Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདུན་བསྐྱོད་བྱེད་བཞིན་པའི་ང་ཚོ།

Posted on 2011-04-292011-04-29 By དབང་ཕྱུག་ 11 Comments on མདུན་བསྐྱོད་བྱེད་བཞིན་པའི་ང་ཚོ།

ཟིན་ཐོ་འདེབས་པ་པོ་རྨོག་རུ་བསྟན་པ།
ཁ བརྡར་མཁོ་འདོན་པ་འཇམ་དབྱངས་བློ་གྲོས།
dsc059351
ཕྱི་ལོ་༢༠༡༡།༤།༢༦་ཉིན་གྱི་ཞོགས་པར་རྡ་ས་ཀིརྟི་བྱེས་པ་གྲྭ་ཚང་དང་།མདོ་སྨད་དབུས་ རྒྱུན་ལས་ཐུན་མོང་གིས་གོ་སྒྲིག་གནང་བའི་སེར་སྦྲེངས་སྙན་སྐུལ་སྨོན་ལམ་གྱི་གོམ་བགྲོད་དགེ་འདུན་པ་ཚོ་ཐེག་ཆེན་གཙུག་ལག་ཁང་ནས་ལམ་དུ་ཐོན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨོན་ལམ་ཆེན་པོ་ཚོགས་མགོན་ནས་ཆིབས་བསྒྱུར་ གནང་གྲུབ་དང་བསྟུན་གོམ་བགྲོད་པ་རྣམས་ཀྱི་གསེར་མདོག་གི་ཆོས་གོས་བསྣམས་ཤིང་ ཇི་ཞིག་ལ་བྲེལ་བའི་ཚུལ་གྱིས་གྲ་སྒྲིག་ཐོན་གསར་ཞུས། བཀའ་ཁྲི་མཆོག་གིས་བཀའ་སློབ་ཉིང་བསྡུས་ཤིག་གནང་རྗེས་སེར་སྦྲེངས་སྨོན་ལམ་སྙན་ སྐུལ་གོམ་བགྲོད་ཀྱི་དབུ་འཛུགས་གནང་། ཕྱི་རྒྱལ་དང་བོད་མི་སྟོང་ཕྲག་ལྷག་གིས་འཚང་ཁ་ཤིག་ཤིག་གིས་གོམ་བགྲོད་པར་ཅེར་ཞིང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ཁ་བཏགས་དཀར་པོས་སྐྱེལ་མ་ཞུས། ཕེབས་སྐྱེལ་ཞུ་མཁན་ཚོས་ཁ་བཏགས་དཀར་པོའི་འོད་མདངས་དང་། འཁྲེང་སེམས་ཀྱི་མིག་ ཟུང་གིས་རེ་བ་དང་ཡིད་ཆེས་ཤིག་འཁུར་ཡོད་ལ། ཚ་ལྡན་གྱི་ཉི་མར་གདོང་གཏད་པའི་གོམ་ བགྲོད་པ་ཚོས་ངར་ཤུགས་ཀྱིས་ཆོད་སེམས་ཤིག་གི་མདུན་པ་བཟུང་ཡོད།
མིག་ཤེལ་དཀར་པོ་ཅན་གྱི་གསར་འགོད་བུ་མོ་ཞིག་གིས་ངེད་ཀྱི་ལམ་ཁ་བཀག་སྟེ་ཁྱེད་རང་ གོམ་བགྲོད་དུ་ཕེབས་པའི་དམིགས་ཡུལ་གང་ཡིན་ཟེར། པར་ཆས་དང་སྒྲ་ལེན་འཕྲུལ་ཆས་ཁག་ ཅིག་གློ་བུར་ངེད་ཀྱི་གདོང་ལ་བསྲིངས། གོམ་བགྲོད་རོགས་པ་རྣམས་འཁྲིས་ནས་ཤར་བསྐྱོད་བྱས་པར་བརྟེན་ངེད་རང་བློ་སེམས་འཚབ་འཚུབ་ཏུ་གྱུར། ཡིན་ཡང་བོད་མདོ་སྨད་རྔ་བ་སོགས་སུ་རྒྱ་དམར་གཞུང་གིས་ཆེས་ཛ་དྲག་གིས་གདུག་རྩུབ་ལག་བསྟར་བྱེད་བཞིན་པ་མཁྱེན་གསལ་ལྟར་རེད།དེ་ཡིན་དུས་བོད་མི་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་ཚང་མ་མཉམ་རུག་བྱེད་དགོས་པ་གལ་ཆེན་པོ་རེད། དེའི་ཕྱིར། རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱེད་ཆེད་དྲང་བདེ ན་ལ་དགའ་བའི་འཛམ་གླིང་མི་མང་ལ་འབོད་སྐུལ་བྱེད་ཆེད་ཡིན་ཅེས་ལན་མདོར་བསྡུས་ ཤིག་བྱས།
ང་ཚོས་གོམ་པ་སྤོ་ཐེངས་རེ་རེར་རྡ་སའི་རི་ངོགས་དང་ཁ་ཐག་ཇེ་རིང་དུ་གྱུར་ཅིང་། བཙན་བྱོལ་བོད་མིའི་རྒྱལ་ས་གཉིས་པའང་མག་མོག་དང་སྨུག་ལོང་གི་ཡུལ་དུ་གྱུར། ཡིན་ ཡང་། རབ་དཀར་གངས་རིའི་མགོ་བོ་བཏེགས་སྟེ་ང་ཚོར་རྒྱང་བལྟ་བྱེད། ཆུ་སྒྲ་བསིལ་མས་ ཤག་སྒྲ་འདོན་བཞིན་ང་ཚོར་སྐྱེལ་མ་བྱེད།
སེམས་ཤུགས་དང་ལ་རྒྱ་རྔུལ་ཆུར་བསྲེས་པའི་གོམ་བགྲོད་པ་ཚོས་ལག་ན་བོད་རྒྱལ་ཁབ་ཆེན་པོའི་དར་ཆ་དང་། རྒྱ་གར་གྱི་དར་ཆ། ནང་པའི་ཆོས་དར་བཅས་ཀྱི་འདབ་ཀ་རླུང་གིས་བསྐྱོད་ཅིང་། དཔར་ལེན་པ་ཚོས་མིག་སྔ་ན་ཆེས་མཛེས་ཉམས་དོད་པ་ནི་གངས་སེང་དཀར་མོ་གཉིས་ཀྱི་ལག་ཟུང་གིས་བཀྱག་པའི་ནོར་བུ་འོད་འབར་རྟགས་ཅན་གྱི་རྒྱལ་དར་རེད་ལ། རྡ་སའི་རྒས་ཉམས་དོད་པའི་གཞུང་ལམ་ལ་མཛེས་སྡུག་གི་སྣང་བ་བྱིན། གྷ་གྷད་ཀྱི་ཆུ་འགྲམ་ཞིག་ཏུ་བོད་ཀྱི་དུང་ཕྲེང་རྟགས་ཅན་གྱི་རས་གུར་ཕུབ་འདུག་ལ་སྣེ་ལེན་ཚོགས་ཆུང་གི་གྲ་སྒྲིག་འཐུས་ཚང་སོགས་ཀྱིས་ཆུ་ཚོད་གསུམ་རིང་གོམ་བགྲོད་གནང་བའི་ཚ་བའི་མནར་གཅོད་བཏང་བའི་ཚོར་བའང་མག་མོག་ཡུལ་དུ་གྱུར། མུ་མཐུད་རྒྱང་གཞུད་ཀྱི་མགོ་བརྩམས་ཤིང་ཀང་ར་རྫོང་དུ་རྒྱ་གར་དཔོན་རིགས་ཁག་ཅིག་དང་ལྷན་ཚོགས་འདུ་འཚོགས་ཤིང་། དཔོན་རིགས་ཚོས་གོམ་བགྲོད་པ་རྣམས་ལ་བཞེས་ལག་བཀྱགས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་། སྤྱི་འཐུས་བསོད་ནམས་དགྲ་འདུལ་གཉིས་ཆེད་མངགས་ཀྱིས་གོ་སྒྲིག་ཞུ་སར་ཕེབས་ཏེ་ངོ་སྤྲོད་སོགས་ཀྱི་མཛད་སྒོ་བསྡུས།
དགོང་དྲོ་མུན་རུབ་པ་དང་བསྟུན་ཀང་ར་རྫོང་མཐའི་ཆུ་འགྲམ་ཞིག་ནས་ངལ་གསོ་མཛད། ཉིན་གང་གི་ངལ་དུབ་ཧ་ཅང་ལྕི་ནའང་ཉིན་རེའི་གསར་འགྱུར་སྐོར་ལ་དོ་སྣང་བྱས་ཤིང་། སང་ཉིན་གྱི་ལས་འགུལ་ཁྲོད་ཀྱི་དཀའ་ངལ་ལ་དེ་རིང་ནས་གདོང་ལེན་བྱེད་རྒྱུའི་ཆོད་སེམས་བརྟན་པོར་བསྒོམ།ངའི་རྐང་པ་གཡོན་པའི་ངོས་སུ་ཆུ་བུར་འཛུབ་ཆུང་མགོ་ཙམ་ཐོན་ཏེ་ཅུང་ཙམ་ཚ་བཞིན་འདུག་ཡིན་ཡང་། རྒྱ་དམག་གི་ལྕག་ཚན་བྲབས་ཐེངས་གཅིག་གི་དོ་ཟླར་མི་མཉམ་པའི་ན་ཚ་དང་། དཀའ་ངལ་ འདི་ཙམ་ལ་ང་ཚོས་བཟོད་བསྒོམ་མ་བྱས་ན་ག་ལ་འགྲིག་་གཡས་གཡོན་གྱི་རི་ཚོགས་གུག་བཞིན་གུས་འདུད་ཞུ་བ་དང་གྲམ་གཞུང་གི་ཆུ་མོས་ངར་སྒྲ་སྒྲོགས་བཞིན་དྲན་གསོ་གཏོང་། ཕྱི་ཚེས་༢༧་ཉིན་གྱི་ཞོགས་པར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་གསོལ་སྨོན་ལམ་དབྱངས་སུ་འཐེན། སེམས་ཤུགས་ཅན་རེ་ཟུང་གི་མིག་ལས་རྒྱལ་ཞེན་གྱི་མཆི་མ་འཐོར། ང་ཚོ་ཕེབས་སྐྱེལ་ཞུ་བཞིན་པའི་ཨ་མ་རྒན་མོ་རེ་ཟུང་གིས་ལག་གཉིས་ཐོད་དུ་བཞག་ སྟེ་མིག་ཆུ་ཁྲོམ་ཁྲོམ་བཞུར།ཉིན་སྔ་མའི་དོན་རྐྱེན་དེ་བསམ་བཞིན་དོན་ལྔ་སྣོད་དྲུག་གི་ཟབ་སར་སྦས་པའི་མིག་ཆུ་དྲོན་མོ་ཞིག་གིས་བདག་སྙིང་ལ་འཕུད་རྒྱག་བཏང་། ཡིན་ཡང་་་་
དོས་སྐྱེལ་རླངས་འཁོར་ཆེ་ཆུང་གསུམ་གྱི་སྟེང་དབྱིན་རྒྱ་བོད་གསུམ་གྱི་ཡི་གེ་བཀོད་དེ་ང་ཚོའི་ལས་འགུལ་གྱི་དགོས་དམིགས་སོགས་བྲིས། སྦྲུལ་ནག་འཁྱུག་འགྲོས་ལྟ་བུས་གཞུང་ལམ་བརྒྱུད་མཐོ་ཚད་སྙོམས་པའི་རི་རྩེ་ཞིག་ནས་ང་ཚོས་ཆུ་དང་ཤིང་ཏོག་མཆོད་དེ་ངལ་གསོ་མཛད།dsc023121
ལས་འགུལ་བ་གྲོགས་པོ་རེ་ཟུང་གིས་བོད་ཀྱི་བཀའ་བློན་ཁྲི་བ་དང་། བོད་མི་མང་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་དངོས་གཞི་གསལ་བསྒྲགས་བྱས་པའི་གསར་འགྱུར་སྒྲོགས་སྦྱངས་ཞུས། ང་ལ་རྟེན་འབྲེལ་ཞུས་ཤིང་ཐལ་མོ་བརྡབས། ང་རང་ངོ་མ་དགའ་སོང་། སྤྱི་འཐུས་ཀྱི་གནས་ཚུལ་སྔོན་ནས་གོ་ཡོད་པས་གནས་ཚུལ་གསར་པ་གང་ཡང་མིན་ཀྱང་། སྟེས་དབང་གིས་མཉམ་དུ་འཛོམས་པའི་ལས་འགུལ་འཐབ་གྲོགས་ཚོས་ཁམས་གཙང་བའི་རི་སྒང་འདི་ནས་ང་ལ་རྟེན་འབྲེལ་ཞུས་པ་ནི་ངེད་ཀྱི་དབང་ཐང་དང་ཀླུང་རྟ་རི་སྒང་ནས་རི་སུལ་དུ་ཁྱབ་པའི་རྟེན་འབྲེལ་ལ་བཞག་སེར་སྦྲེང་སྨོན་ལམ་གྱི་སྙན་སྐུལ་རྒྱང་བསྐྱོད་འདི་ནི་ང་ལ་མཚོན་ན་ཧ་ཅང་གི་སྤྲོ་སྣང་ཆེ་བའི་ལས་འགུལ་ཅིག་ཡིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅུ་གཅིག་གི་ཚོགས་འདུའི་སྟེང་རྡ་ས་ནས་ལྡི་ལི་བར་གྱི་གོམ་བགྲོད་ཀྱི་སྙན་འབུལ་ཞུས། ཟིན་བྲིས་ནང་སུ་ཞིག་གིས་ལས་འགུལ་གོ་སྒྲིག་བྱས་ན་རང་ཉིད་དང་བླངས་ཀྱི་གོམ་བགྲོད་པ་ཞིག་ཡིན་པའི་ཁས་ལེན་བྱས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་ལའང་དེ་ལུགས་གོ་སྒྲིག་ཡོང་བའི་རེ་སྐུལ་ཞུས།དེ་རིང་དངོས་སུ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ཀིརྟི་བྱེས་པ་ག་ཚང་ཐུན་མོང་གིས་གོ་རིམ་དང་སྒྲིག་འཛུགས་ལྡན་པའི་སྒོ་ནས་ལས་འགུལ་འདི་གོ་སྒྲིག་ཞུས། ལྷ་རྒྱལ་ལོ། ང་ཚོ་མདུན་བསྐྱོད་ཀྱི་ལམ་དུ་ལྷ་རྒྱལ་ལོ། རྒྱལ་གཅེས་འཐབ་རྩོད་པ་ཚོར་ལྷ་རྒྱལ་

གསར་འགྱུར།

Post navigation

Previous Post: གསར་འབྱོར་གྱི་མཚར་གཏམ།
Next Post: དཔའ་བོ་ཐུབ་བསྟན་དངོས་གྲུབ་དྲན་གསོའི་ཉིན་མོ།༼གསར་འགྱུར།༽

Comments (11) on “མདུན་བསྐྱོད་བྱེད་བཞིན་པའི་ང་ཚོ།”

  1. དགེ་འདུ་ཚང་ says:
    2011-04-29 at 9:46 pm

    ཞི་བདེ་ལ་དགའ་བའི་དགེ་འདུན་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཡོད་་་་་་དམིགས་སུ་བཀར་ནས་ཨ་ཁུ་མོག་རུ་དང་ཨ་ཁུ་སྲོལ་རྒྱུན་གཉིས་ལ་སྐུ་ལུས་ཉི་མས་མི་ཚིགས་པའི་སྨོན་ལམ་ཡོད་

  2. བོད་པ་ཚང says:
    2011-04-29 at 11:41 pm

    གྲྭ་རྨོ་རུ་བསྟན་པ་ལགས། ཡག་པོ་བྲིས་འདུག་གནས་སྐབས་ཀྱི་ཚོར་བ་དང་དུང་སེམས་མཉམ་སྐྱེད་རེད་
    ད་དུང་ཀློག་མཁན་སྤྲ་སྣང་གི་ཆེད་དུ་ཅུང་ཙམ་སྙན་ངག་ཅིང་བསྲེས་འདུག

  3. དོལ་སྨྱོན། says:
    2011-04-30 at 2:04 am

    མི་རིགས་དང་རིག་གཞུང་ལ་དུང་བ་ཟབ་པའི་ཁྱེད་ཚོ།

    བཞུད་ཟིན་པའི་མེས་པོ་དག་གི་མཛད་རྗེས་བསམས་ཏེ་མདུན་དུ་བསྐྱོད་དང་།
    འཚོ་བཞིན་པའི་ད་ལྟའི་འུ་ཚང་གི་མི་རབས་ལ་བསམས་ཏེ་མདུན་དུ་བསྐྱོད་དང་།
    ཆ་མི་འཚལ་བའི་འབྱུང་འགྱུར་གནས་སྟངས་ལ་བསམས་ཏེ་མདུན་དུ་བསྐྱོད་དང་།

    གསུམ་རྩེན་ལྷ་ཡི་ཡུལ་གྱི་མིག་སྟོང་འཁོར་དང་བཅས་པས་ཁྱེད་ཚོར་བལྟས་ནས་འདུག་ལ།
    འཛམ་གླིང་མི་ཡུལ་གྱི་མིག་ཟུང་ཚོགས་དང་བཅས་པས་ཁྱེད་ཚོར་བཅེར་ནས་འདུག

    ལོ་རྒྱུས་ལ་ཁྱོག་བཤད་ཡོད་རུང་།
    དུས་རབས་ལ་འཕོ་འགྱུར་ཡོད་རུང་།
    ང་ཚོའི་མི་རིགས་ནི་ནམ་ཡང་རང་བཙན་གྱི་མི་རིགས་ཤིག་དང་།
    ང་ཚོའི་རྒྱལ་ཁབ་ནི་ནམ་ཡང་རང་དབང་གི་རྒྱལ་ཁབ་ཅིག་ཡིན།

    དེ་རིང་རྨི་ལམ་གྱི་འཇིག་རྟེན་དམར་པོ་འདིའི་ཀློང་ནས།
    ཕུག་མདུན་དང་རེ་བཞག་གི་འཁུར་པོ་རི་ཙམ་འཁུར་ནས།
    སང་ཉིན་གྱི་འཇིག་རྟེན་དཀར་པོ་ཞིག་ཏུ་སླེབས་པའི་ཆོད་སེམས་གཙང་མ་འདི།
    འུ་ཚོ་འཁོར་དང་བཅས་པའི་སེམས་ཁུང་ནས་འདོར་མི་ཉན།
    ནམ་དུ་ཡང་འདོར་མི་ཉན།

  4. ཁྲག་ཐིགས། says:
    2011-04-30 at 4:04 am

    ཞི་བདེ་ཀྱི་སྨོན་འདུན་ཁུར་བའི་མདུན་བསྐྱོད་པ་འདི་དག་དངོས་གནས་བཀའ་དྲིན་ཆེ། རྨོག་ཁུ་བྱུག་ལགས་དཀའ་ལས་ཁག་མ་སོང་ངམ།

  5. ཤར་ཕྱོགས་ཁུག་རྟ། says:
    2011-04-30 at 4:26 am

    བྱེས་པ་གྲྭ་ཚང་སྟོབས་ཀྱིས་ལམ་ལ་ཆས།།
    མདོ་སྨད་དཔོན་མོས་འཛུམ་གྱིས་སྣེ་མོ་ཁྲིད།།
    བླ་རྒན་རྨོག་རུས་ལྷོད་སེ་གོམ་པ་སྤོས།།
    འདི་ནི་བྱུང་རབས་ནང་གི་དཀར་ཐིག་ཡིན།།

    ཚ་བ་མེ་ལྟར་འབར་བའི་ཁ་ཐུག་ལ།།
    དྲི་ངན་སྨུག་པས་བཏུམས་པའི་ལྡི་ལི་རུ།།
    ཞི་བའི་གོམ་བགྲོད་ཤར་སེ་བྱས་པ་འདི།།
    གཞིས་ལུས་དོན་གྱི་བདག་པོའི་སྙིང་སྟོབས་ཡིན།།

    ཚོང་དང་ཞལ་འདེབས་སྦྲགས་མའི་ལས་འགུལ་ལ།།
    ཞེ་མེར་གཏིང་ན་འཕྱུར་བའི་ཁུག་རྟ་ངས་།།
    དེ་རིང་མི་མང་ལངས་ཚུལ་འདི་མཐོང་བས།།
    བོད་ཀྱི་ནང་ཀ་རེ་བ་གསར་དུ་རྙེད།།

    དེ་ན་ཁྱེད་ཅག་སྐུ་བདེ་ཁམས་བདེའི་ངང་།།
    ལས་འགུལ་ལེགས་པར་གྲུབ་རྒྱུའི་སྨོན་ལམ་དང་།།
    བྱས་པའི་འབྲས་བུ་བོད་ལ་སྨིན་གྱུར་ནས།།
    དྲག་པོའི་དཔུང་དམག་འཇའ་བཞིན་ཡལ་བར་ཤོག།

  6. འགར་ཚེ་རྒྱལ། says:
    2011-04-30 at 7:23 am

    དགེ་འདུན་པ་ཚོས་བོད་བསྟན་སྲིད་ཀྱི་སླད་དོན་ཞི་བའི་གོམ་བགྲོད་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྨོག་བསྟན་གྱིས་ཀྱང་ཟུར་ཞིག་ཏུ་ཨོང་འབུར་འབུར་གྱིས་ང་རིན་པོ་ཆེ་མཆོག་འཛིན་མི་བྱེད་པར་དམིགས་རྣམ་བོད་བསྟན་སྲིད་ལ་གཏད་ཏེ་ཁུ་སིམ་ངང་བསྐྱོད་རྒྱུའི་རེ་བ་ཡོད། ཁྱེད་ཚོས་ལྷག་བསམ་དག་པས་དཀའ་སྡུག་ཅི་མྱངས་བོད་མི་མང་གིས་ཤེས་ངེས་ཡིན། ཐུགས་རྗེ་ཆེ།

  7. བྱ་ཁྲ་བསོད་ནམས། says:
    2011-04-30 at 8:46 am

    རང་ཉིད་གནས་སྟངས་ཀྱི་རྐྱེན་པས་ཁྱེད་རྣམ་པའི་ལྷན་དུ་གོམ་བགྲོད་དུ་ཞུགས་ཐུབ་མེད་སྟབས་ཞི་བ་གོམ་བགྲོད་པ་དགེ་འདུན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ལྷན་ཁྱེད་རྣམ་པ་ལམ་བར་གེགས་བར་ཆད་མེད་ཅིང། ཁྱེད་རྣམ་པས་གཙོས་པའི་ངེད་ཅག་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཕུགས་དམིགས་མྱྱར་དུ་འགྲུབ་པའི་རྒྱབ་སྐྱོར་དང་སྨོན་འདུན་ཞུ་བཞིན་ཡོད།

  8. ཀརྡོ་རབ་འབྱམས་པ་ says:
    2011-04-30 at 8:57 am

    དགེ་འདུན་པའི་ཞི་བའི་གོམ་བགྲོད་པ་གྲོང་འཁྱེར་ཅན་དྷི་ཧྒར་ལ་བདེ་འབྱོར་ཐུབ་པར་དགའ་སྤོབས་དཔལ་དུ་ཆེ། ངས་ཐག་རིང་ནས་རྗེས་སུ་ཡི་རང་ཞུ་བཞིན་ཡོད་ལགས། དགེའོ།

  9. རྒྱ་ཚ་འཇམ་དབྱངས། says:
    2011-04-30 at 10:53 am

    མདུན་དུ་བསྐྱོད་དང་བུ་རྒོད་ཚོ་ཁྱེད་ཚོ་ནི་གཉིད་མི་སད་པའི་མི་རབས་འདི་དཀྲོགས་པའི་ཅོང་སྒྲ་ཡིན་ལ་ཁྱེད་ཚོ་ནི་འཆམས་འཐུན་དང་ཞི་བདེ་གླེངས་བའི་ཚོགས་སྡེ་ཞིག་གི་སྣ་འདྲེན་ཡིན།

  10. རྒྱ་ཚ་འཇམ་དབྱངས། says:
    2011-04-30 at 11:14 am

    རྨོག་ཁུ་བྱུགས་ལགས་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་སེར་མོ་བའི་ཞི་བའི་གོམ་བགྲོད་འདི་རྨོག་རུ་བས་དབུ་ཁྲིད་པའི་ཞི་བའི་གོམ་བགྲོད་རིང་མོ་ཞེས་བཏགས་ཀྱང་ཆོག རྒྱུ་མཚན་ཉིད་ཀྱིས་ཚོགས་སྡེ་གང་ཞིག་གིས་རྡ་ས་ནས་རྒྱལ་ས་ལྡི་བར་ཞི་བའི་གོམ་བགྲོད་གནང་ཚེ་ཁོང་གིས་དེ་ལ་རྒྱབ་སྐྱོར་དང་འབྲེལ་མཉམ་ཞུགས་བྱེད་རྒྱུ་ཁས་བླངས་བ་མ་ཟད་ལས་ལས་འགུལ་འདི་ལྟ་བུ་སྤེལ་དགོས་པའི་བསམ་ཆར་ཐོག་མ་འདོན་མཁན་ཡང་རྨོག་རུ་བ་ཡིན་པས་སོ།

  11. གེ་སར་བུ། says:
    2011-04-30 at 2:52 pm

    ཨ་ཁུ་རྨོག་རུ་དེ་རིང་ལྡི་ལིར་ཐོན་ཡོད་རབས་གོ་བས་སེམས་པ་སྤྲོ་བོ་བྱུང་། དེ་འདྲའི་མགྱོགས་པོ་ཞིག་གི་སྒང་ནས་སླེབས་ཐུབ་པར་བསམ་ཚེ། ཨ་ཁུ་རྨོག་རུ་ལ་རྐང་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པ་འདྲ། ཞོར་དུ་རྒྱ་ནག་གཞུང་ཚབ་མདུན་རྗུ་འཕྲུལ་དེ་མ་བསྟན་རོགས་གནང་། སེམས་ཤུགས་ལ་གུས་འདུད་ཞུ་བ་དང་མཉམ་རྐང་མགྱོགས་རྫུ་འཕྲུལ་ལ་ངོ་མཚར་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme