད་ཀྱིས་བཤད་སྟངས་ལ་བལྟས་ན་སེམས་ཤུགས་ཆེ་ཀི་བློ་སྟོབས་ཡོད་ཀི
    ཡག་པོ་རེད་རྒྱབ་སྐྱོར་ཡོད། འོན་ཀྱང་ངའི་རང་གཤིས་ལྟར་ན་བཤད་ཡམས་དང་ཁ་སྤོབས་མཐོ་བའི་གཏམ་བརྗོད་པ། ཁ་ལག་གོ་ལྡོག་པའི་ཡི་གེ་བ་ཚོར་དེ་ཙམ་དགའ་བོ་མེད། ངའི་གུས་བརྩི་བྱེད་ས་དང་ཡིད་སྨོན་འཆོར་ས་ནི་དམངས་དོན་འགན་ལེན་གྱི་ཟབ་སར་འགྲེངས་བའི་མི་བུའི་ཚོགས་ཡིན། འདི་ལྟ་བུའི་མི་བུ་ཉུང་དྲགས་པའི་རྐྱེན་གྱིས་ང་ཚོ་ནམ་ཡང་རྒྱལ་ཐུབ་མེད།

  14. དགེ་འདུ་ཚང་ says:
    2011-05-01 at 8:33 pm

    ཨ་རོ་དྲ་གྲོགས་ཁྱུང་དཀར་ལགས་ཁྱེད་ཉིད་ཁ་ལག་གོ་ལྡོག་མཁན་གྱི་གྲས་ཡིན་ནམ་་་དམངས་དོན་ལག་ལེན་བསྟར་མཁན་གྱི་གྲས་ཡིན་ལགས་་་་་་

  15. གཙང་ཁའི་བུ says:
    2011-05-02 at 7:22 am

    སྔོན་གཤེགས་དཔའ་བོ་ལགས།

    རྫ་ཆུ་སྔོན་པོ་ཁྲག་ཏུ་འགྱུར་ཡང་རུང་། །
    མདོ་ཁམས་སྒང་དྲུག་རོ་ཡིས་གང་ཡང་རུང་། །
    དམྱལ་བ་རྡོ་རྗེ་གདན་དུ་འབྱར་ཡང་རུང་། །
    དམར་པོའི་རྒྱ་དང་འགྲིག་ཐབས་རྩ་ནས་མེད། །

    ཕོ་རྣམས་ཟད་ཅིང་མོ་ལ་ཐུག་ཀྱང་རུང་། །
    སོ་རྣམས་ཟད་ཅིང་འགྲམ་པར་ཐུག་ཀྱང་རུང་། །
    སྔོན་གཤེགས་དཔའ་བོའི་ཤ་ལན་མ་བླངས་ན། །
    གདོང་དམར་ཕོ་རྒོད་ཟེར་བ་སྟོང་བཏགས་ཙམ། །

    གཤིན་འདྲ་གསོན་པོ་ཉིན་མོར་རྒྱུགས་དང་གཅིག །
    ཡུག་མོ་གཅེར་བུར་རྒྱ་གྲོང་འཁྱམས་དང་གཉིས། །
    མུ་གེ་ནག་པོ་ཡུལ་ཁམས་གནར་ན་ཡང་། །
    དམར་པོའི་རྒྱ་དང་གཡུལ་ཐབས་ངར་མ་ཞིག །

  16. གཙང་ཁའི་བུ says:
    2011-05-02 at 7:25 am

    མུ་གེ་ནག་པོས་ཡུལ་ཁམས་མནར་ཡང་རུང་། །
    དམར་པོའི་རྒྱ་དང་གཡུལ་ཐབས་ངར་མ་ཞིག །

  17. རྩམ་དགའ། says:
    2011-05-02 at 7:35 am

    ཨོ་ན་་་་་ད་འགྲོ་ཡྰ།
    དཔའ་རྒོད་ཁོང་གི་རྗེས་སུ་འགྲོ
    ཁ་སྟོང་ནང་གི་ཚིག་སྟོང་བཤད་ནས་འདུག་ཁོམ་མི་འདུག
    ཡར་ལ་ལོངས་ཤིག
    སྐྲག་མི་དགོས་ས་ནས་ཁ་ལབ་ཆེ་བའི་སྤུན་ཟླ་ཚོ།

  18. རྔ་བ་ཚེ་སྐྱིད་ says:
    2011-05-02 at 11:50 am

    བཀུར་འོས་དྲ་གྲོགས་དགེ་འདུ་ཚང་ལགས།
    འདིར་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་སོང་བས་ན། བཀའ་དྲིན་ཆེའོ།།

  19. རྔ་བ་ཚེ་སྐྱིད་ says:
    2011-05-02 at 12:41 pm

    བཀུར་འོས་དྲ་གྲོགས་ཁྱུང་དཀར་ལགས།
    སྐབས་འདིར།

    བཤད་ཡམས་ཟེར་བའི་ཚིག་སོགས་ཡོང་ན།།
    ཕྲག་དོག་ཆེ་བའི་རང་ཉམས་ཡིན་འགྲོ།།
    བདེན་བདེན་སྨྲ་བའི་ཟོལ་ཞིག་བསྟན་ཀྱང་།།
    གུ་དོག་མཁྲེགས་པའི་བསམ་བློ་མཐོང་སོང་།།

    ཁ་རྡུང་གཏོང་བཞིན་ཆེ་མདོག་སྟོན་རུང་།།
    ཁ་བཤད་ཆུ་ཡིན་ཝི་བར་འགྱུར་འགྲོ།།
    ཁ་ཁོག་མི་མཚུངས་དཔའ་གཏམ་ཅན་པོ།།
    ཁ་དོན་མཚུངས་ན་མཉམ་དུ་འགྲོ་ཡ།།

    གོ་ལྡོག་ཟེར་བཞིན་སྨད་ར་བྱས་ཀྱང་།།
    གོ་བ་མེད་པའི་གླང་རྒན་འདྲ་བྱུང་།།
    གོ་བ་ཡོད་ན་མདུན་དུ་ཐོན་ནས།།
    གོ་རྒྱུ་ཡོད་པའི་དཔེ་ཞིག་ཞོགས་དང་།

    དམངས་དོན་བསམས་ན་མདུན་དུ་ཤོག་དང་།།
    དམངས་ཀྱི་ངོས་ནས་རྒྱབ་སྐྱོར་བྱེད་ངེས།།
    དམངས་ཀྱི་སེམས་སྟོབས་སྔར་ལས་འཕྱུར་ནས།།
    དམངས་ཀྱི་ནུས་པ་གཅིག་གྱུར་ཆགས་འགྲོ།།

  20. རྔ་བ་ཚེ་སྐྱིད་ says:
    2011-05-02 at 12:46 pm

    ཆེས་བཀུར་བར་འོས་པའི་དྲ་གྲོགས་དགེ་འདུ་ཚང་གི་ངོས་ནས། དྲ་གྲོགས་ཁྱུང་དཀའ་ལགས་ན། དྲི་བ་ཞིག་བཏོན་ཡོད་པས་ན། ལན་ཞིག་དུས་ཐོག་ཏུ་ཡོད་ན། བཟང་གི་ཡ། གང་ཡིན་ཟེར་ན། དེ་རྗེས་གསལ་གསལ་ཐིང་ཐིང་ཆགས་འགྲོ་གི་རེད་ལགས། དེ་ནས། ང་ཚོས་སླར་ཡང་། བགྲོ་གླེང་བྱས་ན་ཆོག་གི་རེད་ལགས། གྲ་སྒྲིག་བྱས་ན་ཆོག་གི་རེད་ལགས། མདུན་དུ་ཐོན་ན་འགྲིགས་ཀི་རེད་ལགས།

  21. ཁྱུང་དཀར says:
    2011-05-02 at 8:19 pm

    དམངས་དོན་ཆེད་དུ་བྱས་རྗེས་བཞག་མྱོང་མེད་ལ་རྭ་བཟི་ལྟ་བུའི་སྐད་ཆ་བཤད་འདོད་ཀྱང་མེད།
    དགོངས་དག

  22. སྙམ་སྣང་། says:
    2011-05-03 at 7:31 am

    རྒྱ་ནག་གཞུང་སྲ་ཐག་ཐག་ཅིག་ཡིན་ནམ།ད་ཆ་ང་ཚོས་རྒྱ་ནག་གི་སྲིད་གཞུང་འདི་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་ངེས་པའི་རྩིེས་ཤིག་རྒྱག་གི་ཡོད་པ་ནི་གཞི་རྩ་མེད་པའི་རེ་སྟོང་ཞིག་ག་ལ་ཡིན།དེང་སྐབས་རྒྱ་གཞུང་ལ་འཛམ་གླིང་ནང་དཔུང་པ་མཉམ་གཤིབ་བྱེད་ཕོད་མདོག་གི་ང་རྒྱལ་ཞིག་ཡོད་པ་ནི།དཔལ་འབྱོར་གྱི་ཆ་ནས་ད་སྐབས་རྒྱ་ནག་ནང་ཧ་ཅང་ཕྲ་ཕྲ་ཟིང་ཟིང་དུ་གྱུར་ཏེ་མི་མང་དཔལ་འབྱོར་གྱི་དབྱིངས་སུ་ཐིམས་བཞིན་པ་ནི་ཅུང་ངང་ཚབས་སྐྱེས་དགོས་ཤིག་ཡིན་ཀྱང་།དེའང་དེ་འདྲའི་བརྟན་པོ་ཞིག་མིན་པ་ནི་མི་མང་ཡུན་རིང་དེའི་ནང་དབྱིངས་དཀའ་ལ་།དོན་དངོས་ཀྱི་ཐོག་ནས་ཀྱང་རྒྱ་ནག་གི་མ་རྩའི་དཔལ་འབྱོར་ཡོང་ཁོངས་ཀྱི་བརྒྱ་ཆའི་མང་ཕྱོགས་ནུབ་ཕྱོགས་འབྱོར་ལྡན་དག་གི་བཟོ་ལས་མ་རྩ་ལ་བརྟེན་སྟབས་མི་མང་གི་ཁེ་ཕན་ཧ་ཅང་ཞན་པས་ཕུག་བརྟན་མེད་པ་རྒྱ་ནག་ཉམས་ཞིབ་པ་དག་གིས་ཁ་གཅིག་མཐུན་དུ་གྲགས་ཀྱི་འདུགདེའི་ཕྱིར་དཔལ་འབྱོར་གྱི་ཆ་ནས་མི་མང་གིས་ཁེ་ཕན་སྒྲུབ་ཐུབ་ཀྱི་མེད་པ་དང་།ཆབ་སྲིད་ཆ་ནས་མི་མང་གི་འདོད་བློ་རྩ་བ་ནས་ཚིམས་ཀྱི་མེད་པས་ང་ཚོ་ཞེད་དགོས་པ་མེད།དེའི་ཕན་ན་ང་ཚོ་ཞེད་དགོས་པའི་གནད་དོན་ཞིག་མེད་དམ་སྙམ།

  23. དྲི་མེད་ལྷག་བསམ། says:
    2011-05-03 at 8:11 am

    དཔའ་བོ་དེའི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། དཔའ་མོ་ཚེ་སྐྱིད་ལགས། ཁྱོད་ཀྱིས་རང་སྲོག་བློས་གཏོང་མི་རུང་། སྙན་དངགས་མཁན་པ་ཡོད་པ་སྨྱུག་གུ་རེད། ལོ་རྒྱུས་ལ་བདེན་པ་སྤྲོད་ཐུབ་མིན་གླེགས་བམ་གྱི་འཕབ་རྩོད་ལ་རག་ལས། ས་གཞི་ཆེན་པོའི་ཤོག་བུའི་སྟེང་དུ། རྩི་ཤིངམ་ལུས་སྨྱུག་གུ་་བྱས་ཏེ། ཆུ་ཀླུང་ཡོད་ཚད་སྣག་ཚར་བསྒྱུར་ནས། བདེན་པའི་ལོ་རྒྱུས་ཞིག་འབྲི་དགོས། བདེན་པའི་འཐབ་རྩོད་ཅིག་གནང་དགོས། རྩོམ་པ་པོ་ནི་མི་རིགས་ཀྱི་མགྲིན་ཚབ་པ་ཡིན། གཤིན་པོ་བརྒྱ་སྟོང་གི་མིག་གིས་ཁྱོད་ལ་བལྟས་ཡོད། གསོན་པོ་ས་ཡ་དྲུག་གི་རྣ་བས་ཁྱོད་ལ་ཉན་ཡོད། དགྲ་བོ་དུང་ཕྱུར་མང་པོས་མདུང་རྩེ་ཁྱོད་ལ་གཏད་ཡོད། ཁྱོད་འཆི་མི་རུང་། འཆི་རྒྱུ་འདི་མི་རང་བཞིན་པ་པ་ཞིག་ལ་མཚོན་ན་དཀའ་མོ་ཞིག་རེད་མོད། མི་རིགས་ཀྱི་སྡུག་བསྔལ་ལ་བསམ་བློ་ཞིག་བཏང་ཚེ་གསོན་པ་ལས་འཆི་བ་འདམ་ངེས། འོན་ཀྱང་འཆི་སྐབས་ལ་སླེབས་མེད། འཆི་དགོས་པའི་རྒྱུ་མཚན་སྟོང་ཕྲག་མང་པོ་བྱུང་ནའང་གསོན་དགོས་པའི་རྒྱུ་མཚན་གཅིག་བཙལ་ནས་འཚོ་དགོས། རྒྱུ་མཚན། ངས་བྱེད་ཐུབ་པའི་བྱ་བ་མང་པོ་དང་། བཤད་དགོས་པའི་ལྷག་མ་མང་པོ་ཞིག་ཡོད། མ་ཟད་འགག་ཕྲེང་རེ་རེ་བརྒལ་ནས་རྩོམ་ཡིག་གི་ས་སྟེང་ཁྱབ་པར་བྱེད་དགོས། མི་རིགས་ཀྱི་ལོ་རྒྱུས་འཛམ་གླིང་གི་གྲོང་ཁྱེར་དང་གྲོང་གསེབ། རི་བོ་རེའི་རྩེ་དང་རྒྱ་མཚོ་རེའི་འགྲམ། མི་མང་རྒན་གཞོན་ཡོང་ཀྱི་ཡིད་ལ་འཆར་བ་ཞིག་བྱེད་རྒྱུ་ཁྱོད་ཀྱི་ལས་འགན་ཡིན། ངས་ནི་རང་བཙན་མི་ཤེས་། རང་བཙན་གྱི་ལས་འགུལ་ལ་ཞུགས་མ་མྱོང་། སློབ་སྤྱོང་མེད། ངོ་ཤེས་དང་ཐོབ་ཐང་མེད་མཁན་ཞིག་ཡིན། མ་ཟད་བོད་རིགས་གཙང་མ་ཞིག་ཀྱང་མིན། འོན་ཀྱང ། ལོ་ངོ་ཉི་ཤུ་ཙམ་དུ་བོད་སྐད་དང་བོད་ཆོས་ལ་སྤྱང་བས་མི་རིགས་འདི་ལ་བརྩེ་སེམས་ཞིག་སླེབས་སོང་། ང་ལ་མདོ་དབུས་ཁམས་གསུམ་གྱི་གྲོགས་པོ་ཁ་ཤས་ཡོད་པ་འདི་དག་ལ་སྙིང་ནས་གདུང་སེམས་མཉམ་བསྐྱེད་བྱེད་པའི་སྨོན་པ་ཡོད།

  24. སྦྲ་ནག says:
    2011-05-03 at 9:01 am

    བདེན་པའི་རལ་གྲི། ཞིང་གཤེགས་དཔའ་པོ་གྲྭ་ཕུན་ཚོགས་ལགས་སུ་ཆེད་དུ་བྲིས་པ། ཁྱོད་ཀྱིས་འཇིགས་རུང་ངམ་ནག་གི་ཁྲོད་ནས་བདེན་པའི་ལམ་བུ་དེ་འཚོལ་ཕྱིར་། འདི་ལྟར་ཆེས་ཉམ་ཆུང་བའི་བདེན་པའི་རལ་གྲི་དེ་འཕྱར་ནས། ཆེས་མཐའ་འཇུག་གི་གྱེས་ཕྱག་བཏང་ནས། སེམས་དཔའ་ཆེན་པོ་ཁྱོད་སྤུན་ཟླ་ཁྲི་ཕྲག་མང་པོའི་རེ་བ་དེ་འཚོལ་ཕྱིར་ཞིང་གཞན་དུ་གཤེགས་དུས། མི་མང་ཁྲི་སྟོང་མང་པོ་རེ་བ་ཡིད་ཆས་ཀྱིས་ཁེངས་སོང་། ཁྱེད་ཀྱི་གཟི་བརྗིད་གྱི་ལམ་བུ་དེ་ངེད་ཅག་གིས་དུས་གཏན་དུ་འབྲལ་དུ་འཛིན་ངེས། ཁྱེད་ཀྱིས་བསྩལ་བའི་རལ་གྲི་དེ་ངེད་ཅག་གིས་དུས་ནམ་ཡང་འབོར་སྲིད།

  25. རྔ་བ་ཚེ་སྐྱིད་ says:
    2011-05-04 at 3:26 am

    བཀུར་འོས་དྲ་གྲོགས་ཁྱུང་དཀར་ལ།

    དམངས་དོན་སེམས་སུ་བཟུང་ན།།
    དམངས་དོན་ངང་གིས་བསྒྲུབ་ངེས།།
    དམངས་ཀྱི་དཀའ་ངལ་རྟོགས་ན།།
    དམངས་དོན་བརྗེད་རྒྱུ་མ་རེད།།

  26. ཁྱུང་དཀར says:
    2011-05-04 at 7:14 am

    སེམས་ངོགས་སུ་ཕན་སེམས་ཤིག་ཁྱོད་ཀྱང་འདུག་ལ་ང་ལའང་ཡོད།
    སྐད་ཆ་འདི་ཁྱེད་ཀྱིས་གླེང་ལ་ངས་ཀྱང་བཤད།
    ལས་དོན་གང་ཡིན་ཡང་ངང་གིས་བསྒྲུབ་ཟེར་བ་ཞོར་ན་སྒྱིད་ལུག་དང་བག་ཡངས་ཀྱིས་འདའ་བཞིན་ཡོད། ཡིད་འཐད་མེད་ན་ཕྱིར་ལྟོས་ཤིག་བྱོས་དང་།
    མི་ཡུལ་དུ་བརྒལ་ནས་ལོ་ངོ་ལྔ་བཅུ་ཡོལ་ཀི་ཡོད་ལ་ང་ཚོར་ཁ་བཤད་ལག་ལེན་མེད་རྐྱེན་ད་དུང་མི་ལོ་ཅི་ཙམ་ཞིག་ལ་འདི་ལྟར་འགྲོ་དགོས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme