Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུས་པའི་འཚམས་འདྲི་ཞུ།

Posted on 2011-04-282011-04-28 By དབང་ཕྱུག་ No Comments on གུས་པའི་འཚམས་འདྲི་ཞུ།

གཙང་བུས
བོད་མི་དམངས་ཀྱི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁོང་གི་ལས་དོན་ཐམས་ཅད་འབད་མེད་ཀྱིས་ཡོང་མི་སྲིད་པས་འབད་རྩོལ་གྱིས་འགྲུབ་པར་ཤོག སྤྱིར་བཏང་བཤད་ན་ཁོང་ནི་བོད་མི་མང་གི་བཀའ་ཁྲི་ཡིན་པས་ངའི་བཀའ་ཁྲི་རུ་གྱུར་པ་རེད། དེ་མིན་ངའི་སེམས་ནང་གི་བཀའ་ཁྲི་ནི་སྙིང་སྟོབས་དང་ཞབས་རྗེས་གཟེངས་སུ་མཐོ་བའི་རྒྱལ་བའི་སྐུ་གཅེན་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཡིན། ཡིན་ན་ཡང་འགྲན་བསྡུའི་ཕྲད་ཁོང་གིས་ཤོར་བ་རེད། གཅིག་བྱེད་ན་འཇོན་ཐང་དང་བྱས་རྗེས་ཅན་བཀའ་ཟུར་ཁོང་ལྟ་བུ་ཞིག་བཀའ་ཁྲི་ལ་འཁོས་པ་ཡིན་ན། རྡ་སའི་བཙན་བྱོལ་བོད་གཞུང་འདི་ལ་བསྒྱུར་བཅོས་གང་འཚམས་ཤིག་ཏན་ཏན་གཏོང་ངེས་རེད་ལ། གཏོང་ཐུབ་རྒྱུ་ཡང་རེད། ཁོང་ནི་རྣམ་དཔྱོད། ཤེས་ཡོན། ལྷག་བསམ། སྙིང་སྟོབས། རྒྱབ་དཔུང་སོགས་གང་གིས་ཀྱང་འགྲན་དུ་མེད་པ་ཞིག་ཡིན་པས་རེད། ང་ཚོས་འདས་པའི་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ཁོང་གིས་བཞག་པའི་རླབས་ཆེན་གྱི་བྱས་རྗེས་ལྟ་བུ་ཞིག་༸གོང་ས་མཆོག་ལས་གཞན་སུ་ཞིག་གིས་ནུས་པའི་ལོ་རྒྱུས་མེད། ལས་ཀ་གང་ཞིག་ལ་གྲུབ་འབྲས་བཟང་ངན་ཅི་བྱུང་ཡང་ཁོང་རང་གིས་འགན་ལེན་པ་ལས་༸གོང་ས་མཆོག་གིས་དགོངས་གཞི་ཡིན་ཚུལ་སོགས་རྩ་བ་ནས་གསུངས་མྱོང་མེད། ཁོང་གིས་བོད་མི་མང་དང་གཞུང་འདིའི་ཆེད་དུ་གཅེས་པའི་ལུས་སྲོག་གཏར་མར་བཞག་ནས་ཕྱག་ལས་མང་པོ་ཞིག་གནང་མྱོང་ཡོད་པས། མི་ཁག་ཅིག་གི་ཁ་ལ་ཕོག་མྱོང་ལ། ལ་ལས་མགོ་བོ་ལའང་ཕོག་ཡོད། དེས་ན་རང་དོན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་ཏེ་ཁོང་ལ་ཁ་རྡུང་དང་ངོ་རྒོལ་དངོས་ ཤུགས་བརྒྱུད་གསུམ་ནས་མི་ཉུང་བ་ཞིག་བྱས་དང་བྱེད་བཞིན་དེ་ལྟར་ཡང་ཁོང་གིས་ སྙིང་སྟོབས་ལ་རྒྱ་ལ་གཡོ་འགུལ་ཙམ་ཡང་ནུས་མེད། བཀའ་ཁྲི་བློ་སེང་ལྟ་བུ་ཞིག་ལ་མཚོན་ན། ཤེས་ཡོན་དམིགས་བསལ་བ་དང་། ཉམས་མྱོང་གང་འཚམས་ཤིག་ཡོད་ངེས་ཀྱང་རྡ་སའི་གཞུང་འདིའི་ནང་། ཁོང་ལ་རྒྱབ་དཔུང་གང་འདྲ་ཡོད་པ་དང་། དེ་ཡང་ནུས་པ་དང་འཇོན་ཐང་སོགས་ཅི་འདྲ་ཞིག་ཡོད་པ་དེ་ཧ་ཅང་གི་གལ་ཆེ། གལ་སྲིད་ནུས་པ་ལྡན་པ་དེ་འདྲ་ཞིག་མེད་པ་ཡིན་ན་ཁོང་གི་རྡ་སའི་འཕྲུལ་འཁོར་རྙིང་བ་དེ་གཡོ་འགུལ་ཞིག་རྩ་བ་གཏོང་ཐུབ་རྒྱུ་མ་རེད། དེ་ཡིན་ན་ཁོང་གིས་ཁ་ལ་བལྟས་ནས་ཁོང་བཀའ་ཁྲིར་བདམས་པའི་མི་མང་ཚོའི་སེམས་ལ་ཆུ་ཆག་ཅིག་ལྡུག་རྒྱུ་རེད། ཡིན་ན་ཡང་འདི་ནི་བློ་སེང་ལགས་ཀྱིས་ནག་ཉེས་མིན་པ་རེ་བ་དང་ཡིད་ཆེས་མང་དྲགས་པ་དག་གིས་ཉེས་པ་རྐྱང་པ་རེད། བློ་སེང་ལགས་བཀའ་ཁྲིར་འཁོས་པ་འདིར་དགོས་པ་ཆེ་ཕྱོགས་ཞིག་ཡོད་པ་ནི། ཁོང་དེང་རབས་ཀྱི་མཁས་དབང་གི་མཚན་གནས་ཡོད་པས་རྒྱལ་ཕྱི་ནང་ལ་དྲིལ་བསྒྲགས་སོགས་བྱ་དགོས་ཐུག་ཚེ་ནུས་པ་དམིགས་བསལ་ཞིག་ཡོད་ངེས་རེད། ཡིན་ན་ཡང་རྡ་སའི་རི་ངོགས་འདི་ན་ཁོང་གི་ཞབས་རྗེས་ཅི་འདྲ་ཞིག་འཇོག་ཐུབ་མིན་དེ་ཕྱག་རོགས་བཀའ་བློན་དག་ལ་བརྒྱ་ཆ་བརྒྱད་ཅུ་རག་ལས་ཡོད། མ་བསམ་ས་ནས་ཁོང་འཁོས་ཟིན་པ་རེད། ད་ནི་ལས་བྱེད་རྒན་བར་གཞོན་གསུམ་གྱིས་མི་མང་འདི་དང་གཞུང་འདི་ཐུགས་ལ་བཅངས་ནས་ཁོང་གི་བཀའ་ལྟར་ཕྱག་རོགས་གནང་རོགས་ཞེས་ཞུ་བ་ཡིན། ང་ཚོས་ཆོ་ཁ་དང་ཆོས་ལུགས་ལུང་ཚན་སོགས་འཐེན་འཁྱེར་བྱེད་པར་དགོས་པ་རྩ་བ་ནས་མི་འདུག ངས་ང་རང་གི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱེད་དུས་ངས་བློས་ཐུབ་ཀྱི་གྲོགས་འཛིན་པ་དེ་དག་གིས་ང་ལ་དགྲ་བོ་མི་ཉུང་བ་ཞིག་སྦྱིན་འདུག་ལ།
ངས་དགྲ་བོའི་འཛིན་པ་དེ་དག་གིས་ངའི་སེམས་ནང་གི་གྲོགས་པོ་བློས་ཐུབ་དེ་ངའི་རྩར་གཡུགས་པ་ཞིག་རེད་འདུག དེས་ན་གྲོགས་པོས་དགྲ་བོ་སྦྱིན་ལ། དགྲ་བོས་གྲོགས་པོ་སྦྱིན། འདི་དངོས་ཞིག་རེད། དེས་ན་སུ་ཞིག་གིས་ཕན་ཐོགས་དང་སུ་ཞིག་གིས་གནོད་པ་སྐྱེལ་གྱི་ཡོད་པར་ངེས་འཛིན་ཐུབ་པ་མ་རེད། བོད་ཀྱི་བཀའ་ཁྲི་མཁས་དབང་བློ་སེང་ལགས་རྒྱལ་གྱུར་ཅིག

སྣ་ཚོགས།

Post navigation

Previous Post: སྤྱི་དམངས་འགོག་རྒོལ་ལ་ལྟ་སྟངས།
Next Post: ༄།། ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུས་སྲིད་དོན་གྲུབ་པའི་དགའ་སྟོན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme